ཅི་ཞིག་ནི་ང་ཚོའི་སྙིང་སྟོབས་རེད།

དུད་སྒྲེང༌།

ཅི་ཞིག་ནི་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་རེད།

ཧཱ་ཧྥོ་སློབ་ཆེན་གྱི་སྡོམ་ཚིག་ནང་དུ་ཁྱེད་ཉིད་པའོ་ལ་ཐུ་དང་གྲོགས་སྒྲིག་དགོས་ལ། ཡཱ་ལིས་ཧྲི་ཏའོ་ཏིག་དང་གྲོགས་སྒྲིག་དགོས། ལྷག་པར་ཏུ་ཁྱེད་ཀྱིས་བདེན་དོན་དང་གྲོགས་སྒྲིག་དགོས་ཞེས་བརྗོད་ཡོད། འདི་ལ་བལྟས་རྗེས་རྒྱ་ནག་པ་ཡུས་ཅེ་ཡིས་གསུང་རྒྱུར། ཅི་ཞིག་ནི་ཧཱ་ཧྥོ་ཡི་སྙིང་སྟོབས་རེད། འདི་ནི་ཧཱ་ཧྥོ་ཡི་སྙིང་སྟོབས་རེད། ཅི་ཞིག་ནི་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་ བརྗིད་རེད། འདི་ནི་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་རེད་ཟེར།

ཚོར་ཤེས་འདི་རྒྱུད་ལ་འདྲོངས་པའི་གྲོགས་པོ་ཞིག་ཡིན་ན། སྡོམ་ཚིག་འདིའི་གནད་ཀྱི་བསྡུས་དོན་ལས་དོན་དག་ཆེན་པོ་ཞིག་ཤེས་སྲིད་ཀྱི་རེད། དེ་ནི་བདེན་དོན་གྱིས་སྙིང་བོ་བྱས་པའི་རིག་ཤེས་ནི་རང་གིས་ཕར་འཚོས་ཏེ་གྲོགས་སྒྲིག་པ་ཞིག་ལས། ཁྱེད་རང་ཚུར་འཚོས་ཏེ་ནུས་རྩལ་ཡོད་རྒུ་སྩལ་བ་ཞིག་མིན་སྙམ་དེ་རེད། ཏག་ཏག་ཧཱ་ཧྥོ་ལ་རིག་གནས་ཀྱི་སྙིང་སྟོབས་དང་སློབ་སྦྱོང་གི་ཁོར་ཡུག་འདི་ཡོད་པས། ད་གཟོད་སློབ་མ་ཚོས་ཀྱང་སེམས་གཏིང་གི་ཡི་རང་དང་རེ་སྨོན་གྱི་བཀུར་བསྟི་ཧཱ་ཧྥོར་ཕུལ་ཞིང༌། ཧཱ་ཧྥོའི་མཚན་སྙན་ཡང་སློབ་མ་རེ་རེ་ཡི་དྭངས་གཙང་གི་སྨོན་པས་རྒྱས་སུ་བཅུག་པ་རེད།

ངས་བལྟས་ན་འདི་ནི་ཐོག་མ་ནས་ཧཱ་ཧྥོ་ལ་ལྷ་དབང་གིས་སྩལ་བའི་ཁྱད་ཆོས་ཤིག་མིན་ལ༌། ལྡོག་སྟེ་ཧཱ་ཧྥོ་ཡི་སློབ་མ་ཚོས་སློབ་སྦྱོང་གི་སེམས་ཤུགས་དང་བདེན་དོན་གྱི་རེ་སྙེག་ལ་འབྲེལ་འདུག ངས་དེ་ལྟར་ཟེར་དོན་ཡང༌། ཐོག་མ་ནས་ཧཱ་ཧྥོ་ལ་ཐོན་རྗེས་ཤེས་བྱ་མཐའ་དག་རང་བཞིན་གྱིས་བགོས་འགྲོ་བ་དང་ཧཱ་ཧྥོ་ལ་ཐུན་མིན་གྱི་ནུས་རྩལ་དེ་འདྲ་ཞིག་འདུག་ཅེས་སྨྲས་པ་མ་ཡིན་པར། ལྡོག་ཏེ། སློབ་མ་རེ་རེ་ཡི་སློབ་སྦྱོང་གི་སེམས་ཤུགས་དང་བདེན་དོན་གྱི་རེ་སྙེག་ལ་འབྲེལ་འདུག

