མི་རབས་གསུམ་པར་བལྟས་པའི་མྱོང་འཆར།

རྩེ་སྐྱེས་བློ་བཟང་དཔལ་ལྡན།

ཁོ་བོར་མཚོན་ནའང་ཆུང་དུས་ནས་རིག་པ་སློབ་རྒྱུར་དགའ་བར་མ་ཟད་ད་དུང་ཡང་རིག་པ་ལ་སྤྲོ་བའི་འདུན་པ་མ་ལྷོད་པ་ཙམ་དུ་ཡོད་པ་ཡིན། ཡིན་ཡང་། རང་གིས་རིག་པ་མི་ཤེས་པར་མ་ཟད་སྔོན་དེང་གིི་ཤེས་པར་རློམ་པ་མི་ཉུང་བ་ཞིག་ལའང་སོམ་ཉི་བྱུང།ལྷག་དོན་དུ་དེང་གི་སྐབས་སུ་གཞོན་སྐྱེས་རྩོམ་པ་པོ་སྐོར་ཞིག་གིས་རང་གིས་རང་ལ་ཁོ་བོ་ཅག་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའོ་ཞེས་དང་ཡང་ཁག་ཅིག་གིས་མི་རབས་བཞི་བའོ་སོགས་རང་གིས་བསྒྲགས་པ་ནི་དངོས་གནས་ངོ་འཕྲོད་དཀའ་བ་དང་འདང་ཕོག་དཀའ་བ་ཞིག་ཏུ་གྱུར་ཡོད།དེ་ཡང་ལོ་འདི་འགའི་རིང་ཁོང་ཚོས་བོད་ཀྱི་སྙན་ངག་པར་མི་རབས་རབ་དང་རིམ་པར་ཕྱེ་སྟེ་གོ་ཐོས་ལྟར་ན་དགེ་ཆོས་ནས་སྙན་ངག་གི་མི་རབས་དང་བོར་བཞག་ཅིང་། དགེ་ཆོས་རྗེས་སུ་རང་གྲོལ་སོགས་མི་རབས་གཉིས་པར་བཞག་ལ་དེ་མཐུད་ཁོ་བོ་ཅག་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའོ་ཞེས་བོད་ཀྱི་གནའ་དེང་གི་མཁས་མཆོག་སུས་ཀྱང་ཞལ་ནས་ཐོན་མ་མྱོང་བའིེ་ཐ་ཚིག་ཆེན་པོ་ཞིག་བསྒྲགས་བྱུང་།

