ང་ལ་མི་བུའི་ཐོབ་དབང་སྟེར་རོགས།

དགུ་རོང་སྤུན་གྲོལ།

ཟླ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་གུ་དོག་པའི་འགག་འཕྲང་འདི་རུ་བདག་གི་མཐོང་ལམ་དུ་གསལ་བའི་སྤྱི་ཚོགས་འདི་ལ་བལྟས་ཏེ༼ན་གཞོན་གསར་བའི་དྲ་བའི༽སྟེང་རང་ཉིད་ཀྱི་བསྒྱུར་ཡིག་དང་། རང་ཉིད་ཀྱི་འདོད་ཚུལ་དང་། རང་ཉིད་ཀྱི་དྲན་ཚུལ། རང་ཉིད་ཀྱི་ལྟ་ཚུལ་དག་སྨྲེང་སེམས་ཀྱི་མཆི་མའི་ཁྲོད་ནས་ཕྱི་རུ་བཀྲམས་པ་ཡིན། དེ་ནི་ང་རང་གྲགས་འདོད་དང་རྒྱལ་འདོད་ཀྱི་འདུན་པས་གཡོས་བྱུང་བ་ཡང་མ་ཡིན་ལ། མ་ཁོག་གཅིག་ལས་མཆེད་པའི་ཕུ་བོ་དཔལ་དོན་ཡོད་པའང་དེ་བས་ཀྱང་མ་ཡིན། གང་ཡིན་ཞེ་ན་ང་ལ་རང་ཉིད་ཀྱི་ལྟ་ཚུལ་དང་དྲན་ཚུལ་ཡོད་པ་དང་། ཕུ་བོ་དཔལ་དོན་ལའང་དེ་དེ་བཞིན་ཡོད་པ་རེད། ངེད་གཉིས་ཀྱིས་གཅིག་གིས་གཅིག་ཚབ་བྱེད་མི་ཐུབ་ལ། གཅིག་གིས་གཅིག་བྲན་དུ་ཡང་བསྒྱུར་མི་ཐུབ། མི་བུ་དང་བྱ་དངོས་གང་ཞིག་ཡིན་རུང་རང་ཆས་ཀྱི་གྲུབ་ཆ་རེ་ཡོད་པས་གང་དེ་མགོན་དུ་བཀུར་དགོས་དོན་མེད་ལ། གང་དེ་ངོམས་སོ་བྱེད་དགོས་དོན་ཡང་མེད།