གནད་འགག་འདི་ནས་བཟུང་ཚེ། ད་གཟོད་འུ་ཅག་གི་སློབ་སྦྱོང་གི་སྙིང་སྟོབས་དང་བདེན་དོན་གྱི་རེ་སྙེག་དེའི་གཏིང་ཡང་ཧ་གོ་ལ། འུ་ཅག་ཚོར་པའོ་ལ་ཐུ་དང་ཡཱ་ལིས་ཧྲི་ཏའོ་ཏིར་གྲོགས་སྒྲིག་པའི་སེམས་ཤུགས་དང་སྙིང་སྟོབས་ཀྱིས་འདང་མིན་ཡང་གསལ་བོ་རེད།

ང་དང་རྒྱུན་འདྲིས་ཡོད་མིན་གྱི་མཚམས་ནས། གྲོགས་པོ་སྐོར་ཞིག་གིས་ནམ་རྒྱུན་ཧཱ་ཧྥོ་ལ་ཡིད་སྨོན་གྱིས་བརྟོས་ཤིང་རྟོག་བཞིན་ཡོད་པ་རེད། འདི་ལྟར་ཞིབ་འདང་རེ་བརྒྱབ་ན། ང་ཡང་ཐེ་བའི་ཁོ་ཚོར་མཚོན་ན། གོང་ནས་གླེང་བ་ལྟར། ཧཱ་ཧྥོར་ཐོན་རྒྱུ་ནི་གནད་འགག་ཅིག་ཡིན་པ་ལས། དེར་ཐོན་པའི་ཕྱི་ཉིན་ནས་ཤེས་རབ་ཐམས་ཅད་ལྷུན་གྱིས་འགྲུབ་འོང་སྙམ་པ་རེད། དྲང་མོར་བཤད་ན། ང་ཚོ་སུ་ཡིན་ཡང༌། གནས་བཟང་ངན་ལ་བལྟས་པ་མེད་པར་སློབ་སྦྱོང་བྱེད་པ་ལ་ཆ་རྐྱེན་གཅིག་དགོས་པ་ནི་གོང་གི་ཧཱ་ཧྥོའི་སྡོམ་ཚིག་ཏུ་བཀོད་པའི་རྩ་གནད་དེ། པའོ་ལ་ཐུ་དང་ཡཱ་ལིས་ཧྲི་ཏའོ་ཏི་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་དང་བདེན་དོན་ལ། སེམས་གཏིང་ནས་གྲོགས་པོ་སྒྲིག་པའི་སྙིང་སྟོབས་དང་སེམས་ཤུགས་ཡོད་མེད་རེད། གལ་ཏེ། ཁྱེད་རང་ལ་སྙིང་སྟོབས་དང་སེམས་ཤུགས་ཀྱི་ཆ་ནས་འདི་འདྲ་ལྡན་ཚེ། ཧཱ་ཧྥོ་སློབ་ཆེན་ལ་མ་ཐོན་ཡང་ཆོག་གི་བསམ།

གལ་ཏེ། ཁྱེད་ལ་འདི་འདྲའི་སྙིང་སྟོབས་ཀྱིས་ཆད་ཅིང་སེམས་ཤུགས་ཀྱིས་སྟོང་ན། དགོངས་པ་མ་ཚོམས། ཁྱེད་རང་གནས་དེ་རུ་ཕེབས་ཀྱང་ལན་ཆགས་དང་སློབ་གསོ་ཡིན་ཏེ། གནས་དེ་ན་པའོ་ལ་ཐུ་དང་ཡཱ་ལིས་ཧྲི་ཏའོ་ཏིག་ལྟ་བུའི་རླབས་ཆེན་གྱི་མི་སྣ་ལས་མེད་ལ། ང་ཚོས་ཁོ་ཚོ་དང་གྲོགས་སྒྲིག་ཤེས་རྒྱུ་མ་རེད།

