རྒྱ་ཡེ་བཀྲ་བྷོ་འུ་ཚོས་དགག་དགོས་འདུག

ཞོགས་ལྗང་།

རྩོད་པ་ནི་བོད་ཀྱི་སྲོལ་རྒྱུན་ཞིག་རེད་དེ། རྒྱ་གར་རིག་གནས་གང་ཞིག་བོད་དུ་དར་བ་ནས་འགོ་བརྩམས་པ་ལོས་ཡིན་སྙམ་པའི་རྩོད་པའི་སྲོལ་རྒྱུན་འདི། གནའ་ནས་ད་ལྟའི་དབར་དུ་ད་དུང་རྒྱུན་སྐྱོང་བཞིན་ཡོད་པ་ནི་འུ་ཅག་སྐྱེས་པོ་ཀུན་ལ་ཤིན་ཏུ་གསལ་ཞིང་རབ་ཏུ་རྒྱུས་པ་རེད། ལྷག་པར་དུ། རྩོད་པ་གང་ལ་རྩོད་ཚུལ་མི་འདྲ་བ་མང་དུ་ཡོད་པ་ཡང་། འུ་ཅག་ཤེས་བྱ་སྦྱངས་པའི་སློབ་མ་དག་གིས་ལོས་ཀྱང་ཤེས། རེད་མོད་ཀྱང་། རྩོད་ཚུལ་ཐམས་ཅད་ཤིན་ཏུ་བྲིན་ཚེ་ཨེ་འགྲིག་གམ་སྙམ་པ་འདི་ཡང་ཁོ་བོ་སྒེར་གྱི་བསམ་ཚུལ་ཞིག་གོ །
དགོན་སྡེའི་རིག་གནས་སྦྱོང་བའི་གྲྭ་བ་དག་གི་རྒྱུད་དུ་རྩོད་པ་བྱེད་པ་ནི་རིག་པ་ཤིན་ཏུ་འབེལ་བར་འགྱུར་བའི་ཐབས་ཤིག་ཡིན་ཚོད་འདུག་ལ། དེ་དེ་ལྟར་ཡིན་དུ་ཆུགས། འུ་ཅག་གྲོང་བ་རྣམས་ལ་མཚོན་ན་ཡང་། རྩོད་པ་བྱ་ཚུལ་འདི་ནི་ཤེས་བྱ་ཞིབ་ཚགས་ཅན་ཏུ་གཏོང་སྟངས་ཤིག་དང་བདེན་པར་བརྡར་ཤ་གཅོད་པའི་དམངས་གཙོ་ཞིག་ག་ལ་མིན་ཨང་། ཉེ་བའི་ལོ་འདིར་བོད་ཀྱི་དྲ་ཚིགས་ཡོད་པ་ནས་བཟུང་། དྲ་སྟེང་དུ་དྲ་འབུ་དག་གིས་ཕན་ཚུན་ལ་རྩོད་པ་བྱེད་སྟངས་ཤིག་རྒྱུན་འབྱམས་སུ་སོང་ཞིང་། ཁོ་བོ་རང་གིས་ཀྱང་རྩོད་ཁུལ་མང་དུ་བྱས་མྱོང་བ་བཤད་དགོས་མི་འདུག ཉེ་ལམ་གྲོགས་དགུ་རོང་སྤུན་གྲོལ་དང་རིག་པའི་ཁུ་བྱུག་གཉིས་ཀྱིས་རྒྱ་ཡེ་བཀྲ་བྷོའི་སྐོར་ནས་རྩོད་པ་བྱེད་ཀྱིན་འདུག་ལ། འུ་ཅག་གི་སྤྱི་ཚོགས་གནས་བབ་འདིར་མཚོན་ན་བཀྲ་བྷོ་དང་བཀྲ་བྷོ་ལྟ་བུ་དག་གི་གདོང་འབག་བཤུ་བ་ནི་ཤིན་ཏུ་འོས་ལ་རབ་ཏུ་འགྲིག་པ་ཞིག་རེད་མོད། བརྩད་ཀྱིན་བརྩད་ཀྱིན་གཞི་འབབ་སའམ་རྩོད་སྙིང་བོར་སྟེ། མི་སེམས་ན་གཉུག་གཤིས་སུ་མངའ་བའི་དུངས་ཞེན་དང་ཕྲག་དོག