འཇགས་མེད་ཀྱི་ཐལ་མོའི་རྡེབ་སྒྲ།

ཡུས་ཅེ།

ཡུས་ཅེ་ཡིས་བརྩམས། རྫས་ལུང་ཚེ་དར་གྱིས་བསྒྱུར།

ཨ་རིའི་མཁས་པ་ལོར་སི་ནི་དེང་རབས་སྤྱི་ཚོགས་རིག་པའི་སློབ་དཔོན་ཆེན་མོ་ཡིན་ལ། མཆོག་ཏུ་གྱུར་བའི་རང་དབང་རིང་ལུགས་པའི་བསམ་བློ་བ་ཡང་ཡིན། ཁོའི་《དྲང་བདེན་སྨྲ་བ》ཞེས་པས་དེང་རབས་རིག་གཞུང་ལས་རིགས་ཀྱི་བླ་ན་མེད་པའི་གནས་བབས་ལ་གཡོ་མེད་ཀྱི་རྨང་གཞི་ཆེན་པོ་བཏིང་ཡོད། ཀྲུང་གོའི་ཕྱི་འགྲིམ་སློབ་མ་བུའུ་ཡོན་ཧིས་ཀྱིས་ཀྱང་སྔོན་ཆད་ཧཱ་ཧྥོ་སློབ་ཆེན་ནས་ལོར་སིས་སློབ་ཁྲིད་ལ་ཉན་མྱོང་བ་རེད། མོས་《ཧཱ་ཧྥོ་ཟིན་ཐོ》ཞེས་པའི་དཔེ་དེབ་ནང་དུ་སློབ་ཁྲིད་སྐབས་ཀྱི་སྣང་ཚུལ་ཞིག་ཞིབ་བརྗོད་བྱས་པ་སྟེ། ལོར་སིས་ཁྲིད་ནས་གནད་འགག་གི་སྐབས་སུ་ཐོན་སྐབས་གསེར་མདོག་གི་ཉི་འོད་སྒེའུ་ཁུང་ནས་འཕྲོས་པ་དང་སྟབས་ཁེལ་ནས་ཁོའི་ལུས་སྟེང་ན་འོད་ཟེར་བརྒྱ་སྟོང་འཕྲོ་ཞིང་ཁོང་ཉིད་ལྷ་སྐུ་ཞིག་དང་འདྲ་བར་དད་སེམས་འགུག་པ་ཞིག་རེད་ཟེར། འདི་ལྟར་དགེ་རྒན་གྱིས་ཤེས་བྱ་སྩོལ་ཞིང་སློབ་མས་རང་རྒྱུད་ལ་གསོགས་པའི་དགའ་དགའ་སྐྱིད་སྐྱིད་ཀྱི་སྣང་ཚུལ་འདི་ནི་ཡིད་སྨོན་འཆོར་བ་ཞིག་རེད།

