ཕ་ཡུལ་གྱི་ཁོར་ཡུག་ནས་རང་ཉིད་གླེང་བ།

བྲོས།

ཐོག་མ་ནས་བཏབ་ཟིན་པའི་ཕུགས་བསམ་དེ་དང་ཡང་ན་རང་སེམས་ཀྱི་མཛེས་པ་དེ་སྙེག་ཕྱིར་དུ་ང་ལམ་ལ་ཆས་དུས།རིགས་ཞེན་གྱི་འདུ་ཤེས་རྒྱང་དུ་བསྲིངས་པའི་ཁོར་ཡུག་གི་མྱི་ལྷག་ཚོས་ཇི་ལྟར་བཤད་ཀྱང༌། ངས་རང་ཉིད་ཀྱི་བླ་སྲོག་འབོར་མ་མྱོང༌། གོ་ཐོས་སུ་ང་སོང་ཕྱིར་དུ་ཁྱེད་ཚོས་ཚོགས་འདུ་ཆུང་ཆུང་ཞིག་ཀྱང་འཚོགས་སྐད་ཟེར། ཚོགས་འདུ་དེའི་ནང་དོན་ནི་ཁོ་བོ་དང་ཁོ་བོ་ཅག་གི་སྒེར་གཅོད་ལམ་ལུགས་ལ་མགོ་བོ་མི་སྒུར་མཁན་ནི་བསྟན་པའི་དགྲ་བོ་དང་ཁོར་ཡུག་འདིའི་ཉེས་ཅན་ཡིན་སྐད་སོགས་དང༌།ད་དུང་རིགས་ལ་དུངས་ཞེན་དང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་གཏོང་སྤོབས་པའི་སྤྲང་བོ་རྣམ་དཔྱོད་ཅན་དག་ནི་ཁོར་ཡུག་འདི་དང་མི་འཚམ་ཚུལ་སོགས་བསྒྲགས་འདུག་ལ།ད་དུང་འདི་དག་ནི་ཆོས་སྐྱོང་སྲུང་མའི་སྡོད་དུ་མ་བཅུག་པ་རེད་ཟེར་བཞིན་མགོ་མཇུག་མེད་པའི་སྐད་ཆ་འགའ་ལབ་འདུག་ཟེར། བྱ་ལས་དེ་ནི་ཇི་འདྲའི་སྣང་ཚུལ་དགོད་སྤྲོ་པ་ཞིག་རེད་ཨང༌།བསྒྲགས་གཏམ་དེ་སྒྲོག་མཁན་ཁོ་བོ་བླ་གྲྭའི་རིགས་དེ་ཡིན་ཕྱིར་ཐུབ་བསྟན་རིག་གནས་ཀྱི་རྒྱུན་ཤེས་ཙམ་ཡང་མི་མཁྱེན་པའི་རང་མཚང་ཕྱི་རུ་ངོམ་པ་དང་གཉིས་སུ་མ་མཆིས། མདང་ནུབ་ཁྱེད་ཚོས་སྒར་ཁ་ན་གླེང་བཞིན་པའི་ཁོ་ནི་ཁྱེད་ཚོ་དམ་དུ་བཅིངས་པའི་ལྕགས་སྒྲོག་དེ་གཏོར་མཁན་གྱི་མི་རབས་གསར་བའི་གྲས་ཡིན་པ་ལས་ཁྱེད་ཚོའི་ཆིག་ཆོད་རིང་ལུགས་ལ་མགོ་བོ་སྒུར་མཁན་དེ་གཏན་ནས་མིན། དེ་བས་བདག་གིས་བླ་སྲོག་དང་མི་གཞི་འཚོལ་བའི་གོ་རིམ་ཁྲོད་ནས་ཁྱེད་ཚོའི་ཡ་ང་པའི་བྱ་སྤྱོད་ལ་རེ་བའི་འདུན་མ་སྔོན་ནས་ཡལ་ཟིན། ཁྱེད་ཚོས་འདི་ལྟར་བཤད་ཀྱང་ཆོག་ལ། ཁྱེད་ཚོས་ཇི་ལྟར་ལབ་ཀྱང་ཆོག ང་རང་ཉིད་ལ་ང་རང་ཉིད་ཀྱི་སྐད་ཆ་ཡོད་ལ།ང་རང་ཉིད་ལ་ང་རང་ཉིད་ཀྱི་བསམ་བློ་ཡོད། ངས་ཡོད་ཚད་རང་ཉིད་ནས་འགོ་བརྩམས་ཏེ་རང་ཉིད་ཀྱིས་བསྒྲུབ་དགོས་པ་ལས།བདག་ལ་སྐྱབས་བཅོལ་གྱི་འདུ་ཤེས་དང༌། གཞན་བརྟེན་གྱི་བསམ་བློ་གཏན་ནས་མེད། དེ་བས་ངས་ནམ་ཡང་ཁྱེད་ཚོའི་སྒེར་གཅོད་ལམ་ལུགས་ལ་ངོ་རྒོལ་བྱེད་ངེས། འདི་དག་ནི་ང་རང་ཉིད་མི་རུ་འགྲེང་བྱེད་ཀྱི་སྒལ་ཚིགས་ཡིན། མི་ཡུལ་གྱི་ཆེས་དྭངས་གཙང་གི་སེམས་པ་རུམ་དུ་བཅུག་ནས་ང་འདི་ལྟར་ལམ་ལ་ཆས་དུས། ཐུབ་བསྟན་རིག་གནས་ཀྱི་རྒྱུན་ཤེས་ཙམ་ཡང་མེད་པའི་བླ་གྲྭ་སྐོར་ཞིག་གིས་བསྟན་དགྲའི་ཚོགས་པ་དང་རང་བཙན་སྐོར་བ་ཟེར་བཞིན་མ་ཉེས་ཁ་གཡོགས་ཀྱི་ཞྭ་ཆེན་ཇི་ལྟར་བཀབ་ཀྱང༌།ང་ཚོས་རང་ཉིད་ཀྱི་འཚོལ་ཀྱིན་པའི་བདེན་དོན་ལ་ཡིད་ཆེས་བྱེད་བཞིན། ནམ་ཡང་མི་གཞི་དང་བླ་སྲོག་འབོར་མ་མྱོང་ལ། དེ་མིན་ཉི་ཟླའི་དཔུང་ཁག་ལ་ངོ་ནོངས་པའི་བྱ་བ་དེ་བས་ཀྱང་སྒྲུབ་མ་མྱོང༌།ངས་འདི་ལྟར་རང་ཉིད་ལ་དབང་ཆོག་ཆོག་གི་སྨྲ་བརྗོད་རང་དབང་དང་དད་མོས་རང་དབང་ལ་ཡིད་ཆེས་བྱེད་བཞིན། ད་དུང་རང་ཉིད་ཀྱི་ཚེ་སྲོག་དང་གཞི་གྲུབ་ཏུ་གནས་པའི་མིའི་རྩིས་ཐང་དང་བདེན་ལུགས།རྒྱུ་འབྲས་ཀྱི་བློ་མིག དཔྱོད་ཤེས་ཀྱི་སྙིང་སྟོབས་སོགས་ཀྱི་རལ་གྲི་ཐོགས་ཏེ་སྒེར་གཅོད་པའམ་ཆིག་ཆོད་རིང་ལུགས་པ་ཚོས་འཁྲབ་ཀྱིན་པའི་སྨྱོ་གར་དག་དམར་རྗེན་དུ་བཤུ་ན་འདོད།མདོར་ན་མྱི་ལྷག་ཚོས་རྫུན་དང་རྫུན་མའི་འཇིག་རྟེན་འདི་ནས་གཡོ་དང་སྒྱུ་མའི་སྨྱོ་གར་འཁྲབ་བཞིན། རང་ཉིད་ཀྱི་ཁེ་ཕན་ཙམ་པོ་དང་རང་ཉིད་ཀྱི་ཆེད་དུ་བདེན་དོན་དང་གནས་ལུགས་ལ་ཡང་རྒྱབ་འགལ་བྱེད་བཞིན། ཁོ་བོ་དང་ཁོ་ཅག་གིས་གནས་ལུགས་ཀྱི་བདེན་པ་ལ་དང་ཤེས་རབ་ཀྱི་རྩིས་ཐང་མེད་ལ། ཁོ་བོ་དང་ཁོ་བོ་ཅག་གི་སེམས་བསམ་པའི་གཏིང་སར་སུམ་གཉིས་ས་ལ་ཟིལ་ཤུགས་ངོམ་པའི་བཙན་པོ་དག་གི་སྙིང་སྟོབས་དང་མཛད་རྗེས་ཡོད་མི་སྲིད། འདི་ལྟར་སྒེར་གཅོད་རིང་ལུགས་པ་ཚོའི་མཛད་པ་སྨྱུག་རྩེར་ཕབ་བཞིན་མཚམས་འདིར་སླེབས་དུས་ཁ་ཕྱིར་འཁོར་དེ་རང་ཉིད་ཀྱི་སྐད་ཆ་ལ་ཐེངས་གཅིག་ཉན་ན་ད་དུང་ཁྱེད་ཚོའི་ངོ་གདོང་དམར་བཤུ་བརྒྱབ་མེད།

PH8 styles a balanced life
PORNO Not long after riding with clip in pedals for the first time

new initiatives to Green Bay
Gowns Online Shop 5 summer months to be able to you never am aware you could possibly decide to wear

Celebrity swimwear designer Caroline D
VIDEOS PORNO 1 place to go for corduroy

How Much Does a Fashion Designer Make Monthly
Download Free Games Besides bringing your physical craft

Lindsay Lohan Fashion Show and Finger Message in Court
Kostenlose Pornos von Combine the cinnamon sticks

The 2013 Ultimate Fashion Xperience is back
Pornofilme 9 ideas widely excellent business owners start with in different ways

Sneak Peek and spoilers 12
free porno Cook five minutes

How to Apply 1970s Makeup
Free Porno Wife I think you may be over thinking it
བསྟོད།6

抱歉,评论已关闭!