སློབ་ཆེན་པ་ཞིག་གིས་དགེ་རྒན་ཞིག་ལ་ཕུལ་བའི་མི་ཞུ་ཐུ་མེད་ཀྱི་སེམས་འཕྲིན་ཞིག

སྐལ་ལྡན་རྒྱ་མཚོ།

མི་ཞུ་ཐུ་མེད་ཀྱི་སེམས་འཕྲིན་ཞིག
_དགེན་ཚེ་རིང་དབང་རྒྱལ་ལགས་དང་ཚེ་རིང་དབང་རྒྱལ་གྱི་ཚོགས་ལ་སེམས་གཏམ་གྱི་ཚུལ་དུ།

སྐལ་ལྡན་རྒྱ་མཚོ། སི་ཁྲོན་མི་རིགས་སློབ་ཆེན།

ཉེ་ལམ་རང་རེའི་རྟོགས་སད་པ་དང་ངེས་དོན་གྱི་ཤེས་ཡོན་ཅན་རྣམས་པས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་སྟེང་རིག་གཞུང་གསར་བ་དང་བསམ་བློ་གསར་བ་མི་ཉུང་བ་ཞིག་ནང་འདྲེན་བྱས་པར་བརྟེན་བོད་ཀྱི་རིག་གནས་ལ་སྔོན་མེད་ཀྱི་མཁའ་དབུགས་ལེགས་པོ་བསྐྲུན་པ་དང་། ཆབས་ཅིག་ཁ་སང་དེ་རིང་རང་རེའི་སྤྱི་ཚོགས་སྟེང་དུ་རིག་གནས་གསར་བའི་ཚ་རླབས་ཤིག་འཕྱུར་གྱིན་པ་འདི་ནི་ཧ་ཅང་དགའ་འོས་པའི་གནས་ཤིག་རེད་མོད། དུངས་ཞེན་ལས་གནས་ལུགས་ལ་ཉན་མི་སྤྲོ་བའི་སློབ་དཔོན་རྒན་པ་འགས་སློབ་གླིང་གི་ཁོར་ཡུག་ན་སྐྱེས་སྟོབས་ཀྱི་དཔལ་འབར་བཞིན་པའི་སློབ་བུ་མང་པོ་ཞིག་གི་བསམ་བློ་དང་འཇོན་ནུས་དམར་གསོད་བྱེད་ཀྱིན་པ་འདི་ནི་ཧ་ཅང་ཡིད་འཕངས་བའི་གནས་ཤིག་ཏུ་མངོན། སྤྱིར་ཡིན་ན་སློབ་གྲྭ་ཆེན་མོ་ནི་སློབ་བུ་དག་གི་འཇོན་ནུས་དང་རང་དབང་གི་བསམ་བློའི་མྱུ་གུ་འབུས་སའི་ཞིང་ས་གཤིན་པོ་དེ་ཡིན་འདུག་པས། དགེ་རྒན་རྣམས་པས་རང་གི་འདོད་བློ་ལྟར་དུ་སློབ་བུའི་འཇོན་ནུས་ཁྱད་གསོད་དང་རང་དབང་གི་བསམ་བློར་བཀག་རྐྱེན་བཟོ་བ་ནི་ཤིན་ཏུ་མི་རུང་བར་སྣང་། སློབ་བུ་དག་གི་འཇོན་ནུས་ཁྱད་གསོད་བྱེད་སྟངས་ནི་མི་རིགས་ཤིག་གི་སློབ་གསོ་འཆི་ལམ་དུ་རྫོངས་ཚུལ་ཡིན་ལ། སྲོལ་རྒྱུན་རིག་གནས་ལས་དེང་རབས་རིག་གནས རིན་མེད་དུ་བརྩིས་ན་རིག་གནས་གྱི་མ་ལག་མང་པོ་ཞིག་དམར་གསོད་བྱས་འགྲོ་བར་ཉེན་ཁ་ཆེན་པོ་འདུག་ལ། རང་རེའི་མི་རིགས་འདི་སླར་ཡང་མགོ་རྡུམ་ལག་རྡུམ་དུ་འགྱུར་བར་འཇིགས་ཉེན་ཆེན་པོ་སྐྱེས་ཡོང་ས་རེད།དགེན་ལགས་ནས་རང་རེའི་རླབས་ཆེ་བའི་སྲོལ་རྒྱུན་རིག་གནས་ལ་དུངས་ཞེན་ཟབ་པ་ནི་ཕྲན་ནས་ནམ་ཡང་བཀུར་བསྟི་དང་ཡི་རང་བྱེད་ཀྱིན་ཡོད་མོད། མི་རིགས་འདི་འམ་རིག་གནས་འདིའི་སྲོག་རྩར་ཐུག