སློབ་སྐབས་གཅིག་མཇུག་སྒྲིལ་ལ་ཉེ་དུས། སློབ་དཔོན་ཆེན་མོ་ལོར་སིས་ཆེས་མཇུག་མཐའི་སློབ་ཐུན་དེ་ཁྲིད་ཚར་རྗེས། ངས་སློབ་ཁྲིད་སྐབས་སུ་བརྗོད་པ་ཚང་མ་ནི་ང་རང་ཉིད་ཀྱི་ཕྱོགས་ཞེན་པའི་བསམ་བློ་ཁོ་ན་ཡིན་པས། སློབ་མ་རང་ཉིད་ཀྱིས་དབྱེ་ཞིབ་དང་བསམ་བློ་གཏོང་རྒྱུ་ནི་ངའི་རེ་བ་ཡིན་ཞེས་གསུངས་ཞོར་དུ་ཁྲིད་སྟེགས་ལས་བབས་བྱུང༌། སྐབས་དེར་སློབ་ཁང་ནང་གི་སློབ་མ་ཚང་མས་ཐལ་མོ་ཐག་ཐག་ཏུ་རྡེབ་ནས་གུས་པར་འོས་པའི་དགེ་རྒན་འདི་ཉིད་ལ་བཀའ་དྲིན་ཞུས་བྱུང༌། དགེ་རྒན་ཁོང་ཉིད་མ་གཞི་ནས་ཞི་དུལ་བབ་ཆགས་ཤིག་ཡིན་པས། ཁོང་གིས་མིན་པའི་བརྡ་ལ་ལག་བརྡ་གཏོང་བཞིན་སློབ་ཁང་ལས་ཕེབས་སོང༌། ཁོང་ཉིད་སློབ་ཁང་དང་གྱེས་སོང་ཡང་སློབ་གྲོགས་ཚོའི་ཐལ་མོའི་བརྡེབ་སྒྲ་སྔར་བཞིན་འཇགས་པ་མེད། ནམ་ཟླ་དགུན་ཁར་ཐལ་མོ་བརྡེབ་རྒྱུ་ནི་ཅུང་ཁག་པའི་བྱ་བ་ཞིག་ཡིན་པས། བུའུ་ཡོན་ཧིས་ཀྱི་ལག་ཟུང་འཁྱག་ཅིང་ན་བས། མོས་འགྲམ་གྱི་ཨ་རིའི་སློབ་གྲོགས་དེར་ང་ཚོས་ཐལ་མོ་འདི་དུས་ཅི་ཙམ་ཞིག་ལ་བརྡེབ་དགོས་ཞེས་དྲིས་ཚེ། ཁོས་དགེ་རྒན་ལགས་རྒྱང་རིང་མི་གོ་བའི་ས་ལ་སླེབས་རེག་བར་དུ་བརྡེབ་དགོས་ཟེར།

ཅི་ཞིག་ནི་ཧཱ་ཧྥོ་ཡི་སྙིང་སྟོབས་རེད། འདི་ནི་ཧཱ་ཧྥོ་ཡི་སྙིང་སྟོབས་རེད། ཅི་ཞིག་ནི་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་རེད། འདི་ནི་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་རེད། ཏག་ཏག་ཧཱ་ཧྥོ་སློབ་ཆེན་གྱི་སྡོམ་ཚིག་ནང་དུ་བརྗོད་པ་བཞིན། ཁྱེད་ཉིད་པའོ་ལ་ཐུ་དང་གྲོགས་སྒྲིག་དགོས་ལ། ཁྱེད་ཉིད་ཡ་ལིས་ཧྲི་ཏའོ་ཏུ་དང་གྲོགས་སྒྲིག་དགོས། ལྷག་པར་དུ་ཁྱེད་ཉིད་བདེན་དོན་དང་གྲོགས་སྒྲིག་དགོས་ཞེས་བརྗོད་པ་བཞིན། རིག་གཞུང་ལས་རིགས་ཀྱི་སློབ་དཔོན་དག་གིས་ན་གཞོན་གྱི་སློབ་མ་དག་གི་སྣེ་ཁྲིད་དེ་བདེན་དོན་གྱི་ལམ་ལ་སྙེག་གིན་ཡོད་ལ། སློབ་མ་ཚོ་ཡང་སེམས་གཏིང་ནས་ལམ་དེར་སྙེག་དོན་ནི་བདེན་དོན་ལ་བཀུར་བསྟི་དང་ཡི་རངས་བྱས་པ་རེད། དུས་རྒྱུན་ཧཱ་ཧྥོ་ཡི་སློབ་མ་ཚོ་ང་རྒྱལ་ཅུང་ཆེ་སྟེ། རྒྱུ་མཚན་ནི་ཨ་རི་མེད་པའི་གོང་རོལ་ནས་ཧཱ་ཧྥོ་ཡོད་པ་རེད། ཧཱ་ཧྥོ་ཡི་བསླབ་ཚན་ཁ་ཤས་འཛམ་གླིང་ཧྲིལ་བོའི་ཆེས་སྔོན་མར་སླེབས་ཡོད་པ་རེད། ང་རང་ཧཱ་ཧྥོ་སློབ་ཆེན་དུ་སླེབས་སྐབས། ངོ་མ། འདི་གའི་ན་གཞོན་སློབ་མ་རེ་རེ་ནི་རྒྱ་སྟག་ངར་མ་ཏག་ཏག་འདྲ་བ་མཐོང་བྱུང༌། མི་ལོ་ཉིས་བརྒྱའི་རིང་ལ། ཧཱ་ཧྥོ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དེ་དག་གིས་དངོས་པོའི་འཚོ་བ་དང་བསམ་བློའི་འཚོ་བ་གཉིས་ཀྱི་ཕྱོགས་ནས་ཨ་རིའི་རིག་གནས་ལ་དཔག་པར་དཀའ་བའི་བྱས་རྗེས་བཞག་ཡོད་པ་རེད། གལ་ཏེ། བདེན་དོན་ལ་གཅེས་སྲུང་དང་རིག་གཞུང་ལས་རིགས་ལ་རེ་བཅོལ། སློབ་དཔོན་ལ་གོང་བཀུར་བྱེད་པའི་བསམ་བློའི་སྙིང་སྟོབས་དག་མེད་རྒྱུ་ན། དེ་རིང་གི་ཧཱ་ཧྥོ་དང་དེ་རིང་གི་ཨ་རི་ཡང་ཡོད་མི་སྲིད་དོ།

