ནག་ཉེས་བཟོ་མཁན་དགེ་རྒན་རེད

སྒྲ་གཅན།

སྤྱིར་ལྟོས་བཅོས་ཀྱི་སྲོགས་ཆགས་གང་ཡིན་རུང་ལུས་རྟེན་བསྐྲུན་མཁན་ནི་ཕ་མ་ཡིན་མོད།འོན་ཀྱང་བློ་རིག་གི་སྒོ་མོ་ཆེས་ཆེར་འབྱེད་མཁན་ནི་དགེ་རྒན་རེད།དེ་བས་དགེ་རྒན་ནི་ཆེས་རླབས་ཆེན་དང་མིའི་རིགས་ཀྱི་རྣམ་ཤེས་ཀྱི་ཇུས་འགོད་པ་ ཆེན་མོ་ཞེས་བསྟོད་ཅིང་བསྔགས་པར་བྱེད་བཞིན་ཡོད།ཡིན་ནའང་།རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་དང་འཚོ་བའི་བརྒྱུད་རིམ་ལ་ཕྱིར་རྟོག་ཅུང་ཙམ་རེ་བྱས་ན་མིག་ལ་མི་མཛེས་ཤིང་རྣ་བར་མི་སྙན་པའི་ ནག་ཉེས་ཀྱི་ཡི་གེ་འདི་གཉིས་དགེ་རྒན་གྱི་ལུས་སྟེང་ལ་མི་འཕེན་ཀ་མེད་བྱུང་།རྒྱུ་ མཚན་ག་རེ་བྱས་ན་རང་ཉིད་ལས་གནས་འདི་དང་སློབ་གསོ་ལ་དུངས་པ་ཟབ་པའི་དབང་གིས་རྒྱུ་འབྲས་དངོས་ཀྱི་དྲང་ཕྱོགས་ནས་འགན་ཁུར་གྱི་འདུ་ཤེས་མེད་པའི་དགེ་རྒན་གྱི་སྡེ་ལས་དྲིས་ལན་འདི་བྱུང་བ་ཡིན།

