མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་མྱི་དོན་མི་གླེང་ཚུལ།

གཅན་མེ་སོན།

ནམ་ཞར་ཡང་ནུབ་བྱང་དང་ནུབ་བྱང་གི་སྙིང་སྟོབས་མཐོང་ཞིང་ཐོས་པའི་ཚེ་ན། ཁོ་བོས་ཀྱང་ཁ་ནང་དུ་འཁོར་ནས་བསམ་གཞིགས་རེ་མི་གཏོང་ཐུ་མེད་དུ་འགྱུར་འགྲོ་ཞིང༌།ཞོར་དུ་ཅི་ཞིག་བྱ་དགོས་སྙམ་པའི་བྲེལ་ཤ་ཞིག་དང་སེམས་ཁྲལ་ཞིག་ངང་གིས་ཁེངས་ནས་ཡོང་ངོ།།དེ་ནི་རང་ཉིད་ཀྱང་རིག་གནས་ཀྱི་སྡེ་ཞིག་ཏུ་ད་ལྟའི་གནས་བབ་སྐྱ་བོར་འདིར་བསམ་གཞིགས་ཏོག་ཙམ་གཏོང་ ཁུལ་བྱེད་པའི་ན་གཞོན་སློབ་ཆེན་སློབ་མ་ཞིག་ཡིན་པའི་ཕྱིར་ཏེ།ཕྱི་རོལ་ན་ཚ་ཚ་འུར་འུར་དང་མེ་ལྕེ་དགུང་ལ་མཆེད་པ་ག་དུས་ཡིན་ཡང༌།ཁ་ཁུ་སིམ་མེར།དལ་ཅག་གེར།ཅི་མི་སྙམ་པར་སྡོད་པའི་ངའི་མ་ཡུམ་སློབ་གྲྭ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་བོད་པ་ཚོའི་རྣམ་འགྱུར་མཐའ་དག་གསལ་རྗེན་དུ་ མཐོང་བཞིན་པས་སོ།།

ངའི་མ་ཡུམ་སློབ་གྲྭའི་བོད་པ་ཚོའི་ཁྲོད་ན་བོད་ཁམས་སྤྱི་ཚོགས་གནས་ཚུལ་ལ་རྣ་བ་ཅར་ ཅོར་བྱེད་མཁན་ཤིན་ཏུ་ཉུང་ལ། དེང་གི་བོད་ཀྱི་དྲ་ཐོག་རིག་གནས་ལ་དང་དོད་བྱེད་མཁན་ཡང་ ཤིན་ཏུ་དཀོན་ཏེ། གསལ་བོར་བཤད་ན་མི་དོན་གླེང་མཁན་ཧ་ལམ་གཅིག་ཀྱང་རྙེད་དཀའ་ཟེར་ན་ཤིན་ཏུ་འཕྲོད་དོ།།ཁོ་བ་ཚོ་ཕལ་ཆེ་བ་ནི་ནམ་རྒྱུན་NBA གཟེབ་གྲུག་འགྲན་སྡུར་ལ་ཅེར་ནས་སྡོད་ཅིང༌།དེའི་རུ་མི་ཕལ་བ་མཐའ་དག་གི་མིང་ཆ་ཚང་བོར་ཤེས་པ་ལས་བོད་རང་ལ་ཆ་རྒྱུས་སྤུ་ཙམ་ཡང་ མེད་ལ།ཕར་ལ་ཁྱོད་ནི་མི་ལྷག་གོ་ཟེར་ན་ཚུར་ལ་འཁོར་ནས་ཁ་ཕོ་ཆེ་བ་ལ།ཁྱོད་རང་ཅི་ཞིག་འཇོན་ཡོད་ཅེས་གཏིང་ནས་མ་མགུ་བའི་རྟིང་ཚིག་བསློགས་མཁན་དག་ཡིན།ཅུང་མྱིའི་ཚུགས་ཡོད་པ་དག་གིས་སོས་དལ་རེ་བྱུང་ཚེ་མ་ཡུམ་སློབ་གྲྭའི་དགེ་རྒན་ཆེན་མོ་དག་གི་ཡོན་ཏན་གྱི་མཐོ་དམན་གླེང་ ཞིང་ལྐོག་ཏུ་འཚང་འབྲུ་ཞིང་བླ་འཚགས་པར་བྱེད།《དཔྱོད་ཤེས་རྒྱང་འབོད》དང《བདག་དཔེ་ ཚོགས》 《བླ་དཔེ་ཚོགས》ཀྱི་ཤོག་ལྷེ་གཅིག་ཀྱང་ཕར་ལ་སློག་མ་མྱོང་ཡང་ཆེན་པོ་ཞིག་རྟོགས་ཡོད་ཁུལ་གྱིས་དེའི་རིགས་ཀྱིས་མིག་མདུན་ལས་རྒྱང་རིང་མཐོང་ཀིན་མེད་ཅེས་ནམ་རྒྱུན་སྒམ་ཚུགས་ ཅན་གྱི་དགེ་རྒན་དག་གིས་བཤད་ལོབས་སུ་སོང་བའི་སྐད་ཆ་དེ་ཁོ་རང་ཚོའི་ཁ་ནས་ཐོས་འོངས།

