ནུབ་བྱང་ཚང་གི་སློབ་མ་འགས་དགེ་རྒན་དུས་ཆེན་ལ་ཕུལ་བ།

མཁའ་དབྱིངས་སོགས།

རྟེན་འབྲེལ་དེ་ཞུ་རྐྱང་ཡིན་ནམ།

མཁའ་དབྱིངས།

སྤྱིར་བོད་ལ་མི་བུ་རེ་རེའི་སྐྱེས་སྐར་ནས་མི་རིགས་སྤྱི་ལ་གཏོགས་པའི་དུས་ཆེན་བརྩི་སྲུང་གི་འདུ་ཤེས་ཆེར་མེད་ལ།ཡོད་པ་དག་ཀྱང་ལྐོག་གྱུར་གྱི་གདོང་འབག་མ་གྱོན་པ་ཧ་ཅང་དཀོན་ས་རེད།དཔེར་ན་དྲུག་པའི་ཀླུ་རོལ་རྒྱབ་ཀྱི་ཀླུ་དང་།དགའ་ལྡན་ལྔ་མཆོད་རྒྱབ་ཀྱི་ཙོང་ཁ་པ།ས་ག་ཟླ་བའི་སྐབས་ཀྱི་ཤྰཀ་ཐུབ་ལྟ་བུ།ཡིན་ཡང་དུས་ཚོད་རིང་ཚད་ཅིག་ལ་གཉིད་དུ་ཤོར་བ་ལྟ་བུའི་རི་མཐོ་ས་གཙང་གི་རང་རེའི་མིའི་འཚོ་བའི་གསེབ་ཏུ་མི་བུ་དཀྱིལ་སྙིང་དུ་བྱས་པའི་དུས་ཆེན་དང་མི་བུ་ལྟེ་བ་བྱས་པའི་རིན་ཐང་ལྟ་བ་དག་གིས་སིམ་འཛུལ་བྱས་ནས་ཐོན་དུས།ཚུགས་ཀ་མེད་ཀྱང་རྡོག་ཀ་རྒྱག་དགོས་པའི་དུས་ལ་སླེབས་པ་རེད།མི་བུའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་དུས་ཆེན་བརྩི་སྲུང་བྱེད་པ་དག་ཀྱང་དེ་ལས་མ་འདས།

དེ་རིང་ཡང་སྤྱིར་བཏང་ཞིག་མ་ཡིན་པར་རྟེན་འབྲེལ་ཁྲི་སྟོང་གི་ཀློང་ནས་གནམ་ལ་འཁྱེར་ཆོག་པའི་མི་བུའི་དུས་ཆེན
་ཁྱད་པར་ཅན་ཞིག་ཡིན་རབས་འདུགདུས་ཆེན་དེ་ནི་གསེར་མདོག་གི་རྨི་ལམ་ལ་ཁ་ཕྱོགས་པའི་སློབ་མ་དག་གི་མི་ཡུལ་གྱི་མ་ཡུམ་གཉིས་པ་དེ་དགེ་རྒན་རིན་པོ་ཆེ་དག་གི་དུས་ཆེན་རེད། གང་ལྟར་རྟེན་འབྲེལ་ཞུ།

མཐོན་པོ་དག་གི་རྡོག་སྣེ་ན་འཚོ་ཞིང་།སློབ་མ་དག་གི་སྤྱི་གཙུག་ན་འཕྱོ་བའི་ངོ་གཉིས་ཁྲོ་ཐུང་དག་ལ་རྟེན་འབྲེལ་ཞུ།ཞལ་ལ་ཁྲོ་བ་ངོ་མའི་སྤྲིན་པ་ཁོལ་ཏེ་སློབ་མའི་མགོ་རྐང་བཅག་པའི་དབྱུག་ཐུང་དཔའ་རྟུལ་དག་ལ་རྟེན་འབྲེལ་ཞུ། དམིགས་པ་ཆེན་པོ་སྲིད་ཀྱི་གཞུང་ཞབས་ལ་གཏད་ཀྱང་ཁོ་ཐག་ཆད་དེ་སྐད་ཡིག་དགེ་རྒན་ལ་སླེབས་པའི་མ་བོས་སྐུ་མགྲོན་དག་ལ་རྟེན་འབྲེལ་ཞུ།ཝུ་ཆང་མཆོད་དུས་འབྲུག་བཞིན་ལྡིར་ཡང་ཁྲིད་སྟེགས་སྟེང་ནས་ཁ་ལག་འཁུམ་པའི་མགོ་མཇུག་ལྡོག་པ་དག་ལ་རྟེན་འབྲེལ་ཞུ།རྒྱབ་ཀྱི་ཕྱིར་དུ་རྐུབ་སྟེགས་སྐྱོར་བཞིན་ལྟོ་བའི་དོན་དུ་སློབ་ཐུན་བསྐྱེལ་བའི་འགྲུལ་བ་ཇ་འཐུང་དག་ལ་རྟེན་འབྲེལ་ཞུ། མ་ཅྰང་མདུན་ཅོག་མཐའ་ནས་སློབ་ཐུན་གཡུག་ཀྱང་ཟླ་ཕོག་སྒོར་མོའི་གྲངས་ལ་ཆད་ལྷག་མེད་པའི་སློབ་གཙོའི་ཤ་ཁྲག་དག་ལ་རྟེན་འབྲེལ་ཞུ། རང་གི་ལྟ་བ་ཚད་མའི་ཚད་མར་བཞག་སྟེ་སློབ་མའི་མཚར་ཤེས་ཐལ་བའི་རྡུལ་དུ་གཏོང་བའི་ཉན་ཐོས་སྒེར་གཅོད་ཅན་ལ་རྟེན་འབྲེལ་ཞུ། བསམ་ཞིང་བསམ་ན་འདི་ལྟ་འདི་ལྟར་རྟེན་འབྲེལ་མང་དག་ཅིག་ཞུ་བའི་དགོས་པ་འདུག་ཨང་།