བོད་ཀྱི་ཉམ་ཐག་པའི་སྙན་ངག་གི་གནས་བབ་ལ་བསམ་ན་ནི། འདི་ལྟའི་ཁ་ཕོ་གནམ་ནས་གྲགས་འོང་བ་ཐོས་འཕྲལ་རིགས་ལ་དུངས་པ་དང་རིག་གནས་ལ་དགའ་མོས་ཡོད་པ་ཞིག་ཡིན་ཕྱིན་སྤྲོ་བ་འབུམ་གྱིས་མྱོས་ཡོད་སྲིད་དེ། བོད་དུ་དོན་དམ་པར་སྙན་ངག་གི་མི་རབས་སུ་བགྲང་ཆོག་པ་ག་ཚོད་མཆིས།བོད་ལ་མཚོན་ན་ཁོ་ཚོས་མ་བསྐུལ་རང་འགུལ་གྱིས་ཁོ་བོ་ཅག་བོད་ཀྱི་སྙན་ངག་གིི་མི་རབས་གསུམ་པའོ་ཞེས་ཁས་འཆེ་ཐུབ་པ་ནི་བསམ་པའི་ཀློང་དུ་འཆར་དཀའ་བ་ཞིག་རེད་མོད།དེ་སླད་ཁོ་བོ་ཡང་ཅིའི་ཕྱིར་མི་སྤྲོ།བོད་ལ་མི་རབས་གསུམ་པ་ཞིག་འདི་ལྟར་གློ་བུར་ཐོག་རྒྱག་གིས་བརྡོལ་བ་ནི་དངོས་གནས་སྟེང་མ་ལྷ་ནས་མངགས་པ་ཞིག་མིན་ན་འོག་ཕྱོགས་ཀླུ་ཡིས་བཙུགས་པ་ཞིག་ཡིན་རྒྱུ་རེད་ཨང་སྙམ་ཡོད།འོན་ཀྱང་དགེ་ཆོས་ནས་མི་རབས་དང་བོ་གཞག་དགོས་པའི་རྒྱུ་མཚན་སོགས་ཁོ་ཚོར་དྲི་བ་དང་དོགས་པ་འགའ་ཡོད་ཀྱང་གོ་སྐབས་འདྲ་མ་བྱུང་།ཉེ་བའི་་ཉིན་འགའི་སྔོན་དྲ་ཐོག་ནས་ནམ་ཁོམ་ལ་མི་རབས་དེ་དག་གི་བརྩམས་ཆོས་རོབ་ཙམ་བཀླགས་ཏེ་རང་གིས་རྟོགས་ཚད་ཀྱིས་ཁོང་ཚོར་རྒྱུས་ལོན་དང་མཉམ་འཇོག་ཅུང་ཟད་བྱས་པ་ཡིན།ཀློག་གིན་བསམ་གྱིན་ཡིད་སེམས་མ་གང་ལ་མ་མགུ་ནས་ཡི་གེ་འདི་འདྲ་ཞིག་འབྲི་བའི་སྦྱོར་བ་ལག་ཏུ་ལེན་དགོས་བྱུང།གང་ཞིག་ལ་ཡིད་མ་སིམ་ཅི་ཞིག་ལ་བློ་མ་བདེ་སྙམ་ན་དེ་ནི་བློ་དོགས་ཐམས་ཅད་ཀྱི་འབྱུང་རྐྱེན་དང་།བདག་གི་ཡི་གེ་འདི་འབྲི་དོན་གྱི་གཞི་རྩ་ཉག་གཅིག་ལགས་ན་དེ་ནི་གལ་ཆེ་བ་ཞིག་དང་།དེ་ཡང་མི་དོན་རབ་ཀྱི་མཐར་སོན་ལྟ་བུ་ཞིག་ཏུ་བསམ་ཡོད་པས་དེའི་ཐད་ནས་རང་གི་བསམ་ཚུལ་འདི་དག་ཐད་ཀར་དུ་ཕུལ་ན་འདི་ལྟར་།ཁོ་རང་ཚོ་སེམས་པ་དང་དཔུང་རྡང་ལྷན་སྦྲེལ་གྱིས་ཚོ་ཁག་དང་ཚོགས་པ་ལྟ་བུ་ཆགས་ཏེ་ཕུགས་བསམ་དང་སྤོབས་པ་ཆེན་པོས་འདི་ལྟ་བུའི་བྱ་བར་འཇུས་ཤིང་བྱ་འགུལ་སྣ་ཚོགས་སྤེལ་བ་ལ་སྔ་ན་མེད་པའི་གྲུབ་འབྲས་རེ་དང་སྟོབས་ཤུགས་ཤིག་མི་སྲིད་ཅེས་པ་ནི་མིན་ཡང་། བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་མིང་ཞིག་ཁུར་བའི་ངོས་ནས་བསམ་ན་ཁོང་ཚོར་བོད་བཙན་པོའི་སྐུ་དུས་ཀྱི་རིག་གནས་ལ་ཞིབ་མཇལ་གྱི་འདྲེན་བྱེད་ནི་ཐོད་ན་ཟུམ་ཞིང་ཟུམ་པ། སིལ་བའི་དུས་རབས་ཀྱི་མུ་ཏིག་གི་རྒྱུན་ཐག་ཆད་པ་མཐུད་པའི་སྙིང་སྟོབས་དང་སྤོབས་པ་ཁོག་ནས་འཁུམ་པ། བོད་ཤེས་རིག་བར་དར་དང་ཡང་དར་གྱི་སྐབས་ཀྱི་རང་གི་ཕ་ནོར་འཛིན་སྐྱོང་སྤེལ་གསུམ་བགྱིད་པའི་ལྷག་བསམ་དང་ནུས་པ་བག་ལ་ཞ་བ་སོགས་སྐྱོན་གྱི་ཕུང་བོ་མི་ཆུང་བ་ཞིག་རིག་ཐུབ་པར་མ་ཟད།ཚོགས་པ་ཞིག་ཡིན་པའི་་ཕྱོགས་ནས་བལྟས་ན་དམིགས་ཡུལ་དང་རྩ་དོན་མི་གསལ་ཞིང་ཚོགས་མིར་ཡང་ཆ་རྐྱེན་དང་ཚད་གཞི་འདི་འདྲ་དགོས་ཟེར་བ་ ཞིག་ཀྱང་མེད་དོ་སྙམ། རྩོམ་ཚུལ་གྱི་ཆ་ནས་གཞིགས་ནའང་སྒོ་གང་ཐད་ནས་ནི་གཞི་ཡི་སྤུས་ཀ་བཟང་ཙམ་དུ་མཐོང་བའི་སྙན་ངག་པ་དང་སྙན་ཚིག་རེ་ཟུང་ཙམ་ལོས་ཡོད་མོད མང་དག་ཅིག་ནི་བོད་རིག་པ་ཤེས་རྟོགས་ཀྱི་རྨང་གཞིའི་སྲོག་གིིས་མ་བཟུང་ཞིང་རང་གི་སེམས་ཚོར་རེ་རྗེན་སྟོན་དང་འུར་ལབ་རྒྱུར་དགའ་བ་ཙམ་མ་གཏོགས་གཏན་ཚིགས་ཀྱི་རང་བཞིན་དང་ཁྱད་འཕགས་སྒྱུ་རྩལ་གྱི་རང་བཞིན་ཅན་གྱི་རྩོམ་རྩལ་ཞིག་མྱོང་རོལ་བྱེད་རྒྱུ་དཀོན་པ། དེ་ཚོ་བོད་སྔ་མ་དག་གི་ཚིག་དང་དོན་གྱིས་བརྗིད་པའི་ཕུལ་དུ་བྱུང་བའི་སྙན་ཚིག་ཅིག་དང་བསྡུར་བའི་ཚེ་ན་བྱ་ཆེན་གྱི་གཤོག་པའི་ཐུ་འོག་ནས་བྱེའུ་ཕྲུག་དམར་འབྱར་ཞིག་གི་ངང་ཚུལ་རང་བཞིན་གྱིས་མངོན་འོང་ལ། དོན་གྱི་ཟབ་ཆ་དང་ཚིག་གི་མཛེས་ཆ་གནད་ཀྱི་ཞིབ་ཆ་སོགས་ཀྱིས་སྟོང་ཞིང་ཆུ་ཁར་བཏབ་པའི་རྩམ་སྐྱ་བཞིན་ཁ་ན་ཡམ་མེ་བ། མདོག་དང་བྲོ་བས་དབེན་པ་ཁྱི་ལྟོ་ལྟ་བུའི་ཚིག་དུམ་རེ་ཤར་མར་བྲིས་ཏེ་སྙན་ངག་གསར་མར་རློམ་ནས་རང་ཉིད་བོད་ཀྱི་མི་རབས་ཤིག་གི་སྙན་ངག་པར་ཁས་འཆེ་བའི་ཚུལ་ལ་ཁོ་བོ་ཡེ་ནས་མགུ་ཐུབ་མ་བྱུང་ངོ་།རྒྱུ་མཚན་ནི་དེ་དག་བོད་རང་གི་རིག་གཞུང་སྤྱི་ལ་རྒྱུས་བག་ཙམ་ཡོད་པ་ལྟ་ཅི་རང་གི་སྙན་གཞུང་དང་བརྡ་སྤྲོད་ཀྱི་རྨང་གཞི་ལེགས་པོ་ཞིག་ཀྱང་ཆགས་མེད་པའི་ཁར། དེའི་ཁྲོད་དུ་བོད་ཀྱི་མཁས་པ་དང་བོད་ཀྱི་རིག་གཞུང་ལ་སྣང་ཆུང་དང་སྡང་ཟུག་གིས་དགག་པ་སྐྱོན་རྒྱུར་དགའ་བ་རྣམས་ཡོད་པའི་ཕྱིར་དང་། རྩ་བ་བོར་བའི་རྩེ་མོ་ཅན་་དེ་ཚོ་འུ་ཚང་གི་མཚར་སྡུག་གིས་གྲོལ་བའི་ངག་རིག་གི་པད་མོ་རྒྱས་པའི་གྲོགས་སུ་འགྱུར་རམ་གཤེད་དུ་འགྱུར་བདག་ནི་ནམ་ཡང་སེམས་ཁྲལ་ཞིག་གིས་སོམ་ཉིའི་དྲ་བར་ཡང་ཡང་ཚུད་མྱོང་།དགེ་ཆོས་དང་རང་གྲོལ་འཇུ་སྐལ་སོགས་ནི་བོད་རང་གི་སྲོལ་རྒྱུན་རིག་པ་ནས་རྐང་ཚུགས་ཏེ་ཡལ་འདབ་རྒྱས་མེ་ཏོག་བཞད་འབྲས་བུ་སྨིན་པའི་གོ་རིམ་བརྒྱུད་ནས་འཚར་ལོང་བྱུང་བ་ཤ་སྟག་ཡིན་ཞིང་། དེ་ཕྱིར་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ་བ་ཞིག་ཡིན་ན་རང་གི་འཛད་མེད་ཀྱི་ནོར་བུར་བདག་པོ་རྒྱག་ཐུབ་པ་ནས་དེ་ཡི་ཉིང་བཅུད་བུང་བས་སྦྲང་རྩི་གཞིབ་པ་བཞིན་ལོངས་སུ་བྱ་དགོས་ཤིང་། རང་གི་ཁྱད་ཆོས་མ་བོར་ཞིང་དུས་ཀྱི་བབ་དང་བསྟུན་ཏེ།