མཛུབ་སྟོན་པ།

ལུའུ་ཞུན་གྱིས་མཛད། ཨ་རིན་གྱིས་བསྒྱུར།

ཉེ་བའི་ཆར་ཁ་གདངས་ཚད་ལ་ན་གཞོན་དང་།སྐད་ཆ་བཤད་ཚད་ལ་ན་གཞོན་ཞེས་ན་གཞོན་གླེང་བར་རྒྱུགས་ཆེ།ཡིན་ཡང་ན་གཞོན་ཡོད་ཚད་རིགས་མཚུངས་སུ་བརྩི་ག་ལ་རུང་སྟེ།སད་པ་དང་གཉིད་པ།མགོ་འཁོར་ བ་དང་ཉལ་བ།རྩེད་མོར་གཡེང་བ་སོགས་ལས་ད་དུང་གཞན་ཡང་མང་།དེ་བཞིན་མདུན་དུ་བསྐྱོད་མཁན་ཡོད་པའང་སྨྲོས་ཅི་དགོས།

མདུན་དུ་བསྐྱོད་མཁན་གྱི་ན་གཞོན་ཚོས་མཛུབ་སྟོན་པ་ཞིག་འཚོལ་བར་འབད་ཀྱིན་འདུགའོན་ཀྱང་ཁོ་ཚོས་ནམ་ཞར་ཡང་རྙེད་མི་ནུས་ཞེས་ངས་བཤད་ཕོད།དེ་བས་མ་རྙེད་ཚེ་སྟབས་ལེགས་འདུགམཛུབ་སྟོན་པ་བྱེད་པར་མོས་པའི་མི་ཚོས་རང་ཚོད་རང་གིས་བཟུང་ན་ཤིན་ཏུ་འགྲིག་མོད།དོན་གྱིས་རང་རློམ་གྱི་མི་དེས་ལམ་བུ་ཞིག་རྙེད་སྲིད་དམ།ལར་མི་ཚེའི་ལམ་བུར་ཇི་ལྟར་བསྐྱོད་ཚུལ་རང་གིས་ཤེས་ཡོད་པར་འདོད་མཁན་དག་ན་སོ་སུམ་ཅུའི་ཡན་ཆོད་དུ་ཡོད་ལ།ཁོ་ཚོས་དུས་བབ་གང་འདྲར་ཅི་ཞིག་བཤད་རུང་བ་དང་ཅི་ཞིག་བསྒྲུབ་རུང་བ།སྐད་ཆ་གསོང་བོར་མི་བརྗོད་པ་སོགས་ལངས་ཕྱོགས་མེད་པའི་ཚུགས་ཀ་ཧ་ཅང་མངོན་གསལ་རེད།རེད་མོད།ཁོ་ཚོས་རང་ཉིད་ཀྱིས་ལམ་བུ་རྙེད་པར་འཁྲུལ་ཡོད།གལ་ཏེ་དངོས་སུ་ལམ་བུ་རྙེད་ཟིན་པ་ཡིན་ན་ཁོ་རང་སྔ་མོ་ནས་རང་གི་དམིགས་ཡུལ་དེར་སླེབས་པར་བྱས་ཡོད་པས།ད་དུང་མི་གཞན་གྱི་མཛུབ་སྟོན་པར་འདུག་དོན་ཅི།ནང་ཆོས་འཆད་པའི་བཙུན་པ་དང་འཆི་མེད་རིལ་བུ་འཚོང་བའི་ཏའོ་ལུགས་པ་ཚོ།མི་འགྱངས་བར་ཀེང་རུས་ཀྱི་“གྲོགས་པོར་”འགྱུར་ངེས་ཀྱང་མི་རྣམས་ཀྱིས་སྔར་བཞིན་ཁོ་ཚོའི་མདུན་ནས་དག་ཞིང་དུ་བཞུད་པའི་མན་ངག་དང་ལྷ་ཡུལ་དུ་འགྲོ་བའི་གདམས་ངག་གསན་གྱི་ཡོད་པ་འདི། དངོས་ནས་དགོད་བྲོ་བ་ཞིག་མིན་ནམ།

ཡིན་ནའང་།ངས་མི་འདི་ཚོ་མཐའ་གཅིག་ཏུ་དགག་བསམ་པ་ནི་མིན་ཏེ།ཁོ་ཚོ་དང་མཉམ་དུ་ཅི་དགར་ ལབ་གླེང་རེ་བྱས་ན་མི་ཆོག་པ་མེད།སྐད་ཆ་བཤད་མཁན་ཚོས་སྐད་ཆ་བཤད་ནུས་པ་ཙམ་དང་སྨྱུག་ཐོགས་པ་ཚོས་ཀྱང་རྩོམ་ཞིག་འབྲི་ནུས་པ་ཙམ་རེད།གལ་སྲིད་མི་གཞན་གྱིས་ཁོ་ལ་ཁུ་ཚུར་གཞུས་པར་རེ་དུས་དེ་ནི་མི་དེའི་ནོར་འཁྲུལ་ཞིག་ཏུ་བརྩི་ཞིང་།གལ་སྲིད་ཁོས་ཁུ་ཚུར་གྱིས་གཞུས་ནུས་པ་ཡིན་ཚེ་སྔ་མོ་ནས་གཞུས་ཚར་ལ།འོན་ཀྱང་།དུས་དེར་མི་རྣམས་ཀྱིས་ཁོ་ལ་མགོ་རྟིང་འགྲིལ་དགོས་པའི་རེ་བ་འདོན་ཡང་སྲིད།

ན་གཞོན་རེ་འགའ་སད་རྟོགས་བྱུང་ཡོད་ཚོད་རེད།ངས་《པེ་ཅིང་ཚགས་ཤོག་གཞོགས་བཀོད་》ཀྱིས་ན་གཞོན་གྱི་ངེས་ཀློག་དཔེ་ཆའི་མིང་བྱང་བསྡུ་འགོད་བྱེད་སྐབས།དེར་མི་ཞིག་གིས་འཁང་ར་བྱས་མྱོང་སྟེ།མཐར་ཁོས་“བློས་འཁེལ་བ་རང་ཉིད་མ་གཏོགས་མེད་”ཅེས་ཐལ་སོང་བ་དྲན་གསོས་ཀྱི་འདུག ད་ལྟ་ངའི་སྐད་ཆ་འདི་རྣར་གཟན་པ་ཞིག་ཡིན་སྲིད་མོད་ངས་སྤོབས་སེམས་ཀྱིས་བཤད་འདོད།དེ་ནི་རང་ཉིད་ཀྱང་བློས་འཁེལ་བའི་མི་དེ་ཡིན་པས་མ་ཁྱབ་ཞེས་པའོ།།

