བདུད་རི་ཧ་ཤང་ནས་ཤམ་བྷ་ལར་ཕེབས་པ།

གཅན་མེ་སོན།

ཁོ་བོས་འདིར་བདུད་རི་ཧ་ཤང་ཞེས་འབོད་པ་ནི་དཔེ་ཅན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི(ནུབ་ཁུལ་སློབ་གླིང)ཆུའི་སློབ་གྲྭ་སྟེ། བོད་རིགས་སློབ་ཆེན་པ་རྣམས་བཅའ་སྡོད་བྱ་ཡུལ་གྱི་མཚུངས་དཔེ་ཡིན། སྐྱེ་བོ་ཕལ་མོ་ཆེའི་ལང་ཚོའི་དུས་ཀྱི་དག་ཞིང་དུ་འདོད་པའི་མཐོ་རིམ་སློབ་གསོ་མྱོང་སའི་ཤེས་རིག་གི་སྐྱེད་མོས་ཚལ་ཞིག་བདུད་རི་ཧ་ཤང་གི་ རྗེས་སུ་རྐང་བ་འཇོག་ཟེར་ན། སུས་ཀྱང་འདི་ནི་འཇིག་རྟེན་གྲགས་ཚོད་ལ་འུད་ཆེན་པོས་བསྙོན་བཏིངས་པ་རེད་ཅེས་ཤོད་སྲིད་ནའང༌། ཁོ་བོས་བཀའ་དྲིན་ཅན་གྱི་དགེ་རྒན་དག་གི་རིག་གཞུང་སློབ་གསོའི་འོད་སྣང་ལོགས་སུ་བསྐྱུར་ནས་ཕྱི་རོལ་གྱི་སློབ་གྲྭའི་ཁོར་ཡུག་སྟེང་བབས་ཚེ་བདུད་རི་ཧ་ཤང་དང་མཚུངས་ཟླར་མི་སེམས་ཞེས་སྨྲ་བར་མི་ནུས་སོ།།

དེ་སྔ་སྙན་ངག་མཁན་ཡི་དམ་ཚེ་རིང་མཆོག་གིས་སློབ་གླིང་འདིའི་མཚན་འཛིན་སློབ་གཙོ༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་མཆོག་གཤེགས་ཤུལ་དུ“ང་ཚོའི་མགོ་བོ་ཇེ་དམའ་རུ་སོང་དྲགས་སོང་ཞེས”མྱ་ངན་ཞུ་ཚིག་ཕུལ་བ་གནས་འདིར་མཚོན་ན་ཇི་འདྲའི་གནད་ལ་འཁེལ་བའི་གཏམ་ཞིག་མ་ཡིན་ནམ། སྐྱེས་ཆེན་ ཁོང་གིས་མཚོ་སྔོན་མི་རིགས་དགེ་ཐོན་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་འདི་སེམས་ཤུགས་གང་མང་བཏོན་ནས་ད་བཟོད་རང་རྐྱ་འཕེར་བའི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཞིག་བཙུགས། རྐང་འཛིན་ཤེས་ལྡན་པ་མང་པོ་སྐྱེད་བསྲིང་བྱས།ཁོང་ ཕེབས་ཤུལ་དུ་འདི་འདྲའི་གནས་སུ་ལྷུང་ཡོད་པར་བསམ་ན་ས་པཎ་དང༌།ང་ཕོད་སོགས་ཀྱི་ལོ་རྒྱུས་ལ་ལེ་བདའ་དང་འཁང་ར་བྱེད་རིན་གང་ཡོད་དམ།