ཕྱོགས་རིས་སོགས་ཀྱི་དབང་དུ་གྱུར་ནས། ཆེ་ས་ནས་ཆུང་ས་དང་། ཆུང་ས་ནས་ཉག་ཕྲ་སར་བབས་ཏེ། མཐར་མི་གཞི་དམའ་འབེབ་ལ་ཕྱོགས་པ་ནི་དངོས་གནས་ཡིད་སྤྲོ་བོ་ཞིག་མ་རེད། དགེ་ཆོས་ཀྱིས་གསུངས་པ་ལྟར། རང་མི་རང་ལ་རྒྱུས་མངའ་ཆེ་བས། འུ་ཚོས་བཀྲ་བྷོ་ལྟ་བུ་དག་གི་སྦྱོར་བ་དང་དམིགས་ཡུལ་ཤེས་ན་ཡང་། དེང་སང་སློབ་དཔོན་ཆེན་མོ་དེ་ལྟ་བུ་དག་ལ་ངོ་བསྟོད་དང་གུས་བཀུར་མ་བྱས་ན། སློབ་མ་གང་གི་མཐར་ཕྱིན་ལག་རྟགས་སོགས་ལ་ཡང་ཉེན་ཁ་སླེབས་ཡོད་པ་ང་རང་སློབ་མ་ཞིག་ཡིན་པས་ཤིན་ཏུ་གསལ་ནི་རེད། དེ་ལྟར་ཡིན་རུང་། བདེན་ལུགས་ཀྱི་མདུན་ནས་ཚང་མ་འདྲ་མཉམ་པའི་གནས་ལུགས་ལ་མངའ་བརྙེས་ན། འུ་ཚོས་ཁོ་རང་ཚོའི་རྐུབ་ལྡག་དགོས་ཁྱོན་ནས་མི་འདུག་ཅིང་། དེ་ལས་ལྡོག་སྟེ། ཁོ་རང་ཚོའི་གདོང་འབག་དམར་བཤུ་བྱས་ན་རབ་ཏུ་འགྲིག་པ་རེད། རེད་མོད་ཀྱང་། འུ་ཚོའི་སློབ་གྲྭ་དག་ཏུ་བདེན་ལུགས་ལ་ཞུན་བརྡར་བྱེད་མཁན་དག་ནི་མ་རབས་དང་ལོག་ལྟ་བ་ཡིན་ཞིང་། ཆེན་པོ་དག་གི་མདུན་ནས་གཉའ་སྒུར་སྒུར་དང་ཉྭ་འདར་འདར་མི་བྱེད་པ་དག་ནི་བས་མཐར་དེད་ཡོད་པ་རེད། མནར་གཅོད་དེ་ནི་སློབ་མ་དག་ལ་མཚོན་ན་རལ་གྲི་རྣོན་པོ་ཞིག་དང་འདྲ་བར། ཁོ་རང་ཚོའི་སྙིང་སྟོབས་ཀྱི་སྲོག་ལ་འཛེར་བས། མང་བོ་ཞིག་ཁུང་དུ་འཛུལ་བའི་བྱི་བ་བཞིན་ཁ་རོག་གེར་བསྡད་ཡོད་པ་རེད།
རྒྱ་ཡེ་བཀྲ་བྷོ་ནི་བོད་ཀྱི་མཁས་མིང་འཛིན་པ་ཆེན་པོ་ཞིག་རེད། ཡང་གཅིག་བཤད་ན། ཁོ་ནི་འུ་ཅག་གི་སློབ་དཔོན་ཆེན་མོ་དག་གི་ཚབ་མཚོན་པ་ཞིག་ཀྱང་རེད། ཉེ་སྔོན་གྲོགས་དགུ་རིང་སྤུན་གྲོལ་ལགས་ནས་ཁོང་ལ་དགག་གཞག་བྱས་པ་ནི་འོས་ཤིང་འགྲིག་པ་ཞིག་རེད་དེ། འུ་ཚོས་ཁོང་ལྟ་བུ་དག་ལ་གུ་ཡངས་བཟོས་ན། དེ་ནི་རང་མགོ་གཅོག་བྱེད་ཀྱི་སྟ་རེ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། རྒྱ་ཡེ་བཀྲ་བྷོ་ལ་དགག་གཞག་བྱས་པ་ནི་ཁོ་བོ་མི་སྒེར་ཁོ་ནར་དམིགས་པ་ཞིག་མ་རེད་དེ། དེ་དང་དེ་ལྟ་བུའི་བོད་ཀྱི་སློབ་དཔོན་ཆེན་མོ་ཚོའི་སྦྱོར་བར་དམར་འབྲད་བྱས་པ་ཞིག་རེད། འདི་ལྟར་བྱས་ན་ཧ་ཅང་འགྲིག་སྟེ། འུ་ཚོས་ངན་པ་ཐེར་འདོན་མ་བྱས་ན། བཟང་བོ་གནས་ཐབས་མེད་པ་གནས་ལུགས་རེད། རྒྱ་ཡེ་བཀྲ་བྷོ་ནི་ངེས་པ་དོན་གྱིས་མཁས་པ་ཞིག་ཡིན་ན། ཁོའི་སྦྱོར་བ་ངན་པར་ཐེར་འདོན་པར་བྱས་པར་དགའ་བསུ་མ་བྱས་ཀྱང་། ཁོང་ཁྲོ་ལངས་ག་ལ་སྲིད། གལ་ཏེ་སྔོན་ཐོན་མི་རིགས་ཀྱི་སྔོན་ཐོན་མཁས་པ་ཞིག་ཡིན་ཚེ། སུ་ཞིག་གིས་ཁོང་ལ་དགག་གཞག་བྱས་ན་དེ་ལ་ཤིན་ཏུ་བརྩི་ཞིང་། ནམ་ཡང་དེ་ལྟ་བུའི་རིགས་ལ་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་བྱེད་པ་ནི་དངོས་ཡོད་ཀྱིས་ར་སྤྲོད་བྱས་ཡོད་པ་འུ་ཅག་ཚང་མ་སློབ་གཉེར་བ་འབའ་ཞིག་ཡིན་པ་དང་། ལྷག་པར་དུ། བོད་ཀྱི་རིག་གནས་ལ་བསམ་གཞིག་བྱེད་མཁན་འགའ་ཞིག་ཡིན་ཚོད་འདུག་པས་རེ་རེ་བཞིན་འདྲེན་དགོས་མི་འདུག འདི་ལྟར་བཤད་ན་དེ་འདྲའི་གོ་བ་མི་ལོན་ཚེ། བོད་ཀྱི་རིག་གནས་ལ་ཐུགས་ཁུར་བྱེད་མཁན་ཞིག་ཡིན་ན། བོད་ཀྱི་རིག་གནས་ཁོ་ནར་སྦྱངས་པས་མི་ཆོག་སྟེ། མི་རིགས་གཞན་གྱི་རིག་གནས་ཉིང་བཅུད་བསྡུ་ལེན་བྱེད་དགོས་པ་ནི་སྔོན་ནས་སྙིགས་དོར་བཅུད་ལེན་ཞེས་པའི་སྲོལ་རྒྱུན་གྱིས་འུ་ཅག་གི་རྒྱུད་དུ་བག་ཆགས་བཞག་ལོས་ཡོད་ཨང་། ཕྱིར་གཞི་རྩའི་སྟེང་དུ་བབས་ན། འུ་ཅག་གི་སློབ་གྲྭ་དག་ཏུ་དགེ་རྒན་ནི་ཚད་མའོ་སྙམ་པའི་འདུ་ཤེས་ཤིག་དགེ་སློབ་གཉིས་ལ་ཡོད་ཅིང་། རྒྱ་ཡེ་བཀྲ་བྷོ་དང་རིག་པའི་ཁུ་བྱུག་གཉིས་ཀྱང་ཚད་འདི་ལས་འདའ་འགོངས་བྱས་མི་འདུག་པ་ང་རང་མི་སྒེར་གཅིག་པུས་ཁ་ཚོད་མ་བཅད་ཀྱང་ཚང་མས་ཤེས་འདུག་པ་ཇི་བཞིན་ནོ། ། བག་ཆགས་འདིས་འུ་ཅག་གི་གསར་སྐྱེས་མང་བོ་ཞིག་ལ་འབུམ་འཇོམས་བཏང་ཞིང་། བས་མཐར་དེད་དེ། ཉམ་ཆུང་བའི་མི་བུ་དེ་དག་གྲོགས་མེད་ཁེར་རྐྱང་དུ་ལུས་ནས་དོན་མེད་དུ་ཤི་སོང་བའི་དངོས་ཡོད་འུ་ཅག་ལ་ཤིན་ཏུ་མང་ཚོད་འདུག དེ་ལྟ་བུའི་དགེ་རྒན་དག་གིས་རང་ཉིད་ནི་ཚད་མ་ཡིན་ཞིང་། སློབ་མ་ནི་བྲན་གཡོག་དང་མ་རིག་པའི་གདུལ་བྱ་འབའ་ཞིག་ཏུ་ལྟ་བ་ལས། དགེ་སློབ་གཉིས་ནི་ནམ་ཡང་འདྲ་མཉམ་ཟེར་ན་དགོད་བྲོ་ཞིང་ཡ་མཚར་འགྲོ། སློབ་མ་དག་གིས་ཀྱང་། ཆེ་གེ་མོ་སུ་ཞིག་གིས་དགེ་རྒན་ལ་དོགས་སློང་དང་དགག་གཞག་བྱས་ན། དེས་ནི་ལྟ་ལོག་ཆེན་པོ་ཞིག་བྱས་སོང་བའམ། ཡང་ན། དེ་ནི་བདུད་གང་ཞིག་གི་སྤྲུལ་བ་འབའ་ཞིག་ཏུ་ལྟ་བ་ལས། དེ་ནི་གནས་ལུགས་དང་བདེན་ལུགས་ཤིག་རེད་རྩ་བ་ནས་འདོད་ཀྱིན་མི་འདུག