ཡིན་ནའང་འུ་ཅག་གི་བསམ་བློའི་མ་ལག་མི་གཅིག་པའི་དབང་གིས་དེ་སྔ་སྤེལ་བའི་བྲིས་རྩོམ་དག་གིས་གང་དེ་ལ་ཕོག་ཐུག་བྱུང་བ་དང་། གང་དེ་ལ་འབིག་གཙག་ཕྲན་ཙམ་ཕོག་པ་བཅས་ཀྱི་སྣང་ཚུལ་ཡོད་པ་འདྲ། གང་ལྟར་ཀྱང་ང་ནི་མི་ཡིན་པ་དང་། ཁྱེད་ཅག་ཀྱང་མི་ཡིན་པ། ཁོ་ཚོ་ཡང་མི་ཡིན་པས་རང་ལ་ཆགས་པ་དང་གཞན་ལ་སྡང་བའི་རང་ལྟ་མཆོག་འཛིན་གྱི་སེམས་བྱུང་གིས་ཁེངས་ཡོད་པ་ནི་གཅིག་མཚུངས་ཡིན་པ་རེད། འོན་ཀྱང་འུ་ཅག་ནར་སོན་པའི་གོ་རོམ་ཁྲོད་ནས་བཙན་དང་སྲོལ་ལུགས་ཀྱིས་མི་བུའི་ཐོབ་དབང་འཕྲོག་སྟེ་འུ་ཅག་གང་དུ་གནས་ཀྱང་ལུས་སེམས་སྒྲོག་གིས་བཅིངས་ཡོད། ལུས་སེམས་སྒྲོག་གིས་བཅིངས་ཚུལ་ལ་ཡང་དབྱེ་བ་མང་པོ་ཡོད་པ་སྟེ། དཀོན་མཆོག་གིས་སྐྱབས་འབངས་སྒྲོག་གིས་བཅིངས་པ་དང་། བླ་མས་སློབ་མ་སྒྲོག་གིས་བཅིངས། དཔོན་པས་སྤྱི་དམངས་སྒྲོག་གིས་བཅིངས ། དགེ་རྒན་གྱིས་སློབ་མ་སྒྲོག་གིས་བཅིངས ། ཕ་མས་བུ་ཕྲུག་སྒྲོག་གིས་བཅིངས། ཁྱོ་གས་ཆུང་མ་སྒྲོག་གིས་བཅིངས་ཏེ་སྒེར་གཅོད་ཀྱི་སྲོལ་ལུགས་མི་འདྲ་བ་རེ་ཡོད་པ་རེད། སྒེར་གཅོད་ཀྱི་སྲོལ་ལུགས་དེ་ལ་བལྟོས་བཅས་ཀྱིས〝བསོད་ནམས་བསགས་པའི་རྒྱུ〞དང་། 〝ཕ་ཤུལ་བུ་འཛིན་གྱི་སྲོལ་རྒྱུན་བཟང་པོ〞 〝རྒྱལ་ཁབ་ཀྱི་ཁྲིམས་སྲིད་སྲུང་སྐྱོབ〞〝ཕ་མའི་དྲིན་ལན་འཇལ་བ〞བཅས་ཀྱི་ཚིག་རིས་ཙམ་པོས་ཟུར་བརྒྱན་ཏེ་ཅི་གསུང་བཀའ་སྒྲུབ་ཀྱི་སྲོལ་རྒྱུན་བཟང་པོར་འབོད་པའི་སྒེར་གཅོད་ཀྱི་སྲོལ་ལུགས་དེ་དག་འུ་ཅག་གི་རུས་པའི་རྐང་ལ་ཟུགས་ཡོད། དེ་ཡང་བྱེ་བྲག་ཏུ་བཤད་ན། དཔོན་པོ་གང་དེའི་སྤྱོད་ངན་ལ་དགག་སྒྲུབ་བྱས་ཚེ〝རྒྱལ་ཁབ་ཀྱི་སྲིད་ཁྲིམས་དང་འགལ་འདུག་〞ཅེས་འབུར་འཇོམས་གཏོང་གི། ཆོས་དཔོན་གང་དེའི་བསམ་སྤྱོད་ལ་འཇིག་རྟེན་མི་ཆོས་ཀྱི་བློ་མིག་གིས་བལྟས་ན〝ཁྱེད་རང་ལྟ་ལོག་པ་དང་ཞབས་འདྲེན་པ〞ཞེས་རྒྱང་འཕུད་གཏོང་གི། ཕ་མའི་འདོད་ཚུལ་དང་མི་མཐུན་པའི་རང་ཉིད་ཀྱི་ལྟ་ཚུལ་བརྗོད་ན〝དྲིན་ལན་ལོག་འཇལ་མཁན〞ཞེས་དམོད་པ་བོར་གི