སྐུ་ཞབས་གྷེ་ནར་ལགས་ཀྱི་མིག་ལམ་གྱི་རྒྱ་ནག

དགུ་རོང་སྤུན་གྲོལ།

ཁ་སང་གཟའ་པ་སངས་ཉིན་ཨ་རིའི་ནུའུ་ཡོག་ཁུ་དུས་བབ་དྲ་བའི་སྟེང་རླུང་འཚུབ་ནག་པོ་ཞིག་འཐིབ་ཡོད་པ་དེ་ཨ་རིའི་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་གྷེ་ནར་ལགས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་ཀྱི་སྐད་ཆ་སྟེ〝རྒྱ་ནག་ནི་ཨ་རིའི་དཔལ་འབྱོར་བསྐྱར་གསོན་གྱི་བཀག་རྡོ་རེད〞ཅེས་པ་དེ་རེད། དེ་རིང་ཡང་ནུའུ་ཡོག་ཁུ་དུས་བབ་རྩོམ་སྒྲིག་པས〝སྐུ་ཞབས་གྷེ་ནར་དང་རྒྱ་ནག〞ཅེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ་རྒྱ་ནག་གི་དངུལ་ལོར་བཅོས་བསྒྱུར་སྐོར་གླེང་འདུག སྐུ་ཞབས་གྷེ་ནར་གྱིས་ད་ལྟ་ཨ་རིའི་ནང་ལས་ཤོར་གྱི་དཀའ་ངལ་ཉིན་རེ་ལས་ཤུགས་ཆེ་རུ་འགྱུར་གྱིན་པའི་སྣང་ཚུལ་གཞིར་བཞག་ནས་ཨོ་བྷ་མ་འཛིན་སྐྱོང་ལྟེ་གནས་ཀྱི་གོ་བསྐོན་བློ་འགུག་གི་ཐབས་ཇུས་དང་རྒྱ་ནག་དང་མཉམ་དུ་ཞི་མོལ་བྱེད་འདོད་ཀྱི་ཀུན་སློང་ལ་དགག་བརྒྱག་ཚ་ནན་བྱས་ཡོད་ཀི ཁོང་གིས་བསྟན་དོན་སྤྱི་ཟླ་བརྒྱད་པའི་ནང་ལ་ཨ་རིའི་ལས་བཟོ་བ་54,000ཡིས་ལས་ཀ་ཤོར་ནས་དེའི་འཕེལ་ཚད་9.6%སླེབས་ཡོད་པ་དང་། ཟླ་བདུན་པ་དང་བསྡུར་ན1.2 ལས་འཕར་ཐོན་བྱུང་ཡོད་ཚུལ་དང་ཟླ་དགུ་བའི་ནང་ལ་དེ་ལས་ཚད་ཇེ་མཐོར་འགྲོ་རྒྱུ་ཡིན་པས་ཨ་བྷ་མ་འཛིན་སྐྱོང་གིས་ཨ་རིའི་ཁྲོམ་རར་རྒྱ་ནག་གིས་རིན་གོང་དམའ་བོའི་ཚོང་རྫས་ཀྱི་ཁྱབ་བཞིན་པའི་སྣང་ཚུལ་འདི་ལ་ཅིའི་ཕྱིར་ཁ་ཡ་མི་བྱེད་པ་རེད་ཅེས་པའི་བསྒྲགས་གཏམ་ཚ་བོ་སྤེལ་འདུག ནུའུ་ཡོག་ཁུ་དུས་བབ་དྲ་བའི་རྩོམ་སྒྲིག་པས་ཀྱང་ང་ཚོས་རྒྱ་ནག་གི་གོ་ལྷམ་གྱོན་ནས་བསྡད་ཚེ་གཏན་ནས་འུ་ཚོའི་དཔལ་འབྱོར་བསྐྱར་གསོན་འབྱུང་མི་ཐུབ་པའི་ལྟ་ཚུལ་བསྒྲགས་འདུག རེད་དེ་ཨ་རིའི་སྐབས་དོན་དཔྱད་བརྗོད་པ་སྐུ་ཞབས་འཇོན་ལགས་ཀྱིས་གོང་དུ་བསྟན་པའི་ཨ་རིའི་ཨིན་ཏུ་ཡ་ནའི་རུས་རྒྱུད་དུ་གཏོགས་པའི་ལས་ཤོར་བ་54,000དེ་ཚོའི་མང་ཆེ་བས་སྔོན་རྩིས་གཏོང་ཡོང་གི་མ་དངུལ་འཇོག་མཁན་དང་གླ་གཏོང་རླངས་འཁོར་ བསྐོར་མཁན་ཡིན་པ་དང་།ཨ་རིའི་རླངས་འཁོར་བཟོ་སྐྲུན་ཁང་གིས་སྐར་ཆ་གཅིག་གི་ཡུན་ལ་རླངས་འཁོར་རེར་ཐོན་སྐྱེད་བྱེད་ཀྱིན་ཡོད་པ་དེས་གླ་གཏོང་རླངས་འཁོར་གྱི་ཡོང་འབབ་ལ་ཐད་ཀར་དུ་གནོན་ཀྱིན་ཡོད་པའི་ལྟ་ཚུལ་བརྗོད་འདུག དེ་ལྟར་གླེང་བཞིན་པའི་སྐད་ཆའི་ཤུགས་དང་ཕག་ན་རྒྱ་ནག་ནང་ལ་ཇི་ལྟར་རྙོག་དྲ་སློང་དགོས་པ་དང་། དེ་ནས་རྒྱ་ནག་ལ་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་བརྩི་སྲུང་བྱེད་དུ་མཇུག་དགོས་པའི་གཏམ་དམར་ལྡིང་མ་དེ་ཡུན་གྱིས་ཐོན་གྱིན་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གི་ཚོང་རྫས་ཀྱི་རིན་གོང་དམའ་དྲག་པས་ཁོའི་ཚོང་རྫས་ཕྱིར་གཏོང་བྱས་པའི་ཡོང་འབབ་ཀྱི་གྲངས་ཚད་ཧ་ཅང་མྱུར་པ་དང་ཨ་རིའི་ཁྲོམ་རར་ཚོང་རྫས་ཁྱབ་ཤུགས་ཆེ་རུ་ཕྱིན་ཡོད་པས་ཨ་རིའི་བཟོ་ གྲྭས་ཐོན་སྐྱེད་བྱས་པའི་དངོས་པོའི་སྤུས་ཀ་བཟང་ཡང་གོང་ཚད་རྒྱ་ནག་གི་ཚོང་རྫས་ལས་མཐོ་སོང་བས་ཁོ་ཚོའི་བཟོ་གྲྭའི་ནང་ནས་ལས་ཀ་ཤོར་བའི་དཀའ་ངལ་འབྱུང་གིན་ཡོད་པ་རེད། དེའི་འགག་གནད་དེ་ཡང་རྒྱལ་ཁབ་གཉིས་ཀྱི་དངུལ་ལོར་ལ་མཛའ་ཐང་ཆེ་ཆུང་ཤོར་ཡོད་སྟབས་ཚོང་རྫས་གཅིག་པ་ཡིན་ཀྱང་རྒྱ་ནག་གི་དངུལ་ལོར་ཨ་སྒོར་ལ་བརྩིས་བརྒྱབ་སྟེ་ཚོང་རྫས་ཕྱིར་གཏོང་བྱེད་ཀྱིན་ཡོད་པ་རེད། དེས་ན་ཨ་རིས་ཀྱང་དུག་གི་རྩ་བ་འཇོམས་བྱེད་ཀྱི་སྨན་ཞིག་འཚོལ་དགོས་བྱུང་སྟེ་རྒྱལ་སྤྱིའི་ཚོང་དོན་བསྒྲིགས་འཛུགས་ལྟར་རྒྱ་ནག་གི་དངུལ་ལོར་བཅོས་བསྒྱུར་གཏོང་ཚུལ་གླེང་དགོས་བྱུང་། དེ་བས་སྤྱི་ཟླ་བརྒྱད་པའི་ནང་ལ་ཆེད་དུ་པེ་ཅིན་དུ་འཛོམས་ནས་རྒྱ་ནག་གི་དངུལ་ལོར་བཅོས་བསྒྱུར་གཏོང་བའི་གྲོས་མོལ་བྱསཏེ་མཐར་རྒྱ་ནག་ཕྱོགས་ནས་ཀྱང་དང་ལེན་བྱས་ཡོད། ཡིན་ནའང་དངུལ་ལོར་བཅོས་བསྒྱུར་གྱི་དུས་ཚོད་གཏན་འབེབ་མ་གནང་བས་རྒྱ་ནག་གིས་མ་ཤེས་མ་མཐོང་གིས་དེ་ལྟར་བསྐྱུར་བཞག་པ་རེད། དུས་མཚུངས་སུ་རྒྱ་ནག་གིས་འཛམ་གླིང་དཔལ་འབྱོར་གྱི་ཨང་རིམ་གཉིས་པ་ཟིན་པས་ཨ་རི་ལ་བྲེལ་བ་ཚ་བོ་ལངས་ཏེ། ཐད་ཀར་འཐབ་འཛིང་བྱ་རྒྱུའི་འཆར་བཀོད་བཟོས་ནས་རྒྱ་ནག་གི་རྒྱལ་མཚམས་ཀྱི་ལྷོ་བྱང་གཉིས་ནས་འཇིགས་སྐུལ་གྱི་དམག་སྦྱོང་བྱས་ཀྱང་། རྒྱ་ནག་ལ་མཚོན་ན་ད་ལྟའི་དུས་རབས་འདི་བར་བརྒལ་གྱི་དུས་རབས་ཤིག་ཡིན་སྟབས་བཟོད་སྒོམ་ཇི་ལྟར་བྱས་ན་དེ་ལྟར་ལེགས་པའི་ངེས་ཤེས་རྙེད། དེའི་རྒྱུ་མཚན་ནི་རྒྱ་ནག་གིས་ཨ་རིའི་དམིགས་འབེན་གསལ་བོར་རྟོགས་ཡོད་པས་སོ།།
དེ་སྔོན་གྱི་ཨ་རིའི་འཇིགས་སྐུལ་དམག་སྦྱོང་ལ་དམིགས་འབེན་གཙོ་བོ་གཉིས་ཡོད་པར་སྣང་། གཅིག་ནི། རྒྱ་ནག་ནི་མི་རྒྱུད་མི་གཅིག་པའི་མི་རིགས་འདྲ་མིན་འདུས་འདུས་བསྡོད་བྱས་པའི་རྒྱ་ཁབ་ཅིག་ཡིན་པས་ཐད་ཀར་དུ་འཐབ་འཛིང་བྱས་ཚེ་ནང་ཁུལ་ནས་རྙོག་དྲ་ལངས་ཏེ་ཁོའི་དམག་དོན་གྱི་སྟོབས་ཤུགས་ཞན་དུ་འགྲོ་རྒྱུ་ཡིན་པ་དང་། གལ་ཏེ་ཨ་ཧྥི་ཧན་ལྟ་བུར་ལོ་དགུའི་རིང་ལ་འཐབ་འཛིང་བྱས་ན་ཨ་རི་ངེས་པར་དུ་རྒྱ་ནག་ཉེ་འཁྲིས་སུ་བཅར་དགོས་པས། ན་ནིང་ཐེ་བཱན་ལ་གོ་མཚོན་བཙོང་བ་དེའི་དམིགས་ཡུལ་ནི་གལ་ཏེ་རྒྱ་ནག་དང་མཉམ་དུ་འཐབ་འཛིང་བྱ་དགོས་ཚེ་ཐེ་བཱན་གྱི་མཚོ་འགག་ནས་རྒྱ་ནག་ལ་རྒོལ་ལེན་སྤྲོད་རྒྱུ་དེ་ཡིན་པ་རེད། ད་ལྟརྒྱ་ནག་གིས་ཐེ་བཱན་ལ་དགའ་དགའ་དུངས་དུངས་བྱེད་པའི་དམིགས་ཡུལ་གཙོ་བོ་ཡང་མཚོ་འགག་དེ་ཡིན་པ་རེད། རྒྱ་མཚན་ནི་མཚོ་འགག་དེ་བརྒྱུད་ནས་རྒྱ་ནག་གི་ཚོང་རྫས་ཕྱིར་གཏོང་བྱེད་དགོས་པས་དངོས་ཁྲལ་འབོར་ཆེན་ཐེ་བཱན་ལ་སྤྲོད་དང་སྤྲོད་ཀྱིན་ཡོད་པ་རེད། གལ་ཏེ་ཨ་རིས་མཚོ་འགག་དེ་ཕར་རྒོལ་གྱི་ལྟེ་གནས་སུ་བསྒྱུར་བ་ཡིན་ན་རྒྱ་ནག་གི་ཚོང་རྫས་ཕྱིར་གཏོང་དེ་རང་བཞིན་གྱིས་ཁེགས་སོང་མ་ཡིན་ནམ། དེ་ལྟར་གྱུར་ཚེ་རྒྱ་ནག་གི་སྟོབས་ཤུགས་ཉིན་རེ་ལས་ཞན་དུ་འགྲོ་རྒྱུ་ཡིན་པའི་ངེས་ཤེས་དེ་ཨ་རིའི་གྲོས་ཚོགས་ལ་སྔ་ས་ནས་ཡོད་པ་ཞིག་རེད། དེ་བས་ཨ་རིས་ཁ་གཡོར་ས་དེ་དངུལ་ལོར་བཅོས་བསྒྱུར་བྱེད་ཀི་ཡོད་ཀྱང་དོན་ངོ་མའི་སྟེང་ནས་བཤད་ན་རེག་དུག་རྩ་བ་ནས་འཇོམས་པར་དམིགས་ཡོད་པ་རེད།དེ་ལྟ་བའི་དམིགས་འབེན་དེ་རྒྱ་ནག་གིས་སྔ་ས་ནས་ཧ་གོ་ཡོད་པས་ཨ་རིས་ཇི་ལྟར་བཤད་ཀྱང་དུས་ཚོད་མནར་འགྱངས་བྱེད་པ་ལས་ཐབས་ཟད་པར་གྱུར། དེས་ན་ཨ་མེ་རི་ཁས་མིག་གིས་བལྟས་བལྟས་ལ་ཁོ་ཚོ་དུང་ནང་དུ་མཆོང་དུ་འཇུག་རྒྱུ་ཡིན་ནམ། ཡང་ན་རྒྱ་ནག་གིས་དངུལ་ལོར་ངེས་པར་བཅོས་བསྒྱུར་བྱེད་དུ་འཇུག་རྒྱུ་ཡིན་ནམ་ཟེར་ན་ཁོ་བོ་ནི་ཕྱི་མ་དེ་ལ་འཐད་པ་ཡོད། གཉིས་ནི། རྒྱལ་སྤྱིའི་སྟེང་གི་རྒྱ་ནག་གི་གོ་གནས་མར་ལྷུང་དུ་འཇུག་རྒྱུ་དེ་ཡིན་པ་རེད། དེར་བརྟེན་ཨ་རིས་ཟླ་བརྒྱད་པའི་ནང་ལ་སྤྱིར་རྒྱ་ནག་གི་དངུལ་ལོར་གྱི་མཛའ་ཐང་དེ་ཨ་རིའི་དངུལ་ལོར་དང་དོ་མཉམ་བྱེད་དགོས་པ་དང་ཡིན་ནའང་ཁྱེད་ཚོ་དེ་ལ་འདོད་པ་མེད་ཚེ་ཨ་སྒོར་གཅིག་ལ་རྒྱ་སྒོར་ཉི་ཤུའི་མཛའ་ཐང་དུ་བསྒྱུར་དགོས་པར་བརྗོད། ཡིན་ནའང་ཁ་སང་དེ་རིང་ཨ་རི་བ་ཚོས་རྒྱ་སྒོར་དེ་ཨ་སྒོར་ལས་བརྒྱ་ཆ་གཉིས་ཀྱིས་འཕར་དགོས་ཚུལ་རྗོད་ཀྱིན་འདུག གལ་ཏེ་དེ་ལྟར་གྱུར་ཚེ་རྒྱ་ནག་ཏུ་རྙོག་འཛིང་གི་འགྱུར་བ་ཆེན་པོ་ཞིག་འབྱུང་དུ་ངེས། རྒྱུ་མཚན་ནི་རྒྱ་་ནག་གི་མི་གྲངས་མང་ཤོས་དེ་ཞིང་བ་ཡིན་པས་སོ།། འུ་ཅག་བོད་ལ་མཚོན་ནའང་ད་ལྟ་དངུལ་ལོར་གྱི་མཛའ་ཐང་དམའ་བའི་སྐབས་སུ་ཡོངས་འབབ་འཚོལ་དཀའ་བའི་གནས་སུ་གྱུར་ཡོད་པ་དང་། གལ་ཏེ་དངུལ་ལོར་གྱི་མཛའ་ཐང་མཐོ་རུ་ཕྱིན་ཚེ་སྒོར་མོ་ཧ་ཅང་འཚོལ་དཀའ་རྒྱུ་ཡིན་པས། སྐབས་དེ་དུས་འུ་ཅག་གི་ལས་རྒྱུ་འབྲས་ཟེར་བ་དང་བྱམས་སྙིང་རྗེ་ཟེར་བ་དག་ནི་ཁ་ཡི་རླངས་པ་ཁོ་ནར་འགྱུར་ངེས་ཡིན་པ་རེད། གལ་ཏེ་དངུལ་ལོར་གྱི་མཛའ་ཐང་མར་ལྷུང་བ་ཡིན་ནའང་འུ་ཅག་མགོ་གཡོག་མགོ་བསྐོར་གྱིས་མེ་སེར་དཀྱུས་མ་ལ་བཟོད་དཀའ་བའི་ན་ཟུག་འའབྱུང་དུ་ངེས་པས་འུ་ཅག་རྟོགས་པ་ནང་ནས་སད་དགོས་པ་ནི་ཧ་ཅང་གལ་ཆེན་དུ་འདོད།