གཞན་གྱི་བཟང་ཆ་བསྡུ་འཚོལ་བྱེད་ཤེས་པའི་སྒོ་ནས་ངོ་མཚར་བའི་སྒྱུ་རྩལ་དང་རོ་བཅུད་ཕུན་སུམ་ཚོགས་པའི་སྙན་ཚིག་གི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཐུབ་དགོས་པར་མ་ཟད།བོད་ཀྱི་རྩོམ་རིག་དེ་བོད་ནང་ནས་ཕྱི་ལོགས་སུ་དང་དེ་ནས་འཛམ་གླིང་རྩོམ་རིག་གི་གར་སྟེགས་སུ་གཟི་འོད་ལམ་མེར་འགྲེང་ཐུབ་མིན་དེ་ཡང་ཁྱེད་ཅག་གི་ཕྲག་སྟེང་དུ་ལྗིད་ཏིག་གེར་བབས་ཡོད་པ་ཞིག་ཡིན་ཏེ།ཁྱེད་ཚོ་ནི་བོད་ཀྱི་མི་རབས་གསུམ་པ་བའི་མིང་གི་དར་ཆ་འཕྱར་མཁན་དང་དེ་འདྲའི་མིང་བྱང་ཆེན་པོ་འཆང་མཁན་ཞིག་ཡིན་ཕྱིར་དཔའ་ཁས་ལེན་སོ་སོ་རང་ནས་བགྱིས་པའང་ཡིན་པས།རང་རང་ལ་དེའི་ཚོད་ཀྱི་འགན་འཁྲི་ཞིག་དང་ལག་རྗེས་ཤིག་དགོས་པ་མ་བརྗེད་པ་གྱིས་ཤིག། དེ་འདྲའི་ཚད་གཞི་ཡོད་པ་ཞིག་དང་ཚད་མཐོ་བའི་རིམ་པ་ཞིག་ཏུ་མ་སླེབས་བར་བོད་ཀྱི་མི་རབས་ག་གེ་མོའི་སྙན་ངག་པ་ནི་ངའོ་ངའོ་ཞེས་ལག་པས་བྲང་ལ་རྡེབ་ཀྱིན་ཁས་འཆེ་བར་བྱེད་པ་ནི་མ་རྩ་མེད་པའི་ཚོང་ཆེན་རྒྱག་པར་འདོད་པ་དང་ཆོས་པ་རྫུན་མས་གཞན་མགོ་སྐོར་བའི་ཚུལ་འཆོས་གྱི་ངང་ཚུལ་ལས་མ་འགོངས་པས། དེ་དང་དེ་འདྲ་བ་དག་ནི་དོན་དམ་གྱི་བོད་ཀྱི་སྙན་ངག་གི་མི་རབས་སུ་བགྲང་ཐུབ་མེད་པ་དང་འགྱུར་དཀའ་བ་ཞིག་རེད་ལ།ཀློག་པ་པོ་སུས་ཀྱང་སེམས་གཏིང་ནས་བོད་པའི་མི་རབས་ཤིག་གི་སྙན་ངག་པར་ཁས་ལེན་ཐུབ་བྲལ་བ་ཞིག་ཀྱང་ཡིན་ནོ།།

༼མུ་འགོད།༽

Fashion Tips for Older Job Seekers
PORNO Anything as long as they are patterned

7 Thoughtful Gifts For People Celebrating Their 50th Birthday
Bridesmaid Dresses Third quarter 2013 self operated direct store sales decreased to RMB2

Accessorising your sheer maxi dress in 2011
PORNO the number one cotton shirts

Cool H Styles For A Hot Summer
Download Free Games is rude and unnecessary

How Did Kids Dress in the 80s
pornos Everything had big prints or crazy

The History of Punk Fashion
Pornofilme shrunken blazer is anything but basic

Best Places To Buy Cheap Replica Sunglasses
free porno The lasagne can be assembled 1 day ahead

Male Grooming Market Fuelling Future Growth in China
Free Porno Wife The film portrayed none of that crime noir feel
བསྟོད།8

抱歉,评论已关闭!