མདུན་མཆོང་དང་སྒུལ་ཤུགས་ཁྲོད་ཀྱི་སྟོང་ཆ།

རྩེ་སྐར།

------དྲ་ཐོག་ནས་རིག་གནས་སྤེལ་སྟངས་ཀྱི་བསམ་བྱ་ཐོར་བུ།
དྲ་གྲོགས་ཚོའི་སེམས་ཀྱི་ཟབ་ས་ནས་བྱོ་ཡོད་པའི་ཟིན་བྲིས་དག་ཀློག་རྒྱུ་ནི་ཁོ་བོར་མཚོན་ན་ཞིམ་མངར་ཟས་དང་ཇ་ཆང་གི་དཔལ་ལ་རོལ་བའི་རྒྱས་སྤྲོ་ཞིག་ལས་ཧ་ཅང་གི་སྤྲོ་བ་ཆེ་ཤོས་དེ་ཡིན་ཟེར་ཆོག དེའི་ཕྱིར་ནམ་རྒྱུན་གྱི་གོམས་གཤིས་ལྟ་བུ་ཆགས་ཤིག་ཏེ་ཁོམ་པ་རེ་ཡོད་དུས་དྲ་ངོས་སུ་བོད་ཡིག་ཟིན་བྲིས་ཁག་ཏུ་ཉུལ་བལྟ་བྱེད་རྒྱུ་ནི་ཁོ་བོའི་ཉིན་རེའི་སྐབས་བབ་ལས་དོན་གྱི་ཞོར་ལས་ལྟ་བུར་གྱུར་ཡོད།ཁོ་བོས་དྲ་གྲོགས་ཚོའི་ཟིན་བྲིས་སུ་ཉུལ་ནས་ཁོ་ཚོ་ལ་བཟང་གི་ཡག་གི་ལྟ་བུའི་ཁ་ཡག་ངོ་བསྟོད་ཀྱི་སྦྱར་ལན་རེ་ཕུལ་ནས་བུད་འགྲོ་རྒྱུ་དེ་ལས་སླ་བོ་ཞིག་ཡིན་ནའང༌། དེ་ཙམ་ཞིག་གིས་ནི་ད་ལྟའི་འུ་ཚོའི་དྲ་ཐོག་ནས་སྙན་ངག་དང༌། དཔྱད་བརྗོད་སོགས་རིག་གནས་སྤེལ་ཕྱོགས་ལ་སྒུལ་ནུས་ཅི་ཡང་ཐོན་གྱི་མེད་པ་ཞིག་ཏུ་དུས་རྒྱུན་ནས་མཐོང་གིན་ཡོད་མོད། འོན་ཀྱང་ཁོ་བོ་རང་ཉིད་ཀྱང་གཞན་གྱི་རྗེས་འབྲང་ལད་ཟློས་ལ་གོམས་པ་དེ་ལས་འདའ་མ་ཐུབ་པར་རྟོག་ནུས་དང་དཔྱོད་ཁུལ་གྱི་སྐད་ཆ་ཕྱི་ལ་མ་བུད་པར་ད་ལྟའི་བར་དུ་ལྷག་སོང་བ་ནི་རང་ཉིད་ལ་སྒྱུད་ལུག་ཆེ་བའི་རྟགས་མཚན་ཞིག་རེད།
ཁོ་བོས་ཟིན་བྲིས་ཁག་ལ་ཞིབ་གསལ་གྱིས་བལྟས་ན་ད་ལྟའི་བར་གཞན་གྱིས་ཁོ་བོར་བཞག་པའི་དཔྱད་ལན་དང༌། ཡང་ན་གཞན་གྱིས་གཞན་ལ་བཞག་ཡོད་པའི་དཔྱད་འཇོག་གི་གནས་བབ་ལས་འུ་ཚོས་བསམ་བློ་བརྗེ་རེས་ཟེར་ནའང་ཆོག རིག་པ་སྐོར་བསྡུར་གྱི་ཐབས་ལམ་ཡག་པོ་ཞིག་བཀོལ་སྤྱོད་མ་ཤེས་པར་རི་ཁ་ཆང་ཁ་ན་ཡོད་པའི་ཀུ་རེ་རྩེད་མཚར་ལྟ་བུ་ཞིག་གི་ངང་དོན་མེད་སྣང་མེད་དུ་འདའ་ནས་ཡོད་པའི་སྣང་ཚུལ་ཞིག་གིས་དྲངས་ཏེ། ད་རེས་ཁོ་བོས་བློ་རྒྱ་ཆེར་བསྐྱེད་ཀྱིས་དྲ་ཐོག་ནས་རིག་གནས་སྤེལ་ཕྱོགས་སྐོར་གྱི་རང་སྣང་བསམ་ཚུལ་ཞིག་བརྗོད་ན་འདོད་སོང་བས། དྲ་གྲོགས་ཚོས་གཏམ་གླེང་འདི་ལག་སྐྱེས་ཆུང་ཆུང་ཞིག་གི་ཚབ་མཚོན་དུ་གཙང་རོལ་བྱེད་རོགས།