འུ་ཅག་གི་ཡོངས་འབབ་གཙོ་བོ་དབྱར་རྩྭ་དགུན་འབུ་ཞེས་པ་དེ་ཡང་གློ་བུར་དུ་རིན་གོང་མར་ལྷུང་དུ་ངེས། གང་ལྟར་དབྱར་རྩྭ་དགུན་འབུ་ཞེས་པ་དེ་སྔ་ཕྱི་ཙམ་མ་གཏོགས་རིན་གོང་མར་ཆགས་རྒྱུ་ཡིན་པ་གཏན་ཁེལ་རེད།དེས་ན་འུ་ཚོས་ཀྱང་དུས་དང་མཐུན་པའི་དཔལ་འབྱོར་འཚོལ་སྒྲུབ་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པར་སེམས་ཤིང་། གང་ལྟར་ཨ་རི་དང་རྒྱ་ནག་བར་མི་འགྱངས་འགྱུར་བ་ཞིག་འབྱུང་དུ་ངེས་སོ།།

2010/9/18/ཉིན་བྲིས།

150 King Ranch SuperCrew 4X4
PORNO Apple store can be found at this location

El mejor estilo de zapatos de tac
Gowns Online Shop spread melted butter on right half of top sheet

MORE Food That Looks Like Dicks
PORNO my own mode inspirations

Strap attacks are workplace no
Download Free Games Free Wi fi in all rooms

Anna Wintour Costume Center opens at the Met
Kostenlose Pornos von Performance over the last quarter at 40

A Food Storage Calculator Can Be A Lifesaver
Pornofilme consumer marketing include

Paying Cash for Primary Residence
Tube XXX The jewelry is color coordinated for easy reviewing

How To Become A Jewelry Buyer
Filme Porno The motivation is simply
བསྟོད།8

抱歉,评论已关闭!