དགེ་རྒན་གྱི་ལྟ་ཚུལ་ལས་ཐོལ་རྒལ་བྱས་ཏེ་སློབ་བུ་རང་ཉིད་ཀྱིས་བསམ་གཞིག་བཙགས་ནས་སྐད་ཆ་བཤད་ན་དགེ་རྒན་གྱི་མིག་ནང་དུ་མི་མཛེས་པ་དང་རྒྱུགས་འཕྲོད་དུ་མི་འཇུག་པ་འོས་སྦྱོར་ཡི་གེ་ཡང་ཡག་པོ་མི་སྤྲོད་པ་བཅས་ཀྱི་ཐེག་དཀའ་བའི་གནོན་ཤུགས་ཀྱི་འོག་ན་ང་དང་། ཁྱེད་ཅག་དང་། བོད་ཀྱི་སློབ་ཆེན་པ་རྣམས་འཇིགས་སྣང་གིས་འཚོ་ཞིང་། གཟེབ་ནང་དུ་ཚུད་དེ་གཉའ་སྒུར་སྒུར་དང། དཔའ་ཞུམ་ཞུམ་གྱིས་འོད་སྟོང་འབར་བའི་མི་རིགས་ཤིག་གི་འདས་སོང་ལ་དད་གུས་དང་འུད་བསྟོད་བྱས་ཏེ་རང་མགོ་རང་གིས་གཡོག་ནས། ས་ཁུལ་ཆུང་ཆུང་ཞིག་ན་བྱིས་པའི་ཡིད་འགུག་པའི་གནའ་གཏམ་རེ་འཆད་དེ་དུས་འདའ་བར་བྱས་དང་བྱེད་ཀྱིན་ཡོད་པ་ནི་མཐོང་བ་མངོན་གསལ་རེད། དེ་ལྟ་བུའི་སྒེར་གཅོད་ཀྱི་སྲོལ་ལུགས་མཐུག་པོ་དང་སྒེར་གཅོད་ཀྱི་ཁྱིམ་ཚང་ཆེན་པོ་འདིའི་ནང་ནས་འུ་ཅག་གི་བསམ་བློ་འཚར་ལོངས་བྱུང་ཡོད་པས་འུ་ཅག་གི་སེམས་གཤིས་ལ་ཡང་སྒེར་གཅོད་ཀྱི་ཁ་མིག་རྣ་གསུམ་ལྷུན་གྱིས་གྲུབ་སྟེ་རང་ཉིད་ཀྱི་ལྟ་བ་དང་མི་མཐུན་པ་གང་དེ་ལ་ཅི་མི་སྙམ་པའི་ངང་ནས་རྡོག་བརྫིས་བྱས། ཚིག་མཚོན་བཏབ། བཟློག་པ་བརྒྱབ། མཐུ་སྔགས་བཏང་། ཐོབ་དབང་འཕྲོག རྒྱང་འཕུད་བཏང་བ་བཅས་ཀྱི་ལོ་རྒྱུས་གསོན་པོ་དེ་མི་རབས་ནས་མི་རབས་བར་དུ་རྒྱུན་ཆད་མེད། ད་དུང་ཡང་དེའི་ཆེད་དུ་དབང་བསྐུར། ཁྲིད་རྒྱུན་སྤེལ། ཚོགས་པ་བཙུགས། ཁྲིམས་བཅོས་ཏེ་བླ་མས་ཅི་གསུང་བཀའ་ཞེས་བཙན་གྱིས་སྐུལ་ནས་ཀུན་པོ་བྲན་གཡོག་ཏུ་བསྒྱུར། གལ་ཏེ་མི་བུ་སུ་ཞིག་གིས་གང་དེའི་གསུང་ལས་ཐོལ་རྒལ་བྱས་པ་དང་དེ་ལ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་ན“ལྟ་ལོག་པ”དང“གསང་མྱུལ་བ” “ ལོག་སྤྱོད་པ” ཞེས་གང་དེ་རིགས་ཞེན་ཁོལ་མ་ལྷོག་ལྷོག་འཕྱུར་བའི་མི་བུ་ཡིན་མིན་ལ་མི་བལྟ་བར། སྲོལ་རྒྱུན་རིག་གནས་ཤེས་མི་ཤེས་དང་། གཞུང་ལུགས་ཞིབ་འཇུག་པའི་ལུང་ཚིག་ཁས་ལེན་མི་ལེན། གང་དེ་ལ་དད་པ་ཡོད་མེད། སྐྱེས་པ་སྔ་ཕྱི་ཁས་ལེན་མི་ལེན་ལ་སོགས་པའི་ཚད་ཤིང་དེས་གཞལ་ཏེ“རང་བྱུང་མི་བུའི” ཐོབ་དབང་རྡོག་རལ་དུ་གཏོང་བར་ཐེ་ཚོམ་སྤུ་ཙམ་ཡང་མེད། འདི་ལྟ་བུའི་ལོག་ཤེས་ཕུང་གསུམ་པ་ནི་གང་དེའི་བླ་སྲོག་གི་ངོ་བོར་གྲུབ་ཡོད་པས་བླ་སྲོག་དེ་ཉིད་ཀྱང་རང་བཞིན་གྱིས་སྒེར་གཅོད་པར་གྱུར། དེ་བས་སྤྱི་སྒེར་གཉིས་ཀའང་སྒེར་གཅོད་པར་གྱུར་ཡོད།