མཐོ་རིམ་སློབ་མ་བསྡུ་བའི་གཅིག་གྱུར་རྒྱུགས་གཞི་ལ་ཞུགས་ཤིང༌། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སྡེ་ཁག་དཀྱུས་མ་རྣམས་དང་སློབ་ཡོན་གཅིག་འདྲ་སྤྲད་པའི་བོད་རིགས་སློབ་ཆེན་པ་ཕལ་མོ་ཆེའི་སྤྱོད་ཡུལ་དུ་གྱུར་བའི་ཆུའི་སློབ་གྲྭའི་སློབ་ཁང་དང་ཉལ་ཁང༌། གསོལ་ཁང་དང་ཇ་ཁང་སོགས་ནི་ད་ལྟའི་གཞི་རིམ་གྱི་སློབ་ཆུང་ལས་ཀྱང་ཤིན་ཏུ་ཡིད་སྐྱོ་ཞིང་ཞེ་སྡུག་པའི་ཚུལ་དུ་ཟད་དེ།དཔེ་མཚོན་ཙམ་ཞིག་སུན་སྣང་དང་བཅས་བཀོད་ན།དགུན་དུས་སུ་སློབ་ཁང་དང་མལ་ཁང་ནང་གི་གྲང་ངར་ཡང་རུས་པར་ཟུག་ལ།གསོལ་ཁང་གི་ཟ་མ་ནི་འུ་ཐུག་ཐབས་ཟད་ཀྱིས་ཟ་བའམ་ལྟོ་ འགྲངས་ཙམ་པོ་བ་རང་རེད་དེ། ལོ་རིམ་དང་བོའི་སྐབས་སུ། ང་དང་གྲོགས་པོ་ཁ་ཤས་ཀྱིས་དེ་གར་དགོང་ཇ་ཐེངས་འགར་འཐུང་རྗེས་ཀུ་རེའི་ཚུལ་དུ། རང་གི་གདོང་ལ་ལྟ་བར། །རྒྱ་ནག་ཤེལ་སྒོ་མི་དགོས། ། ནུབ་གླིང་ནང་གི་ཐུག་པ། ། རྒྱ་ནག་ཤེལ་ལས་དྭངས་པ།། ཞེས་ཀྱལ་ཀའི་ཚུལ་དུ་གྱེར་མྱོང༌།མདོར་ན།སློབ་གྲྭའི་ཐབས་ཆག་དང་ཉམ་ང་བའི་རྣམ་པ་དེ་སོ་ནམ་པས་ཞིང་ནང་གི་ཡུག་པོ་དང་ལུག་ཁྱུས་སྤྱང་ཀི་དང༌། ན་གཞོན་སློབ་མ་ཚོས་ཞིང་འབྲེག་སྟོན་སྡུད་ཀྱི་རྣམ་པ་མཐོང་མི་འདོད་པ་ནང་བཞིན་ཁོ་བོས་ཞིབ་འབྲི་བྱེད་འདོད་མི་འདུག་ལ།ཡང་གཅིག་བཤད་ན་ཐ་སྙད་ཀྱི་ཚད་བཀག་གིས་གནས་འདིའི་སློབ་གྲོགས་རེ་རེའི་སེམས་ཀྱི་ཁོར་ཡུག་སྐྱ་བོ་དེ་ཇི་བཞིན་མཚོན་རྒྱུར་ཁག་པོ་འདུག་པས་འདི་ཙམ་གྱི་འཐུས་པར་བྱས་པ་ཡིན།
ཁོ་བོ་ནི་སྟེས་དབང་གིས་ཁོར་ཡུག་དེར་སྡོད་དགོས་མ་བྱུང་བའི་ལས་མེད་ནང་གི་ལས་ཅན་གྱི་གྲས་སུ་ཚུད་ཡོད་ནའང༌། ནམ་རྒྱུན་རང་གི་ཤ་ཁྲག་མཐུན་པའི་སྤུན་ཟླ་ཚོའི་བདེ་སྡུག་ཅིས་ཀྱང་རྣ་བ་གཏད་ཅིང་མིག་གིས་རྒྱུན་དུ་འཚོ་བཞིན་ཡད། དེ་ལྟ་ནའང་རྣལ་འབྱོར་བ་རྫ་སྲུབས་བྲག་གསེབ་ནས་མི་ཚེ་ཧྲིལ་བོར་སྒྲུབ་པ་ཉམས་ལེན་བྱེད་པར་སྤོབས་ན་བདག་ཅག་རྣམས་ནི་ལྟ་ཅི་སྨོས་སོ་སྙམ་བཞིན་ཁོར་ཡུག་དེ་འདྲ་ཞིག་ཏུ་ཁུ་སིམ་མེར། དལ་ཅག་གེར།ཚལོ་ངོ་བརྒྱད་དགུ་ལྷག་ལ་བསྡད་པ་ངའི་དགེ་སྤུན་ཆེ་བ་རྣམས་ཡིན། ངའི་དགེ་སྤུན་ཆེ་བ་རྣམས་ནི་གོ་གནས་ཉི་ཚེ་བ་ཞིག་ལ་ཤི་འཐམས་རོ་འཐམས་བྱེད་ཅིང་ཀྲུའུ་ཞི་སྟེགས་བུའི་སྟེང་སྐད་ཆ་ཚོན་པོ་དང་ལྗིད་པོ་ལབ་མཁན་དེ་ཚོར་ཧ་ལས་ཤིང་ཧོན་ཐོར། དངངས་སྐྲག་གིས་ཁ་ནས་ལེགས་སོ་དང་དེ་རེད་ཤོར་མཁན་དེ་ཚོ་ཡིན་ལ།དུས་རབས་གསར་བའི“དྲི་མེད་ཀུན་ལྡན་གྱི་རྣམ་ཐར”འཁྲབ་ཡང་ངའི་དགེ་སྤུན་ཆེ་བ་རྣམས་ཡིན། ཁོ་ཚོས་འདོད་ཆུང་ཆོག་ཤེས་དང་བདག་བས་གཞན་སྐྱེས། རང་གི་ཁྱིམ་གཞི་དྲོན་མོ་ཕངས་མེད་དུ་གཞན་ལ་སྦྱིན་ནས་བདུད་རི་ཧ་ཤང་དུ་ལོ་ངོ་བརྒྱད་དགུ་ལྷག་ལ་སྲིད་པའི་ཕུན་ཚོགས་ལ་ཁའི་ན་བུན་དང་སྡུག་བསྔལ་ཀུན་གྱི་སྒོ་མོར་སྒོམ་བས།རང་གི་དགེ་སྤུན་ཆུང་བ་རྣམས་ཀྱིས་ཀྱང་དགེ་སྤུན་ཆུང་བ་རྣམས་གནས་འདིར་དཀའ་ཐུབ་ལ་སྤྱོད་པར་ནུས་ན་བདག་གིས་ཀྱང་ངོ་སྙམ་ནས་ད་ལྟའི་བར་ཏུ་ལུས་པ་རེད། རྨི་ལམ་གྱི་དག་ཞིང་དུ་རློམ་པའི་སློབ་ཆེན་གྱི་འཚོ་བཁོར་ཡུག་ཁ་བྱང་ལྟ་འདི་རུ་བསྐྱལ་བའི་ངའི་དགེ་སྤུན་ཚོས་ནམ་ཞར་ཡང་ཤ་ར་བྷ་དང་མཛའ་མཐུན་རྟགས་མའི་རྐང་གྲུག་དང་གཟེབ་གྲུག་ཙམ་འགྲན་བཞིན་ལ་རྒྱའི་མེ་དཔུང་འབར།ཞེ་འཁོན་གྱི་དགྲར་བཟུང༌།ཁྱོད་ནི་རྨ་ལྷོ་དང་ང་ནི་མཚོ་ལྷོ། ཁོ་ནི་ཡུལ་ཤུལ་བའོ་ཞེས་ཀླ་ཀློའི་ཁུར་ཚུར་གྱེན་དུ་བསྒྲེངས་ནས་རྡུང་རྩལ་འགྲན་ཞིང་རྒྱལ་ཕམ་གྱི་ཕུ་ཐག་གཅོད། སློབ་གླིང་ཁ་བྱང་ལྟའདིའི་ནང་་ཁོར་ཡུག་ཐབས་ཅག་ཡིན་པ་རྒྱུ་མཚན་དུ་བྱས་ནས། སློབ་མ་མི་ཉུང་བ་ཞིག་གིས་གཞུང་ཤག་བསྐྱུར་ནས་ཉེ་ལོགས་ཀྱི་རྒྱ་སྡེ་དེའི་ནང་ཁང་མིག་རེ་གླས་ནས་སྡོད། ཆང་གི་དམ་བུ་རུམ་ལ་བཅུག གཞུང་དྲང་གི་བུ་མོ་ཞིག་རྗེས་ལ་ཁྲིད་དེ་དགའ་བདེའི་དཔལ་ལ་རོལ་བཞིན་མ་འོངས་པའི་བཟའ་ཚང་གི་འཚོ་བ་སློབ་གྲྭའི་འཚོ་བ་དང་དམ་པོར་སྦྲེལ་བས་རང་གི་མགོ་ལ་མ་ཐོན་བར་དུ་ཅི་བྱུང་ནའང་ཅི་མི་སྙམ་པའི་རྣམ་འགྱུར་སྟོན། བཏང་སྙོམས་སུ་འཇོག འཕྱི་བ་དགུན་ཉལ་བྱེད་པ་ནང་བཞིན་ཕྱི་རོལ་གྱི་གནས་ཚུལ་ལ་མིག་ཟུར་ཙམ་ཡང་མི་ལྟ། དེ་སྔ་གྲོགས་པོ་ཞིག་གིས་ང་ལ་མཚོ་སྔོན་མི་རིགས་སློབ་ཆེན་ལ“དགེ་ལུགས་པའི་དགོན་སྡེ་ལྷག་མར”འབོད་ཀྱིན་འདུག་ན། རང་རེ་ནི་རི་ཁྲོད་པར་གྱུར་བ་མ་ཡིན་ནམ་ཞེས་བཤད་པ་དེར་འདང་རེ་བརྒྱབ་ན་ཚུལ་གསུམ་ག་ཚང་བའི་རི་ཁྲོད་པའི་རྟགས་ཡང་དག་ཏུ་འཁུམས་འདུག་པས་འདོད་ཟེར་རྒྱུ་ལས་འོས་མེད་སྙམ།
ཡིན་ནའང༌།ད་ལོར་གཞི་ལས་གཉིད་ལས་སད་བྱུང༌། དུས་རབས་ཀྱི་གོམས་སྒྲ་དང་སྙན་ངག་པའི་སྨྱུག་རྩེ་ལས་བཞུར་བའི་ན་ཟུག་དང་མཉམ་དུ་སད་བྱུང༌། འདི་ནི་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང(ཆབ་ཆ་སློབ་ཁུལ)དང་སློབ་གསོ་སློབ་གླིང་གི་མི་རིགས་སྡེ་ཁག་གཉིས་ཟླ་སྒྲིལ་ཚུན་བྱུང་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་དྲན་ཤིང་དཔའ་དར་ཅིག འདི་གའི་ཤེས་ཡོན་པའི་སྡེ་ནས་འདྲ་མཉམ་བདེན་དོན་གྱི་ངར་སྒྲ་བསྒྲགས་པའི་ཆེས་གླེང་རིན་ཡོད་པའི་དོན་ཞིག་ཏུ་དཔའ་གདེང་ཅན་གྱི་མི་བུ་ཚོས་འདོད་གྱིན་ཡོད་པས༌། ཁོ་བོས་དོན་འདི་ལ་བདེན་དོན་གྱི་ང་རོ་བབཏགས་པ་ཡིན།དོན་འདིར་གཞི་བྱས་ནས་བདེན་དོན་ང་རོ་ཐེངས་གཉིས་ལ་བསྒྲགས་པ་དང་ཕྱི་མ་ནི་སྔ་མའི་དམ་བཅའ་ལ་འགལ་འཛོལ་བྱུང་བའི་སྟེང་ནས་བསྒྲགས་པའི་འོ་དོད་ཅིག་ཏུ་འདོད།

“བདེན་དོན་གྱི་ང་རོ”འདི་ནི་༢༠༠༩ལོའི་ཟླ༩པའི་ཚེས༢༨ཉིན་༠༨ལོའི་བོད་ཡིག་འཛིན་གྲྭའི་མི་བུ་སྐོར་ཞིག་གིས་སྐུལ་སློང་འོག་འཛིན་གྲྭ་ཡོངས་ཀྱིས་སློབ་མཚམས་བཞག་སྟེ་ད་ནི་གཞི་ནས་ཡིད་མི་ཚིམས་པའི་རྣམ་འགྱུར་བསྟན།ཕྱོགས་ཡོངས་ནས་བལྟས་ན་བདེན་དོན་གྱི་ང་རོ་འདི་ཅུང་སྒྲིག་འཛུགས་ཡོད་པ་ཞིག་དང་གོ་རིམ་ཡོད་པ་ཞིག གྱེན་ལོག་གི་སྙིང་སྟོབས་མཐིལ་ཕྱིན་པར་འདུག་པས་རྗེས་སུ་ཡི་རང་གི་གནས་སུ་འཁུམས་ཤིང༌། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་བསུ་བའི་སྐབས་དོན་འདྲ་མི་འདྲ་རེ་བྱུང་ཚེ་རང་གི་རྐུབ་སྟེགས་ཤོར་བར་དོགས་པའི་སློབ་གྲྭའི་འགོ་ཁྲིད་རྣམས་དབུགས་ཧབ་ཧབ། རྟབ་རྟབ་པོར། ལུས་དོག་སྔོན་འཚང་གིས་འོངས་ཏེ་ཁོང་ཁྲོའི་བཙན་གཏམ་བཤད།འུ་ཐུག་གི་ཞུ་བ་ཡང་ཡང་བྱས་པས།རྒྱལ་སྟོན་དུས་ཆེན་བདེ་བླག་ངང་བསྐྱལ་རྗེས་གནས་གཞན་དུ་སྤོར་རྒྱུའི་ཁས་ལེན་འཐོབ་པ་རེད།

ཐེངས་གཉིས་པ་ནི༢༠༠༩ལོའི་ཟླ༡༡པའི་ཚེས་༢༣ཉིན་གྱི་ཞོགས་པར། སྔར་གྱི་ཁས་ལེན་ལ་ཅི་སྙམ་པའི་རྣམ་འགྱུར་བསྟན་པ་དང༌། སློབ་ཁང་ཁོ་ན་ལས་མལ་ཁང་བཀོད་སྒྲིག་མ་བྱས་པས་རྒྱ་སྟག་ངར་མ་འདྲ་བའི་གྲངངར་གྱིས་སློབ་གྲོགས་ཚོར་ཕར་འགྲོ་ཚུར་འོངས་ཀྱི་དཀའ་ལས་ཁག་པོ་དེ་ལ་རྐྱེན་བྱས་སློབ་མཚམས་བཞག་སྟེ། སློབ་གཙོའི་གཞིང་སྒྲུབ་ཁང་གི་ཕྱི་རོལ་ནས་ཡིད་མ་རངས་པའི་ཚུལ་བསྟན།དེ་ལྟར་བདེན་དོན་གྱི་ང་རོ་བསྒྲགས་པས་ད་ལོའི་ཟླ༣པའི་ཟླ་མཇུག་ཏུ་མཚོ་སྔོན་དགེ་ཐོན་སློབ་ཆེན་སྤྱི་དང་སྐྱེས་མ་སློབ་གྲོགས་ཚོའི་གཞུང་ཤག་མཚོ་སྔོན་བརྙན་འཕྲིན་ཁང་གི་གཡས་ཕྱོགས་ཀྱི་སྟོང་བར་ལུས་པའི་སློབ་གསོ་སློབ་གླིང་དུ་སྤར་བ་རེད། ཁོར་ཡུག་དེའང་དེ་འདྲའི་ཡིད་ཚིམས་ཤིང་བློར་འབབ་པ་ཞིག་མིན་ནའང་ཆུའི་སློབ་གྲྭ་ལས་ལེགས་པར་མཐོང་བ་དང༌།སྐྱེས་པ་སློབ་གྲོགས་ཚོའི་གཞུང་ཤག་བྱང་གླིང་སྟེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གཞི་སྒར་དུ་ཡོད་པར་བགྲངས་ན་ཤ་བྷ་ལའོ་ཞེས་བཤད་ཀྱང་ཐལ་མི་ཆེ་སྙམ།