ངས་སྔོན་ཆད་ཧཱ་ཧྥོ་སློབ་ཆེན་དང་པེ་ཅིན་སློབ་ཆེན་གཉིས་གཤིབ་སྡུརབྱས་པའི་རྩོམ་ཡིག་ཅིག་བྲིས་མྱོང༌། ངས་བསམ་ན། ཧཱ་ཧྥོ་སློབ་ཆེན་དང་པེ་ཅིན་སློབ་ཆེན་གཉིས་ཀྱི་བར་ཁྱད་གཅོ་བོ་ནི་ཀྲུང་གོའི་མཐོ་རིམ་སློབ་གསོ་དང་ཨ་རིའི་མཐོ་རིམ་སློབ་གསོ་གཉིས་རེད་ལ། དེའི་ཤུགས་ནས་མངོན་པ་ནི། ཀྲུང་གོའི་དཔལ་འབྱོར་སྟོབས་ཤུགས་དང་མི་རིགས་སྙིང་སྟོབས་དེ་ཨ་རིའི་དཔལ་འབྱོར་སྟོབས་ཤུགས་དང་མི་རིགས་སྙིང་སྟོབས་ལ་མ་དོ་བ་རེད། ང་ཡང་པེ་ཅིན་སློབ་ཆེན་ནས་སློབ་དཔོན་ཕུལ་བྱུང་ཅན་མང་པོར་འཕྲད་མྱོང་མོད། འོན་ཀྱང༌།བུའུ་ཡོན་ཧིས་ཀྱིས་ཧཱ་ཧྥོ་སློབ་ཆེན་ནས་མྱངས་པའི་“འཇགས་མེད་ཀྱི་ཐལ་སྒྲ་”འདྲ་བ་ནམ་ཡང་མྱོང་མ་ཐུབ། ཀྲུང་གོའི་ནས་འདི་འདྲའི་“འཇགས་མེད་ཀྱི་ཐལ་སྒྲ་”ནམ་ཡང་འབྱུང་དཀའ་བ་འདྲ། ཉེ་སྔོན་ངས་ཀྱང་ ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་ཆེན་པ་དག་གིས་ལོ་ངོ་བརྒྱད་ཅུ་ལྷག་གི་ཡར་སྔོན་གྱི་དུད་སྤྲིན་འཐིབ་པའི་དཀའ་སྡུག་གི་སློབ་མའི་འཚོ་བར་ཕྱིར་དྲན་བྱེད་ཀྱིན་པའི་རྩོམ་ཡིག་རེ་མཐོང་མྱོང༌། དེ་ནི་བདེན་དོན་དང་རང་དབང་ལ་རེ་སྙེག་བྱེད་པའི་ལོ་ཟླ་ཞིག་རེད། སྐབས་དེར་དགེ་རྒན་ཚོའི་ལུས་སེམས་ཡོད་དགུ་སློབ་མ་ཚོར་འབུལ་ལ། སློབ་མ་ཚོས་ཀྱང་བློ་སེམས་རྩེ་གཅིག་གིས་སློབ་གཉེར་བྱེད་པ་རེད། ཁོང་ཚོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་དེང་རབས་སློབ་གསོའི་ལོ་རྒྱུས་ལ་ངོ་མཚར་བའི་བྱས་རྗེས་བཞག་ཡོད་པ་རེད། སློབ་ཆེན་དེའི་མཐར་ཕྱིན་སློབ་མ་ལིས་ཀྲང་མིན་གྱིས་བཤད་རྒྱུར། ༡༩༤༥ལོའི་ཟླ་༡༡པའི་ཚེས་༢༥ཉིན་དེ་གའི་སློབ་ཆེན་པ་དྲུག་སྟོང་ཙམ་དང་སྤྱི་ཚོགས་ལས་རིགས་ཀྱི་མི་སྣ་མང་པོ་སློབ་གྲྭའི་དཔེ་མཛོད་ཁང་གི་མདུན་ཕྱོགས་ཀྱི་“དམངས་གཙོའི་ནེའུ་གསིང་”ནས་འཚོགས་ཤིང༌། སློབ་དཔོན་ཆེན་མོ་འགས་གཏམ་བཤད་གལ་ཆེན་གནང༌། སྐབས་དེར་གོ་མིན་ཏང་གི་དྲག་སྤྲས་དམག་མི་དག་གིས་འཇིགས་སྐུལ་གྱི་རྣམ་པ་རྒྱ་ཆེར་བསྟན་ཏེ་གློག་ལམ་སོགས་བཅད་ཀྱང་སློབ་ཆེན་པ་དག་གིས་སློབ་དཔོན་ཆེན་མོ་དག་གི་གཏམ་བཤད་ལ་ཉན་བཞིན་དགའ་བའི་ཐལ་མོ་རྡེབ་བཞིན་འདུག