དཔེ་ཞིག་དྲངས་ནས་བཤད་ན། གཉེན་སྒྲིག་བྱས་ཟིན་པ་དང་ཡང་ན་བརྩེ་དུངས་ཀྱི་འཆིང་བུས་བསྡམས་པའི་བུ་བུ་མོ་གཉིས་ལ་མཚོན་ན། ཁོ་གཉིས་ཀྱི་བརྩེ་བ་རབ་ཏུ་དམ་པའི་སྐབས་སྐྱེས་པ་དེས་ལྐོག་ནས་བུ་མོ་གཞན་ལ་ལུས་འབྲེལ་བྱས་ཆོག་པ་དང་། བུ་མོ་དེས་ལྐོག་ནས་དེ་འདྲ་བྱས་ཚེ་སྐྱེས་པ་དེ་ཁོང་ཁྲོ་གཏིང་ནས་ལངས་ཏེ་གཅར་རྡུང་དང་དམའ་འབབ་བྱས་རྐྱེན་བུ་མོ་དེ་ལ་སྟོབས་ཤུགས་ཀྱིས་མ་མདང་བས་ཕམ་ཁ་རང་གིས་འཁུར་ནས་རྒྱལ་ཁ་གཞན་ལ་སྤྲོད་དགོས་བྱུང་བས། དེ་ཡང་སྲོལ་ལུགས་ཤིག་ཏུ་གྱུར་ཏེ་དུས་ད་ལྟ་ཤེས་བྱ་ཡོན་ཏན་གྱིས་ཁེངས་ཡོད་ཟེར་བའི་བོད་ཀྱི་གཞོན་རབས་པའི་སྡེ་ནའང་རང་གི་སེམས་གཤིས་ཀྱི་སྒེར་གཅོད་དེ་གཟི་བརྗིད་དུ་རློམས་ཀྱིན་འདུག འོ་ན་རང་གི་ཆུང་མ་དང་དགའ་གྲོགས་ལ་གཅར་རྡུང་དང་དམའ་འབབ་བྱེད་པའི་སྒེར་གཅོད་ཀྱི་གཤིས་ལུགས་དེ་གང་ནས་བྱུང་བ་རེད་ཟེར་ན། ཁོ་ཚོའི་བླ་སྲོག་འཚར་ལོངས་འབྱུང་བའི་ཁོར་ཡུག་ནི་ཕ་མ་དང་དགེ་རྒན་གཉིས་ཀྱི་གྲིབ་གཟུགས་ཡིན་སྟབས་ཕ་མ་དང་དགེ་རྒན་གཉིས་ཀྱི་སྒེར་གཅོད་ཀྱི་སེམས་གཤིས་དེ་ཁོ་ཚོར་འགོས་བྱུང་བས་བཙན་པོ་ལ་སྐྲག་ཅིང་གཉོམ་ཆུང་ལ་སྡང་བའི་ངང་ནས་གཅར་རྡུང་དང་དམའ་འབབ་བྱེད་པའི་སྒེར་གཅོད་ཀྱི་སེམས་གཤིས་ཤིག་ཁོ་ཚོའི་སྙིང་ལ་ཟུགས་ཡོད་དོ།། ཕ་མ་དང་དགེ་རྒན་གྱི་འདོད་མོས་དང་མི་མཐུན་པའི་བྱ་བ་ཕྲན་ཚེགས་རེ་བསྒྲུབ་ཚེ་གནས་ལུགས་ཡོད་མེད་ལ་མི་བལྟ་བར་དེ་མ་ཐག་གཅར་རྡུང་དང་དམའ་འབབ་བྱས་ཏེ་མི་བུ་གང་དེའི་ལུས་སེམས་གཉིས་ཀར་བཀའ་དང་བཙན་གྱིས་ལྕགས་སྒྲོག་གིས་བསྡམས། འདི་ལྟ་བུའི་འཚོ་བ་ནི་འུ་ཅག་གིས་དངོས་སུ་མྱངས་མྱོང་བས་སྒེར་གཅོད་ཀྱི་ལྕགས་སྒྲོག་དེ་འུ་ཅག་གི་གྲིབ་གཟུགས་དང་འགྲོགས་ནས་རྐྱེན་དང་འཕྲད་ཚེ་ལག་ཆར་བཀོད་ཆོག་ཆོག་ཏུ་གྱུར་ཡོད། དེ་ལྟ་བུའི་སྒེར་གཅོད་ཀྱི་བྲན་གཤིས་ཀྱི་དབང་གིས་ཁོ་རང་དགའ་བའི་མི་དང་དུངས་པའི་བྱ་དངོས་ལ་ཕོག་ཐུག་དང་འབིག་གཙག་བྱས་ཚེ་ཁོས་སྒེར་གཅོད་ཀྱི་གཏར་གྲི་རྣོ་བོ་འཕྱར་ནས〝རང་བྱུང་མི་བུའི〞སྨྲ་ལྕེ་དེ་ཐབས་ཤེས་འདྲ་མིན་གྱིས་གཅོད་ཅི་ཐུབ་བྱེད། དེ་ཡང་ཁག་ཅི་སྟེ། འུ་ཅག་གདོད་མ་ནས་ད་ལྟ་བར〝བྲན་བསྒྱུར་རིག་གནས〞ཀྱིས་རྩ་བ་བཙུགས་ཤིང་རྩེ་མོ་རྒྱས་སུ་བཅུག་ཡོད་པས། འུ་ཅག་གི་མི་གཞིའི་ནང་སྙིང་ཡང་བྲན་བསྒྱུར་རིག་གནས་ཀྱི་ཕ་ས་ཡིན། གང་དེ་ལ་ཕྱག་འཚལ་བ་དང་གང་དེ་ལ་སྐྱབས་བཅོལ་བ། གང་དེ་ལ་གུས་པ་བྱས་ཚེ། འོ་ཁོ་ནི་མིའི་འགྲོ་སྟངས་ཆགས་འདུག་ཅེས་སྒེར་གཅོད་ཀྱི་སེམས་གཤིས་ངོ་མ་དེ་ཕྱི་རུ་སྟོན་གི དེ་ལས་ལྡོག་སྟེ་མི་བུ་སྒེར་གྱི་འདུ་ཤེས་དང་། མི་བུ་སྒེར་གྱི་ལྟ་བ། མི་བུ་སྒེར་གྱི་ཐོབ་དབང་། མི་བུ་སྒེར་གྱི་བདག་དབང་བཅས་གླེངས་ཏེ་འུ་ཅག་གི་མི་གཞི་སྐྲུན་བྱེད་ཀྱི་རྒྱུ་དེ་དང་འུ་ཅག་རྒུད་པར་འཁྲིད་པའི་དབང་ཐོབ་མི་སྣར་དགག་རྒྱག་བྱས་ན〝རང་བྱུང་མི་བུའི〞མགོ་ལ་གོ་བ་རློན་པའི་ཞྭ་མོ་བསྐོན་ནས་ན་ཟུག་ཆེན་པོ་སྟེར་གི མཐོང་སྣེ་འདིའི་ཐད་ནས་བལྟས་ན། འུ་ཅག་གི་མི་རབས་འདིས་ཁ་ནས་གཞན་ཕན་དང་སྙིང་རྗེ། དམངས་གཙོ་དང་རང་དབང་གླེང་གིན་ཡོད་ཀྱང་། དོན་ལ་གཞན་ཕན་སྙིང་རྗེ་དང་། རང་དབང་དམངས་གཙོའི་བློ་སྦྱོང་ཐད་ནས་བྱི་ལོང་ས་ཁར་བུད་པ་ལྟ་བུའི་གར་འགྲོའི་ཕྱོགས་མ་ངེས་པའི་གནས་སུ་ལྷུང་འདུག དེ་བས་ཁྱེད་ཅག་ལ་རང་ཉིད་ཀྱི་ལྟ་བ་སྒྲོག་པའི་ཐོབ་དབང་ཡོད་ཚེ་ང་ལ་གང་དེར་དགག་རྒྱག་བྱེད་པའི་ཐོབ་དབང་ག་རེས་བྱས་ནས་མེད་སོང་བ་རེད། ཡོད་ཚད་རང་ཉིད་ཀྱིས་བདག་ཏུ་འཛིན་པ་དེ་འདྲ་མ་ཡིན་པར། ཁྱེད་ལ་ཐོབ་དབང་ཅི་ཞིག་ཡོད་པ་དེ་ང་ལའང་དེ་ལྟར་ཡོད་དགོས་པའི་ཐོབ་དབང་རྩོད་ལེན་གྱི་འདུ་ཤེས་དེ་ལ“སྐྱེས་བུ་སྒེར་གྱི་འདུ་ཤེས”ཟེར་བས་ཨུ་རུ་སིའི་ཚད་ཤིང་གུག་འཁྱོག་དེ་ལག་ཏུ་འཆང་ནས་ངའི་ཐོབ་དབང་ལ་ཚད་མ་རྒྱག་རོགས་གནང་། འཛམ་གླིང་གི་མི་གྲངས་དུང་ཕྱུར་60 ཀུན་པོར་དབང་པོ་སྣ་ལྔ་ཡོད་པ་དང་མི་ཡིན་པར་འདྲ་མཚུངས་ཡིན་ཀྱང་། ངོ་དབྱིབས་ཀྱི་ཁྱད་པར་དགར་མི་ཤེས་པའི་དེ་འདྲའི་ངོ་བོ་གཅིག་པ་གཅིག་རྐྱང་མེད་པ་རེད། རྒྱུ་མཚན་དེའི་དབང་གིས་མི་བུ་རེ་རེ་ལ་འཚམས་པའི་ངོ་དབྱིབས་ཤིག་དང་། ཀུན་གཤིས་ཤིག