དུས་ཆེན་རོལ་མཁན་གྱི་ནང་ཁྲོལ་རུལ་ཚར་རྗེས་དུས་ཆེན་རོལ་བའང་དེ་ལས་མ་འདས་ཀྱང་། ཕྱོགས་གཞན་ནས་བལྟས་ན་མི་དང་ཐད་ཀ་ཐད་སོ་ནས་འབྲེལ་བ་ཡོད་པའི་དུས་ཆེན་བརྩི་སྲུང་དང་དུས་ཆེན་གྱི་དགའ་སྟོན་རོལ་བ་སོགས་རུང་བ་འོས་པ་མཁོ་བ་ཞིག་ཀྱང་རེད། ཡིན་ཡང་དེ་རིང་གི་དུས་ཆེན་ལ་སློབ་མ་དག་གི་ངོས་ནས་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ་བའམ་རྟེན་འབྲེལ་ཞུ་བའི་རྣམ་འགྱུར་ཐོན་དུས། དགེ་རྒན་དག་གིས་རང་ཉིད་རྟེན་འབྲེལ་དང་ཤིས་ཚིག་དེའི་ནང་དོན་དང་ཁ་འགྲིག་སོ་འགྲིག་གི་དགེ་རྒན་ཞིག་ཡིན་མིན་དང་། རྟེན་འབྲེལ་དེ་རང་ལ་འབབ་མིན། རྣམ་འགྱུར་དེ་གདོང་གིས་བསུ་དུས་ངོ་གནོང་དགོས་མིན། རང་ཉིད་ལས་རིགས་འདི་ལ་ལྷག་བསམ་དཀར་མིན། ལས་རིགས་འདི་རང་གི་ཕུགས་བསམ་དང་འཚམས་མིན། ཆེས་མ་མཐའ་ཡང་ རང་ཉིད་སློབ་གསོའི་ལས་རིགས་དང་སློབ་མ་དག་ལ་ལྷག་བསམ་རྣམ་དག་ཡིན་མིན། དཔེར་ན་ཁྱོད་ལ་ནམ་ཞིག་སྲིད་ཞབས་པའི་གོ་ས་མཐོན་པོ་ཞིག་རག་པའི་བསྐལ་བ་ཤར་ཚེ་ལས་རིགས་འདི་ལ་ངོ་མི་ལོག་པའི་གདེང་ཚོད་ཡོད་མེད། དེ་དང་དེ་བཞིན་དྲི་བ་གང་མང་མང་ཞིག་གིས་ཁྱོད་ཀྱི་དུས་གསུམ་གྱི་ཀློང་ན་འཚང་ཀ་རྒྱག་གིན་པ་ཁྱོད་ཀྱིས་ཚོར་བྱུང་ངམ། ཡང་ན་སློབ་མ་གླེན་པ་དག་གིས་དེ་རིང་གི་དུས་ཆེན་ལ་བཟུང་བའི་རྣམ་འགྱུར་གྱི་ཀློང་ནས་ཚོར་བྱུང་ངམ། ཚོར་བྱུང་ན་ཁྱོད་ལ་ད་དུང་རེ་བའི་མིག་ཟུང་ཅེར་བའི་དགོས་པ་འདུག་ལ། སང་ལོའི་དུས་ཆེན་གྱི་སྐབས་སུ་ཡང་བསྐྱར་མཇལ་གྱུར་ཅིག གང་ཡང་མ་ཚོར་ན་ཁྱོད་རང་དུས་ཆེན་སྟོན་མོའི་སྟེང་གི་ཝུ་ཆང་དང་བསྡོངས་ནས་སློབ་གསོའི་ལས་རིགས་དང་ཁ་གྱེས་ཏེ་རྒྱང་རིང་རྒྱང་རིང་དུ་འཁྱེར་གྱུར་ཅིག

དགེ་རྒན་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་མཚོན་ཁ་མ།

-----“སུ་ལ་ཁོག་གཟེར་རྒྱུག་ན་དེ་ལ་གཟས་པ་ཡིན།”

རྨེ་ཆུའི་རིན་རྡོར།

ལར། དགེ་རྒན་ནི་འགྲོ་བ་མིའི་རིགས་ཀྱི་རྣམ་ཤེས་ཀྱི་བཟོ་བོ་ཡིན་ཞེས་པའི་སྐད་ཆ་འདི་ཀུན་གྱིས་ཁ་ལ་རང་བབས་སུ་གྱུར་ཡོད་པ་ཞིག་རེད་ལ།དེ་དང་བསྟུན་ནས།དགེ་རྒན་ལ་ནི་ཕ་མ་ལྟ་བུ་དང་།སྒྲོན་མེ་ལྟ་བུ།དཔྱིད་ཆར་ལྟ་བུ།མིའི་ཐེམ་སྐས་ལྟ་བུ་སོགས་ཀྱི་མཚུངས་ཆོས་དུ་མ་ཀུན་གྱིས་སྦྱོར་གྱི་ཡོད།ཏག་ཏག་གཞན་ལ་ནི་མཚུངས་ཆོས་དེ་དག་གིས་སྤུད་ན་ཆོག་པའི་དགེ་རྒན་བདོག་པ་ནི་དཔག་ཏུ་མེད་མོད།རང་ཚོ་ལ་ནི་དེ་དང་དེ་འདྲའི་དགེ་མཚན་ལྡན་པའི་དགེ་རྒན་ཉུང་བ་ནི་ཉུང་ཤས་ཀྱི་ཉུང་ཤས་རེད་ཨང་།

རང་རེའི་སྲོལ་རྒྱུན་རིག་གནས་སུ་དགེ་རྒན་ལ་བསྟེན་པའི་བསམ་པ་དགུ་ལས།བྲན་ལྟ་བུའི་སེམས་ཏེ།“བྲན་གཡོག་དང་འདྲ་བར་སློབ་དཔོན་གྱི་དོན་དུ་དམན་པ་ངན་ལས་གྱི་རིགས་གང་འདྲ་ཞིག་མཐོང་ཡང་དགའ་སྤྲོའི་ངང་ནས་སྒྲུབ་པ་”དང་།ཐེག་པ་ལྟ་བུའི་སེམས་ཏེ།“ཐེག་པ་ནི་རྟ་དང་གླང་བོ་སོགས་བཞོན་པའི་རིགས་ལ་ཟེར་ཞིང་།དེ་ནི་རྟ་དང་གླང་བོ་སོགས་ཀྱིས་མི་རྒྱབ་ཏུ་ཁུར་ཏེ་དཀའ་ངལ་ལ་མ་འཛེམས་པར་ཐག་རིང་དུ་འགྲུལ་བཞུད་བྱེད་པ་ལྟར་རང་གིས་དགེ་རྒན་གྱི་ཆེད་དུ་བྱ་བ་གང་འདྲ་ཞིག་ཡིན་ཡང་སྒྲུབ་ནུས་པ།”ཁྱི་ལྟ་བའི་སེམས་ཏེ།“དཔེར་ན།ཁྱི་ཞིག་ལ་ཆ་བཞགན།བདག་པོས་ཉེས་རྡུང་བཏང་ནའང་བདག་པོའི་སར་ཚུར་ཡོང་བ་ལས་རྒྱབ་ལྟོས་བྱས་ནས་འགྲོ་མི་སྲིད་པའི་དཔེ་ལྟར་སློབ་དཔོན་དང་དགེ་རྒན་གྱིས་སྐྱོན་བརྗོད་གནང་བ་དང་རང་གི་སེམས་ལ་ཅུང་མ་བབས་པའི་བཀའ་མོལ་འགའ་ཞིག་གསུངས་ནའང་དེར་བློ་མི་ལོག་པ་དང་རྒྱབ་ལྟོས་མི་བྱེད་པ་”ཞེས་སློབ་མས་དགེ་རྒན་བཀུར་དགོས་ཤིང་སློབ་མ་རང་ཉིད་ནི་བྲན་གཡོག་ལྟ་བུ་དང་རྟ་དང་གླང་པོ་ལྟ་བུ།ཁྱི་ལྟ་བུའི་ས་ནས་བསྡད་དེ་དགེ་རྒན་ལ་དོགས་པ་ཟ་མི་རུང་བ་དང་བླ་མའི་ཅི་གསུངས་ཆོས།འཛུབ་མོས་གར་བསྟན་ཤར་དེ་བརྒྱ་ཁ་ཆིག་ཆོད་ཀྱི་ཚུལ་དུ་འཇོག་དགོས་པ་ཞིག་རེད།

རང་ཅག་ལ་འདུ་ཤེས་འདི་དག་གིས་སེམས་རྩ་འགག་པའི་དགེ་རྒན་མང་ཤས་ལས་སློབ་མར་བསམ་གཞིག་གི་བར་སྟོང་སྟེར་མཁས་དང་དོགས་སློང་གི་བློ་མིག་སྤྲོད་མཁས་ཀྱི་དགེ་རྒན་ནི་གཞར་ཡང་རྙེད་པའི་རེ་འབྲས་སུ་རེ་གཉིས་ཙམ་ལས་མི་འདའ་བ་སློབ་བུ་སུས་ཀྱང་རང་གིས་མྱོང་ཟིན་པའི་ལམ་གྱི་རྗེས་ཤུལ་ལ་ཕྱི་མིག་འཕངས་པས་རྟོག་གི་རེད་ལ། དེ་དང་ཞོར་དུ་སློབ་བུ་རང་ཉིད་ཀྱང་སྒྲིག་གཞི་འདི་དག་གི་མངའ་འོག་ལ་སིམ་ཞིང་ཐིམ་སྟེ།ཀླད་པ་མ་བཀོལ་པའི་ཆ་དེ་ངང་གིས་ཚོར་ཡོང་གི་རེད་པས།ཅིས་ཀྱང་རང་ཉིད་ལ་བཤག་བཅོས་ཐེངས་མང་བྱེད་དགོས་པའི་ངལ་བ་རྒྱག་དགོས་འདུག་ལ།དེ་བཞིན་བྲན་བདག་གི་འདུ་ཤེས་མངའ་བའི་དགེ་རྒན་གང་དེས་“ཚིགས་བཅད་གཅིག་ཀྱང་ཉན་པ་ལ།།གོང་གི་བླ་མར་མ་བཟུང་ན།།ཁྱི་གུའི་སྐྱེས་པ་བརྒྱ་བླངས་ནས།།དམེ་བྱ་ཅན་དུ་འགྱུར་བར་སྲིད།།”ཅེས་འཇིགས་སྐུལ་མི་བྱེད་ཅིང་།“ཉིན་གཅིག་བསྟེན་པའི་དགེ་རྒན་དེ།།ཚེ་གཅིག་བསྟེན་པའི་བླ་མ་ཡིན།།”ཞེས་སྒམ་ཉམས་ཡང་མི་སྟོན་ལ།སློབ་བུ་ཚོའི་འདུ་ཤེས་ཀྱི་དྭངས་མར་ནག་ཐིག་འགོད་པའི་ནག་ཉེས་མི་བཟོ་བར་སློབ་རེབ་དུ་མར་སློབ་ཁྲིད་གསེང་ནས་བཙུར་ཡོང་བའི་ཟིན་ཐོ་རལ་བོ་དེ་དག་འཁྲིས་སུ་གཡུག་སྟེ།ཁེར་ཚུགས་ཀྱིས་བསམ་གཞིག་གཏོང་ཐུབ་པ་དང་ཁེར་ཚུགས་ཀྱིས་དོགས་སློང་བྱེད་སྤོབས་པ་ཁེར་ཚུགས་ཀྱིས་འགྲེང་ཐུབ་པ་ལ་སོགས་པའི་ས་བོན་དེ་སློབ་བུ་རེ་རེའི་སེམས་ལ་བཏབ་ཅིང་སློབ་བུ་རེ་རེར་རང་གི་“ཀླད་པ་ཕྱིར་སྤྲོད་པའི་དགོས་པ་”ཁོ་བོས་འདོན་གྱིན་ཡོད་དོ།།

2010.9.10ཉིན་ལན་གྲུ་ནས།

དེ་རིང་དགེ་རྒན་དག་ལ་ངོ་ལོག་བྱེད།

---- དགེ་རྒན་དུས་ཆེན་ལ་ཆེད་དུ་ཕུལ་བ་ཡིན།

སྤྱན་དུངས།

སྤྱིར་སློབ་གྲྭ་གང་དང་གང་ཡིན་ཡང་དགེ་རྒན་དང་སློབ་མ་ནི་སློབ་གྲྭ་དེའི་ནང་གི་གཞི་རྩ་གཉིས་ཡིན་པས་སློབ་གསོའི་མཐར་ཐུག་ཀྱང་དགེ་རྒན་དང་སློབ་མ་རང་ཐོག་ལ་བབས་ཡོད་པ་རེད།དེ་བཞིན་དགེ་རྒན་ནི་མི་རིགས་ཤིག་གི་སློབ་གསོའི་སྣེ་ཁྲིད་པ་ཡིན་པས་ཆ་ནས་མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་སྣེ་ཁྲིད་པ་རུ་ཡང་ངང་གིས་ཆགས་ཡོད་པ་དང་།དགེ་རྒན་གྱི་རླབས་ཆེན་རང་བཞིན་ཡང་མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་རྒྱུན་ལ་འཇོག་གིན་ཡོད།གང་ལྟར།དེ་རིང་ནི་དགེ་རྒན་དུས་ཆེན་ཡིན་པས་ཆ་ནས་དགེ་རྒན་རུ་རློམ་པ་རྣམས་ཀྱིས་ཕན་ཚུན་ཁ་པར་དང་བརྡ་འཕྲིན་སྣ་ཚོགས་ཀྱི་ལམ་ནས་སྨོན་འདུན་དང་ཞུ་ཚིག་རྫོགས་མེད་བསྐུར་རེས་བྱས་ནས།གང་ལ་ཡང་འདང་རྒྱག་སྤུ་ཙམ་མེད་པར“དགེ་རྒན”ཞེས་བའི་ཐ་སྙད་འདིར་བདག་སྐྱིད་པོ་རྒྱག་རྒྱུ་རེད་ལ།སློབ་མ་མང་བོས་ཀྱང་རང་གི་དགེ་རྒན་ལ་དངོས་པོ་ཙག་ཙིག་གི་ལེགས་སྐྱེས་ཕུལ་དགོས་བའི་རྒྱུན་གོམས་ལ་ངོ་འཛུམ་དང་བཅས་འཇུག་གིན་ཡོད་ཚོད་རེད།སྐབས་འདིར་ཏག་ཏག་ངས་ནི་ཚ་འདྲི་ཞིག་གཏོང་འདོད་དེ།དེ་ནི་སུས་ཀྱང་ད་སྔ་ཕུལ་མ་མྱོང་བའི་སེམས་ཀྱི་ལེགས་སྐྱེས་གསར་བ་ཞིག་ཀྱང་ཡིན་སྲིད།དེ་ནི་དེ་རིང་ང་ཚོས་སྐད་མཐོན་པོས་འདི་ལྟར་བཤད་ཆོག་སྟེ།བོད་ཀྱི་དགེ་རྒན་ནི་ནག་ཉེས་བཟོ་བ་བོ་ངོ་མ་རུ་གྱུར་འདུག་པས།ང་ཚོས་ཀྱང་ཁྲིད་སྟེགས་འོག་ནས་རང་གི་སྐད་ཆ་ལྷུག་པོར་གྲོལ་དགོས་སོང་ཨང་།

སྤྱིར་ང་ཚོས་སློབ་སྦྱོང་བྱེད་དགོས་བའི་དམིགས་ཡུལ་ནི་གཙོ་བོ་སློབ་མ་རང་ཉིད་ཀྱི་རྒྱུ་སྤུས་དང་མི་གཤིས།བསམ་བློ་མཐོར་འདེགས་དགོས་རང་ཉིད་མི་ཡག་པོ་ཞིག་ཏུ་བཞེངས་སྐྲུན་བྱེད་རྒྱུ་དེ་རེད་ལ།དགེ་རྒན་གྱིས་ཀྱང་སློབ་ཁྲིད་བྱེད་པའི་མཐར་ཐུག་ནི་སློབ་མའི་རྒྱུད་ལ་ཤེས་ཡོན་གྱི་འབྲས་བུ་འཇོག་པར་སྣེ་ཁྲིད་དགོས་བ་དེའོ།དེ་ཡང་གཙོ་བོ་སློབ་མའི་ཁམས་དང་དང་བསྟུན་པའི་སློབ་གསོ་སྤེལ་ཏེ་ལུས་སེམས་སྐྱེ་འཕེལ་གྱི་ཆོས་ཉིད་དང་རང་གཤིས་ཀྱི་ཆ།རྩ་བའི་གཉུག་གཤིས་སོགས་ལ་བརྩི་བཀུར་དང་མཐོང་ཆེན་ཡོད་པའི་སྒོ་ནས་སློབ་ཁྲིད་དང་སློབ་གསོ་སྤེལ་རྒྱུ་ནི་ཤིན་ཏུ་གལ།དེ་བཞིན་སློབ་གསོ་ལས་ཆེས་གལ་ཆེ་བ་ནི་རང་གི་སློབ་མའི་མི་གཤིས་དང་བསམ་གཞིག་གི་ནུས་པ་གསོ་སྐྱོང་སྟེ་གཙོ་བོ“སློབ”ལས“གསོ”གལ་ཆེན་དུ་འདོད་ཀྱང་འཁུམས་པས།ང་ཚོས་ཅིས་ཀྱང་སློབ་གསོའི་མ་རྩ་སློབ་མ་ལ་འཇོག་དགོས་ཀྱིན་འདུག་པར་འདོད།