འོན་ཀྱང༌། དེ་རིང་གི་པེ་ཅིན་སློབ་ཆེན་ན་འདི་འདྲའི་ཐལ་སྒྲ་ནི་རི་བོང་གི་རྭ་ལྟར་རེད། དེ་རིང་གི་པེ་ཅིན་སློབ་ཆེན་ནི་ཉིན་རྒྱུན་རྒྱུ་ནོར་དང་དབང་ཐང་གི་དྲ་རྒྱའི་ནང་ན་མགོ་འཐོམ་འདུག བླ་ན་མེད་པའི་རིག་གནས་སློབ་ཁང་དེ་ཁེ་གྲགས་གཉེར་སའི་གནས་ཞིག་ཏུ་བསྒྱུར་འདུག དགེ་རྒན་གཅིག་པུའི་ཕྱོགས་ནས་གླེང་ན། རིག་གནས་ཡོན་ཚད་ཀྱི་བར་ཁྱད་མ་ཟད། ལས་བཀུར་འདུ་ཤེས་དང་མི་སྐྱོང་རྣམ་འགྱུར་སྟེང་ནས་ཀྱང་པེ་ཅིན་སློབ་ཆེན་དང་ཧཱ་ཧྥོ་སློབ་ཆེན་གཉིས་ནི་སྡུརཐབས་མེད་པའི་གཞི་གཉིས་རེད། པེ་ཅིན་སློབ་ཆེན་གྱི་མིང་གྲགས་ཅན་གྱི་སློབ་དཔོན་ཆེན་མོ་མང་ཆེ་བས་སྡོད་ཁང་ལེགས་པོ་ཞིག་ལ་སྤར་རྒྱུ་དང༌། དེ་བཞིན་སྲིད་གྲོས་ཀྱི་རྒྱུན་ལས་དང་དམངས་ཆེན་འཐུས་མི་ཞིག་བྱེད་རྒྱུ་སོགས་ཀྱི་ཁེ་ཕན་དང་སྙན་གྲགས་ཁོ་ན་དག་གི་དོན་དུ་འདུར་བཞིན་འདུག ད་དུང་ན་གཞོན་དགེ་རྒན་དེ་དག་གིས་དཔྱད་རྩོམ་རེ་དང་དཔེ་ཆ་རེ་འཕུད་ཅི་ཐུབ་ཀྱིས་དེ་དག་སློབ་དེབ་ཏུ་བསྒྱུར་བ་དང་རྒྱལ་ཁབ་ཀྱི་ཞིབ་འཇུག་ཐེབས་རྩ་ཚོགས་པར་ཞུགས་ཅི་ཐུབ་སོགས་དེ་ཡང་རང་གི་ལས་ཐོབ་དང་ཁེ་གྲགས་སོགས་ཀྱི་དོན་དུ་ཁོམ་ཀིན་མི་འདུག དགེ་རྒན་མང་ཆེ་བ་ནི་སློབ་ཁྲིད་ལ་མགོ་ན་བཞིན་ཡོད་དེ། ལྷག་པར་དུ་དངོས་གཞིའི་སློབ་ཁྲིད་སོགས་ལ་སློབ་དཔོན་ཆེན་མོ་དག་གིས་དུས་རྒྱུན་དོན་གཞན་ལ་ཁ་གཡར་ཏེ་སློབ་ཁྲིད་ལ་མི་ཐོན་པ་ནི་རྒྱུན་ལྡན་དུ་གྱུར་ཡོད་ལ། ན་གཞོན་དགེ་རྒན་ཚོས་ཀྱང་སློབ་ཁྲིད་སྐབས་སུ་བརྡ་འཕྲིན་ཡོ་བྱད་ཀྱི་སྒོ་ཕྱེས་ནས་སློབ་ཁྲིད་ཀྱི་བར་མཚམས་སུ་ཅི་ཞིག་གི་འབོད་པ་ཐོན་པ་བཞིན་སྒོར་བུད་འགྲོ་བ་སོགས་ཀྱི་སྐྱུག་བྲོ་བའི་རྣམ་པ་ཉིན་ཉིན་དུ་ཡོད་པས། དགེ་སློབ་བར་ན་བརྩེ་དུངས་དང་སེམས་གཏིང་གི་ཁ་བརྡ་མེད་པར། སློབ་ཁྲིད་གྲོལ་རྗེས་སློབ་མ་ཚོ་ཆ་མེད་ཀྱི་མི་བཞིན་ལོགས་སུ་བསྐྱུར་འགྲོ་བ་རེད། འདི་དང་འདི་ལྟ་བུའི་དགེ་རྒན་ཞིག་ལ་སློབ་མའི་“འཇགས་མེད་ཀྱི་ཐལ་སྒྲ་”ཞིག་ཐོབ་སྲིད་དམ།