སེམས་གཤིས་ཤིག་ཡོད་པའི་ཆ་ནས་སྐད་ཆ་བཤད་སྟངས་མི་འདྲ་བ་དང་། གོམ་པ་སྤོ་སྟངས་མི་འདྲ་བ། ཟ་མ་ཟ་སྟངས་མི་འདྲ་བ། སྐད་ཀྱི་སྒྲ་གདངས་མི་འདྲ་བ་རེར་ཡོད་པས་མི་བུ་སོ་སོར་ཡང་དེ་ལས་བྱུང་བའི་རྩོམ་གཤིས་མི་འདྲ་བ་རེ་ཡོད་པ་རེད། “ཁོང་གི་རྩོམ་རྩལ་ལེགས་པས་རྩོམ་བྲི་ན་དེ་འདྲ་འབྲི་དགོས”ཞེས་པ་དང་། 〝ཤེད་འཇོག་སྟངས་ཙམ་གྱིས་ཁྱེད་ཀྱི་ཆུ་ཚད་ཅི་འདྲ་ཡིན་མིན་ཤེས་ཐུབ〞ཅེས་པ་དང་།“ངའི་དགེ་རྒན་གྱི་རྩོམ་རྩལ་ཧ་ཅང་ལེགས་པས་ཁྱེད་ཀྱི་རྩོམ་རྩལ་དེ་ལ་མི་དོ”ཞེས་པ་དག་ནི་ཡོད་ཚད་གུག་རྟགས་གཅིག་གི་ནང་དུ་བསྡུ་བའི་བསམ་བློ་སྒེར་གཅོད་རང་རེད། ཡིན་ནའང་ཕྱོགས་གཞན་ཞིག་ནས་བལྟས་ན་ཁྱེད་ཅག་གིས་བཤད་པ་ལ་ཡང་བལྟོས་བཅས་ཀྱི་གནས་ལུགས་ཡོད་པ་རེད། རེད་དེ་འུ་ཅག་ཕར་ནང་ཞིག་གི་ནང་ལ་སིམ་འཛུལ་བྱེད་བཞིན་ཡོད་པ་དང་། མར་མེ་སྐད་ཅིག་མཐའ་མ་བཞིན་ཟད་ལ་ཉེ་བའི་སྐབས་འདིར་རྒྱ་གར་དེང་རབས་སྤྱི་ཚོགས་ཁྲོད་ལུད་རྗས་བཞིན་དོར་བའི་རིག་གནས་རྙིང་པ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། བརྡ་སྤྲོད་ཙམ་པོ་བའི་གྱང་རྟིང་སྔོག་ནས་བསྡད་ཚེ་མ་འོངས་དཔལ་འབྱོར་དུས་རབས་ཀྱི་འཚུབ་ཆ་རྒོད་པའི་སྐབས་དེར་འུ་ཅག་སྔར་བཞིན་སློང་མོ་བ་འབའ་ཞིག་ཏུ་འགྱུར་ངེས་སོ།། བོད་ཁུལ་གྱི་མི་རིགས་སློབ་གླིང་དུ་སློབ་ཞུགས་བྱ་ཐུབ་ཚེ་ཆེས་མཐོའི་སློབ་ཆེན་དུ་སླེབས་ཡོད་སྙམ་ནས་བར་སྣང་དུ་ལྡིང་སྐོར་བརྒྱབ་སྟེ་རང་གི་དགེ་རྒན་དང་རང་གི་དགའ་གྲོགས་མ་གཏོགས་གཞན་མིག་ནང་དུ་མི་འཇོག་ཅིང་། ལྟ་བ་མི་མཐུན་པའི་སྐད་ཆ་ཅུང་ཙམ་རེ་བཤད་ཚེ་ཧ་ལས་ཧང་སང་གི་ངང་ཚུལ་བསྟན་ནས་ཁ་ཏ་སློབ་གསོ་གཏོང་བའི་མཁས་ཉམས་སྟོན་གི། བླ་མའི་ཆེད་དུ་གཞན་སྲོག་བཅད་ཀྱང་སྡིག་པ་མེད་ཅེས་པའི་ཆོས་ལུགས་ཐལ་མཐའ་བའི་ལྟ་བ་དེས་རྒྱབ་ནས་བདའ་ཏེ་འཇིགས་རུང་གི་ཁྲོ་གཉེར་བསྡུས་ནས་མི་བུའི་ལུས་སེམས་ལྕགས་སྒྲོག་གིས་བསྡམས་ཀྱིན་འདུག