དང་པོ། སྔོན་ཆད་ཀྱི་ཤོག་ཐོག་རྩོམ་ཡིག་དང་ད་ལྟའི་དྲ་ཐོག་རྩོམ་ཡིག་སྤེལ་ཕྱོགས་ཀྱི་བར་ཁྱད།

སྔོན་ཆད་ཡིན་ན་རྩོམ་རིག་ལ་དུང་བ་ཡོད་མཁན་ཞིག་ཡིན་ནའང༌། རང་གིས་ཅི་ཞིག་འབྲི་འདོད་པ་དེ་རང་གི་འབྲི་དེབ་ངོས་ལ་ཆུ་ཚོད་གང་འཚམ་ཞིག་བེད་སྤྱོད་ཀྱིས་ལག་བྲིས་བྱས་ཏེ། ཟླ་བ་གཅིག་གམ། ཟླ་ཤས། ཡང་ན་ལོ་གཅིག་གི་རྗེས་ཙམ་ནས་འདོན་སྤེལ་བྱེད་པའི་དུས་དེབ་དང་ཚགས་པར་གང་ཞིག་གི་སྟེང་བཀོད་ཐུབ་ན་བསམ་ནས་སྦྲགས་ལམ་བརྒྱུད་བསྐུར་དགོས་པ་དང༌། བསྐུར་བའི་རྩོམ་ཡིག་དེ་ཡང་ཚད་ཐུབ་འཐུས་མིན་ནི་དེ་བས་ཐེ་ཚོམ་གྱི་གནས་ཤིག་ཡིན། གལ་སྲིད་རྩོམ་ཡིག་དེ་དུས་དེབ་དང་ཚགས་པར་གང་དེར་ཐེ་བའི་དབང་དུ་བཏང་ནའང༌། ཀློག་མཁན་གྱི་ངོས་ནས་དེ་འདྲའི་མགྱོགས་མྱུར་གྱིས་རོལ་མྱོང་བྱེད་ཐུབ་ཀྱི་མེད་ལ། ཀློག་འཇུག་གི་སྐབས་མཚམས་རྩོམ་ཡིག་གི་ངོ་གདོང་ནས་མཛེས་དཔྱོད་ཀྱི་ལྟ་བའི་ཚོར་ནུས་དང༌། རྩོམ་པ་པོའི་བསམ་བློའི་གོ་རྟོགས། བློས་བསླང་གི་སྒུལ་ཤུགས་སོགས་ཀྱི་ངོས་ནས་བསམ་ཚུལ་བརྗེ་རེས་བྱེད་པའི་ལེགས་ཉེས་དཔྱད་འཇོག་དང༌། ཡང་ན་རྟོགས་ཚོར་གྱི་འདུ་ཤེས་སྨྲ་བརྗོད་བྱེད་པའི་བསྐལ་བ་ཧ་ཅང་གིས་དབེན། དེ་ནི་དེང་སྐབས་ལྟར་གྱི་དྲ་ཐོག་ནས་རིག་གནས་སྤེལ་བའི་ཆ་འཕྲིན་དུས་རབས་སུ་མ་སླེབས་པར་ཕྱོགས་ངོས་མང་པོ་ཞིག་ནས་ཆ་རྐྱེན་གྱིས་ལག་ཐོགས་ཏེ། རྩོམ་པ་པོ་དང་ཀློག་པ་པོ་ཕྱོགས་གཉིས་རྒྱང་བཀྱེད་ཀྱི་ཚུལ་དུ་ཡོད་པའི་རྐྱེན་རེད།སྐབས་དེའི་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ཡང་ཆོག གསར་རྩོམ་གྱི་ལས་ལ་ཞུགས་མཁན་ཞིག་ཡིན་ནའང་ཆོག གང་ལྟར་རྩོམ་ཡིག་ཅིག་བྲིས་པ་ཡིན་ན་དེའི་ངོས་ཐད་ནས་ཕ་རོལ་ཀློག་པ་པོའི་ཡིད་འཇོག་གི་ཚོར་རྟོག་བརྡ་ལན་རང་ཉིད་ཀྱིས་ནམ་ཡང་གོ་མེད་ཚོར་མེད་ཀྱི་ངང་གནས་ཡོད་ལ། སྔོན་ཆད་ཀྱི་རྩོམ་པ་པོའི་ཞིག་ལ་མཚོན་ནའང་ཀློག་མཁན་གྱི་ངོས་ནས་དེང་སྐབས་ལྟར་མྱུར་ཚད་ལྡན་པའི་ཀློག་འཇུག་རོལ་མྱོང་གི་ཡར་བསྐྱེད་སྒུལ་ནུས་མེད་པའི་གནད་དོན་དག་ནི་སྔོན་ཆད་སྨྱུ་གུ་བཟུང་ནས་ཤོག་ཐོག་ཏུ་རྩོམ་ཡིག་སྤེལ་ཕྱོགས་དང༌། དེང་སྐབས་གློག་ཀླད་ལ་འཇུས་ནས་དྲ་ཐོག་ནས་རྩོམ་ཡིག་སྤེལ་སྟངས་གཉིས་ཀྱི་བར་ཁྱད་ཆེན་པོ་ཞིག་རེད་ཟེར་ཆོག