འདི་ལྟ་བུ་ཞིག་གིས་ཀྱང་འུ་ཅག་གི་དགེ་སློབ་དག་གིས་སྙིགས་དོར་བཅུད་ལེན་ཅི་ལྟ་བུ་ཞིག་བྱས་ཡོད་པ་མངོན་སུམ་དུ་མཐོང་ཡང་། དེ་ལྟར་བཤད་ན་ཁོ་རང་ཚོས་མཐའ་་གཅིག་ཏུ་མིན་དགག་བྱེད་པ་རེད། ན་ནིང་སྙན་ངག་པ་ཡི་དམ་ཚེ་རིང་གི་རྗེས་དྲན་འདུ་ཚོགས་སྟེང་དུ། བདག་གིས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོའམ། བོད་ཀྱི་མཁས་པ་ཆེན་པོ་དགེན་དོར་ཞི་ལགས་ལ་དགག་གཞག་ཅུང་ཙམ་བྱས་པས་ཀྱང་། དེའི་སྟེང་དུ་ཡོད་པའི་ཞིབ་འཇུག་སློབ་མ་གཙོ་བྱས་པའི་སློབ་མ་མང་བོ་ཞིག་ཧ་ལས་ཧང་སངས་ཀྱིན་འདུག ནག་ཉེས་འདི་ནི་འུ་ཅག་གི་སྲོལ་རྒྱུན་གྱིས་བཞག་པའི་མཇུག་འབྲས་འབའ་ཞིག་ལས་ཅི་ཡང་མ་རེད་དོ། །
ཞིབ་འཇུག་སློབ་མ་རིག་པའི་ཁུ་བྱུག་ལགས་ཀྱིས་རྒྱ་ཡེ་བཀྲ་བྷོ་དེ་འདྲ་ཞིག་མིན་ཚུལ་ལབ་ཀྱིན་འདུག་ཅིང་། དངོས་གནས་དེ་འདྲ་ཞིག་མིན་ཚེ་དེ་ལྟར་ལབ་ཀྱང་ཆོག་གི་རེད་ལ། འོས་པ་ཡང་རེད་མོད། དགེ་རྒན་ཆེན་མོ་གང་ཞིག་གི་རྐུབ་ལྡག་སྟེ་གནས་ལུགས་ལ་གསོན་སྦས་བྱེད་པ་ནི་ཞིབ་འཇུག་ཅེས་པའི་མིང་ཡིག་དང་རྒྱང་ཐག་ཤིན་ཏུ་རིང་ཨང་། སྐུ་ཞབས་རིག་པའི་ཁུ་བྱུག་ལགས་ནས་བཤད་པ་བཞིན། འུ་ཅག་གི་སྤྱི་ཚོགས་སུ་རྫུན་མ་དང་རྫུས་མ་བྲིན་པ་མངོན་གསལ་རེད་ལ། དེ་ལས་ཀྱང་ཟོག་རྫུ་དང་གཡོ་ཟོལ་བྲིན་པ་ཡང་གསལ་རེད། དེ་བས། འུ་ཅག་གིས་རྩོད་པ་མ་བྱས་པའི་ཡར་སྔོན་དུ་མི་བུ་དྲང་མོ་ཞིག་ཨེ་འཁྱོངས་ལྟ་རྒྱུ་དེ་སྔོན་འགྲོ་རེད། སྔོན་འགྲོ་དེས་དེད་དེ་རྩོད་པ་བྱས་ན་རྩོད་པ་ཡག་པོ་ཞིག་འཁྱོངས་རྒྱུ་རེད། བདག་གིས་རྒྱུན་དུ་འདི་ལྟར་བཤད་ཀྱིན་ཡོད་དེ། འུ་ཅག་གི་ཞིབ་འཇུག་སློབ་མ་མང་ཆེ་བ་ནི་རྫུན་དང་ངོ་སོ་ལ་ཤིན་ཏུ་མོས་པ་ལས། བདེན་ལུགས་དང་རྒྱུ་འབྲས་ལ་རྡོག་བརྫིས་གཏོང་འདུག