དུས་རབས་ཀྱིས་བཙིར་གནོན་བྱས་པའི་རྒྱ་ནག་གི་འགྱུར་བ།

དགུ་རོང་སྤུན་གྲོལ།

དུས་རབས་ཀྱིས་བཙིར་གནོན་བྱས་པའི་རྒྱ་ནག་གི་འགