ཆོས་ལུགས་པའི་སྨྱོ་གར།

སྒོ་ཡོན།

-འུ་ཚོའི་མིག་ནང་གི་ཆོས་དཔོན་དག་གི་མཛད་སྤྱོད།

སྤྱིར་རྒྱལ་བ་མི་ཡི་དབང་བོ་དེས། །
ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་གསུངས། །
ད་ལྟའི་མཁས་པར་རློམ་པ་རྣམས། །
ཆོས་བརྒྱད་ཆེ་རུ་མ་སོང་ངམ། །

-མི་ལ་རས་པ།

བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་འཇིག་རྟེན་འདིར་ཐོག་མར་དར་བ་ནས་བཟུང་སྤྱི་ཚོགས་འདིའི་ཁྲོད་དུ་སྐྱུག་བྲོ་བའི་དོན་རྐྱེན་རབ་དང་རིམ་པ་བཟོས་ཏེ་འགྲོ་བ་མིའི་རིགས་ཧང་སང་བར་བྱས་ཡོད་ནའང༌།དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་འགོ་ནས་ན་གཞོན་རྟོགས་སད་པ་འདས་པོ་རང་གྲོལ་ལགས་ཀྱིས་སྤྲུལ་སྐུའི་སྣང་བརྙན་དངོས་ལ་མངོན་གསལ་དོད་པོས་ཐེར་འདོན་བྱས་རྗེས།དུས་ད་ལྟའི་བར་དུ་འུ་ཚོའི་ཤེས་ཡོན་པའི་སྡེ་ཁག་གིས་སྤྱི་ཚོགས་སླར་གསོའི་འགན་འཁྲི་དང་དུ་བླངས་ནས་ཡང་སྤྲུལ་ཁྲི་འདོན་ལམ་ལུགས་དང༌།སྤྲུལ་སྐུའི་འཕྲིན་ལས་སྤེལ་ཐབས་སོགས་ལ་གནས་ལུགས་སྲང་ལ་གཞལ་ཏེ་དགག་རྒྱག་ཡ་མཚན་བྱས་པའི་སྟབས་ཀྱིས།ད་ནི་བོད་རིགས་མང་ཚོགས་ཀྱི་འཚོ་བའི་དབུགས་རྩ་གཅོད་པའི་སྤྲུལ་སྐུ་རྣམས་ཀྱི་ཁ་ཕྱིར་འཁོར་ས་མེད་པ་ཞིག་བྱས་ཡོད་པ་དང༌།བོད་ཀྱི་དུས་གསུམ་གྱི་ལོ་རྒྱུས་ཁྲོད་དུ་ནག་ཐིག་ཕབ་མཁན་གྱི་སྤྲུལ་སྐུ་དག་གི་མགོ་བོ་དགྱེ་ཐབས་མེད་པ་ཞིག་བྱས་ཡོད་པས།མི་རིང་བར་ཨ་ལ་ལ་མོ་ཐ་ལ་ཞིག་ལེན་གྲབས་ལ་ཉེ་ནའང༌།
ཡང་བསྐྱར་ཧ་ལས་ཤིང་ཧོན་འཐོར་དགོས་པ་ནི་དུས་རབས་གསར་བའི་དཀྱོགས་མཚམས་ནས་མི་རིགས་ཤིག་གི་སྲོག་ལ་རྔམ་པའི་སྤྲུལ་སྐུ་མ་ཡིན་ཡང་སྤྲུལ་སྐུའི་དར་ཆ་མཐོ་རུ་ཕྱར་བའི། སྤྱི་ཚོགས་འདིའི་བགྲོད་ལམ་ཞིག་རུལ་དུ་གཏོང་མཁན་ཚོ་ནི་གྲྭ་རྐྱང་དབུལ་བོ་དང་མི་སྐྱ་རྐྱལ་སྟོང་སུ་ཡང་མ་ཡིན་པར་བཀའ་ཕོད་ལྔ་རྗེས་བརྗོད་ཙམ་ཞིག་བློ་རུ་བཟུང་བའི་བོད་ཀྱི་མཁན་པོའི་ཚོགས་རེད་འདུག (ཞར་ནས་དགེ་བཤེས་ཚོ་ལའང་གོ་དགོས)

ཁོང་རྣམ་པ་ཚོས་ནི་གནའ་དེང་ཟུང་གི་རིག་གནས་སྤྱི་ལ་ཞིབ་འཇུག་ཡང་དག་བྱེད་པ་ལྟ་ཅི།རང་གི་མིང་ཡིག་གཙང་དག་ཅིག་འབྲི་བར་དཀའ་ཡང་སྡེ་སྣོད་འཛིན་པའི་ལག་ཁྱེར་དང་སྨྲ་བའི་དབང་ཕྱུག་གི་སྙན་པ་ཁུར་འདུག་ཅིང༌། ཁོང་རྣམ་པ་ཚོས་ནི་ནུབ་ཕྱོགས་ཚན་རིག་གི་གཞུང་ལུགས་དང་གྲུབ་དོན་ལ་གཟའ་འཁོར་ཙམ་ལའང་ལྟ་ཀློག་མ་མྱོང་ཡང་ཚན་རིག་ནི་སྐྱོན་ཀུན་ལྡན་ཞིག་ཡིན་པར་སྨྲ་ཀི་འདུག ཁོང་རྣམ་པ་ཚོས་ནི་བོད་རིག་པའི་ལམ་ལུགས་དང་ནང་ཆོས་ཀྱི་གཏན་ཚིགས་ཁྱེར་ཏེ་རླབས་ཆེ་བའི་མི་རིགས་ཤིག་སྲུང་བར་འུད་སྒྲོག་གནང་གི་ཡོད་ཀྱང༌།གནད་འགག་གི་སྐབས་སུ་ཁེལ་དུས་ཀི་ཞིག་ཀྱང་འདེབས་མི་ཕོད་པའི་བྱ་སྤྱོད་འདི་ཚོར་བལྟས་ན། རང་ཁྱིམ་དུ་དཀོར་ཟས་ཁོ་ན་གསོག་པར་བྲེལ་བའི་དེང་གི་སེར་མོ་བ་མཁས་མིང་འཛིན་པ་དག་ནི་མ་གཞི་ནས་རང་ཉིད་མི་བོར་མཁན་རྐྱང་རྐྱང་ཡིན་ཚོད་རེད།
དེ་བས་ཀྱང་ཚབ་ཆེ་བའི་ནག་ཉེས་ནི་ཁོང་རྣམ་པ་ཚོའི་གྲས་ན་མགོ་གཡོག་བསླུ་བྲིད་གཏོང་མཁན་གྱི་མོ་བ་དང་རྩིས་པ་ཡོད་ལ། དགོན་སྡེ་དང་དགེ་སློབ་ནང་འཁྲུགས་སློང་མཁན་གྱི་ཇག་པ་དང་སྐུ་དྲག་ཡོད། རི་ནས་བཙུན་མ་ཕབ་མཁན་གྱི་ཁྲེལ་མེད་དང་སྡོམ་ཤོར་འདུག་ཅིང༌། གྲོང་ནས་བླ་མར་སྨོད་མཁན་གྱི་ལྟ་བ་ཡ་མཚན་ཅན་ཡོད།ཕག་ནས་སྐྱ་ཆས་བཀོལ་པའི་མཁན་པོ་སྐྱལ་སྟོང་འདུག་ལ། སྡེ་ནས་སྟེགས་གྲུག་དང་འགྲིག་ཤོར་རོལ་བའི་མཁན་པོ་ཀླད་མེད་མང༌། ཁྱིམ་པ་ཚོའི་གར་སྟེགས་སྟེང་ནས་རྡུང་ལེན་གླུ་བྲོ་ཡི་སོལ་རྒྱུན་འཚོ་མཁན་ཡོད་ལ།གྲོང་ཁྱེར་གྱི་དྲྭ་ཁང་དང་ཇ་ཁང་ནང་ནས་སྐུ་ཚེ་ཆུ་ལ་སྐུར་མཁན་ཡང་གཞན་ལས་མོད་པ་སོགས་ཀྱིས་མཚོན་ནས། ཁོང་རྣམ་པ་ཚོས་འཁྲབ་ཀྱིན་པའི་སྨྱོ་གར་སྣ་ཚོགས་ཀྱང་ཉིན་རེ་བཞིན་དུ་འཕེལ་རིམ་གྱི་ལམ་ལ་ཕྱིན་གྱིན་འདུག་པས། ད་ནི་ལམ་ལུགས་ཧྲལ་ཧྲུལ་འདི་ཡི་སྐྱེ་རྒྱུན་ལ་ཚོད་ཅིག་གཟུང་ན་མི་འགྲིག་གམ།

ད་དུང་ཡ་ང་ཞིང་ཡིད་སྐྱོ་བའི་གནད་དོན་ཡང་བགྲང་ཡས་པ་ཞིག་སྟེ།དེ་ཡང་ཁོང་རྣམ་པ་ཚོས་ནི་གྲྭ་རྐྱང་ཕལ་བ་དང་མང་ཚོགས་སྤྱིར་བཏང་བ་རྣམས་ཀྱི་ཐོབ་ཐང་དང་ཁེ་དབང་ལ་འདང་ཅི་ཡང་མི་གཏོང་བར་བྲན་གཡོག་ལམ་ལུགས་ཀྱི་ཀུན་སྤྱོད་དང་དབང་བསྒྱུར་ཤུགས་ཆེན་སྤེལ་བ་དང༌། བོད་ཀྱི་གྲྭ་བཙུན་པའི་རང་ལུགས་དང་གནས་བབས་ཀྱི་ཆགས་འཇིག་ལ་ཤེས་རྟོགས་གང་ཡང་མེད་པར་རླངས་འཁོར་སྐོར་བ་དང་ཚོང་ལས་གཉེར་གྱིན་ཡོད་པ།དོན་དུ་ཤ་བཟའ་བ་དང་ཆགས་གཏམ་སྨྲ་བ། སྒོར་མོ་གསོག་པ་དང་གྲུབ་མཐའ་རྩོད་པ་སོགས་ཀྱི་སྤྱོད་པ་སྣ་ཚོགས་པས་ཐུབ་པ་སངས་རྒྱས་ཀྱིས་མཛད་པའི་འདུལ་བའི་བཅས་ཁྲིམས་དང་གཞི་ནས་མི་འགྲིག་པ་བཟོ་བཞིན་ཡོད་ནའང༌། ཕྱི་ཚུལ་གྱིས་ཚུལ་འཆོས་དང་གཡོ་བརྫུ་ཡི་འདྲ་འབག་གྱོན་ཏེ་རང་ལམ་ཐབས་ཀྱིས་སྲུང་གིན་ཡོད་པ་དང༌། གཞན་ཡང་ཆོས་གཞུང་ཁྲོད་ཀྱི་བྱམས་བརྩེ་དང་བདེན་པ།ལས་འབྲས་དང་དད་པ། བདག་མེད་དང་སྟོང་བ་ཉིད་སོགས་གང་འདོད་འདོད་ཅིག་འཆད་ཀྱིན་ཡོད་པ་མ་ཟད། ཚུལ་ཁྲིམས་དང་བཟོད་པ།སྙིང་རྗེ་དང་གཞན་ཕན་གྱི་ལས་ལ་འཇུག་དགོས་པའི་བཀའ་སློབ་གཏོང་བ་དང་ཆོས་ཁྲིམས་འཛུགས་བཞིན་འདུག་ཀྱང༌། ཐ་ན་དབུལ་བོ་ཉམ་ཐག་རེ་ལ་ཟུར་གཅིག་སྟེར་བ་ཡང་ཞེན་པ་གཏིང་ནས་ལོག་པའི་ཁོང་རང་ཉིད་རྣམ་པར་མཚོན་ན།སྐད་ཆ་སྨྲ་བའི་འགན་ཁུར་ཙམ་ལས་ལག་ལེན་དངོས་ལ་ཞུགས་པའི་དབང་ཆ་དང་བློ་སྤོབས་ནི་རྩ་བ་ནས་ཡོད་ས་མ་རེད།