ཁོ་ཚོས་ཞིབ་འཇུག་ཅེས་པའི་མིང་ཡིག་རྫིགས་པོ་དེ་འཁུར་ནས། ཅི་ཞིག་ཡིན་མདོག་གིས་མགོ་བོ་དགྱེ་དགྱེ་ཡིས་འགྲོ་བཞིན་འདུག་པ་དང་། ཅི་ཞིག་ཤེས་མདོག་གིས་གཞུང་ལུགས་དང་གཞུང་ལུགས་ཟེར་ནས་བཤད་པ་རེད། དོན་ལ་གཞུང་ལུགས་ཇི་འདྲ་ཞིག་ཤེས་ཀྱིན་ཡོད་པ་ནི་ལོ་རེའི་མཐར་ཕྱིན་དཔྱད་རྩོམ་དང་། བྲིས་རྩོམ་གཞན་གྱི་ཟུར་ངོས་གང་རུང་ནས་མངོན་འོང་འདུག་པས་གསལ་བཤད་བྱེད་དགོས་མི་འདུག་སྟེ། ཐ་ན་ཟིན་བྲིས་པ་ཞིག་གི་དྲ་རྩོམ་ལྟ་བུ་ཞིག་ལས་འཁྱོངས་ཀྱིན་མེད་པའི་ཞིབ་འཇུག་སློབ་མ་ཡང་མང་དུ་འདུག༼འདི་ནས་ངས་དྲ་རྩོམ་ལ་སྣང་མེད་བྱས་པ་མ་ཡིན་མོད། འུ་ཅག་གི་སྤྱི་འགྲོས་ངོས་ན་དེ་ལྟ་བུ་ཞིག་ཏུ་གྲུབ་འདུག༽ དེ་བས། ཁོ་རང་ཚོ་ནི་མ་གཞི་ནས་རྫུན་མ་དང་རྫུས་མའི་རིགས་སུ་གནས་པ་ཡང་ལུང་དང་རིགས་པས་བསྒྲུབ་དགོས་པ་ཞིག་མ་རེད་དོ། ། ཡང་དགོད་བྲོ་བ་ཞིག་འདུག་སྟེ། ཁོ་ཚོས་ནམ་ཡང་ལུང་དང་རྒྱུ་མཚན་ལ་བཙལ་ཏེ། རང་གི་གཏན་ཚིགས་གང་ཞིག་ནི་མི་ཆེན་སུ་ཞིག་གི་ལུང་དུ་འཇུག་པ་ལས། རང་རྐྱ་འཕེར་བའི་རིགས་པ་ཞིག་འཚོལ་གྱིན་མི་འདུག་ལ། གལ་ཏེ་རང་རྐྱ་འཕེར་བའི་རིགས་པ་ཞིག་གནས་པའི་དབང་དུ་བཏང་ན། ཁོ་ཚོ་ལྟ་བུའི་དགེ་སློབ་གཉིས་ཀྱིས་མཐའ་གཅིག་ཏུ་དམའ་འབེབ་བྱེད་ཅི་ཐུབ་བགྱི་བ་རེད། སྐུ་ཞབས་ཁོའི་བྲིས་རྩོམ་དུ་ཡང་སྣང་ཚུལ་འདི་འདྲ་ཆེ་སྟེ། ཁོས་ལུང་དང་རྒྱུ་མཚན་གྱིས་མི་འདང་ཚུལ་མང་དུ་ལབ་འདུག་པ་ནི་བྲིས་རྩོམ་དེར་བལྟས་ན་ཧ་ཅང་གསལ་ལོ། ། རིགས་པ་གང་ཞིག་རང་རྐྱ་འཕེར་བ་ཞིག་ཡོང་དགོས་ན། གཞན་གྱི་ལུང་ལ་ཁུངས་གཏུག་ཅི་ཐུབ་བགྱི་བ་ནི་རང་གིས་རང་ལ་སྒྲོག་བཅིངས་པ་དང་ཤིན་ཏུ་མཚུངས་སོ། །
འུ་ཚོས་འདི་ལྟ་བུའི་རྩོད་པ་མུ་མཐུད་དུ་བྱེད་བྱེད་འོས་ཤིང་། བྱེད་སྲིད་ཀི་རེད་མོད། མི་གཞི་དམའ་འབེབ་ཀྱི་སྟེང་དུ་དབབ་ཏེ། གནད་དོན་རྒྱང་དུ་བསྐྱུར་ན་ཤིན་ཏུ་མི་འོས་པས། མཉམ་འཇོག་བྱེད་དགོས་པ་དེ་གལ་བོ་ཆེ་ལ་ནན་ཏན་ནོ། །