ངས་བལྟས་ན། ང་ཚོར་མཚོན་ན། པའོ་ལ་ཐུ་དང་ཡཱ་ལིས་ཧྲི་ཏའོ་ཏ་ཞེས་སྨྲས་ན་རང་གི་འཐུས་ཀྱང་མི་རྩེན་པ་ཞིག་བཤད་ཡོད་པ་རེད། དེ་ལྟར་ཟེར་དོན་ཡང༌། འུ་ཅག་རང་ལའང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལྟ་བུའི་སྐྱེས་བུ་བྱོན་མྱོང་ཡོད་པས། ཐོག་མར་ང་ཚོས་ཁོ་རང་ཚོ་ལ་གྲོགས་སྒྲིག་པའི་སེམས་ཤུགས་དང་སྙིང་སྟོབས་ཡོད་མིན་ཤེས་དཀའ་རྐྱེན་རེད། ཡང་ཡུས་ཅེ་ཡིས་གསུང་རྒྱུར། མི་གང་ཞིག་རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་ལ་ཐོན་དུས། ཐོག་མར་ས་དེའི་དཔེ་ཚོང་ཁང་རྩེ་གྲས་ལ་ཡིད་འཇོག་གིས་རྙེད་མིན་ནི། མི་དེ་དཔེ་ཆ་དགའ་མིན་གྱི་ཚད་གཞིའི་གྲས་གཅིག་རེད་གསུང༌། བོད་མི་ཞིག་ལ་མཚོན་ན། མ་མཐར་ཡང་དགེ་འདུན་ཆོས་འཕེལ་དང་དོན་གྲུང་རྒྱལ་ལྟ་བུའི་སྐྱེས་བུ་ཞིག་ལ་སེམས་གཏིང་ནས་གྲོགས་དང་འོས་མཐུན་གྱི་སློབ་སྦྱོང་བྱ་བའི་སྙིང་སྟོབས་ལྡན་མིན་ནི། མི་དེ་བདེན་དོན་དང་དཔེ་ཆ། རང་གི་རིག་གནས་བཅས་ལ་དགའ་མིན་གྱི་ཚད་གཞི་ཉག་གཅིག་རེད།

གོང་གི་སྐད་ཆ་གན་ལ་བལྟས་ཏེ། ངས་ཕྱི་རྒྱལ་གྱི་གྲོགས་པོ་ཞིག་ལ་འདི་སྐད་ལབ་པ་ཡིན། ཁྱེད་རང་བོད་ནང་དུ་ཕེབས་ནས་ཞིབ་འཇུག་བྱེད་འདོད་ཀྱི་འདུན་པ་བཅོས་མིན་ཞིག་མངའ་ཚེ། མ་མཐར་ཡང་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལ་གྲོགས་ཤིག་སྒྲིག་དགོས་རྒྱུ་རེད་ཅེས་པ་ཡིན། དེ་ནི་གནད་འགག་ཅིག་བཤད་པའང་ཡིན། བོད་ལ་མཚོན་ན། ང་ཚོས་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལ་གྲོགས་པོ་ཞིག་སྒྲིག་དགོས་ལ། ལྷག་པར་ཏུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་མཚོན་ན། དོན་གྲུབ་རྒྱལ་ལ་གྲོགས་ཤིག་སྒྲིག་དགོས།

ན་ནིང་སྟོན་འགོ་ཞིག་ལ། ངས་འདི་ལྟར་བསམ་སྟེ་ཧུར་བརྩོན་གྱིས་རྒྱུགས་སྤྲད་པ་ཡིན། བལྟས་ཡོང་ན། སློབ་གླིང་འདིའི་སློབ་མ་ཚོར་དོན་གྲུབ་རྒྱལ་གྱི་གྲོགས་པོ་མིན་ཤག་རེད། ཁོ་ཚོས་སྐྱེས་བུ་དེ་འདྲ་ཞིག་འདི་ནས་བསྡད་མྱོང་ནི་རེད་ཙམ་ལས་འདང་རྒྱག་གི་མེད་པ་འདྲ། དེ་ན་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་ཀྱི་ཆ་ནས་བཤད་ན། ཅི་ཞིག་ནི་འུ་ཅག་གི་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་ བརྗིད་རེད།