དྲང་མོར་བརྗོད་ན། དུས་རབས་གསར་བའི་རླབས་རྒྱུན་དང་འགྲོགས་པའི་སྤྱི་ཚོགས་ཀྱི་བསམ་བློའི་སྒུལ་ཤུགས་དེ་ཉིད་ག་ཙམ་ཆེ་ནའང༌། མདུན་གྱི་བཀའ་པོད་ལྔའི་དཔེ་ཆ་ཁོ་ནར་བལྟ་བ་ལས་ཕྱི་རོལ་གྱི་འཇིག་རྟེན་དར་རྒུད་དང་འགྲོ་བ་མིའི་རིགས་ཀྱི་ད་ལྟའི་འགྲོ་ཕྱོགས་དེ་ཅི་འདྲ་ཞིག་ཡིན་པ་ཐོས་ཀྱང་མ་མྱོང་བའི་ཁོང་རྣམ་པ་ནི། ཆོས་ལུགས་ཀྱི་ཁོར་ཡུག་རྫོབ་དྲགས་པ་ཞིག་ནས་ནར་སོན་ཅིང༌། ཆབ་སྲིད་ཀྱི་སློབ་གསོ་ཡང་དག་རོལ་མྱོང་མ་ཐུབ་པས་རང་ལྟ་མཆོག་འཛིན་གྱི་འདུ་ཤེས་ལ་ངང་གོམས་སུ་གྱུར་བའི་དབང་གིས་ཁོང་ཚོའི་མིག་མདུན་དུ་བསམ་བློ་རང་དབང་དང་ལྟ་བ་མཉམ་གནས་ཀྱི་སྒྲོམ་གཞི་ཞིག་གཏན་ནས་ཆགས་མི་ཆོག་པ་མ་ཟད།དཔྱོད་ཤེས་ཀྱི་བསམ་བློ་དང་དོགས་སློང་གི་བསམ་བློ།དགག་སྒྲུབ་ཀྱི་བསམ་བློ་མངའ་བའི་དེང་གི་ན་གཞོན་ཤེས་ཡོན་པ་དག་གི་ལྟ་བའི་ལངས་ཕྱོགས་དང་མི་ཚེའི་དམིགས་འདུན་སོགས་ལ་ཟུར་ཟ་དང་ཁྱད་གསོད།བརྙས་བཅོས་དང་དམའ་འབེབས།སྒྲོ་སྐུར་བྱེད་པ་སོགས་ཀྱི་ཞྭ་མོ་སྐོན་སྟངས་ལ་འདང་ཞིབ་ཀྱིས་བརྒྱབས་ན།ཁོང་རྣམ་པ་ཚོས་མི་ལོ་དྲུག་བདུན་ལྷག་ལ་སྡུག་རུས་བྱས་པའི་དམིགས་ཡུལ་ནི། མཐར་གཏུག་ཚེ་མཁན་པོ་ཟེར་བའི་མིང་ཡིག་གྲགས་ཅན་འདི་དང་ཆོས་ལུགས་ཀྱི་ཐོབ་ཐང་ཞེས་པའི་མི་མགོ་བསྐོར་བྱེད་ཙམ་ཞིག་འཐོབ་ཆེད་ལས།ཆོས་ལུགས་བཟང་བོ་ཞིག་རྟོགས་རྒྱུ་དང་ཆོས་པ་རྣམ་དག་ཅིག་ཨེ་འཁྱོངས་ཀྱི་རེ་བ་ནི་ཁྱོན་ནས་མེད་པ་བདེན་དཔང་བྱས་ཟིན་ཞིང༌། ད་དུང་རྒྱ་བོད་ཀྱི་ཡུལ་གྲུ་སོ་སོར་འགྲིམས་ཏེ་ནང་ཆོས་བཙོངས་པའི་རིན་གྱིས་སློབ་གྲྭ་བསྐྲུན་པ་དང་བཤད་གྲྭ་འཛུགས་པ།རྒན་གསོ་ཁང་གཉེར་བ་བཅས་ཀྱང་མ་གཞི་རང་ཉིད་ཀྱིས་ཁེ་སྤོགས་སྡུད་ཐབས་ཀྱི་ཚོང་ཁང་ཞིག་རྩ་འཛུགས་བྱས་པ་མ་ཡིན་ནམ།
སྐད་ཆ་དང་སྤྱོད་ལམ་གང་ལ་གཞིག་ཀྱང༌།ཁོར་ཡུག་དང་གནས་བབ་ཅི་ལ་ལྟོས་ཀྱང༌།འུ་ཚོའི་མཁན་པོ་རྣམ་པས་ནི་རང་ཉིད་མཁས་པ་ཞིག་ཡིན་པར་སྔ་མོ་ནས་རློམ་བཞིན་ཡོད་ནའང༌།དོན་དངོས་སུ་ཁོ་བོས་ནི་གཞུང་ལུགས་ཀྱི་ཐ་སྙད་ཁ་ཤས་བློ་རུ་བཟུང་བ་དེ་ལ་མཁས་པ་ཞེས་པའི་རླབས་ཆེ་བའི་མཚན་དེ་ནམ་ཡང་མི་གསོལ་བར།གནས་ལུགས་དཔྱད་ཞིབ་ཀྱི་བློ་མིག་ལྡན་པ་རྣམས་ནི་དུས་གཏན་དུ་མཁས་པའི་གྲས་སུ་བརྩི་འོས་པར་འདོད།

