ཆང་ཁང་རེག་ཟིག

འཇམ་དཔལ་རྡོ་རྗེ།

ཁ་སང་དགོང་མོ། རྒྱ་ནག་གི་གྲོང་ཁྱེར་ལན་གྲུའི་གཡག་རྒན་(雅阁)ཆང་ཁང་དུ་ནུབ་བྱང་གི་སློབ་གྲོགས་འགའ་འཛོམས་ཡོང༌། འཛོམས་ནས་ཅུང་མ་འགྱངས་པར་ང་ཚོས་གཅིག་གྱུར་གྱིས་ཇ་འཐུང་བ་ལས་ཆང་མི་འཐུང་བའི་གྲོས་འཆམ་བྱུང༌། ཆང་ལ་དགའ་མཁན་ཚོས་ཀྱང་ཀུན་གྱི་མདུན་ནས་རྫི་མདོག་གིས་ཇ་འཐུང་ཁུལ་བྱས་པས། ཇ་ནི་འདྲ་མཉམ་མཚོན་བྱེད་ཀྱི་བསྡུས་གཟུགས་ཤིག་ཏུ་གྱུར་ཅིང༌། ང་ཚོའི་གྲས་སུ་“བདུད་རྩི་ཆང་གི་རོ་མྱོང་བྱ་མཁན་ཆེན་མོ་”ཞིག་ཀྱང་མི་འདུག་ལ། ཆང་འཐུང་བའི་དུས་ཀྱི་ཚོས་མདངས་བཀྲག་པའི་སེམས་ཁམས་དང་བདུད་རྩི་ཆང་གི་རོ་མཆོག་ཉིད་ལས་སྐྱིད་པོ་ལྷའི་ལོངས་སྤྱོད་ལ་རོལ་མཁན་གཅིག་ཀྱང་མི་འདུག གལ་ཏེ་ཇ་འཐུང་མཁན་རྣམས་འབོལ་རྩོམ་འབྲི་མཁན་དང་ཆང་འཐུང་མཁན་རྣམས་བརྩམས་སྒྲུང་ངམ་སྙན་ངག་འབྲི་མཁན་གྱི་རིགས་ཡིན་ན། མི་རེའི་ངག་ལ་གྱེར་བའི་གླུ་གཞས་ཁྲོད་དུ་ཆང་གི་གསང་རྒྱ་གཏོར་མཁན་གཅིག་ཀྱང་མི་འདུག ང་རང་ཆང་ལྷའི་བྱ་འགུལ་ཁྲོད་དུ་བཞུགས་རྒྱུར་དགའ་ཞིང༌། དཔའ་རྟུལ་གྱི་ཁེངས་དྲེགས་ཀྱིས་ཟིན་པའི་ཆང་ལས་རང་ཉིད་ར་བཟི་བར་གཏོང་རྒྱུར་དེ་ལས་དགའ་ནའང༌། བཟི་སྣང་སྟེར་བྱེད་དུ་བབས་པའི་ཇ་ལོའི་ཁུ་བས་ཤེལ་ཕོར་འགེངས་ནས་ཕྱིར་འཛར། འདི་ལས་ང་ཚོ་སུ་ཞིག་གི་ཉམས་སྣང་ལ་ལད་ཟློས་བྱས་ཏེ་སྐད་ཆའི་མཆིལ་མ་འགའ་རུལ་སུངས་གཏེ་བོ་གང་གི་གདོང་ལ་འཕེན་དགོས།