གཉིས་པ། དྲ་ཐོག་ནས་རྩོམ་པར་འཇུག་པའི་འཐུས་ཤོར་གྱི་ཕྱོགས་ཆ།

དེང་སྐབས་ཆ་འཕྲིན་དུས་རབས་དང་དྲ་ཐོག་རིག་གནས་ཀྱི་དུས་རབས་འདིར་སྔོན་ཆད་དང་བསྡུར་ན་རིག་གནས་སྤེལ་བར་ཕྱོགས་གང་ཐད་ནས་མྱུར་ཚད་ལྡན་ཞིང་ཆ་རྐྱེན་གྱིས་ལག་མི་ཐོགས་པའི་དུས་རབས་ཤིག་ཏུ་སླེབས་ཡོད། ཡིན་ནའང་དུས་རབས་འདི་བསྟུན་གྱིས་འུ་ཚོའི་མི་རབས་འདིའི་རིག་གནས་སྤེལ་ཕྱོགས་ཀྱི་ཐད་ནས་འཐུས་ཤོར་དང་རྒྱ་ཡན་དུ་བཏང་བའི་ཆ་མང་པོ་ཞིག་མངོན་ཅན་ཡོད་པས། དེ་ནི་དུས་རབས་དང་བསྟུན་པའི་འུ་ཚོ་རྗེས་རབས་དག་གི་མི་གཤིས་ཀྱི་ངོས་ནས་རེད་ཟེར་ན། ང་ཚོ་ནི་གསར་གཏོད་རང་བཞིན་ཅན་གྱི་མི་རབས་གསར་པ་ཡིན་པས། སྔོན་རབས་པ་རྣམས་དང་བསྡུར་ན་བསམ་བློའི་ཆ་དང༌། ཀུན་གཤིས་ཀྱི་ཆ། རིག་སྟབས་ཀྱི་ཆ་སོགས་ཡར་བསྐྱེད་ཡར་ཐོན་ཅན་དུ་ཡོད་ཟེར་སྲིད། འོན་ཀྱང་སེམས་རྣལ་དུ་ཕབ་ནས་དཔྱོད་ཤེས་བྱས་ན་འུ་ཚོའི་ངོས་ནས་འཐུས་ཤོར་དང་རྒྱ་ཡན་དུ་བཏང་དང་གཏོང་བཞིན་པའི་ཕྱོགས་ཆ་མང་པོ་ཞིག་དོན་དམ་མངོན་གསལ་ཡོད་པས། དེ་ནི་ཁོ་བོས་བལྟས་ན་དུས་རབས་འདིའི་གནས་བབ་དང་བསྟུན་འུ་ཚོའི་མི་གཤིས་ཀྱི་གོ་རྟོགས་ལ་ཏག་ཏག་རག་ལས་པ་ཞིག་རེད་སྙམ།འུ་ཚོའི་བོད་ལ་མཚོན་ན་དྲ་ཐོག་ནས་རིག་གནས་སྤེལ་བའི་ལམ་སྲོལ་འདི་བྱུང་སྟེ་དུས་ཡུན་ཐུང་ངུ་ཙམ་ཞིག་ལས་འགོར་མེད་ནའང༌། རྒན་གཞོན་བར་གསུམ་དྲ་ཐོག་ཏུ་ཞུགས་ཏེ་དུས་ཚོད་གང་མང་ཞིག་ཕར་བསྐྱལ་བའི་གོམས་གཤིས་ཤིག་ངང་གིས་འཇགས་ཀྱིན་ཡོད། དེར་བརྟེན་དྲ་ངོས་དང་ཟིན་བྲིས་སུ་ཞུགས་སྤྲོ་བའི་སྣང་ཚུལ་དེ་ལ་རྒྱུས་ལོན་བསམ་ཞིབ་ཅིག་བྱས་ཏེ། ཚུལ་དེ་ནི་བོད་མི་རིགས་རང་གི་རིག་གནས་ཀྱི་ཕྱོགས་ཆ་གང་མང་ཞིག་དྲ་ཐོག་ནས་འཛམ་གླིང་གང་སར་སྤེལ་ཁྱབ་ཐུབ་པའི་དབང་གིས་རེད་དམ། ཡང་ན་གནས་ཚུལ་གཞན་ཞིག་གི་དབང་གིས་རེད་དམ་ཟེར་ནས་རྟོག་པ་སྔོན་སོང་གི་དྲི་བ་ཞིག་དྲིས་པ་ཡིན་ན། དེ་ནི་བརྒྱ་ལ་ཆ་བགོས་ཀྱིས་བརྗོད་ན་དྲ་བ་ནི་རོལ་རྩེད་བྱེད་ས་ཞིག་གི་རྣམ་པར་བཟུང་སྟེ། དྲ་ཐོག་ནས་ཀུ་རེ་རྩེད་མཚར་སོགས་ཀྱིས་མཚོན་གཏམ་ཉོག་སྨྲ་བརྗོད་ལ་ཞུགས་རྒྱུའི་སྤྲོ་བས་དྲངས་པ་མང་ཤོས་ལྟ་བུ་ཆགས་ཡོད་པ་དང༌། དྲ་ཐོག་ནས་རིག་གནས་སྤེལ་མཁན་དང་རིག་གནས་ལ་རོལ་མྱོང་བྱེད་མཁན་གྱི་གྲངས་ནི་ཆེས་ཉུང་ཤོས་ཆགས་ཡོད། ཉུང་ཤོས་ཀྱི་རིག་གནས་སྤེལ་མཁན་དང་རོལ་མྱོང་བྱེད་མཁན་གྱི་གྲས་དེས་ཀྱང་རང་རེ་བོད་མི་རིགས་ཀྱི་རྒྱུན་སྲོལ་རིག་གནས་བཟང་པོ་དར་སྤེལ་ཀྱི་ཕྱོགས་ཆར་འཇུ་ཐུབ་ཀྱི་མེད་པ་དང༌། རིག་གནས་ཙམ་པོ་དར་སྤེལ་དང་རོལ་མྱོང་བྱེད་པར་དཔག་པའི་རིག་པ་དང་བསམ་བློ་བརྗེ་རེས་བྱེད་པའི་རྩོལ་བ་ལའང་སྤུས་གཙང་གིས་ཞུགས་ཐུབ་ཀྱི་མེད་པར། དུས་རྒྱུན་འཐུས་ཤོར་དང་རྒྱ་ཡན་གྱི་ངང་གནས་ཡོད་པ་མངོན་སུམ་ལྟ་བུ་ཡིན་པས། དེ་ནི་དྲ་ཐོག་ནས་རིག་གནས་སྤེལ་ཕྱོགས་ཀྱི་གནད་དོན་ཚབས་ཆེན་ཞིག་ཆགས་ཡོད།