ངས་འདི་སྐད་ལབ་པ་ཡིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་མ་མཐར་ཡང་དོན་གྲུབ་རྒྱལ་ལ་གྲོགས་པོ་སྒྲིག་དགོས་པ་རེད། དེ་ལྟར་ཟེར་དོན་ཡང༌། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་དོན་གྲུབ་རྒྱལ་གྱི་རིག་གནས་བསྐྱེད་པའི་ཞིང་ས་ཡིན་པས། ང་ཚོས་དོན་གྲུབ་རྒྱལ་གྱི་རིག་གནས་ལ་སྙིང་སྟོབས་ཀྱི་ཞིབ་འཇུག་བྱེད་དགོས་པ་རེད། དོན་གྲུབ་རྒྱལ་ནི་དེང་རབས་བོད་ཀྱི་རིག་གཞུང་ཞིབ་འཇུག་པ་དང་རྩོམ་རིག་པ། ལོ་ཙཱ་བ་སོགས་མིང་གི་ཚོགས་ཅན་གྱིས་གྲུབ་པའི་སྙན་ངག་པ་ཞིག་ཡིན་པས། གལ་ཏེ། ཁྱེད་ཀྱིས་ལོ་རབས་བརྒྱད་ཅུ་བ་དེ་ཧ་ཅང་སྟོབས་ལྡན་དང་མཚར་སྣང་ཅན་ཞིག་ཏུ་འཛིན་ན༌། དེ་བསྐྱེད་པའི་ཞིང་ས་འདི་ཡིན་ལ། བོད་ཀྱི་རྩོམ་རིག་གསར་བའི་དབུ་ནི་དུས་སྐབས་དེར་བྱུང་བར་བཞེད་ཚེ། དེའི་དབུ་འཁྱུད་ཀྱི་འགོའང་འདི་ནས་བརྩམས་ཤིང་བྲིས་པ་རེད། ཁྱེད་རང་གིས་མཉམ་བཞག་མེད་ས་ནས། འདི་རུ་དོན་གྲུབ་རྒྱལ་གྱི་རིག་གནས་སྙིང་སྟོབས་དང་མི་གཞིའི་སོ་བ། དགག་སྒྲུབ་ཀྱི་ལྕེ་ཞགས་ཡོད་པས། ཁྱེད་ཀྱིས་དེ་ལ་རེག་ཚོར་ཅི་ཡང་མེད་ཅིང་དེས་ཁྱོད་ལ་ན་ཟུག་དང་ཕོག་ཐུག་ཅི་ཡང་མ་ཐོགས་ཚེ། མ་མཐར་ཡང་ཁྱེད་ཀྱི་སྤུན་ཟླ་ཚོ་སྙིང་རེ་རྗེ། རྒྱུ་མཚན་ཁྱེད་རང་སློབ་གྲྭ་འདིར་སློབ་སྦྱོང་ལ་མངགས་པས་སོ།

དེར་བརྟེན་མིང་གི་ཚོགས་ཅན་ལས་གྲུབ་པའི་དོན་གྲུབ་རྒྱལ་ནི་རིག་གནས་ཤིག་གི་སྣང་ཚུལ་ཡིན་ཏེ། ཁྱོད་ཀྱིས་དེ་བལྟས་ཏེ། དོན་གྲུབ་རྒྱལ་གྱི་སྙིང་སྟོབས་དང་རིག་གནས་ཀྱི་ཟབ་ཚད། གསར་རྙིང་གི་འདུ་ཤེས། སློབ་སྦྱོང་གི་ཟབ་ཚད། མི་འབྲེལ་བྱ་སྲོལ། གཞན་དོན་གྲུབ་རྒྱལ་གྱི་མི་གཞི་དང་དགག་སྒྲུབ། དོགས་སློང༌། འཚོལ་རྟོག་སོགས་ཀྱི་ཐད་ནས་གསར་གཏོད་ཀྱི་སྙིང་སྟོབས་ལ་ཞིབ་འཇུག་གིས། ཁོའི་མི་འདང་ས་གང་དང་འགྲིག་ས་གང་རེད་སློབ་སྦྱོང་གནང་དགོས་པ་རེད།

ང་ཚོའི་ཞིབ་འཇུག་འཛིན་གྲྭ་འདི་ནི་ལོ་གསུམ་གྱི་དུས་ཚོད་ཡིན་པས། སློབ་གྲོགས་ཚོ་དེའི་སྐོར་གྱི་ལབ་གླེང་དང་སེམས་ཤུགས། བློ་རིག་མེད་ཚོད་ལ་བལྟས་ཀྱིན་བལྟས་ཀྱིན། ཅི་ཞིག་ནི་ང་ཚོའི་སྙིང་སྟོབས་རེད། ཅི་ཞིག་ནི་རིག་གཞུང་ལས་རིགས་ཀྱི་ལ་རྒྱ་དང་གཟི་བརྗིད་རེད་ཅེས་དྲི་ཚིག་ཅིག་མི་འདོན་ཐབས་མེད་རེད།

Flattening the toebox Kind of Guide
PORNO you'll know whether you need this in your collection or not

How to Break in Boots Fast
Wedding Dresses 03 Tuesday on a day after suffering a 2

How to Work in the Fashion Industry
PORNO after it dried

How To Do Vampire Makeup
Download Free Games who also cha cha'd to open their tenure on the show

Cosmetics in latest beauty collaboration
Kostenlose Pornos von luxury items and electronics

The Trench Coat and The Tuxedo
Porno pour femme coco chanel quotations

Objects Of Fashion Decoration For Men
free porno stylish jeans and t shirts

Indonesia Furniture Handicraft Wholesale Marketplace
Free Porno Wife Use as bags and containers
བསྟོད།7

抱歉,评论已关闭!