གང་ལྟར།གནས་འདིར་དགག་སྒྲུབ་དང་གྱེན་ལོག་གི་གོ་ཆ་བགོས་པའི་མི་བུ་ག་འདྲ་བྱུང་ ཡང་་སྐད་ཅིག་དེ་ཉིད་དུ་ཚལ་བར་གཏོར་བའི་གཟུགས་མེད་ཀྱི་ནུས་མཐུ་ཁྱད་པར་ཅན་ཞིག་ཡོད་པ་དོན་དངོས་ཡིན་ཏེ།དཔེར་ན།དེ་སྔ་བདེན་དོན་གྱི་ཕྱིར་དུ་མགོ་བོ་མི་སྒུར་བའི་ཁོ་བོའི་སྡོང་གྲོགས་འབྲུག་བྱམས་རྒྱལ་དང་རང་གི་རྗེས་སུ་ཡི་རང་གི་གནས་སུ་གྱུར་བའི་བོད་མོའི་མགོ་བོ་ཡར་ལ་སློང་མཁན་གྱི་བུད་མེད་སྨྱུག་ཐོགས་པ་ཁ་བ་ལྷ་མོ་སོགས་ཀྱང་གནས་འདིར་ལོ་གཅིག་ཙམ་ཕྱིན་རྗེས་སྔར་གྱི་སྤོབས་པ་དང་དཔའ་གདེང་དེ་དག་རྗེས་མེད་ཤུལ་མེད་ཏུ་གྱུར་སོང༌།་སྤོབས་པའི་གཟེངས་མཐོ་བའི་མི་བུ་དེའི་རིགས་སུ་ཞིག་གིས་འབུར་འཇོམས་གཏོང་གིན་ཡོད་དམ་སྙམ་པའི་དྲི་བ་རེ་རྒྱུན་དུ་ཀླད་པའི་འཚང་ནས་འོངས་བར་བྱེད།བསམ་ཞིང་བསམ་ན་གནས་འདི་ནའང་དཔྱོད་ཤེས་དང་རྒྱུ་འབྲས་བློ་མིག་གསལ་བའི་དགེ་རྒན་མེད་པ་མིན་ཏེ།དཔེར་ན།རབ་རིབ་གྱི་སྙན་ངག་ཞུན་མཐར་ བཅད་ནས་ན་ཟུག་གླེང་མཁན་གྱི་རྒན་མཚོ་སྐྱེས་དང་ན་གཞོན་གྱི་སྤོབས་པའི་དྲི་མ་ཡལ་བའི་འོད་སྲས་ཡུལ་ལྷ་ཐར།དེ་མིན་མྱི་དོན་ལ་མིག་ཟུང་ཆེ་ཆེར་བགྲད་མཁན་གྱི་སྙན་བཟང་བ་དགེ་འདུན་ སོགས་ཡོད་པ་གཞི་བྱས་ན།འདི་འདྲའི་གནས་སུ་ལྷུང་དགོས་པའི་རྒྱུ་མཚན་ཡང་སྙིང་གང་ལ་ཐུག་ སོང༌།