སྤྱིར་དྲ་ཐོག་གི་རྩོམ་པ་པོ་ཞིག་ཡིན་ན་རང་ཉིད་ཀྱིས་གང་ཞིག་བྲིས་ཏེ་སྤེལ་བའི་རང་དབང་རང་ཉིད་ལ་ལྡན་ཞིང༌། དྲ་ཐོག་ཏུ་སྤེལ་བའི་རྩོག་ཡིག་དེའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་ནི་རང་སྟེང་ན་ཐ་མི་དད་པའི་ཚུལ་དུ་མངོན་སྟབས། གང་འདོད་ཅི་འདོད་དུ་སྤེལ་བའི་རྩོམ་ཡིག་དག་གི་ཁྲོད་དུ་སྙིང་པོ་དང་བཅུད་ལྟ་བུའི་རྩོམ་ཡིག་ཡོད་སྲིད་ལ། སྙིགས་དང་རོ་མ་ལྟ་བུའི་རྩོམ་ཡིག་ཀྱང་འདུས་ཡོད། དེར་མཚུངས་དྲ་ཐོག་རྩོམ་ཡིག་ཀློག་པ་པོའི་ནང་དུའང་སྙིགས་དོར་བཅུད་ལེན་ལ་མཁས་པའི་དཔྱོད་ཤེས་བསམ་བློ་པ་དང༌། ཧོལ་རྒྱུག་ཟེར་སྒྲོས་སུ་འབྲེངས་པའི་གླེན་པ། ཕྱོགས་གཏོགས་རིས་ཆད་ཀྱི་ལྟ་བ་འཛིན་པའི་སྒེར་བདག་པ་སོགས་རིགས་མང་པོ་ཞིག་ཡོད་སྟབས། དྲ་ཐོག་ནས་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ཡང་དམའ་རུ་ཕབ་ནས་ས་ལ་བརྡབས་སྲིད་ལ། ཚིག་གི་སྡེབ་ཙམ་ཤེས་པའི་རྩོམ་པའི་ལས་དང་པོ་པ་ཞིག་ཡིན་ཡང་ཆེ་རུ་བསྟོད་ནས་དགུང་ལ་འདེགས་སྲིད། དེའི་ཕྱིར་དྲ་ཐོག་ནས་ཚད་ཐུབ་ཀྱི་རྩོམ་པ་པོ་ཞིག་གི་ངོས་ནས་སུན་སྣང་དང་སེམས་ཤུགས་ཉམས་ཞན་གྱིས་རྩོམ་པའི་བྱ་བ་ལས་ཡོལ་བའི་འགོག་རྐྱེན་ཐེབས་པའི་གནད་དོན་འབྱུང་གིན་ཡོད་ལ། ཅི་ཡང་གང་ཡང་འཁྱོངས་མེད་ནའང་གཞན་ཀྱི་ཚིག་ཙམ་པོའི་ངོ་བསྟོད་དེས་རྩོམ་པའི་ཁེངས་སེམས་ཀྱིས་ཉི་ཚེ་བའི་ཚུལ་ལས་མ་འདས་པར་གང་སར་འུར་འདྲོགས་ཀྱིས་ལྷག་ནས་ཡོད་པའི་རིགས་ཀྱང་འབྱུང་གིན་ཡོད། དེ་ནི་དྲ་ཐོག་ནས་རིག་གནས་སྤེལ་ཕྱོགས་སམ་རྩོམ་ཡིག་སྤེལ་བའི་འཐུས་ཤོར་དང་རྒྱ་ཡན་གྱི་ངོས་ཤིག་ཡིན་པས། དྲ་ཐོག་གི་རྩོམ་པ་པོ་རྣམས་ཀྱིས་ངེས་པར་ཡིད་འཇོག་ཡིད་གཟབ་བྱ་དགོས་པའི་དོན་གནད་ཅིག་ཏུ་སེམས་སོ།།