ཕན་ཚུན་ངོ་ཤེས་ཤིང་མི་ཤེས་པའི་གྲོགས་པོ་རྣམས་ཀྱིས་ངོ་སྤྲོད་བརྒྱུད་གཏམ་གླེང་གི་མགོ་བརྩམས།ཤཀྱའི་རིགས་གནས་དང་ནང་ཆོས་ཀྱི་དགོངས་པ།སྤྱི་ཚོགས་དགག་སྒྲུབ་སོགས་གོ་ལོབས་སུ་གྱུར་བའི་བརྡ་ཆད་དག་ཡང་བསྐྱར་གླེང་ཞིང༌།ཞོར་དུ་གནའ་བོ་སོའུ་ཁུ་རཱ་ཐེ་ཡབ་སྲས་གསུམ་དང་རང་ཅག་གི་སྟོན་པ་རིན་པོ་ཆེ། རྒྱ་ནག་གི་ཁུང་ཙི་སོགས་གཟིམ་ཁྲི་ལས་བསླངས་ཤིང༌། ཆང་ཁང་འདིར་བག་མ་ལྟར་བསུས། ཟབ་རྒྱ་ཆེ་ཞིང་དོན་རྟོགས་དཀའ་བའི་གདམས་ངག་ཅིག་གིས་ངེད་ཅག་བློ་དམན་དག་ངག་ལྐུག་པར་བཏང་ཞིང༌།ཡིད་མུག་ཁྲོད་དུ་ཁྲིད། སྟེས་དབང་གིས་གླེང་ཕྱོགས་གཞན་ཞིག་ཏུ་འགྱུར་ཏེ་བོད་རིགས་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་སྐོར་གྱི་ལབ་གླེང་བྱས། བོད་མི་རེ་གཉིས་ཀྱིས་ཕྱི་གླིང་གི་མོ་དབང་རིང་ལུགས་ཀྱི་དགོངས་པར་ལད་ཟློས་བྱས་ཏེ། མོ་དབང་རྩོད་ལེན་དགོས་མིན་གྱི་གཏམ་བཤད་བྱས་ཤིང༌། ཕྱི་ཕྱོགས་མཁས་པའི་ལྟ་དགོངས་སྒྲུབ་བྱེད་དུ་བཀོད་པའི་སྐོར་ལ་དོགས་གཞི་བཏོན། ང་ཚོའི་བོད་ཀྱི་བུད་མེད་ཚོའི་ལས་དབང་གི་ཐོབ་ཐང་ལ་བསམ་གཞིགས་གཏོང་པའི་ལས་ཀྱང་རྩ་བ་རྒྱས་ཤིང་ཡན་ག་ཐོགས་པའི་དུས་ཤིག་ཏུ་འགྱུར་བའི་རེ་བ་ཡོད་ཀྱང་སྲིད། དོན་ངོ་མར་བོད་རིགས་བུད་མེད་ཀྱི་ལས་དབང་བསམ་ཞིང་རྟོག་མཁན་ཞིག་གིས། འབྲོག་ཁྱིམ་ཞིག་ན་མཚན་མོ་ཁེར་རྐྱང་དུ་འདུག་རོགས་སྒྱེད་པུ་གཅིགཔོ་ཡིན་པའི་བུད་མེད་ཞིག་ལ་མཐར་ཐུག་གི་ཁེ་དབང་ཅི་ལྟ་བུ་ཡོད་པ་སེམས་རྒྱུ་དེ་རེད། སྐབས་དེར་ཁོ་མོས་མ་འོངས་པའི་འཚོ་བ་ཅི་ལྟར་རོལ་རྒྱུ་གཙོ་བོ་མིན་པར། སྐབས་དེའི་ཁེར་རྐྱང་གི་སུན་སྣང་དང་འཇིགས་སྐྲག་གི་སྡུག་བསྔལ་ཁྲོད་དུ་རང་ཉིད་ཇི་ལྟར་བདེ་ཐང་དང་འོད་སྣང་ཅན་དུ་བསྐྲུན་པར་རྟོག་འཇུག་བྱ་རྒྱུ་དེ་རེད། བུད་མེད་ཀྱིས་ཐོག་མར་རང་ཉིད་ཀྱི་མི་གཤིས་ལ་གོ་བ་ཡག་པོ་ཞིག་ལོན་ཚེ། འདྲ་མཉམ་དང་རང་དབང་གི་ཐོབ་ཐང་རང་སྟེང་ནས་རྙེད་དེ།འུ་ཐུག་པའི་དུས་སུ་གཞན་གྱི་ས་ནས་རོགས་སྐྱོར་དང་སྙིང་རྗེ་ཐོབ་པར་རེ་བའི་འདུ་ཤེས་མེད་པར་འགྱུར་ངེས།