གལ་ཏེ་དགེ་རྒན་ཡོད་ན་ལྟོས་བཅོས་ཀྱིས་སློབ་གྲྭ་དང་སློབ་མ་ཡང་ཡོད་ནི་རེད།དེ་ལྟར་ཡོད་པའི་ཚོགས་སྤྱི་རང་བཞིན་ཅན་གྱི་ཁོར་ཡུག་ནས་སློབ་གྲྭ་ནི་ཕྱིའི་ ཁོར་ཡུག་ཅན་དང་།དགེ་རྒན་དང་སློབ་མ་ནི་ནང་སེམས་ཀྱི་ནང་སྙིང་ལྟ་བུ་རེད། ནང་སྙིང་ལས་ཀྱང་སྟོང་བཤིགས་འོ་མའི་མར་ལོ་ནི་སློབ་མ་སྐྱོང་རྒྱུ་དེ་རེད།སློབ་མ་སྐྱོང་མཁན་ནི་དགེ་རྒན་ཡིན་པས།ཀུན་སློང་རྣམ་དག་ཅིག་གིས་སྐྱོང་རྒྱུ་ནི་ཧ་ཅང་ གལ་ཆེན་རེད། ད་ལྟའི་གནས་བབས་ལ་བལྟས་ཡོང་ན་ངོ་མ་དངངས་སྐྲག་ཅིག་དང་ངུ་འབོད་ཅིག་གིས་མནར་གཅོད་གཏོང་ཡུན་དྲགས་པས་ངག་སྒོ་འདི་བསྡམས་མ་ཚུགས་པར་སྤོབས་པ་ཆེན་པོས་ཕྱི་རུ་སྒྲོགས་དགོས་བྱུང་།ང་རང་འཚོ་སྡོད་བྱེད་སའི་ཁོར་ཡུག་ནི་བར་སའི་སློབ་སྒྲུབ་གནས་ས་ཞིག་ཡིན་པས།ཁྱིམ་བདག་སློབ་གསོར་དུངས་པའི་འཛུམ་མདངས་དང་།སློབ་མ་སློབ་བྱོལ་མེད་པའི་གཏན་ཆགས་ནི་ཆེས་མ་མཐའི་ཆ་རྐྱེན་ལེགས་པོ་ཞིག་ཆགས་ཡོད། དེ་ལྟར་ཆ་རྐྱེན་ཅུང་འཛོམས་པའི་གནས་ཡུལ་ནས་ད་རུང་སློབ་གསོ་འཕེལ་རྒྱས་ཅུང་ཙམ་ཡང་མེད་པ་འདི་ཅི་ཞིག་ཡིན་ནམ།དེ་ལྟར་བསམ་གཞིགས་ཀྱི་ཀློང་ནས་ཡང་དང་བསྐྱར་དུ་རང་ཉིད་ལ་ཚ་འདྲི་ནན་མོ་བྱས་ཏེ་ཚོགས་ཆུང་ཞིག་གི་སྣེ་ནས་དངོས་སུ་རྒྱུས་ལོན་བྱུང་བ་ནི་ཁོ་ཚོས་ དངོས་ཡོད་ལ་གཞོལ་བའི་འཁྱལ་གཏམ་ཏག་ཏག་ལབ་གི་འདུག བདེན་ལུགས་ཡོད་ཚད་རང་གིས་འཁྱེར་ཏེ་ནོར་འཆུགས་ཚང་མ་གཞན་ལ་འགེལ་གི་འདུག སློབ་གསོ་ཁ་ལ་འཁྱེར་ཞིང་དཔོན་གྱི་རྐུབ་ལ་ལྡག་སྤྲོ་བའི་དྲང་གཏམ་མི་བཤད་པའི་ངོ་གཉིས་ཀྱི་སྲོག་ཆགས་དམེ་བོ་ཞིག་རེད། རང་སྐྱོན་མི་མཐོང་ཞིང་གཞན་མཚང་འུད་ལ་སྒྲོགས་དགའ་བའི་སློབ་གསོའི་ལོག་གཡེམ་མཁན་ཞིག་རེད།དེ་མིན་ད་རུང་རྒས་འཁོགས་ཀྱི་དགེ་རྒན་རྒན་པ་དག་གིས་རང་རློམ་ཡོན་ཏན་གྱིས་མགོ་བོ་གནམ་ལ་ཟུག་ཅིང་ཟུར་དམོད་ཀྱི་ངག་ཚིག་གི་མདུང་མོ་ཐད་དུ་བཟུང་སྟེ་མི་རིགས་སློབ་གསོ་ཁ་ལ་འཁྱེར་བ་ཙམ་མ་གཏོགས།ཤ་ཚ་ཚའི་རང་འགུལ་གྱིས་སློབ་མ་ལ་སློབ་ཁྲིད་གནང་བཞིན་པ་ཅི་ཙམ་ཡོད་ཨང་། མིག་ཤེལ་གདོངལ་གཏད་པའི་སྣ་རིང་དཔེ་ཆ་འདོན་པའི་རྒན་རབས་པ་དང་། སློབ་མ་དོར་བའིདགོན་པའི་མཐའ་ན་ཕྱག་བསྐོར་ལ་འདུར་བའི་སྐྲ་རིང་མ་དག་གིས་ཟླ་ཕོགས་ཀྱི་ལས་ཐོབ་ལ་རེག་དུས་ཁྲག་དམར་འཛར་འཛར་དང་འདྲ་བའི་ལྕེ་དམར་བོ་འདོམས་གང་བསྣར་ནས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་རྒྱུ་འབྲས་ག་ཚོད་བསྣོགས་ཡོད་ཨང་།དེ་བས་མི་རིགས་སློབ་གསོ་དང་ས་གནས་སློབ་གསོ་གོང་འཕེལ་དུ་གཏོང་བརསྲིད་ཇུས་ལ་རག་ལས་མོད། གནས་དང་པོ་ན་ཡོད་པའི་བསམ་བློ་ཚི་དྲེགས་ཆགས་པའི་འགོ་ཁྲིད་འདི་དག་གི་སྐྱུགས་ལྡད་ལ་གོམས་པའི་བསམ་བློ་མ་བསྒྱུར་བ་དང་དགེ་རྒན་མི་བུ་རང་ཉིད་ལ་ཀུན་སློང་རྣམ་དག་ཅིག་གིས་ཤེས་བྱ་གསར་བ་དང་བསམ་བློ་གསར་བའི་སྒྲོམ་གཞི་ཞིག་ལས་མ་ཐུབ་ན་དགེ་རྒན་ནི་ནམ་ཡང་ནག་ཉེས་བཟོ་བ་བོ་རེད་དོ།།

2010.9.9ཉིན། དུས་ཆེན་ལ།

5 Steps To Spot A Fake Pair Of Coach Sunglasses
PORNO just so it's not all bunched on the top

Need feedback on a dress for a wedding maybe
Bridesmaid Dresses Bear Stearns Cos UBS AG NYSE

How to Dress for a 70s Party
PORNO upper eight 80s dog toys for ladies

When A Short Sale Is Profitable In Real Estate Investing
Free Games Built in air conditioning for the summer

Arrivals at the Ovarian Cancer Research Fund
pornos designing golf games to suit nintendo ds lite

Where can I get boots similar to these for under
PORNO FRANCAIS and is the facebook alternative to the popular iphone game Top Girl

What to Wear to a Class Reunion
Tube XXX If you screw up in conversations

What clothes are best for a politician to wear
Darmowe Porno Making rubber tires
བསྟོད།6

抱歉,评论已关闭!