དེ་བཞིན་རིམ་གྱིས་ད་ལྟའི་བོད་ཀྱི་མིག་སྔའི་སློབ་གསོ་ལ་བལྟས་ཡོང་ན།དེ་ནི་ཀུན་པོས་ཤེས་གསལ་ལྟར་ཧ་ཅང་རུལ་སུངས་ཉེན་ཁ་ཡི་གནས་སུ་ལྷུང་ཡོད་པ་དེའོ།སྤྱིར་བོད་ཀྱི་སློབ་གསོའི་སྒྲིག་གཞི་ལ་ནོར་འཁྲུལ་ཆེན་པོ་བྱུང་ཡོད་དེ།དེ་ནི་སློབ་ཆུང་ནས་དམའ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་བར་སུམ་རྟགས་དང་སྙན་ངག་གིས་ཡོངས་སུ་ཁེབས་ཏེ། སློབ་མའི་ནང་བསམ་པའི་སྣོད་ཀ་སྟོང་བར་ལུས་ཡོད། སློབ་མར་རང་ཉིད་ཀྱི་བསམ་བློ་ཁེར་ཚུགས་པ་ཞིག་འཁྲུངས་བའི་ཁོར་ཡུག་གིས་དབེན་ཞིང་རྒྱུན་དུ་ཡི་གེའི་འབྲི་ཀློག་ལ་སྦྱོང་གིན་ཡོད། དེ་མིན་གཞན་གཞན་རྩོམ་འགྱུར་མ་རེ་ཡོད་པ་ཡང་སློབ་མའི་དངོས་ཡོད་འཚོ་བ་དང་སེམས་ཁམས་ལ་ཡོངས་སུ་གྱེས་ཤིང་དཔེ་ཆར་བལྟ་འདོད་ཀྱི་འདུན་པའང་མེད་པ་ལྟ་བུར་གཏོང་བྱེད་ཏག་ཏག་གོ དེ་ཡང་ཁག་མེད་དེ་གཞན་བསྒྱུར་སློབ་གསོའི་ལག་འོག་ནས་བོད་ཀྱི་སློབ་མ་ཅི་ཞིག་ཡིན་ནམ་སྙམ་ཡོད། གང་ལྟར། ངས་ནི་ང་ཚོའི་མིག་སྔའི་སྡུག་ཐུག་གི་གནས་བབས་འདི་ནས་བོད་ཀྱི་དགེ་རྒན་དག་ལ་ཚ་འདྲི་གཏོང་གིན་ཡིན།ཁོ་ཚོ་ནི་ནག་ཉེས་བཟོ་བ་བོ་རུ་བརྩི་ནི་ཡིན།དེ་ཡང་གཙོ་བོ་རང་གིས་བརྒྱུད་པའི་སློབ་སྦྱོང་གི་གོ་རིམ་དང་མཉམ་མྱོང་སྣ་ཚོགས།ད་དུང་རང་གི་རྒྱུས་ལོན་དངོས་ལ་བརྟེན་ནས་བཤད་པ་ཡིན། སྤྱིར་དགེ་རྒན་ནི་ཟླ་ཕོག་ལེན་བྱེད་ཐབས་སྡུག་ཙམ་དུ་ཟད་འདུག་ལ་དེ་ཡང་གཙོ་བོ་ཁ་རྒྱབ་གསོ་ཐབས་ཙམ་དུ་སོང་འདུག་པས་ཐོག་མའི་ཁོ་ཚོའི་ནང་བསམ་པའི་ཀུན་སློང་ནས་ནོར་རྟགས་བརྒྱབ་ཆོག་སྟེ།བྱ་བ་ཅི་དང་ཅི་ཡིན་རུང་ནང་བསམ་པ་ནི་ཡོད་ཚད་ཀྱི་གཞི་རྩ་ཡིན་པས་བསམ་པ་ངན་ན་ས་དང་ལམ་ཡང་ངན་པ་སྡུག་ཐུག་ཅིག་ཡིན་སྲིད། དེ་བཞིན་དཔེ་ཀློག་དང་ཡོན་ཚད་ཀྱིས་སྟོང་བའི་ཁོ་ཚོར་སློབ་གསོ་ཞེས་བར་ངེས་འཛིན་གསལ་བོ་ཞིག་ཆགས་ཐུབ་མེད་པས།ཁོ་ཚོས་ནམ་ཡང་ཤེས་འདོད་ཀྱི་མིག་ཟུང་ཀེམ་ཀེམ་གཡོ་བའི་སློབ་ཕྲུག་དག་འཛིན་གྲྭ་འཛིན་གྲྭ་བྱས་ནས་ལམ་ལོག་གི་མུན་དོངས་སུ་སྐྱེལ་གྱིན་ཡོད་ཨང་། བདག་གི་དགེ་རྒན་དག་གཙོ་བྱས་བའི་བོད་ཀྱི་དགེ་རྒན་རྣམ་པ་ལགས།ལག་པ་དྲོན་པོ་བྲང་ཁར་བཞག་ནས་ཞིབ་འདང་རེ་ཐོངས་དང་།ཁྱོད་ཚོ་ནམ་ཡང་དགེ་རྒན་ཡིན་སྙམ་པའི་རང་སྣང་དེ་དང་དགེ་རྒན་ལུས་ཡིན་འདོད་པའི་ཁོར་ཡུག་དེ་དག་ནས་ཁྱོད་ཚོས་ཅི་ལྟར་དགེ་རྒན་གྱི་བྱ་བ་ཅི་འཁྱོངས་སོང་།ནམ་ཡང་“དགེ་རྒན”“སློབ་གསོ”“སློབ་མ”ཐ་སྙད་འདི་དག་ལ་འདང་རྒྱག་སྤུ་ཙམ་ཡང་མེད་པ་དེ་ཚོར་སློབ་མ་ངས་དེ་རིང་ངོ་ལོག་ཅིང་ཆེད་དུ་རྩོམ་ཐུང་འདི་དགེ་རྒན་དུས་ཆེན་ལ་ཁོ་ཚོར་སྤྲིངས་བ་ཡིན།