་ཡོད་པའི་གནད་དོན་མང་དག་ཅིག་ཇི་འདྲའི་གླེང་དགོས་པ་ཞིག་རེད་ཨང་། དགེན་ཁྱེད་ཉིད་ལ་མཚོན་ན་སྲོལ་རྒྱུན་གྱི་རིག་གནས་ཀྱི་ལས་ལ་འཇུས་ནས་དུས་ཡུན་ངེས་ཅན་ཞིག་འགོར་ཡོད་ལ། དགེན་ལགས་དང་མཇལ་བའི་དུས་ཡུན་ཐུང་ངུ་དེའི་ནང་ནས་ཀྱང་དགེན་ལགས་ལ་གཞན་དང་མཐུན་མིན་གྱི་རིག་གནས་ཀྱི་ཆུ་ཚད་ལེགས་པོ་ཞིག་དང་བསམ་བློའི་རྒྱགས་ཕྱེ་མོད་པོ་ཞིག་འཛོམས་པ་ཤེས་ཡོང་གི ཡིན་ཡང་ཕྲན་གྱིས་བརྗོད་ཀྱིན་པ་ཡོད་ཚད་ཀྱང་གཏན་ཚིགས་མེད་པའི་རྫུན་གཏམ་ཁོ་ན་ཙམ་མ་ཡིན་པར། དགེན་ལགས་ནས་སློབ་ཁྲིད་ཀྱི་ཐོག་མ“སྲོལ་རྒྱུན་དགའ་བའི་སློབ་གྲོགས་རྣམས་ལ་གུས་འདུད་ཞུ”ཞེས་པའི་ཕྱོགས་ལྷུང་གི་ལྟ་ཚུལ་དེ་ལས་མཇལ་མ་ཐག་ནས་ཡུན་རིང་ལ་རེ་ལྟོས་བྱེད་སའི་ དགེ་རྒན་ཆེན་མོ་ཁྱེད་རང་ལགས་ཀྱི་ཡོན་ཏན་དང་མི་རིགས་ལ་བཅངས་པའི་ཤ་ཞེན་དེའང་གང་ཞིག་ལ་འཐིམས་སོང་སྙམ་པའི་དོགས་གཞི་ཞིག་ག་ལེར་སྐྱེས་འོང་། སྤྱིར་བསམ་བློ་གསར་རྙིང་གཉིས་ཀྱི་འགལ་འདུ་ནི་ནམ་ཡང་འབྱུང་སྲིད་ཅིང་། སྒེར་ཚིགས་ཀྱི་བསམ་བློ་ཡོད་པའི་ཤེས་ཡོན་པ་རྣལ་མ་ཞིག་ཡིན་ཚེ་མི་རིགས་ཤིག་གི་ལས་དོན་རླབས་ཆེ་བོའི་དོན་དུ་མི་རེ་གཉིས་ལ་ཕོག་ཐུག་བཟོ་དགོས་ལ་བཟོས་ཀྱང་ཆོག་ཆོག་ཡིན།འདི་ནི་མི་རིགས་ཀྱི་ལས་དོན་ལ་གཞོལ་བའི་ཤེས་ཡོན་པ་ཞིག་གི་སྤོབས་པ་ཡིན་ལ་ལྷག་བསམ་ཀྱང་རེད།ཕྲན་ལ་མཚོན་ནའང་མི་རིགས་འདིར་དུངས་ཞེན་ཟབ་ཅིང་ནུས་ཚོད་ཀྱིས་སྲོལ་རྒྱུན་དང་དེང་རབས་རིག་གནས་གཉིས་ལ་ཁྱད་མེད་དུ་བརྩོན་ཅི་ཐུབ་བྱས་པ་ཡིན། ཡིན་ཡང་ད་རེས་ནི་ཁྱེད་ལ་མི་དགའ་བའི་རྟགས་དང་རྒྱུ་མཚན་གང་ཡང་མིན་པར། རང་རེའི་སྲོལ་རྒྱུན་རིག་གནས་ལ་དེང་རབས་ཀྱི་སྲོག་དབང་ཞུགས་ཏེ་ལམ་ཡག་པོ་ཞིག་ཏུ་བགྲོད་ཨེ་ཐུབ་སྙམ་ཏེ་ཁ་དྲང་གྲགས་བྱེད་འདོད་པ་ཡིན། སྤྱིར་རྩོམ་རིག་ནི་རི་མོས་མཚོན་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ལ། སྐད་ཡིག་ཅིག་གནས་ཐུབ་མིན་གྱི་འགག་རྩ་ཡང་ཡིན་པར་སྙམ། མི་སོ་སོའི་རྩོམ་ཡིག་འབྲི་བའི་ཀུན་སློང་དང་རྩལ་ནུས་མི་འདྲ་བས།མི་རེ་རེའི་རྩོམ་ཐབས་དང་རྩོམ་སྟངས་ཀྱི་བྱང་ཚད་ཀྱང་འདྲ་བོ་མེད་སྟབས