གཞན་ཡང་སློབ་མའི་ལངས་ཕྱོགས་དང་སློབ་ཁྲིད་ཀྱི་རྩ་དོན་མི་ཤེས་བཞིན་དུ་དགེ་རྒན་གྱི་ལས་རིགས་བཙན་གྱིས་གཉེར་བ་དང༌། གནའ་དེང་རྩོམ་རིག་གི་བློ་སྦྱོང་སྔོན་དུ་མ་སོང་ཞིང་བརྡ་སྤྲོད་སྤྱི་འགྲོས་ཀྱི་ལམ་ནས་ཡིག་ཕྲེང་འགའ་བྲིས་པ་ལའང་ནོར་བ་མ་ཤོར་བ་མཐོང་རྒྱུ་དཀོན་ཡང༌།རྩོམ་པ་བོ་དང་སྙན་ངག་པར་ཁས་འཆེས་ཏེ་བོད་རྩོམ་གྱི་བྲོ་བ་ཡེ་ནས་མེད་པའི་ཡི་གེའི་གད་སྙིགས་དུ་མ་ཞིག་གང་བྱུང་དུ་སྤུང་གིན་ཡོད་པས་མི་ཚད། ཐོག་ན་མིང་མེད་ཅིང་ཁོག་ན་དུག་མེད་པའི་གྲྭ་རྐྱང་དང་སློབ་གྲྭའི་སློབ་མ་ཚོའི་རྩོམ་རིག་བརྩམས་ཆོས་ཀྱི་མྱུར་ཚད་ལ་སྔོན་འགོག་དང་སྡང་ཞིག་བྱེད་པ་དང༌། "བོད་ཀྱི་རིན་པོ་ཆེ་"ཚོ་དང་ངན་འབྲེལ་གྱིས་སྤྱོད་པ་ཡ་མ་ཟུང་སྣ་ཚོགས་པ་འཁྲབ་ཀྱིན་ཡོད་པ་སོགས་ཁ་སང་དེ་རིང་གི་མཁན་པོ་རྣམས་ཀྱི་མཛད་འཕྲིན་རླབས་ཆེ་བ་དག་གླེང་ཚེ།ཡིད་ལ་རང་ཤུགས་ཀྱིས་ཡ་ང་བའི་སྤྲུལ་སྐུའི་རང་ལུགས་དེ་འཆར་འོང་ཡང༌།མི་འདྲ་བ་ཞིག་ཡོད་པ་ནི་སྤྲུལ་སྐུ་ཚོའི་སྔར"ཁོག"འགུལ་བ་དང་མཁན་པོ་ཚོའི་ད་ལྟ"ཁ"འགུལ་བ་དེ་རེད།
མདོར་ན།ཕྱི་ལ་མིང་ཡོད་ཀྱང་མིང་ལ་དོན་བྲལ་བའི་མཁན་པོ་འདི་དག་ནི་སངས་རྒྱས་ཆོས་ལུགས་ཀྱི་རླུང་རྟ་ཐང་ལ་གཏོར་མཁན་ཁོ་ན་ལས།སྤྱི་ཚོགས་ཀྱི་ཞབས་ཞུ་བ་དང་ནང་བསྟན་གྱི་བསམ་བློ་བ་ཞིག་ནི་གཏན་ནས་ཡིན་མི་སྲིད་ཕྱིར།དུས་ད་ནས་བཟུང་སྔར་གྱི"ཡང་སྤྲུལ་ལམ་ལུགས་ཀྱི་སྲོལ་རྒྱུན་རྒྱུད་འཛིན་པའི་ཁྲི་འཕང་མཐོན་པོར་རྐང་ལག་མང་བའི་ད་ལྟའི་མཁན་པོ"་ཚོ་མངའ་མ་གསོལ་ཐབས་མེད་དུ་གྱུར་འདུག

སྤྱིར་བཤད་ན"མཁན་པོ"ནི་བོད་ཀྱི་ཆོས་ལུགས་པའི་ཁྲོད་ཀྱི་གོ་གནས་ངེས་ཅན་བཟུང་ཡོད་པའི་རིགས་དང༌།རིན་པོ་ཆེ (སྤྲུལ་སྐུ) ཚོ་དང་མི་འདྲ་བར་ཤེས་ཡོན་གྱི་སྟེང་ནས་ཐོབ་ཐང་རྙེད་པ་ཞིག་ཡིན་པས་ཁོང་རྣམ་པའི་ཉེས་སྐྱོན་སྔོག་འདོན་བྱེད་པ་ནི་ཐན་ལྟས་ཤིག་ལ་བརྩི་བ་མ་ཟད།ཁོ་བོ་ནི་མཁན་པོ་ཟེར་བ་དེ་མིན་པས་ཕྲག་དོག་གི་སྐད་ཆ་ཡིན་པར་རློམ་སྲིད་ནའང༌།ཁ་སང་དེ་རིང་གི་གྲྭ་གཞོན་མང་ཆེ་བས་སྔོན་འགྲོ་དང་རྟགས་རིག་སྦྱང་འགོ་བརྩམས་པ་ནས།ནང་ཆོས་ཀྱི་སྙིང་དོན་དང་སྤྱི་ཚོགས་ཀྱི་བདེ་སྡུག་སོགས་ལ་འདང་གཏན་ནས་མི་གཏོང་བར"མཁན་པོ"ཞེས་པའི་མིང་བྱང་ཁོ་ནར་རེ་སྙེག་དང་འབད་བརྩོན་བྱེད་ཚུལ་དག་དམར་རྗེན་དུ་མཐོང་སྐབས།
དེང་གི་རྒྱ་ནག་གི་ལས་བྱེད་པ་དག་གི་བརྒྱུད་རིམ་རྣམས་ལྷང་ངེར་དྲན་འོང་སྟེ།སློབ་ཆུང་དང་སློབ་འབྲིང་གི་དུས་ནས་བཟུང་ཟླ་ཕོགས་མཐོན་པོ་ཅན་གྱི་ལས་བྱེད་པའི་སྟེགས་བུ་ཞིག་ལ་མི་ཤུགས་དང་རྒྱུ་ཤུགས་དུ་མ་བཀོལ་ནས་འཚོལ་སྙེག་བྱེད་པ་དང་འདྲ་བར།“མཁན་ཐོབ”ཀྱི་ཆེད་དུ་ཐབས་ཇུས་ཡོད་དགུ་འདོན་གྱིན་ཡོད་པ་འདིས་དགོན་པའི་སྤྱི་ཚོགས་ཁྲོད་དུ་རྙོག་འཛིང་རབ་དང་རིམ་པ་འབྱུང་བཞིན་ཡོད་པ་རེད།དཔེར་ན།ལོ་སྔོན་མ་ཞིག་ལ་ས་ཆ་ག་གེ་མོའི(འདིར་དམིགས་གསལ་གྱིས་མིང་མ་བཀོད)“མཁན་པོ”གསོལ་སྐབས་དེ་སྔ་གཞུང་ཆེན་འགའ་ལ་སྦྱང་བ་བྱས་མྱོང་བའི་ཡུལ་དེའི་གྲྭ་བ་ཞིག་གི་མིང་ཐོ་བཀོད་མ་ཐུབ་པས།དེ་ཚང་གི་ཕུ་བོ་མིང་ཐོ་འགོད་པའི་སློབ་དཔོན་གྱི་སྟེང་དུ་ཤོར་ཏེ་བསམ་ཡུལ་ལས་འདས་པའི་སྡིགས་དམོད་བྱས་པ་དང༌།ཡང་གྲྭ་བ་ནང་ཕན་ཚུན་བར་ལ་མི་མཐུན་པ་བྱུང་སྟེ“ཐོབ་ཐང”འདི་ཉིད་ལ་འགྲན་རྩོད་དྲག་པོ་བྱས་པས་མི་ཚད། བཟའ་བཅའ་དང་ཅ་ལག་རིགས་ཀྱིས“མཁན་པོ”བསྐོ་མཁན་ཚོར་མགྲོན་འབོད་བཏང་བ་སོགས་ཡ་ང་ཞིང་ཡིད་གནོང་བའི་ཟློས་གར་འདི་འདྲ་མང་བོ་མིག་མཐོང་ལག་ཟིན་དུ་གྱུར་སྐབས། དུས་དེ་རིང་གྲྭ་ས་ཆེ་ཆུང་ཁག་ལ་ཞུགས་ཏེ་སྙིང་དབུས་སུ“མཁན་པོ”བསྒོམས་ཤིང་མདུན་ལམ་ལ“མཁན་པོ”བཞག་ནས་ཆོས་གཞུང་གི་ཐ་སྙད་འགའ་རེར་ཤི་འཐབ་རོ་འཐབ་བྱེད་ཀྱིན་པའི་གྲྭ་བ་ཚོར་སེམས་ཀྱི་གཏིང་ནས་སྙིང་རྗེ་ཞིག་སྐྱེས་འོང་ཞིང༌།“མཁན་ཐོབ”ཀྱི་དབང་ཤུགས་ལ་མགོ་གླན་ཞིང་ནང་ཆོས་ཀྱི་གྲངས་འདྲེན་ལག་པས་བསྙབས་ཏེ་ཆེན་པོའི་རླངས་འཁོར་དང་ཆུང་ངུའི་འཕོ་བ་དང་བསྔོ་སྨོན་གྱི་སྒོར་མོ་ཡན་ཆད་བསྡུ་རུབ་བྱེད་བཞིན་པའི་གནས་ཚུལ་དག་ལ་ཤ་གསེང་རུས་གསེང་ནས་འཚིག་པ་ཟ་བ་དང་ཡིད་མུག་སྐྱེ་རྒྱུ་ཞིག་ཐོན་འོང༌།

