བུ་སྤུན་བག་མ་མཉམ་ལེན།

ས་གོང་དབང་འདུས།

སྤྱིར་ན་མི་རིགས་གང་ཞིག་ཡིན་རུང་། དེར་རང་གི་ཐུན་མོང་མིན་པའི་ཁྱད་ཆོས་རེ་ཡོད་པ་མ་ཟད། རང་ཉིད་ཐོག་མར་བྱུང་བ་ནས་དར་རྒྱས་འགྲོ་བའི་བརྒྱུད་རིམ་ནང་། ཐོན་སྐྱེད་ཀྱི་ཁོར་ཡུག་དང་འབྲེལ་ཆགས་པའི་རང་རང་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ཚད་གཞི་འཛིན་སའི་མི་ཆོས་རེ་སྣང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཉག་ཅིག་ཡིན་གྱུར་ཀྱང་། མི་རིགས་ཕན་ཚུན་བར་འབྲེལ་ཟབ་ཆེ་བའི་དེང་གི།སྤྱི་ཚོགས་འདིར་མི་རིགས་གཞན་པའི་བློ་མཐུན་ཚོས་བུ་སྤུན་བག་མ་མཉམ་ལེན་གྱི་ཚུལ་དེ་རིག་སྐབས་ལྐུགས་པས་ལྷ་མཐོང་བ་ལྟ་བུའི་ཚོར་བ་ཟབ་མོ་སྐྱེས་ནས་ཡ་མཚན་བྱེད་པ་མ་ཟད། ཐ་ན་དམའ་འབེབས་ཀྱང་གཏོང་གི་ཡོད། དགོངས་པ་བཞེས་ཚུལ་དེ་ཚད་མའི་དབང་དུ་བཏང་ནས།འཛམ་གླིང་ཡོངས་ཀྱི་མི་རིགས་ཚང་མ་རིག་གནས་དང་ཡུལ་སྲོལ་གོམསགཤིས་དབྱེར་མེད་གཅིག་མཚུངས་ལྟ་བུ་ཞིག་བྱ་དགོས་ན། མི་རིགས་ཞེས་པའི་ཐ་སྙད་དེར་སྙིང་པོ་དང་དགོས་པ་ཅི་ཡང་མེད། དེ་ཕྱིར་ཁོ་བོས་རང་ཉིད་ཐིགས་ཤིང་དང་། གཞན་པ་གཤོག་བྱའི་ཤིང་ཆ་ལྟ་བུར་འཛིན་པའི་ལྟ་བ་ལོག་པ་ཡོངས་སུ་སྤངས་ནས། བོད་པ་རྣམས་ཀྱི་གཉེན་སྲོལ་དེ་བྱུང་བའི་ལོ་རྒྱུས་དང་། དར་བའི་དགོས་པ། གནས་པའི་རྒྱུ་མཚན་བཅས་འཁྱོག་བཤད་དང་སྒྲོ་བཏགས་ཅི་ཡང་མེད་པར་ངོ་སྤྲོད་མདོ་ཙམ་ཞུ་རྒྱུ་ཡིན། དེ་ཡང་ཐོག་མར་ཚོ་པའི་སྦྱི་ཚོགས་ནས་མངའ་མཛད་ཀྱི་སྤྱི་ཚོགས་སུ་བར་བརྒལ་བྱེད་པའི་དུས་སུ་དབུ་བརྩམས་ནསརིམ་པས་འཛིན་སྐྱོང་དར་སྤེལ་བྱུང་བ་མ་ཟད། ལྷག་པར་དུ་བོདཀྱི་ཐོན་སྐྱེད་ལམ་ལུགས་སྣ་མང་ཅན་ཏེ། འབྲོག་ལས་ཁོ་ན་གཉེར་བའི་ཐོན་སྐྱེད་ལམ་ལུགས་དེ་ཕྱེད་འབྲོག་ལས་དང་ཕྱེད་ཞིང་ལས་ཀྱི་ཚུལ་དུ་འགྱུར་བའི་རྗེས་དར་རྒྱས་དེ་བས་ཆེན་པོ་བྱུང་ཡོད། མི་རིགས་གཞན་པར་རིག་རྒྱུ་དཀོན་པའི་སྲོལ་དེ་བོད་ཀྱི་ཞིང་འབྲོག་ས་ཁུལ་ལ་སྔར་བཞིན་དར་སོ་བྱེད་པའི་རྒྱུ་མཚན་གཙོ་བོ་ནི། བོད་ཀྱི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོབོ་དང་ཐོན་སྐྱེད་ཀྱི་ཚན་པ་གཙོ་བོ་ཁྱིམ་ཚང་སོ་སོ་ལས་གྲུབ་པའི་ཁར། བོད་རིགས་རྣམས་ལ་སྔར་ནས་བཟུང་རང་གི་མེས་པོ་རིམ་བྱོན་གྱིས་ངལ་བ་དུ་མ་སྤྱད་ནས་བསགས་པའིཁྱིམ་རྒྱུད་ཉམས་མེད་དར་སྤེལ་གཏོང་བའི་སྲོལ་རྒྱུན་བཟང་པོ་དང་། རང་ལུས་སྦྱིན་པའི་དྲིན་ཆེན་ཕ་མར་ནམ་ཡང་བཀུར་བསྟི། ཀོ་བ་གཅིག་ནས་དྲས་པའི་བུ་སྤུན་རྣམས་མཉམ་ཟ་མཉམ་རུབ་བྱེད་འདོད་པའི་ཀུན་སློང་དྲག་པོ་མངོན་དུ་འགྱུར་བའི་ཐབས་ལམ་ཉག་ཅིག་ནི་བུ་སྤུན་བག་མ་མཉམ་ལེན་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་སྲོལ་ཡོད། གལ་ཏེ་དེ་ལས་ཟློག་ཏེ་བུ་རེས་བག་མ་རེ་བླངས་ན། ཁྱིམ་ཚང་དེའི་བུ་སྤུན་བར་འཆམ་པོ་མེད་པ་དང་། ཕ་མར་བརྩི་འཇོག་མེད་པ། ཁྱིམ་ཚང་ཆེན་མོའི་འདུ་ཤེས་མེད་པ་སོགས་ལ་བརྩིས་ནས་མ་རབ་ཐ་ཤལ་གྱི་ཁོངས་སུ་འཇོག་གི་ཡོད།དེ་ནི་སྲོལ་ལམ་དེ་ཉིད་ད་བར་གནས་པའི་བསམ་པའི་རྨང་གཞི་རེད།རང་ཉིད་སྐྱིད་པོ་རྒྱག་པ་ཡོང་རྒྱུ་ཁོ་ནར་རྔམ་ནས་ཁྱིམ་ཚང་དང་ཕ་མ་བུ་སྦུན་གྱི་འདུ་ཤེས་མི་འཛིན་པར་ཟུར་བཟའ་ལྐོག་བརྟེན་དང་རངགི་ལུས་ལས་བྲལ་བའི་ཕྲུ་གུར་འགན་མི་འཁུར་བའི་སྤྱོད་ལམ་ངན་པ་དང་བསྡུར་ན། གོང་གསལ་དེར་བསྔགས་དགོས་པའི་ཆ་མང་པོ་ཡོད། འོན་ཀྱང་འདིར་རེ་རེ་བཞིན་གསལ་བཤད་ཞུ་དགོས་མེད། ཡང་ལ་ལ་བས་ལམ་སྲོལ་དེ་མར་ཁེ་སིས་གསུངས་པའི་བུད་མེད་གཅིག་གིས་སྐྱེས་པ་མང་པོ་བརྟེན་པའི་ལམ་ལུགས་དང་འདྲ་མཚུངས་ཡིན་པར་ངོས་འཛིན་ནས་རྗེས་ལུས་ཀྱི་ཚུལ་དུ་འཇོག་རུང་། གསོ་རིག་ཚན་རིག་གི་ཐོག་ནས་བཤད་ན།གནམ་སའི་ཁྱད་པར་ཡོད། བུད་མེད་གཅིག་གིས་བུ་སྤུན་གསུམ་རང་གི་ཁྱོ་ཁ་ལ་བརྟེན་ན། དེ་གསུམ་པོའི་ཁམས་གཅིག་མཐུན་ཡིན་པས་ལུས་ལ་རང་ཤུགས་སུ་འཕྲོད་ཐུབ། དེ་ཁམས་མི་མཐུན་པའི་སྐྱེས་པ་མང་པོ་དང་རྩ་བ་ནས་འདྲ་ཐབས་མེད། གང་ལྟར་ཡང་ལས་ནུས་དང་བྲལ་བའི་བགྲེས་སོང་རྣམས་འཇོག་སའི་རྒན་གསོ་ཁང་དང་། ཕ་མ་མེད་པའི་ཕྲུ་གུ་བཅོལ་སའི་དྭ་ཕྲུག་ཁང་དེ་ཙམ་མེད་པའི་སྦྱི་ཚོགས་ཀྱི་ཆ་རྐྱེན་འོག་བུ་སྤུན་བག་མ་མཉམ་ལེན་གྱི་ལམ་ལུགས་དེ་ནི་སྤྱི་ཚོགསཀྱི་འགན་ལེན་བཟང་པོ་ཞིག་ཡིན་པར་གདོན་མི་ཟའོ།།

Buy Summer Dresses for Women Online
VIDEO PORNO XXX although dozens of other countries also contain Nike factories

A Virtual Restaurant Manager POSqx
Wedding Dresses We're really seeing this a lot in the industry these days

Exploring Men Shaving Kits and their Effective Uses
PORNO We'd have lunch out on the beach

Keeping it Real with RAW Food Photos
Free Games expecting help you

Examples of Full Liquid Diet
Kostenlose Pornos von I'm at home in myNothing

Any Benefit to the Buyer
Pornofilme but I think it quite rare

Birdie Girl Golf DIVA DUFFLE
Tube XXX have actually products

How to help a seller through probate
Darmowe Porno in Q4 2013
བསྟོད།6

抱歉,评论已关闭!