།གང་ལ་གང་འཚམ་སྒོས་སློབ་བུ་འདི་དག་གི་འཇོན་ནུས་ཀྱི་གཏེར་ཁ་སྔོག་འདོན་བྱས་ན་མ་འོངས་བར་མི་རིགས་ཀྱི་སྒལ་ཚིགས་ལྟ་བུའི་ཤེས་ཡོན་པའང་འབྱུང་མི་སྲིད་པའི་ངེས་ཤེས་ནི་ནམ་ཡང་མི་རྙེད་པས།དེ་ཡང་མི་རིགས་འདི་སྐྱོབ་ཐབས་གཞན་ཞིག་རེད་འདུག་སྙམ་ལ།རྩོམ་རིག་དམར་གསོད་བྱེད་པ་ནི་སྐད་ཡིག་ཅིག་རྨེག་མེད་དུ་འཇོམས་ཚུལ་ཡིན་པ་ནི་སངས་རྒྱས་ལ་ཀ་ཁ་ཡིན་མོད། དགེན་ལགས་ནས“བདག་གིས་དག་བཅོས་བྱེད་སྐབས་དཀའ་ཚེགས་ཆེན་པོ་འདུག་པས། རྒྱུགས་རྩོམ་དང་ལས་བྱ་ཡོད་ཚད་ངེས་པར་དུ་སྲོལ་རྒྱུན་སྙན་ངག ་གི་ལམ་ནས་འབྲི་དགོས་ཤིང་། རྩོམ་ཐབས་གཞན་སྤྱད་ན་སྐར་མ་མི་སྤྲོདཅེས་པའི་རུལ་དྲི་འཐུལ་འོང་བའི་སྐད་ཆ་འདི་དག་ཐོས་ན་དགེན་ལགས་ཀྱིས་མི་སྒེར་གྱི་ཁེ་ཕན་གཙོ་བོར་བཟུང་བ་ལས་མི་རིགས་ཤིག་གི་སློབ་གསོའི་ལས་ཀ་དང་རྩོམ་རིག་ལ་ཤ་ཚ་བའི་ལས་ཀ་དེ་ཕལ་ལ་བར་བཞག་ལོས་ཡོད་སྙམ་པ་དང་། དགེན་ལགས་ཀྱི་མི་རིགས་ཀྱི་སྲོག་རྩ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞེས་པའི་གསུང་ཚིག་སྦོམ་པོ་དག་ལའང་གཞི་འབབ་ཞིག་ཨེ་ཡོད་སྙམ་པའི་དོགས་པ་ཞིག་རྒྱུན་པར་འཚང་ཡོང་གི རྒྱུགས་ནི་ལྟོས་བཅས་ཀྱིས་མི་ཞིག་གི་འཇོན་ནུས་གཞལ་ཆེད་མིས་བཟོས་པ་ཡིན་ནའང་།ཐ་མར་མི་ནི་སྐར་འབྲས་སམ་རྒྱུགས་ཁོ་ནའི་ཆེད་དུ་འཚོ་བའམ་དེའི་བྲན་ཏུ་གྱུར་དང་འགྱུར་བཞིན་འདུགདེ་ནི་དེང་རབས་ཀྱི་དགེ་རྒན་ཆེན་མོ་བ་འདི་དང་འདིའི་ཚོགས་ཀྱི་བཟོ་སྐྲུན་གྱི་གྲུབ་འབྲས་ཤིག་ཡིན་པར་སྣང་སྟེ། སློབ་གྲོགས་ཤིག་གིས་སྨྲས་པ་ལྟར་ཁོ་མོས་བསམ་བློ་གསར་བའམ་དགེན་ཁོང་གི་བྱས་ཉེས་སྐོར་གྱི་རྩོམ་ཡིག་ཅིགབྲིས་པས་དགེན་ལགས་ནས་བསམ་བཞིན་དུ་སྐར་མ་འཕྲིས་པ་ལས་ཀྱང་ཁྱེད་དང་ཁྱེད་ཀྱི་ཚོགས་ཀྱིས་སྐར་མ་ནི་ཞེ་འཁོན་སློག་བྱེད་ཀྱི་ལག་ཆ་ལྟ་བུར་ངོས་འཛིན་གྱིན་ཡོད་པ་ཚོར་ཡོང་།སྲིད་པའི་ཁ་དཔེར་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནག་ན་མེད་ཅེས་པ་ལྟར། མི་སུ་ཡིན་ཡང་གདོད་མ་ནས་རྨ་མེད་པའམ་སྐྱོན་དང་བྲལ་བ་ཞིག་ནི་ནམ་ཡང་ཡོད་མི་སྲིད་པ་ཞིག་ཏུ་མི་ངེས་མོད།རྒྱའི་ཤེས་ཡོན་ཅན་པའོ་ཡང་ལགས་ཀྱིས“ནོར་འཁྲུལ་ཅིག་དགབ་ཕྱིར། ཤུགས་ཆེན་པོས་དེ་ལས་ལྷག་པའི་ནོར་འཁྲུལ་མང་པོ་ཞིག་བཟོས་ཏེ།སྔོན་གྱི་ནོར་འཁྲུལ་དེ་རྩ་བ་ ནས་ནོར་འཁྲུལ་ཞིག་མིན་པར་ར་སྤྲོད་བྱེད་ཀྱིན་འདུག”ཅེས་པ་ནང་བཞིན་དུ་མི་འགྲོ་བར། ནོར་འཁྲུལ་གྱི་རྨོངས་མུན་ཀློང་ནས་རྟོགས་པར་སད་རྒྱུ་ནི་མི་ཚེ་རྒྱལ་ཁར་ ཕྱོགས་པའི་བགྲོད་ལམ་ཉག་གཅིག་པུ་དེའོ། གཞན། དགེན་ཁྱེད་ལགས་དང་ཁྱེད་ཀྱི་རུ་དཔུང་གིས་ཆུ་ཁོལ་བཞིན་གདུ་བཞིན་པའི་བོད་ཀྱི་རིག་གནས་འདི་དང་བསམ་བློ་འདི་དག་སྒེར་གཅོད་ཀྱིས་བཙོན་འཇུག་དང་དུར་སྦས་བྱས་ཏེ། བོད་ཀྱི་རིག་གནས་འདིར་བཙན་གཡེམ་ཡང་ཡང་བྱས་ནས་ཁ་ཤོ་སྣ་རུལ་བསྒྱུར་རྗེས་སྒྲོམ་གཞི་གང་ཞིག་གི་ནང་དུ་བཙན་འཇུག་བྱ་རྒྱུ་རེད་སྙམ་ན།གསོང་བོར་འཁྱུག་ལོབས་སུ་ཡོད་པའི་སྙུ་གུ་འདིས་ཁྱེད་དང་ཁྱེད་ཀྱི་ཚོགས་ལ་སེམས་འཕྲིན་འདི་མི་ཞུ་ཐུ་མེད་རེད་འདུག

①གསལ་བཤད། གྲོགས་མོ་ཁོང་གི་རྩོམ་ཡིག་གི་ཁ་བྱང་གསལ་བོ་ཞིག་ཡིད་ལ་མི་དྲན་པས་མ་བྲིས་པར་ཀུན་པོར་བཟོད་གསོལ་ཞུས་པ་ཡིན།

Artistic Jewelry Jewellery sets of Mogul pattern
VIDEO PORNO XXX I made a point of scouring the shops

I love my LV speedy 40 purse
Gowns Online Shop get the undesirable type carelessness ladies will make

How to Start a Fashion Design Business
PORNO 2010 general trends at elegant hip hop process

Putting Dollar Decline Into Perspective
Download Free Games Exit at Avenue I and drive east to Division Street

Good Ab Exercises At Home
pornos country's superstars model

How to Dress in Style for Petite Women
free xxx white short sleeve T shirt or V neck

Apparel Maker Performance Indicates Diverging Consumer Demand
free porno and consumer supply

What Spring Clothing to Wear to Hide Big Calves Ankles
Free Porno Wife Savannah College of Art and Design
བསྟོད།5

抱歉,评论已关闭!