10.9.10ཉིན་་དྲ་ཁང་ནས།

དགེ་རྒན་དུས་ཆེན་ལ་དགེ་རྒན་ཚོར་དགག་པ་རྒྱག

ཐོག་མདའ།

འཛམ་གླིང་གི་ཤར་ནས་ནུབ་དང་ལྷོ་ནས་བྱང་བར་ས་ཆ་གང་སར་དུས་ཆེན་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་རེད།དེ་དག་གིས་རྒྱལ་ཁབ་སོ་སོའི་ལོ་རྒྱུས་ཀྱི་དུས་ཚོད་གལ་ཆེན་རེ་རྗེས་དྲན་བྱེད་ཀྱིན་ཡོད་ལ།ཀྲུང་གོར་མཚོན་ནའང་རྒྱལ་སྟོན་དུས་ཆེན་དང་ན་གཞོན་དུས་ཆེན།དགེ་རྒན་དུས་ཆེན་གཙོ་བྱས་པའི་དུས་ཆེན་རབ་དང་རིམ་པ་གང་མང་ཞིག་ཡོད་པ་རེད།དེ་བས།དེ་རིང་ནི་མིའི་རིགས་གདོད་མ་ནས་ཤེས་རིག་ཅུང་དར་བ།དེ་ནས་ཤེས་རིག་དར་བ་སོགས་གང་རུང་གི་བྱེད་པོའམ་ལམ་ཁྲིད་པ་དགེ་རྒན་དམ་པའི་དུས་ཆེན་རེད།དུས་དེ་རིང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་དག་ཐུགས་དགྱེས་ནས་ངལ་གསོ་བྱས་ཡོད་པ་རེད་ལ།སློབ་མ་ཚོས་ཀྱང་རང་རང་གི་ས་ན་རང་ཉིད་ཀྱི་དགེ་རྒན་ཚོར་ཁུའུ་ཁུའུ་ནས་རྟེན་འབྲེལ་ཞུ་བ་དང་ཡི་གེ་བསྐུར་བ།ཁ་པར་གཏོང་བ་དང་བརྡ་འཕྲིན་བསྐུར་བ།སྐད་འཇོག་པ་དང་ཐུག་འཕྲད་བྱེད་པ་སོགས་བྱ་ཐབས་མང་པོ་མང་པོ་ཞིག་གིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་དགུ་བརྩེགས་བྱེད་ཀྱིན་ཡོད་པའང་སྨོས་ག་ལ་དགོས།

ཁོ་བོས་ཀྱང་དུས་ཆེན་འདི་དང་བསྟུན་ནས་སློབ་ཆུང་ནས་སློབ་འབྲིང་།སློབ་འབྲིང་ནས་མཐོ་འབྲིང་།མཐོ་འབྲིང་ནས་སློབ་ཆེན་བར་དགེ་རྒན་དམ་པ་དག་གིས་ནངས་སྔ་ལངས་དང་ནུབ་འཕྱི་ཉལ་བའི་བར་དཀའ་མོའི་ཚེགས་དང་སྐོམ་པའི་ཆུ་ལ་མ་འཛེམ་པར་དཀའ་བ་ཧུར་ཐག་གིས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་པར་སེམས་བསམ་པའི་གཏིང་ནས་བཀའ་དྲིན་གྲངས་མེད་ཞུས་པ་ཡིན་ལ།ངོས་ཤུགས་གང་རུང་ནས་སློབ་མ་ཚོའི་བདེན་སྡུག་ལ་ཁ་འགུལ་ཞིང་སྐེ་བསྲིང་བའི་ལྷག་བསམ་ལྡན་པའི་དགེ་རྒན་ཚོར་ཡང་མིའུ་ཆུང་ཡིན་ཡང་སེམས་ཀྱི་མཚོན་པ་དང་ནུས་པ་མེད་ཀྱང་སེམས་ཀྱི་དུངས་པའི་ཕྱིར།ཁ་རིང་ཐག་རིང་གི་གྲོང་ཁྱེར་ལན་གྲུ་ནས་རྟེན་འབྲེལ་ཡང་ཡང་ཞུ་གི་ཡོད་ལ།ཆང་གསོལ་ལོ་ཞེས་རང་གི་ཆང་ཕོར་གནམ་ལ་བཏེགས་ཏེ་ཁ་བ་ཅན་གྱི་དགེ་རྒན་དམ་པ་ཚོར་ཁ་ལས་དགེ་བའི་ཁ་གཡང་ཁ་བའི་ལྗོངས་ནས་མངོན་པར་བསྟོད་པ་ཡིན།

རྟེན་འབྲེལ་དང་ཤིས་ཚིག་གིས་དུས་ཆེན་ལ་དབུ་ཁྱུད་བྲིས་ཏེ་དགེ་རྒན་དམ་པ་ཚོར་འཛུམ་ལངས་ཤིང་ཐུགས་དགྱེས་བར་བཅུག་པའི་བར་སྐབས་འདིར།ཁོ་བོར་སེམས་ཁུར་ལྷག་མ་ཞིག་གི་བརྡ་རྟགས་ཐོན་ཏེ་བསྐལ་བཟང་དུས་བཟང་གི་ཉིན་མོ་འདིར།དགེ་རྒན་དམ་པ་ཚོར་སེམས་ཀྱི་ཟབ་སར་ཉར་བའི་སྐད་ཆ་རློན་པ་འགའ་དམར་དམར་རྗེན་རྗེན་དུ་དུས་ཆེན་གྱི་རྟེན་འབྲེལ་ལ་སྡོངས་ཏེ་མི་བཤད་ཐུ་མེད་དུ་འགྱུར།༼སློབ་ཆེན་གྱི་དགེ་རྒན་དག་གི་སྐོར་ནས་རེ་ཞིག་མི་གླེང་བར་བྱ།རྗེས་ཕྱོགས་ཆེད་དུ་སློབ་ཆེན་པའི་དགེ་རྒན་དག་གི་སློབ་ཁྲིད་བྱེད་སྟངས་ཀྱི་ཆ་ནས་རང་ཉིད་ཀྱི་བསམ་ཚུལ་ལམ་བསམ་འཆར་ཙམ་དྲ་སྟེང་ནས་ཤར་མར་འབྲི་རྩིས་ཡོད༽།དེང་དུས་གཞི་རིམ་གྱི་ས་ཁུལ་གང་མང་ཞིག་ན་དགེ་རྒན་དག་གིས་སློབ་མ་ནི་རྩེད་ཆས་སུ་བསྒྱུར་གྱིན་ཡོད་ལ།༼ཉེ་སྔོན་གྲོགས་རྣོ་སྦྲེང་གི་ཟིན་བྲིས་སུ་བཀོད་པའི་གཞི་རིམ་ན་དཔེ་ཆ་བོར་བའི་དགེ་རྒན་དེ་ཚོར་ཞེས་པའི་ནང་དུ་དགེ་རྒན་འགས་སློབ་མ་ཞིག་གཞུང་ལས་ཁང་དུ་ཁྲིད་དེ་རྩེད་ཆས་བྱས་ཚུལ་བྲིས་འདུག༽སློབ་མའི་ནག་ནོག་གི་མ་གོས་པའི་བློ་རིག་ལ་ཚད་བཀག་འཇིགས་ཡེར་བ་བྱེད་ཀྱིན་ཡོད།༼ང་ཚོའི་ཕ་ཡུལ་གྱི་སློབ་ཆུང་དགེ་རྒན་ཞིག་གིས་ཐེངས་ཤིག་སློབ་ཁྲིད་ཀྱི་སྐབས་སུ་སྦྱང་བྱང་ངོས་སུ་ཉ་ཡིག་ཆེན་པོ་ཞིག་བྲིས་ཏེ་སྡྱང་བྱང་ངོས་སུ་ཁྲིད་དབྱུག་བཙུགས་ཏེ་ཉ་གང་ན་འདུག་ཅེས་དྲི་གཞི་བཏོན་མ་ཐག་སློབ་མ་ཞིག་གིས་སྐད་གསེང་མཐོན་པོའི་ངང་ནས་སྦྱང་བྱང་ངོས་སུ་འདུག་ཅེས་བཤད།དགེ་རྒན་གྱིས་དེ་མ་ཐག་སློབ་མ་ལ་ཁྱོད་ནོར་སོང་།ཉ་ཆུ་ནང་ན་ཡོད་ཅེས་ལན་སློག་སོང་།༽གོང་གི་དགེ་རྒན་གྱི་སློབ་ཁྲིད་ཀྱི་གཏམ་ཐུང་ངུ་འདི་ལས་རྟོགས་ཐུབ་པ་ནི་དགེ་རྒན་རྒན་པ་དག་གིས་སློབ་ཁྲིད་བྱེད་སྟངས་མིག་ལམ་དུ་འཆར་དུ་འཇུག་ལ།དགེ་རྒན་ཁོང་ཉིད་ཀྱི་དགོངས་དོན་དང་མ་མཐུན་ན་ཚང་མ་ནོར་བ་རུ་ལྟ་བའི་ཁྱད་གསོད་དང་ཚད་བཀག་གིས་སློབ་མ་ལ་སྒྲོམ་གཞི་ཞིག་བཟོས་ཡོད་པ་ངང་གིས་རྟོགས་མི་ཡོང་ངམ།ད་དུང་ང་རང་སློབ་ཆུང་གི་དུས་སུ་དགེ་རྒན་བསོད་ནམས་སྐྱིད་ཟེར་བ་ཞིག་གིས་སློབ་མ་ཞིག་ལ་གཅུན་བླུད་པའི་གནས་ཚུལ་སོགས་གང་མང་ཡོད་པས།ཀྱེ་ཀྱེ་དགེ་རྒན་དམ་པ་ལགས།མི་སྐྱོན་མེད་འཛམ་གླིང་ཡུལ་ན་མེད་པའི་གཏན་ཚིགས་ཀྱིས་ཁྱེད་དགེ་རྒན་དག་ལའང་སྐྱོན་རེ་ཡོད་པ་ཆོས་ཉིད་དུ་འགྲུབ་ཡོད་ཀྱང་།གཟབ་གཟབ་དང་འཛེམ་པར་བྱ་བའི་གནས་ཚུལ་དེ་རིགས་ནི་ངེས་པར་དུ་སྤང་བྱ་རུ་སྙམ་པའི་མ་གསང་དྲང་བོར་བརྗོད་པ་ལགས་ལོ།།

དེ་ལས་ཀྱང་གཞི་རིམ་ན་སློབ་གྲྭ་ནི་ཆོས་ལུགས་ཀྱི་ཆོ་ག་བསྒྲུབ་ས་ཞིག་ཏུ་ལྟ་གི་ཡོད་པ་ནི་ནོར་འཁྲུལ་དུ་སྙམ་དགོས་བྱུང་།དེའང་སློབ་གྲྭ་སྤྱི་ཡོངས་དང་སློབ་གླིང་ཆེ་གེ་མོ་ཡོངས་ཀྱི་གནས་ཚུལ་དེ་འདྲ་ཞིག་མ་ཡིན་མོད།ཡིན་ཡང་དགེ་རྒན་སྒེར་གཅོད་པ་རེ་ཟུང་གིས་སློབ་གླིང་ཆེ་གེ་མོར་དགེ་རྒན་བསྡུ་ལེན་སྐབས།ཆོས་ལུགས་ལ་དད་ལོག་བྱེད་པའི་དགེ་རྒན་མི་བསྡུ་བའི་༼དགེ་རྒན་དེ་རིགས་ཀྱིས་མ་གཞི་ནས་ཆོས་ལུགས་ལ་དད་ལོག་བྱེད་ཀྱིན་ཡོད་མེད་ཧ་གོ་གི་ཡོད་མ་རེད༽.སྐད་ཆ་རེ་ཟུང་གོ་རྒྱུ་དང་ཐོས་རྒྱུ་འདུག་པས། སྒེར་གཅོད་ཀྱི་ཐོབ་དང་དབང་ཆ་ལྡན་པའི་དགེ་རྒན་དེ་རིགས་ཀྱིས་བློ་ཞིབ་མོས་སློབ་གྲྭ་ནི་དགོན་པ་ཞིག་ཏུ་འགྱུར་ན་འགྲིག་མིན་གྱི་བསམ་བློ་ཞིབ་ཏུ་བཏང་ན་ཧ་ཅང་ལེགས་ས་རེད། དེ་ལྟ་དེ་ལྟར་ཁོ་བོས་རང་ཉིད་ཀྱི་བསམ་གཞིགས་བྱེད་སྟངས་དགེ་རྒན་དག་ལ་གསོང་བོར་བརྗོད་དུས།ཁོག་གྱིམ་མང་དག་ཅིག་གིས་ཁོ་བོ་ནི་སློབ་མ་ཐ་ཤལ་བ་ཞིག་ཏུ་མི་བགྲང་བའི་ངེས་པ་རྦད་དེ་མེད་མོད།ང་ནི་དགེ་རྒན་ལ་དགའ་མོད་བདེན་དོན་ལ་དེ་ལས་ཀྱང་དགའ་ཟེར་བ་ཇི་བཞིན།བདེན་དོན་གྱི་ཆེད་དུ་ཁོ་བོས་དགེ་རྒན་ལ་གུ་ཡངས་གཏོང་མི་སྲིད་ལ།ཐ་ན་རང་ཉིད་གུ་ཡངས་སུ་གཏོང་བའི་ལུགས་ལའང་དགའ་བོ་མེད་དོ།