ཡང་སློབ་མའི་ཕྱོགས་ནས་བརྗོད་ན། ང་ཚོའི་སློབ་ཆེན་དག་གི་ནང་ནའང་ཧཱ་ཧྥོ་ལྟ་བུའི་རིག་གཞུང་ལ་མཐོང་ཆེན་དང་སློབ་དཔོན་ལ་བཀུར་བསྟི་བྱེད་པའི་ན་གཞོན་སློབ་མ་མང་པོ་ཡོད་པ་རེད། འོན་ཀྱང་དེ་རིང་གི་སློབ་ཆེན་པ་དག་ལ་བལྟས་ན། དངོས་ཕན་རིང་ལུགས་སམ་ཁེ་ཕན་རིང་ལུགས་ཀྱི་རྣམ་པས་སློབ་ཆེན་གྱི་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་འདུག ཁོ་ཚོའི་སྣང་ངོར་སློབ་ཆེན་ནི་ཆེད་ལས་ཟབ་སྦྱོང་བྱས་པ་ཙམ་ཡིན་འདུག ཕྱི་ངོས་ནས་ཁོ་ཚོས་སློབ་ཆེན་འགྲིམ་ཚར་ལ་ཤེས་ཡོན་འབྱོར་ཡོད་པ། ནུས་པ་ལྡན་པ། མི་ཆོས་ཤེས་པ་ཞིག་ཏུ་གྱུར་ཡོད་པ་འདྲ་ཡང༌། དོན་དངོས་སུ་ཁོ་ཚོའི་མི་གཤིས་དང་རྣམ་རིག་མཐོར་འདེགས་ཕྱོགས་ན་བར་ཐག་སྟོང་གིས་ཆོད་པས། ལས་གནས་འཚོལ་སྐབས་སུ་གྲགས་ཅན་སློབ་གྲྭའི་ཐོབ་ཐང་ནི་རྩེད་ཆས་ཤིག་ལས་མ་འདས། ཧཱ་ཧྥོ་སློབ་ཆེན་གྱི་སློབ་མ་ཚོས་བཤད་རྒྱུར། མིས་རང་བྱུང་གི་ཕ་ཡུལ་ཞིག་འཚོལ་དཀའ་ཡང༌། སེམས་ཁོང་གི་ཕ་ཡུལ་རེ་འཚོལ་ཆོག་ཆོག་ཡིན་ཟེར། དེ་བས་ཧཱ་ཧྥོ་ནི་ཁོ་ཚོའི་སེམས་ཁོང་གི་ཕ་ཡུལ་ཡིན་འདུག ཁོ་ཚོ་མ་ཡུལ་སློབ་གྲྭ་ནས་མཐར་ཕྱིན་རུང་ཁོ་ཚོའི་སེམས་པ་ནམ་ཡང་མ་ཡུམ་སློབ་གྲྭ་ན་ཡོད། འདི་དང་ལྟོས་བཅོས་ཀྱིས་བསྡུར་ན། ཀྲུང་གོའི་སློབ་ཆེན་པས་རང་གི་མ་ཡུམ་སློབ་གྲྭ་ཉིད་“སེམས་ཁོང་གི་ཕ་ཡུལ་”དུ་འདོད་མཁན་མེད་ལ། སློབ་གྲྭ་ན་ཡང་ཁོ་ཚོར་སེམས་ཐོགས་སའི་དངོས་པོ་རྩ་ཆེན་ཞིག་མེད་པ་འདྲ།