གསུམ་པ། དྲ་ཐོག་ནས་རྩོམ་ཡིག་རོལ་མྱོང་དཔྱད་གླེང་སྤེལ་ཕྱོགས།

སྤྱིར་སྔོན་ཆད་ཡིན་ན་རྩོམ་ཡིག་ཅིག་བཀློགས་ཟིན་པའི་དཔྱད་ལན་བརྗོད་འདོད་ཀྱི་སྐད་ཆ་རྩོམ་པ་པོ་དང་གདོང་ཐུག་ནས་མ་གཏོགས་སྨྲ་བརྗོད་མི་ཐུབ་པ་དང༌། རྩོམ་པ་པོ་དང་ཀློག་པ་པོ་ཕན་ཚུན་གདོང་ཐུག་རྒྱུ་ནི་གནས་སྡོད་ཁོར་ཡུག་གི་བར་ཐག་སོགས་ཀྱི་རྐྱེན་དབང་གིས་དཀའ་བའི་གནས་སུ་གྱུར་ཡོད་པའི་གནད་དང་བསྡུར་ན། དེང་སྐབས་དྲ་ཐོག་ནས་གློག་རྡུལ་མྱུར་ཚད་ནུས་པས་གོ་ལ་ཧྲིལ་པོ་འདིའི་ཁྱོན་ཡོངས་ཀྱི་མི་རྣམས་སྐུད་ལམ་འབྲེལ་ཐག་གཅིག་གི་གཞི་སྣེ་ནས་འབྲེལ་འདྲིས་ཐུབ་སྟེ། དྲ་ཐོག་ཏུ་རྒྱང་ཐག་རིང་དུ་ཆོད་པའི་གནས་ཤིག་ནས་ཕན་ཚུན་ལ་སྙིང་གཏམ་དང༌། བསམ་བློ་བརྗེ་རེས། དཔྱད་བསྡུར་གྱི་རིག་པ་སྤེལ་རེས་བྱེད་ཆོག་པ་ནི་དོན་བྱ་རླབས་ཆེན་ཞིག་ཡིན་པས། འུ་ཚོས་དུས་རབས་ཀྱིས་བསྐྲུན་པའི་མཐུན་རྐྱེན་དེ་རིགས་སྤྱོད་ཤེས་བཀོལ་ཤེས་ཀྱི་གཞི་ལ་འཇུག་རྒྱུ་ནི་གལ་ཆེན་རེད།དེང་སྐབས་རྩོམ་པ་པོ་ཞིག་གིས་དྲ་ཐོག་ཏུ་རྩོམ་ཡིག་ཅིག་སྤེལ་བའི་མྱུར་ཚད་དེ་བཞིན་ཀློག་པ་པོ་དག་གིས་དྲ་ཐོག་ནས་རྩོམ་ཡིག་དེ་ཀློག་འཇུག་རོལ་མྱོང་གི་མྱུར་ཚད་དང༌། རྩོམ་ཡིག་ལ་དཔྱད་གླེང་སྤེལ་བའི་མྱུར་ཚད་བཅས་མིག་བརྡེབ་ཙམ་ཞིག་གི་ཡུན་ལས་འགོར་གྱི་མེད་ནའང༌། དྲ་ཐོག་ནས་རྩོམ་ཡིག་ཀློག་འཇུག་གི་བརྒྱུད་རིམ་ཁྲོད་རྒྱ་ཡན་དང་འཐུས་ཤོར་དུ་བཏང་བའི་ཆ་ཞིག་དུས་རྒྱུན་ནས་མངོན་གྱིན་ཡོད། སྤྱིར་རྩོམ་ཡིག་ཅིག་བཀླགས་པའི་མྱོང་ཚོར་དང༌། རྩོམ་ཡིག་གང་དེར་མཛེས་དཔྱོད་ཀྱི་ལེགས་པའི་ཕྱོགས་ཆ་ཅི་ཡོད། ཡང་ན་བློ་འདས་ཀྱི་ཉེས་པའི་ཕྱོགས་ཆ་ཅི་མཆིས་སོགས་རྩོམ་པ་པོར་བསམ་བློ་བརྗེ་རེས་དང་དྲན་ཚོར་གླེང་རེས་ཀྱི་ཚུལ་གྱིས་ཕན་ཚུན་ལ་དཔྱད་ལན་སྤེལ་རེས་བྱེད་རྒྱུ་དེ་དྲ་ཐོག་ནས་རྩོམ་ཡིག་སྤེལ་བའི་ལེགས་ཆ་རྨད་དུ་བྱུང་བ་ཞིག་ཡིན་ནའང༌། འུ་ཚོས་དེ་ཕྱོགས་ནས་སྟངས་འཛིན་དོ་སྣང་དེ་ཙམ་མི་བྱེད་པར་དྲ་ཐོག་གི་ཀློག་པ་པོ་མང་ཆེ་བས་སྔོན་ཆད་ནས་ངོ་ཤེས་པ་ཞིག་གམ། ཡང་ན་དྲ་ཐོག་འཕྲིན་ལམ་ནས་འདྲིས་པའི་དྲ་གྲོགས་ཤིག་གི་ངོས་ཐད་བཅས་ནས་ཕན་ཚུན་ལ་རྩེད་མཚར་དང་ཀུ་རེ་ལྟ་བུའི་ཚིག་གི་རིམ་པ་དུས་རྒྱུན་བརྩེགས་ནས་འདུག་པ་དང༌། དེ་མིན་རྩོམ་ཡིག་དེ་མགོ་ནས་མཇུག་བར་ཀློག་ལ་ཞུགས་ཡོད་མེད་གང་ལྟར་རྩོམ་མཁན་ལ་དཔྱད་ལན་འཇོག་སྟངས་ནི་/བཀླགས་ཟིན་/དང༌། ཡང་ན། /ཡག་པོ་བྲིས་འདུག/ /མུ་མཐུད་དུ་སྤེལ་རྒྱུའི་རེ་བ་ཡོད་/ལྟ་བུའི་བརྡ་ལན་སོགས་ལས་འདའ་མ་ཐུབ་པར་ཡོད་པ་དེ་རེད།

སྤྱིར་རྩོམ་པ་པོ་ཞིག་ལ་མཚོན་ན་རང་གི་རྩོམ་ཡིག་དེར་ཀློག་མཁན་མང་པོ་ཞིག་ཀློག་ལ་ཞུགས་རྒྱུ་ནི་གལ་ཆེན་རེད་ལ། རྩོམ་ཡིག་དེ་བཀླགས་རྗེས་ཀྱི་མྱོང་ཚོར་དཔྱད་ལན་སྤེལ་རྒྱུ་ནི་དེ་བས་གལ་ཆེན་ཞིག་རེད། དྲ་ཐོག་ཏུ་རྩོམ་ཡིག་གང་ཞིག་སྤེལ་བར་ཀློག་མཁན་གྱིས་བཀླགས་པའི་མྱོང་ཚོར་དཔྱད་ལན་སོགས་སྐབས་ཐོག་དུས་ཐོག་ཏུ་སྤེལ་ཐུབ་པའི་ནུས་ཤུགས་ཀྱིས། རྩོམ་པ་པོ་རང་ཉིད་ལ་ཀློག་མཁན་གྱི་ངོས་ནས་རང་གི་རྩོམ་ཡིག་དེར་ལེགས་ཉེས་གསལ་འདོན་གྱིས་གདེང་འཇོག་གང་འདྲ་བྱེད་ཀྱིན་ཡོད་པ་ཚོར་རྟོགས་ཐུབ་ཀྱི་ཡོད། དེ་མིན་ཀློག་མཁན་གྱིས་རྩོམ་ཡིག་དེ་བཀླགས་ཟིན་པའི་བརྡ་ལན་ཙམ་བསྟན་པས་རྩོམ་པ་པོར་སྒུལ་ཤུགས་གང་ཡང་མི་ཐོན་པའང་མ་ཡིན་ཏེ། བརྡ་ལན་གཏམ་བརྗོད་སྤེལ་ཙམ་གྱིས་ཀྱང་རྩོམ་པ་པོར་གསར་རྩོམ་གྱི་ལས་ལ་འཇུག་པའི་སྤྲོ་སྣང་ཡིད་འགུལ་གྱི་ནུས་པ་བསྐྱེད་ཐུབ་ཀྱི་ཡོད། དེར་བརྟེན་དྲ་ཐོག་ནས་རྩོམ་ཡིག་རོལ་མྱོང་གིས་དཔྱད་འཇོག་གཏམ་བརྗོད་སོགས་སྤེལ་བ་དེར་སྔོན་ཆད་ཀྱི་རྩོམ་པ་པོ་དང༌། ཀློག་པ་པོ། རྩོམ་ཡིག་བཅས་ཀྱི་བར་འབྲེལ་ལ་མེད་པའི་ཁྱད་ཡོན་མི་དམན་པ་ཞིག་མངོན་ཡོད་པས། ང་ཚོས་དྲ་ཐོག་ནས་རིག་གནས་སྤེལ་བའི་ཁྱད་ཆོས་དེ་དག་བཀོལ་སྤྱོད་ཀྱི་ནུས་པའི་ཁྱད་ཡོན་གྲུབ་དོན་ལ་སྟངས་འཛིན་དང་དོ་སྣང་གིས་འཇུག་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་བསམ།

ཉེ་སྔོན་ཞིག་ཏུ་བོད་ནང་གི་སྙན་ངག་པ་གཅན་མེ་སྟག་ལགས་དང་ཁོ་བོ་གཉིས་ཀྱིས་དྲ་ཐོག་སྙན་ངག་གི་སྐོར་ནས་གླེང་བསླངས་པར་ཁོང་གིས་ཟེར་ན། //དྲ་ཐོག་སྙན་ངག་གི་དུས་ཐོག་ལྟར་བསམ་འཆར་སྤེལ་བའི་རང་བཞིན་ནི་སྲོལ་རྒྱུན་གྱི་སྙན་ངག་ལུགས་ལ་ཡོང་ཐབས་མེད་པའི་ཁྱད་ཆོས་ཤིག་རེད། སྙན་ངག་ཅིག་དྲ་ཐོག་ཏུ་སྤེལ་བ་དང་མཉམ་པོར་དེར་མཐུད་ཀྱིས་དཔྱད་བརྗོད་དང་སྦྱར་བྱང་ཐོན་གྱིན་ཡོད་ལ། སྦྱར་བྱང་དེ་ནི་ལྡོག་ཕྱོགས་ཀྱི་གཏམ་བརྗོད་ཅིག་ཡིན་ནའང་སྙན་ངག་པས་དུས་ཡུན་ཐུང་ངུའི་ནང་རང་གི་བརྩམས་ཆོས་འདི་མི་གཞན་གྱི་མིག་ལམ་དུ་ཇི་བཞིན་ཡིན་པ་དང་ཚོར་སྣང་ག་འདྲ་སྐྱེད་ཀྱིན་པ་ཤེས་ཐུབ།