ཚུ་ལེན་སེར་སྐྱའི་གོང་ཤན་དཀར་པོ་ཡིན་ལ། ངོ་གདོང་སྨུག་མདངས་དང་ལྡན་པ༌། གཟུགས་ཀྱི་རིང་ཚད་རང་གི་མཛའ་མོ་ལས་སོར་གཉིས་གསུམ་གྱིས་འདའ་ཡོད་ཟེར་བའི་གྲོགས་པོ་དེས། རང་ཉིད་ཀྱི་སྐད་ཆ་དང་བསམ་གཞིགས་ཁྱེར་ནས་ཚ་གདུག་ཆེ་བའི་འདུ་རའི་ནང་དུ་མཁའ་དབུགས་ཁོལ་མོ་ཞིག་བཏང་བྱུང༌། མཚོ་ངོགས་ཀྱི་བསིལ་རླུང་ཁྱེར་ཡོང་ནས་ངའི་ཇ་ཕོར་དུ་བླུགས། མ་རེད། ཁོ་ནི་གོང་ལ་གཡོག་པོར་བྱེད་པར་མི་དགའ་ལ༌། རང་དང་ན་མཉམ་དག་ལ་ཆང་གཏུག་རྒྱག་རྒྱུར་མི་དགའ་བས། ང་ཚོར་བསིལ་རླུང་གི་གསོལ་ཇ་མི་འདྲེན། རྒྱུ་མཚན་ནི་འདང་ཆེ་བའི་ཕ་མ་ཡིན་ཡང་འགན་འཁྲིའི་འདུ་ཤེས་བཟུང་ནས་གཉོར་སྐྱོང་བྱེད་པར་མི་དགའ་བར། ཁོ་ནི་ལས་བསྐལ་ཁས་ལེན་མཁན་ཞིག་ཡིན། ལས་རྒྱུ་འབྲས་ཀྱི་སྡངས་ཆའི་སྟེང་ནས་རང་གི་ནང་སེམས་ཀྱི་འཇིག་རྟེན་གར་དུ་འཁྲབ་རྒྱུ་ཟེར་མཁན་ཚོས་གྲས་ཀྱི་གཅིག་ཡིན། ཁོས་བོད་དུ་དགྲ་ལ་ཤ་འཁོན་འཆང་ཤེས་པའི་མི་དབང་ཞིག་མཁོ་ཟེར། རང་ཉིད་ཀྱི་མི་ཚེ་མི་དབང་འཁྲུངས་པའི་ས་བོན་དུ་ཕངས་མེད་གཏོང་བའི་རྟུལ་ཕོད་པ་ཞིག་ཡོད་ན་ད་གཟོད་ང་ཚོ་དང་རྨི་ལམ་གྱི་བར་ཐག་ཀྱང་དེ་འདྲའི་རྒྱང་ཐག་རིང་བའི་སྣང་བ་མི་འདུག གྲོགས་པོ་དེ་ལྟར་བསམ་གཞིགས་ལས་འཕྱུང་བའི་ན་ཟུག་ལས་ཁོ་རང་ཇ་འཐུང་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཏེ་ད་ལྟ་བཟི་བོར་གྱུར་བའི་སྣང་བ་ཞིག་གིས་ཕྱི་ནང་ཡོངས་སུ་བཏུམས་འདུག སྐབས་དེར་གྲོགས་པོ་ལ་ལས་ཁོར་ཀུ་རེའི་ཚུལ་དུ་ད་ཁྱོད་ཀྱིས་བཤད་མཚམས་ཞོག་དང༌། ཁྱོད་ཁོའི་ནའི་ལབ་གླེང་གིས་དཔེ་ཆ་པོད་གཅིག་གྲུབ་ཟིན་ཟེར། མཇུག་མཐར་ཁོས་དེང་གི་དུས་འདིར་བོད་ཀྱི་འབྲོག་ཁུལ་གྱི་ས་ཆ་གང་མང་ཞིག་ལ་འབྲོག་དམངས་གཏན་སྡོད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པའི་ཁེ་གྱོང་ལས་བོད་འབངས་ཕྱི་རབས་པའི་འཚོ་གནས་ཀྱི་གནད་དོན་དག་གླེང་ཤིང་ཚང་མས་དེའི་སྐོར་གྱི་གླེང་མོལ་བྱས། ལོ་རྒྱུས་ཁྲོད་དུ་ཨ་རིའི་མི་དཀར་ཚོས་དབྱིན་ཐུ་ཨན་མི་རིགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་བསྐྲུན་ནས་འབྲོག་དམངས་གཏན་སྡོད་ཀྱི་བྱེད་ཐབས་སྤྱད་དེ་མགོ་གཡོག་མགོ་སྐོར་གཏོང་སྐབས། དབྱིན་ཐུ་ཨན་མི་རིགས་ཀྱིས་སྐབས་ཀྱི་ཁེ་ཕན་ལ་བལྟས་ནས་ཕུགས་ཀྱི་གྱོང་ཆེན་རེག་ཏུ་འཇུག་མི་འདོད་པར་ངོ་རྒོལ་བྱེད་པའི་རྟོགས་སད་ལས་རང་གི་ཕ་ས་ཕ་ཡུལ་གྱི་པང་ནས་ཚེ་སྲོག་གི་དམར་མཆོད་ཀྱི་སྐྱོ་གར་ཞིག་འཁྲབ་སྟེ། སྤང་ལྗོངས་དང་ཁྱིམ་གཞིས། ཕྱུགས་ཟོག་རྣམས་རང་གི་མ་འོངས་པའི་བྱིས་པ་རྣམས་བསྐྱུར། དེང་སང་བོད་ཁུལ་གྱི་འབྲོག་དམངས་གཏན་སྡོད་ཀྱི་གནས་ཚུལ་འདི་ཡང་ཤིན་ཏུ་ཉེན་ཁ་ཆེ་ཞིང་ངེས་པར་དུ་བསམ་གཞིགས་གཏོང་དགོས་པའི་གནད་དོན་ཞིག་ཡིན། དབྱིན་ཐུ་ཨན་མི་རིགས་ཀྱི་ལོ་རྒྱུས་སྐྱོ་གར་གྱི་བསླབ་བྱ་དེའི་རིགས་ངེས་པར་དུ་དང་ལེན་བྱེད་པའི་སྙིང་སྟོབས་ཤིག་དགོས།མཚན་མོའི་ཆུ་ཚོད་བཅུ་ལྷག་ལ་སླེབས། ང་ཚོས་ཐེངས་རྗེས་མར་འབྲོག་དམངས་གཏན་སྡོད་སྐོར་གྱི་གླེང་གཞི་ཞིག་ཆེད་དུ་སྒྲིག་རྒྱུའི་གྲོས་གཞི་བཏབ་སྟེ།རང་རང་སར་ལོག་སྐབས། ང་ཚོའི་གྲས་སུ་ཆུ་ཚོད་རེ་གཉིས་ཀྱི་ནང་དུ་དཔེ་ཆ་པོད་རེ་རྩོམ་མཁན་གྱི་རིག་པའི་སྨྲ་དབང་ཡོད་ལ།ཇ་འཐུང་བ་མང་དྲགས་པའི་བཟི་བོ་ཡོད་ན་ཡང༌། རང་གི་བགྲོད་བྱར་ལྷག་པའི་ལམ་དེ་རྐང་འོག་ནས་བོར་བའི་མི་གཅིག་ཀྱང་མེད་པར་ཕྱོགས་སོ་སོར་གྱེས།