ནམ་ཞིག་ལ། ང་ཚོའི་སློབ་ཆེན་གྱི་སློབ་ཁང་དག་ནས་“འཇགས་མེད་ཀྱི་ཐལ་སྒྲ་”ཞིག་གྲགས་ཡོང་ངམ།

ཐོག་མར། ལྷག་བསམ་རྣམ་དག་གིས་ཐལ་མོ་རྡེབ་པའི་སློབ་མའི་དཔུང་སྡེ་ཞིག་དགོས་ལ། ད་དུང་ཐལ་སྒྲ་དེ་མྱོང་རོལ་ཐུབ་པའི་བསོད་ནམས་ཅན་གྱི་སློབ་དཔོན་ཆེན་མོ་ཞིག་ཀྱང་དགོས་ཨང༌།།

How to Pick a Stomach Flattering Bikini
VIDEO PORNO XXX I didn't see this particularly attractive

The Evolution Of The Designer Tie
Bridesmaid Dresses and mass production

Trends that will give you a cool and hip look
PORNO seasoned clothing fashion quality perfect for potlucks and consequently picnics

Hamill for Final Clone Wars
Download Free Games mannequin trends and more

The Best Underwear for Golf
Kostenlose Pornos von sharing the stage with New York

The 2013 Ultimate Fashion Xperience is back
Pornofilme They have over 40 different majors relating to fashion

How NOT to shop at discount retail stores I
Tube XXX presented with graphic designer designer watches

Chicago Marathon Results on 10
Darmowe Porno How To Make Your Own Fingerless Gloves
བསྟོད།9

抱歉,评论已关闭!