རྐྱེན་དེས་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་རང་གིས་སྤེལ་ཟིན་པའི་བརྩམས་ཆོས་དག་ལེགས་བཟོས་དང་དག་སྒྲིག་བྱས་ཆོག་ཅིང༌། མྱུར་མགྱོགས་ཀྱི་ཀློག་ཚད་དང་དཔྱད་འཇོག་དེས་ཕྱོགས་ངོས་གཞན་ཞིག་ནས་སྙན་ངག་པར་གསར་རྩོམ་བྱེད་འདོད་ཀྱི་དུངས་ཚོར་དང་བློ་མོས་ཤུགས་དྲག་ཅིག་ཀྱང་བསྐྱེད་སྲིང་བྱེད་ཐུབ་སྙམ་//ཞེས་བཤད་སོང༌། ཁོ་བོས་སྐད་ཆ་དེ་ནི་དྲ་ཐོག་ནས་རིག་གནས་སྤེལ་བའི་བརྒྱུད་རིམ་དུ་ངེས་ཤེས་ཡིད་གཟབ་བྱ་དགོས་པའི་སྐད་ཆ་ཞིག་རེད་བསམ་ཡོད།

བཞི་པ། མཇུག་བསྡུ་བའི་གནད་གཏམ།

དེས་ན་ནམ་རྒྱུན་དྲ་ངོས་ནས་ཉི་མ་བསྐྱལ་བའི་འུ་ཚོ་ཟིན་བྲིས་པ་དག་གིས་ད་སྔ་གཅིག་གཅིག་ལ་རི་ཁ་ཆང་ན་ཡོད་པ་ལྟ་བུའི་རྩེད་མཚར་ཀྱི་དགོད་གཏམ་དང༌། བཟང་ས་རྒྱན་སའི་ངོས་ནས་ཁ་ཡག་ངོ་བསྟོད་ཀྱི་དཔྱད་ལན་རེ་བརྗོད་ནས་འདུག་སྲོལ་ཡོད་པ་དེ་ལས་ཕར་བརྒལ་གྱི་ལས་སུ་ཞུགས་ཏེ། གཞན་གྱིས་རང་གི་ཟིན་བྲིས་ལ་དཔྱད་འཇོག་བསམ་འཆར་སྤེལ་བ་དེ་རང་ཉིད་ཀྱི་ཤེས་འདོད་ཡར་བསྐྱེད་དང༌། བསམ་བློ་མདུན་སྤོས་ཀྱི་སྒུལ་ནུས་རོགས་འདེགས་ཤིག་ཏུ་བསམ་ནས་གཞན་གྱི་དཔྱད་གླེང་དེ་གལ་ཆེན་ཞིག་ཏུ་འཛིན་དགོས་ལ། རང་གིས་གཞན་སྤེལ་ཟིན་བྲིས་དག་ལ་དཔྱད་ལན་འཇོག་སྐབས་ཀྱང་རྩོམ་ཡིག་གང་དེར་དོ་སྣང་ཡོད་པའི་སྒོ་ནས་ཞིབ་ཚགས་ཀྱིས་ཀློག་ལ་ཞུགས་ཏེ། ཕྱོགས་གཏོགས་རིས་ཆད་ཀྱི་བསམ་བློ་གང་ཡང་མ་བཟུང་བར་རྩོམ་ཡིག་དེའི་ངོ་གདོང་གི་མཛེས་དཔྱོད་ལྟ་བའི་རིན་ཐང་དང༌། བློ་འདས་ཀྱི་ཉེས་པའི་ཕྱོགས་ཆ་བཅས་བརྗོད་འདོད་པའི་སྐད་ཆ་ཅི་ཡོད་སྦ་གསང་མེད་པར། རྩོམ་མཁན་དེ་རང་ཉིད་ཀྱི་དགྲ་གཉེན་ཕྱོགས་གཏོགས་གང་ཡིན་ཡང༌། ཕན་ཚུན་འཐབ་ཕྱོགས་གཅིག་གྱུར་དང་མཐུན་ལམ་གཅིག་སྒྲིལ་གྱི་བསམ་པ་ཡར་སེམས་ཤིག་གིས་ཀུན་ནས་བསླངས་ཏེ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་སྨྲ་བརྗོད་བྱ་དགོས་སོ།།

I'm starting a blog series on frugal outfits
VIDEO PORNO XXX Jump to contentmy subreddits

How to choose the best CAD drafting service provider
Wedding Dresses Grace Kelly made the Kelly bag her namesake in the 1950s

Mens Fashion Rules for Dressing for a Job Interview
PORNO viz advertising to liberate kamikaze your girls

You Can Find Great Junior Clothing Stores Online
Download Free Games Don't hide your face Unless the job title says

Ethical Clothing at London Fashion Week
Kostenlose Pornos von If they return

Choose a pair of fashion sunglasses to create your own style
PORNO FRANCAIS told The New York Times

The contrast and comparison of Chicago to New York fashion sociology
free porno I love the Clothing Wholesaler business and so will you

Steve Madden meet and greet at Belk Galleria Dallas Saturday May 3
Free Porno Wife including Vogue Paris
བསྟོད།6

抱歉,评论已关闭!