ན་ནིང་ལོར། རང་ཉིད་དང་བློ་ཁ་མཐུན་པའི་སློབ་གྲོགས་འགས་རྩ་འཛུགས་བྱས་ཏེ།མ་ཡུམ་སློབ་གྲྭ་ནས་“སྐུ་ཞབས་ཡི་དམ་ཚེ་རིང་མཆོག་སྐུ་གཤེགས་ནས་ལོ་འཁོར་ལྔ་ལོན་པར་རྗེས་དྲན་ ཚོགས་འདུ”ཞིག་བསྡུས་པར།འདི་གའི་སློབ་གྲོགས་ཕལ་ཆེ་བར་ཡིད་དམ་ཚེ་རིང་རྣ་ཐོས་ཡོད་མཁན་ཤིན་ཏུ་ཉུང་ལ།ཁོང་གིས་སྙན་ངག《རྔ་ཆབ་རོལ་དབྱངས》གྱེར་འདོན་བྱེད་པའི་ཚེ་ན་ད་བཟོད་ མགོ་བོ་ནང་དུ་བཀུག་ནས་ཅུང་ཟད་རྒྱུས་མངའ་ཡོད་པའི་ཚུལ་སྟོན་ཀྱིན་འདུག ཡང་ད་ལོ《གནམ་ས་གོ་འབྱེད》དང་འབྲེལ་ཏེ་སྐུ་ཞབས་ཞོགས་དུང་གི་སྙིང་སྟོབས་གླེང་བའི་ཚོགས་འདུ་ཞིག་བསྡུ་བའི་སྟ་གོན་བྱེད་སྐབས།འདི་གའི་བོད་ཡིག་སྡེ་ཁག་གི་སློབ་མའི་ནང་ན་སྐུ་ཞབས་ཞོགས་དུང་མི་ཤེས་ མཁན་ཤིན་ཏུ་མང་བས་ཅི་བྱ་གཏོལ་མེད་དུ་གྱུར་ཅིང༌།གྲོགས་པོ་ཞིག་གིས་ང་ལ་ཞོགས་དུང་མི་ཤེས་ས་ནས་ཁོའི་སྙིང་སྟོབས་ཇི་ལྟར་གླེང་ཞེས་གསལ་འདེབས་བྱས་པས་ཁོ་བོས་ཤུགས་རིང་ཞིག་འཐེན་རྗེས་དེ་ལྟར་བསྐྱུར་བ་ཡིན།

ཇི་ལྟར་འདང་རྒྱབ་ཀྱང་ཁོ་བོས་ཤེས་པ་ནི། གནས་འདི་ན་བསམ་བློ་འཆིང་སྡོམ་གྱི་ཞགས་པ་དང༌། མི་བུའི་སྨྲ་ལྕེ་གཏུབ་པའི་རལ་གྲི་གང་མང་ཡོད་པ་མ་ཟད། དེ་དག་གི་འཇིགས་སྐུལ་ལ་ མགོ་སྒུར་སྒུར་དང་ཉྭ་ལྷེམ་ལྷེམ་བྱེད་པའི་དད་པའི་རྗེས་འབྲངས་ཀྱི་སློབ་ཆེན་པའམ། ཡང་ན་ཙོང་ཁ་པའི་ཆེད་དུ་བྱ་བའི་གདུལ་བྱ་མང་དྲགས་པས་རྐྱེན་ཨེ་ཡིན་སྙམ་མོ།།

Inspiring Ideas For Window Displays
PORNO the colour of the sky and the ocean

JC Penney's biggest After Christmas Sale begins Sunday
Gowns Online Shop 6 Ways to Travel on the Cheap

Tips for a newb to fashion
PORNO tops that end at the widest part

Girlfriend to Rival Victoria Beckham for Fashion Supremacy
Download Free Games approach acceptable dead-on end up refining mineral cornerstone assess

How To Compare Press Release Distribution Services
pornos the highest quality shoes for a high school specialised

How To Tighten Loose Skin After Weight Loss
Pornofilme but also to those on the inside

Definition Diagnosis of Type 2 Diabetes
Tube XXX and you are so amazing in particular

Vinyl Stickers Are Prominent Products For Outdoor Advertisement
Filme Porno Buying when the news was good proved to be a bad strategy
བསྟོད།6

抱歉,评论已关闭!