རེབ་འདིའི་ཆང་མཁན༌། སྒྲེན་པོ། ཁ་སྙིང་ལྕགས། བྲོས། སྤྱན་དུངས། རྨེ་ཆུའི་རིན་རྡོར། གངས། འོད་ནག ཐོག་མདའ། རྣོ་ཟུར། རྒྱས་པ་འཇམ་བསྟན། ནང་དཔལ་རྒྱལ་སོགས་ཡོད།

2010-9-19དགོང་མོ་བྲིས།
[

to shirts that keep you looking professional
VIDEO PORNO XXX qualifications would have to be a vogue merchandiser

JCPenney new designer collaboration line
Bridesmaid Dresses DEATH TO THE SUPERMODELSO CSI

Interview with Vaunt D on her 2011 spring
PORNO Levi Strauss vice president James Capon

Project Runway Season 8 designer Andy South
Free Games Rain doesn't just write about DIY fashion

Top Features of VPS Hosting
pornos but not getting the love they deserve

Is the Real Estate Boom All Sizzle
PORNO FRANCAIS The Civil War

How to Create a Minimalist Wardrobe
free porno but that doesn't mean our skin complexions are all warm

Shujin's Unofficial Noncomprehensive Approved Brand List
Free Porno Wife Some high concept zaniness centering around cloned
བསྟོད།7

抱歉,评论已关闭!