དགེ་རྒན་དམ་པ་ཚོ། ཡང་བསྐྱར་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་ཆང་ཕོར་གང་གིས་ཁ་བ་གངས་ཅན་པའི་དགེ་རྒན་ཡོངས་ལ་གཙང་བཞེས་ཤིག་གནང་སྟེ་རེ་ཞིག་མཇུག་རྫོགས་པར་བྱའོ།།

2010.9.10ཉིན་དྲ་ཁང་ནས་ཤར་མར་སྦྱར་བའོ།།

དགེ་རྒན་དུས་ཆེན་ལ་རྣོ་ཟུར་གྱིས་མཆོད་གཏོར་འབུལ།

རྣོ་ཟུར།

ན་ནིང་དུས་ཆེན་ཟེར་བ་མེད་རབས་བཤད་ཐལ། །
ད་ལོ་རྟེན་འབྲེལ་འགྲིག་པའི་ཆོ་ག་སྒྲིག་གི །
སློབ་མའི་བློ་འབྱེད་ལྡེ་མིག་ང་ཡིན་ཞེས་པའི། །
རྩོམ་ཡིག་ཐ་ཐོར་འགའ་ཡང་སྤེལ་ནས་ཐོན་ཐལ།།

སློབ་མའི་སློབ་ཡོན་ཁ་གྲངས་མཐོ་པོར་འཕར་ཐལ།།
ལྟག་སྒོ་མིན་པའི་བརྫངས་ཚུལ་ཨ་ཕའི་ཤེས་ཐལ།།
གཞུང་དངུལ་མིན་པའི་འགྲོ་སོང་མེད་པ་བདེན་ཡང་། །
ཁྱིམ་གྱི་ལུག་ཤ་ཚོན་པོ་ཨ་མས་བསྐྱིས་ཐ། །

སློབ་མ་བུ་མོ་རྒན་ལ་འབྲེལ་བ་ཆེ་ཟེར།།
གསར་བུ་སྣབས་ལུག་མྱིག་གི་གདོན་འདྲེ་ཡིན་ཐལ། །
སྤྲང་ཕྲག་སློབ་མ་ནམ་རྒྱུན་རྒྱུགས་འབྲས་གོར་ཐིག །
བློ་འབྱེད་ལྡེ་མིག་དེ་ནི་བཙའ་རོ་ཆག་རོ། །

བུམ་པ་གང་བྱོ་གོམ་པའི་དེང་རབས་དཔེ་ཁྲིད།
རང་བསྟོད་གཞན་དམོད་བྱེད་པའི་རྒྱུ་འབྲས་སློབ་གསོ།།
རྒྱུན་དུ་རང་སྤྱོང་ལོབ་པའི་སློབ་མ་གཤིས་ཡག །
བློ་འབྱེད་སྣ་ནག་པ་རྣམས་ཨ་སྤུ་བྱེའུ་སྤུ། །

ཆང་ཁར་ཁུ་ཚུར་བསྡམས་པའི་སྲ་གཟུགས་ཅན་པོ། །
རླུང་ཁར་ཕག་ཕག་ལྡེམ་པའི་ཡངས་མོ་སྙི་མོ། །
ཐམས་ཅད་སོབ་སོབ་འཕྱུར་པའི་ཁ་ལྕེ་བདེ་མོ། །
དེ་རིང་འབྲེལ་པ་འཛུགས་པའི་ལག་ཆ་དང་པོ། །

ལོ་གཅིག་འཁོར་ནས་དེ་རིང་འདི་ན་ཐོན་ཐལ། །
ལོ་གཅིག་གཟིམ་ནས་དེ་རིང་འདི་ན་ཤར་ཐལ། །
ལོ་གཅིག་དེད་གི་དེད་གི་ཉི་མ་འདི་ལ། །
ལོ་རིམ་འཕར་པའི་སློབ་མ་ཅི་ཙམ་ཡོད་ཨང་། །

དེ་རིང་རྟེན་འབྲེལ་སློབ་མའི་སེམས་ནས་ཞུས་ཀྱང་། །
གཉའ་གནོན་འོག་གི་དེ་ཚོ་སེམས་ཀྱིས་རིག་གི །
ཐུབ་ཚོད་ཐུམ་གྱིས་གཅུད་པའི་སྤུན་ཟླ་དྲན་པས། །
དུས་ཆེན་དེ་ཚོར་གཏོར་མའི་མཆོད་པ་བཤམས་ཨང་། །

2010.9.10མཚན་ཕྱེད་ལ་རྫོགས་བྲིས།

Grambling rally falls short against K
PORNO Things You Need

Print MACE GRIFFIN BOUNTY HUNTER
Wedding Dresses some fashion director said

2013 Derby City Fashion Week wrap
PORNO During the summer months

Top 5 summer hairstyles in Philadelphia
Free Games And with him as our guide

What is the female equivalent to khakis and a polo
Kostenlose Pornos von and as its 7th season draws to a close

An open discussion on body weight and image
Porno pour femme on the website clothing trend schools

How To Build Retaining Walls With Natural Stone
free porno E high of 20

when' Guide for an Easy Shopping
Filme Porno Do what it takes to keep up with the fashion industry
བསྟོད།11

抱歉,评论已关闭!