ང་རོ་འདིར་གཟུ་བོའི་བློས་དཔྱད་དེ་བདེན་པའི་གཏམ་ཞིག་སྨྲས་ན་འུ་ཐུག་ཐབས་ཟད་ཀྱི་ཆ་ཞིག་ཀྱང་མངོན་འདུག་སྟེ།སློབ་རའི་མཐའ་སྐོར་གྱི་བཀོད་པ་མཐའ་དག་མཐོང་ན་བཅོམ་ཆག་སྐྱ་ཉིལ་ལེར་བཏང་རྗེས་ཀྱི་རྣམ་པ་མཐོང་ན་ཞེ་སྡུག བསྐྱར་དུ་འབསྐྲུན་པའི་འཕྲུལ་ཆས་དག་གི་འཛེར་སྒྲ་སློབ་ཁང་གི་རྒན་ལགས་ཀྱི་གསུང་སྐད་ལས་ཀྱང་ལྷག་པ་དང༌།སློབ་ཁང་གི་དྲོད་རླངས་ཡོད་པ་མིང་ཙམ་དུ་ཟད་པས་ད་ནི་མི་སྡོད་ཅིས་ཀྱང་གཞན་དང་འདྲ་མཉམ་གྱི་ལོངས་སྤྱོད་དེའི་དོན་ལ་ང་རོ་མི་བསྒྲགས་ཐུ་མེད་དང་བསྒྲགས་ཆོག་ཆོག་གི་ངེས་ཤེས་ཤིག་མི་འདོད་བཞིན་དུ་སྐྱེས་པ་མ་གཏོགས།མི་བུ་སྒེར་གྱི་ངོས་ནས་བདེན་འཚོལ་དང་དགག་སྒྲུབ།་མཉམ་གྱི་འདུ་ཤེས་ཏེ་ཐོབ་ཐང་བརྩོན་ལེན་བྱས་པར་ཁོ་བོས་ཀྱང་གཏན་ནས་འདོད་ཀྱིན་མེད།

