རང་མཉམ་གྱི་རྩོམ་འབྲི་བ་ཚོར་སྤྲིངས་པ།

ཀ་ཀོ་ལ།

མང་པོ་མང་པོ་ཞིག་བཤད་ན་ཀུན་གྱིས་དགག་བྱར་འགྱུར་ཉེན་ཆེ་འདུག དགག་པ་པོ་མང་པོ་ཞིག་མ་གྲོས་གཅིག་མཐུན་གྱིས་ངའི་སྐད་ཆའི་གསའ་དང་གསེང་ནས་སླེབས་ཡོང་ན་ངས་ཀྱང་ཇི་ལྟར་སྒྲུབ་དགོས་ཤིང་ང་ཇི་ལྟར་སྒྲུབ་པ་པོ་ཞིག་གི་ངོས་ཐད་ནས་ལེན་དགོས་པའང་མི་ཤེས།(འུ་ཚང་གི་ང་བདེན་ཁྱོད་ནོར་ཟེར་བར་དགའ་བའི་རྩོམ་འབྲི་བ་ཚོར།)ཡང་གཅིག་བཤད་ན།མང་པོ་ཞིག་བཤད་འདོད་ཀྱང་ཞིབ་འདང་རེ་བརྒྱབ་ན་རིན་ཐང་ཡོད་མེད་ཀྱི་སྐད་ཅོར་རྒྱག་གིན་པའི་ངས་ནི་ཤེས་འཇོན་གཉིས་ཀྱི་ཆ་ནས་འདང་བ་མ་རེད།འདི་ནི་ངས་རང་ཉིད་ངོ་ཤེས་ཤིང་ང་རང་ཉིད་ཀྱིས་ཅི་ཞིག་ཤེས་ཀི་ཡོད་པར་ངོས་འཛིན་དང་ཆ་རྒྱུས་ཡོད་པའི་ཐད་ནས་བཤད་པ་ཡིན་ཡང་།ལར་ངས་དེ་ལྟར་བཤད་འོང་ན་ཁོ་བོ་རང་ཉིད་ལ་ཡིད་ཆེས་མེད།རང་ཉིད་ལ་བརྩི་བཀུར་མེད་སོགས་རྣ་བར་གཟན་པའི་སྐད་ཆ་དག་མི་བཤད་པའི་ངེས་པ་མེད་མོད།ངས་ཅིའི་ཕྱིར་དེ་ལྟར་བཤད་པ་ཡིན་ཞེས་ན་འུ་ཚང་གི་གསར་བུ་གསར་མོ་ཚོའི་ཁ་ན་རྒན་རྒོན་དག་གིས་མ་ཎི་འདོན་པ་བཞིན་བསྒྲགས་ཅིང་སྒྲོག་གིན་པའི་སྒེར་ཚུགས་དང་ཡིད་ཆེས།བརྩི་བཀུར་ལ་སོགས་པ་ནི་གོ་རིམ་ངེས་ཅན་ཞིག་གམ་ཡོན་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ཅིང་སྒྲོག་དགོས་པ་ཞིག་རེད་མ་གཏོགས།ཀ་ངོ་ཁ་ངོ་ཤེས་པ་ཙམ་ནས་འུར་ལངས་ཏེ་གཞོགས་འདྲོགས་དང་ཧོལ་རྒྱུག་བྱེད་དགོས་ས་ཞིག་རྩ་བ་ནས་མ་རེད་འདོད་གི སྐད་ཆ་འདི་བདེན་མིན་རང་གིས་རང་ལ་ལྐ་དང་ལྐོག་ནས་ཚང་རྩིས་ཨེན་ཙམ་ཞིག་བརྒྱབ་པའི་འཐུས་ལགས།
སྐབས་འདིར་གླེང་འདོད་ཡོད་ཅིང་གླེང་རིན་ཆེ་བའི་ནང་དོན་དངོས་སུ་བབས་ན།ངས་འུ་ཚང་གི་ན་གཞོན་ཚོའམ་གསར་བུ་གསར་མོ་ཚོར་དབང་བའི་ན་གཞོན་གསར་བའི་དྲ་ཚིགས་ཀྱི་སླད་དུ་སྐད་ཆ་རེ་བཤད་འདོད་པ་དེའོ།།བར་སྐབས་ཤིག་ལ་འུ་ཅག་གིས་ན་གཞོན་གསར་བའི་དྲ་དེབ་གཉིས་ནི་ན་གཞོན་དག་གཙོ་བྱས་པའི་བོད་རང་གི་རིག་གནས་བགྲོ་གླེང་དང་བསམ་བློ་བརྗེ་རེས་ཀྱི་ཁོར་ཡུག་བྱིན་ཆེན་ཞིག་ཏུ་ངོས་འཛིན་བྱས་ཏེ་ཤེས་འཇོན་ཡོད་མེད་ཀུན་གྱིས་འུར་བརྒྱབ་ཏེ་རྩོམ་ཐོག་དང་ངག་ཐོག་གང་རུང་ནས་ན་གཞོན་གསར་བ་ནི་འདི་དང་ཀན་ནོ་ཞེས་འཁྲུག་ཆ་དོད་པའི་ཁོར་ཡུག་བཟོས་པ་རེད།ལྷག་པར་ཏུ་དྲ་ཚིགས་ངོས་ནས་བཤད་ན།ན་གཞོན་གསར་བའི་དྲ་ཚིགས་ཀྱི་སྟེང་ན་ཕོ་གསར་ཚོས་འདི་འདྲ་བ་བཤད་གི་འདུག་དང་།མོ་གཞོན་དག་གིས་ཀན་ལྟ་བུ་འཆད་ཀྱིན་འདུག་ཅེས་འུ་ཚང་གི་ཁོར་མོ་ཡུག་ཀུན་ལ་བག་ཆགས་མི་དམན་པ་ཞིག་བཞག་སོང་བ་རེད།བག་ཆགས་འདྲ་མིན་བཞག་པའི་ཕ་རོལ་ཞིག་ནས་འུ་ཚང་མི་བུ་གང་མང་ཞིག་ཀྱང་དྲ་ཚིགས་ལ་འཇུག་འདོད་མེད་པ་ནས་ཡོད་པ།ཡོད་པ་ནས་དྲ་ཚིགས་འདི་ལྟ་བུ་ནི་རང་ཉིད་ལ་བློ་སྒོ་འབྱེད་བྱེད་ཅིག་གམ་མིག་རྒྱ་སྐྱེད་བྱེད་ཅིག་ཏུ་ངོས་འཛིན་ནམ་ཤེས་རྟོག་བྱུང་སོང་བ་རེད་ལ།ཡིན་ཡང་།མིའི་བསམ་པ་འདི་ཉིད་སྣེ་མང་ཅན་དང་གསར་བཟོའི་ལམ་ཏུ་འབུད་པ་ཇེ་དྲགས་ལ་སོང་བ་དང་རང་གི་ཁེ་ཕན་དང་ཁེ་གྲགས་གཉེར་བའི་ལས་དོན་ཇེ་ཐུ་རུ་སོང་སྟེ།ཅ་དག་ཡིན་མིན་གྱི་བོད་ཡིག་དྲ་ཚིགས་དག་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བའི་ཁ་སང་དེ་རིང་འུ་ཚང་གི་རྩོམ་འབྲི་བ་དག་གིས་ན་གཞོན་གསར་བའི་དྲ་ཚིགས་ཏེ་དྲ་ཚིགས་གཞན་དག་དང་བསྡུར་ན་རང་གི་ཁྱད་གཤིས་ཡོད་པའི་ནང་སྙིང་ཅན་དེ་གཅེར་བུར་ཕུད་ཀྱིན་འདུག དང་ཐོག་ན་གཞོན་གསར་བའི་དྲ་སྟེང་དུ་བརྩམས་ཆོས་ཀྱི་མང་ཉུང་ཐད་དུ་བགྲང་གིས་མི་ལང་བ་གཅིག་རྗེས་གཉིས་མཐུད་ཀྱིས་བསྐུར་ཏེ་ཀློག་པ་པོ་ལའང་ཀློག་ཚོད་མེད་ཅིང་ཀློག་ཁོམ་མེད་པའི་སྣང་བ་སྤྱིན་མྱོང་ལ།དེ་དག་གི་ནང་སྙིང་ཐད་དུ་ཀུན་ལ་སིམ་པ་སྟེར་བའི་བརྩམས་ཆོས་ཀྱང་མང་པོ་མང་པོ་ཞིག་ཡོད་པ་འདིར་བཤད་དགོས་མི་འདུག འོ་ན་ད་སྐབས་དྲ་ཚིགས་འདི་ཉིད་ཀྱི་སྟེང་ན་བརྩམས་ཆོས་ཀྱི་མང་ཉུང་ཐད་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་ཡི་འདུག་ལ།བརྩམས་ཆོས་ཀྱི་སྤུས་ཚད་ཀྱང་ཇེ་ཐུ་ཇེ་རྡུགས་ལ་འགྲོ་ཡི་ཡོད་པ་སུ་ལན་སོང་བ་རེད།གནད་དོན་འདི་དྲ་ཚིགས་དོ་དམ་པའི་སྐྱོན་དུ་མི་སྣང་སྟེ།འུ་ཚང་གི་མི་རྣམས་ཨ་གསར་ལ་དགའ་བ་འདི་ལན་སོང་བ་རེད་བསམ།
དྲ་བདག་གམ་དྲ་ཚིགས་དོ་དམ་པར་མཚོན་ན་རང་གིས་རྒྱུ་ཚེགས་གཉིས་ཀ་ཕུད་དེ་ཀུན་སློང་ཡང་དག་གི་སྒོས་གཉེར་བའི་དྲ་ཚུགས་སྟེང་དུ་རིན་དོད་ཅན་གྱི་བརྩམས་ཆོས་བསྐུར་མཁན་མེད་སོང་ན་ཀློག་པ་པོ་དག་གི་སླད་དུ་ཡག་པོ་མིན་ཡང་འེ་ཡིན་འདོད་པའི་བརྩམས་ཆོས་རེ་མི་འགོད་ག་ལ་སྲིད།དོ་དམ་པའི་འདི་ལྟར་སྒྲུབ་པར་འུ་ཚོས་ཁ་ཆུང་ནང་ནས་ཚིག་ཆེན་ཕུད་དེ་ལབ་པར་མི་རིགས་ཏེ།ཁོ་པ་ཚོས་འདི་ལྟར་སྒྲུབ་ཀྱིན་པ་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་ཡིན་སོང་བ་མ་རེད་དམ།གང་ལྟར།འུ་ཅག་གིས་ཨ་གསར་གྱི་མགོ་བོ་མར་མར་སྒུར་ཏེ་གཅེར་བུར་འབུད་ཀྱིན་པའམ་བརྩམས་ཀྱིས་སྟོངས་པར་འགྱུར་གྱིན་པ།ཡང་ན་བརྩམས་ཆོས་རྙིང་བ་དག་ལས་གསར་བ་ཁ་ཁེར་ལས་ཐོན་གྱི་མེད་པའི་ན་གཞོན་གསར་བའི་དྲ་ཚིགས་འདི་ཉིད་ཁ་གསར་ནང་གི་ཚིག་གསར་རམ་ཁ་ཁོག་མེད་པའི་རང་གི་བསམ་ཚུལ་མང་པོ་ཞིག་གིས་བཞེངས་སྐྲུན་བླ་མེད་བྱེད་པ་སྐབས་ཐོག་འདིའི་འགན་འཁྲི་རུ་རྩིས་ཤིང་བཀུར་ན་ཅིའི་མི་ཆོག་པ་རེད།ཟུར་གཞན་ཞིག་ནས་བཤད་ན་ན་གཞོན་གསར་བའི་དྲ་ཚིགས་སོགས་མང་མང་ནང་གི་ཉུང་ཤོས་ཀན་ཚོ་འུ་ཅག་བྱིས་པ་ནས་གསར་བུར་བསྐྱངས་པའི་དྲིན་ཆེན་དང་།བསམ་མེད་ནས་བསམ་ཤེས་སུ་རྫོགས་པའི་ཁ་དཀར་ཁོག་དཀར་གྱི་ཕྱོགས་སྟོན་པ་དེ་མ་ཡིན་ནམ།ངའི་སྙིང་ཉེ་ཚོ།

༩ . ༡༥ དར་མདོ་ནས།

Fashion Excuses We All Make
PORNO all of the lawsuits have been settled out of court

Sexy Sleek Looking Skin Tight Jeans
Prom Dresses Exercise and dieting are still the best solution to your problem

Notebook Laptop Sales Can Save You A Lot of Money
VIDEOS PORNO this is a favorite topic of mine

How to Become a Teen Fashion Model
Download Free Games powder alcohol addiction beverages and a small number of large tacos

How to Formally Invite Fashion Editors to a Fashion Show
Kostenlose Pornos von British subcultures and fashions primer 1950

Adidas SLEEVELESS CLIMACOOL PRINT MOCK
Porno pour femme practice and experience all of which you are more than capable of

10 Commandments Of Road Cycling Etiquette
Tube XXX I mean the amount of weight we had to bench not weigh

8 Useful Home Remedies for Hemorrhoids
Darmowe Porno Advice Commonly Given That You Think Should Be Decommissioned
བསྟོད།5

抱歉,评论已关闭!