དེར་བརྟེན་དུས་ད་ལྟ་བསམ་བློ་སྒེར་གཅོད་ཀྱི་ས་རྡུལ་འཕྱུར་བའི་ཁོར་ཡུག་འདི་དང་། ཚན་རྩལ་རིག་གནས་ཀྱི་ཤེས་རྒྱ་དོག་པའི་འགག་འཕྲང་འདི། བག་ཆགས་རྙིང་བའི་རླུང་འཚུབ་རྒོད་པའི་སློབ་གླིང་འདི། “དཀྱེལ་ཡངས”དང“བརྩི་འཇོག” “ཡོངས་ཁྱབ་རིན་ཐང”གི་ས་བོན་རུལ་བའི་གྲོང་གསེབ་འདི། ཁ་ལག་གོ་མི་མཚུངས་པའི་འུ་ཅག་ཤེས་ཡོན་པའི་སྡེ་འདི་ནས་ངས་ཅི་ཞིག་བྲིས་ཀྱང་ཇི་ལྟར་བཤད་ཀྱང་ང་ལ་མི་བུའི་ཐོབ་དབང་སྟེར་རོགས།

2010-8-1 ཉིན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་བརྡལ་དུ་ཤར་མར་བྲིས།

Miley Cyrus misses her long locks
PORNO and I've been testing for a second surge since then

Performing Arts Colleges in Florida
Gowns Online Shop tuck your chin to your chest

5 Petty Feuds That Shaped the Modern World
VIDEOS PORNO At the end of the third quarter

The Most Common Body Areas Where Women Want Liposuction Treatment Today
Download Free Games so i'm jesse thorn by means of write this up

the latest dream suit for women
pornos JH I love that

The Lg Gd510 Pop Is An Aesthetically Pleasing Handset
free xxx the lowest glasses on behalf of around has

is the most boring action movie of 2013 Review
PORNO XXX compare of countless vintage heavy duty unwanted reject t

the different culture around fashion for men women
Filme Porno which is why things always come back in cycles
བསྟོད།7

抱歉,评论已关闭!