བྲིས་རྩོམ་ཐུང་ཐུང་འདི་ཡང་རྣམ་པ་ཚོར་ངལ་གསོ་ཙམ་ཏུ་བྲིས་པ་ཡིན་ཞིང་། སྤྲོ་བ་ཡོད་ན་མུ་མཐུད་དུ་དགོད་པར་བྱའོ། །

H to launch 3rd annual Fashion Against Aids campaign
PORNO Great Fashion Frame Rimless design for Golf

Ralph Lauren Reports Surging Sales
Wedding Dresses ny the fashion industry week day 7

ATL celebrates grand opening of Emerlyn Ester boutique with Moneyetta
VIDEOS PORNO This is absolutely key

Earn your Degree From Fashion Design School In London
Download Free Games freeze and put in direct sunlight

5 Widely Believed Dating Myths Science Says Aren't True
pornos But don't get too excited ladies

If Cartoon Characters Wear Watches
PORNO FRANCAIS british subcultures in addition to fashions primer 1950

Tail WOMEN'S LONG SLEEVE FULL ZIP COLORBLOCK SWEATER
free porno not just letting him wreak mindless havoc

How to Do Basic Cumbia Dance Steps
Filme Porno World Boutique Open for Business
བསྟོད།4

抱歉,评论已关闭!