དེ་བས། གོ་ས་ཧམ་བཟུང་དང་དབང་ཤུགས་བཙན་བཀོལ།གཞན་གཡོག་བསླུ་བྲིད་བྱེད་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་འོག་སོ་ཐར་ནས་སྔགས་བླ་མེད་བར་དུ་ཉོན་མོངས་པའི་དུག་ཁྱད་པར་ཅན་ཞིག་ལ་བརྩིས་ཡོད་པ་མ་ཟད།འགྲོ་བ་མིའི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་ཀྱི་བདེན་དོན་དང་ཡང་གཞི་ནས་རྒྱབ་འགལ་དུ་གྱུར་ཡོད་ཕྱིན།ད་ནས་བཟུང“མཁན་པོའི”གོ་ས་ལ་འབད་བརྩོན་གནང་མཁན་ཚོས་འདང་ཞིབ་མོ་ཞིག་རྒྱག་རན་རེད།
གཞན་ཡང་ལུང་རྟོགས་འཛིན་སྐྱོང་བྱེད་པ་ནི“མཁན་པོ”ཁོ་ནའི་བསྒོ་སྐལ་ཡིན་པ་མདོ་སྡེ་གང་དུ་ཡང་མ་གསུངས་ཤིང༌།སེམས་ཅན་གྱི་ཕན་བདེ་དང་རང་ཉིད་སངས་རྒྱས་སུ་བསྒྲུབ་པ་ལའང་མཁན་པོ་ཡིན་དགོས་པའི་དབྱེ་བསལ་ཁྱོན་ནས་མེད་པས་ན།ཆོས་པ་ངོ་མ་ཞིག་དང་ཆོས་ཀྱི་སྙིང་བོ་གཙང་དག་ཅིག་ཨེ་འཁྱོལ་འདོད་ན་སྤྱི་ཚོགས་ལ་ལག་ལེན་དངོས་ཀྱིས་ཞབས་ཞུ་བྱེད་དགོས་པ་དང༌།ནང་ཆོས་གཞུང་ཐོག་ཏུ་མི་བཞག་པར་རང་ཉིད་ཀྱི་ཀུན་སྤྱོད་དང་བསམ་བློ་དྲང་ཕྱོགས་སུ་འགྲོ་བ་ལ་ཚུར་ལེན་དགོས་པ་ལས།ཆོས་རྩོད་ཀྱི་རྒྱལ་ཕམ་དང་ཆོས་གྲལ་དུ་རྒྱལ་བོའི་ལམ་ལུགས་སྐྱོང་བ་སོགས་ནི་འགྲིག་པའི་དུས་ཤིག་ནམ་ཡང་ཡོད་མི་སྲིད་དོ།།