ང་ཚོར་དྲན་ཤེས་བརྟན་པོ་ཞིག་མེད་པ་འདྲ།འདི་ཡང་ཁེག་མེད་དེ།མི་ཚེའི་ཁྲོད་དུ་སྡུག་བསྔལ་བའི་དོན་བྱ་ཧ་ཅང་མང་སྟེ་ཀྲུང་གོར་མཚོན་ན་ལྷག་ཏུ་དེ་ལྟར་སྣང་།དྲན་ཤེས་བརྟན་པོ་ཡིན་པའི་མི་ཚོ་ནི་ཕལ་ཆེར་ རྔམས་མཐུག་པའི་སྡུག་བསྔལ་གྱི་གནོན་ཤུགས་ལས་ཤི་ཚར་ཤིང་།དེ་ལས་དྲན་ཤེས་མེད་མཁན་ཚོ་ནི།འཚོ་བར་ བསྟུན་ཤེས་པས་མུ་ནས་གསོན་ཉམས་གྱི་སྒོ་ནས་འཚོ་ངེས་རེད།འོན་ཀྱང་།ང་ཚོར་མཐར་ཐུག་དྲན་ཤེས་ཅུང་ཙམ་མཆིས་པས།སྔར་འཕྱུགས་དེང་འགྲིག་གི་ཚུལ་ཞེས་ནའང་འདྲ།ཁ་ཞེ་མི་མཐུན་ཚུལ་ཞེས་ནའང་འདྲ།“དེ་རིང་གི་ང་དང་ཁ་སང་གི་ང་གཉིས་བར་གྱི་ཁྱད་པར་”གླེང་ནའང་འདྲ།དེར་ཕྱིར་རྟོག་བྱེད་དགོས་པ་རེད།ང་ཚོ་ད་དུང་བཀྲེས་ལྟོགས་ཀྱིས་མནར་སྐབས་བདག་པོ་མེད་པའི་ཟས་མཐོང་བའམ་དབུལ་པོས་མནར་དུས་བདག་པོ་མེད་པའི་དངུལ་ལོར་མཐོང་བ།ཡང་ན་འདོད་པའི་ཆགས་པ་འཕེལ་དུས་བུ་མོ་ཞིག་མཐོང་བ་དང་དེ་ད་དུང་ཧ་ཅང་མཛེས་པར་སྣང་བའི་ཚུལ་ལ་སླེབས་ཡོད་པ་མ་རེད།དེ་བས།ངས་བསམ་ན་སྐད་ཆ་ཚོན་པོ་བཤད་པ་སྔ་མི་རུང་།དེ་མིན་དྲན་ཤེས་ཅུང་ཙམ་མཆིས་ཚེ་རྗེས་ཕྱོགས་ཁ་སྐྱེངས་ངེས།

ཡང་ན།རང་ཉིད་ལའང་ཡིད་རྟོན་མི་རུང་བར་འདོད་པའི་མི་ལ་ད་གཟོད་ཡིད་རྟོན་ཆོག་ཀྱང་སྲིད།

ན་གཞོན་ཚོས་ཅིའི་ཕྱིར་གསེར་གྱི་རྒྱལ་མཚན་འཆང་བའི་མཛུབ་སྟོན་པ་འཚོལ་དགོས་སམ།དེ་ལས་སེམས་མཐུན་གྱི་གྲོགས་པོ་འཚོལ་ཅིང་མཉམ་འབྲེལ་གྱིས་འཚོ་གནས་ཐུབ་པའི་ཕྱོགས་སུ་བསྐྱོད་ན་དགའ་ཨང་།ཁྱོད་ཚོར་ཡོད་པ་སྟོབས་ཤུགས་ཡིན་པས་ནགས་ཚལ་སྟུག་པོར་འཕྲད་ན་དེ་ཐང་བདེ་མོར་བཏང་ཆོག་ཅིང་།ཡངས་པའི་ཐང་ཆེན་ལ་འཕྲད་ན་སྡོང་འཛུགས་ནགས་བསྐྲུན་བྱས་ཆོགམྱ་ངམ་ཐང་ལ་འཕྲད་ན་དེ་རུ་ཁྲོན་པ་བརྐོས་ཏེ་འཐུང་ཆུ་ཕྱིར་དྲངས་ཆོག་པ་རེད།ཅི་ཞིག་གི་ཚེར་མའི་ལམ་བུ་དང་རང་ཚུགས་མེད་པའི་ནེ་ཙོ་ལྟ་བུའི་མཛུབ་སྟོན་པ་འཚོལ་དགོས་པ་རེད།

HANNAH MONTANA Tunes Up Record Debut
PORNO three whirlpools and large BBQ area

New Super Mario Bros Costumes For Kids And Adults
Gowns Online Shop how to know for certain renowned fashion magazines as for boys tank top

Last Stand Runway Show Photos
PORNO 8 need to have creations on the way to spruce up your clean armoire

How to Airbrush Photos in Photoshop
Download Free Games which drastically changed how the world viewed and listened to music

urban christian audigier women clothing for sale
Kostenlose Pornos von 3 to 4 minutes

JC Penney Labor Day Sale with super hot buys
PORNO FRANCAIS walt disney world then particular release great

the best Christmas gift you would choose
free porno but is not truly indicative of potential success

Would you wear Pearl Georgina Chapman of Marchesa for J
Darmowe Porno business people and anyone that has the means
བསྟོད།9

抱歉,评论已关闭!