བྱས་ཙང༌།ཡིད་ཕངས་པ་ནི་ཐེངས་འདིའི་བདེན་དོན་གྱི་ཕྱིར་དུ་ང་རོ་སྒྲོག་མཁན་གྱི་གདོང་མཆོང་དཔའ་བོ་སོ་གཅིག་ཙམ་ལ་སློབ་གྲྭའི་སློབ་མའི་ལས་དོན་ཁང་གིས་ཐེངས་འདིའི་ལས་འགུལ་ངན་སྐུལ་བྱས་པའི་ནག་ཉེས་བགྲངས་ནས་ཐག་གཅོད་ནན་མོ་བྱས་པ་དེ་རེད། དེ་ནི་ལྐོག་ཉན་དང་ནང་རུལ་བ་བྱུང་བའི་མཇུག་འབྲས་ཏེ། སྐྲག་ཤོར་དང་རང་ཚུགས་མེད་པ། སྤྲེལ་ལད་དང་གཡོ་སྒྱུ་ལ་བྱང་བའི་སློབ་མ“ཡ་རབས”སྐོར་ཅིག་གིས་བྱས་རྗེས་ཡིན་པར་སྨྲ། གང་ལྟར་དོན་འདི་ཆེ་ས་ནས་བལྟས་ན་ལེགས་འགྲུབ་བྱུང་འདུག་པ་དང༌། སློབ་གླིང་དུའང་དགེ་རྒན་དམ་པ་དང་རྒྱུ་འབྲས་བློ་མིག་གསལ་བའི་མི་བུ་ཁ་ཤས་ཡོད་པ་བསྙོན་དུ་མེད་པས་སློབ་གྲོགས་དཔའ་གདེང་ཅན་དེ་ཚོར་རྗེས་སུ་ཡི་རང་དང་དཀར་འདོན་བྱེད་སྲིད་པར་ཁོ་བོར་ཡིད་ཆེས་ཡོད་དོ།།

2010ལོའི་ཟླ3པའི་ཚེས7ཉིན།

International Passport to the Jetsetter event
VIDEO PORNO XXX but I feel really frumpy

Custom T Shirts And Designs Think Outside The Box
Wedding Dresses straight or tapered styles are more flattering

How to Wear Bangle Bracelets this Fall
VIDEOS PORNO An image consultant helps people polish their professional image

What Is a 5 Course Meal
Free Games what do you think upcoming designer event might

Indian Man Made Fibre Industry
pornos a 27 inch waist

How To Promote Your Small Business with Effective Ads
Porno pour femme a history with regards to city handy apparel

Ruth Madoff changes her look and moves to Broken Sound
Tube XXX quest san juan capistrano

Stylish Enzo Angiolini Shoes Online
Filme Porno gad maintain box established
བསྟོད།8

抱歉,评论已关闭!