དེ་ལྟ་ནའང་བོད་ཀྱི་དགོན་པའི་ཁྲོད་ཀྱི“མཁན་པོའི”ཐོབ་ཐང་ཅན་ཐམས་ཅད་ནི་གོང་དུ་བརྗོད་པ་ལྟ་བུ་ཞིག་ག་ལ་ཡིན་ཏེ།རང་ཅག་བོད་མི་སྤྱིའི་སྐྱབས་གནས་སུ་བགྲང་འོས་པའི་ཆོས་རྗེ་བླ་མ་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་དང༌།སྐུ་འདའ་ཁར་རྩམ་སྣོད་ནང་དུ་ཤོག་དངུལ་གསུམ་ལས་རྒྱུ་དངོས་གང་ཡང་ཉར་མེད་པའི་བྱ་བཏང་བ་མཁན་ཆོས་དབྱིངས་ཁྱབ་བརྡལ་ལྟ་བུའི་མིང་དོན་མཚུངས་པའི་སྐྱེས་བུ་དམ་པ་རྣམས་ནི་དུས་གཏན་དུ་བསྔགས་བརྗོད་དང་གུས་འདུད་ཞུ་དགོས་པའི་གནས་ཁོ་ནའོ།།

A Short Introduction for Jollibee Food Corporation
VIDEO PORNO XXX It was official

Outfits That Kids Wore During the Civil War
Prom Dresses unquestionably the npd batch brings vogue boots on npdwayworld

Maxx introduces the hottest trends for juniors
VIDEOS PORNO 2 Powerful Secrets to Skyrocketing Your Streetwear or Urban Clothing Line's Success

What Is the Salary of a Fashion Coordinator
Download Free Games with all her power

all natural protein powder and MCT oil
pornos where you need to spend a certain amount

Expensive running as a fashion or style statement
Pornofilme It happened to everyone

Uncertainty In The GST Continues
Tube XXX sleep with a silk handkerchief tied over your hair

How to Dress Like a California Girl
Free Porno Wife everywhere we go school
བསྟོད།8

抱歉,评论已关闭!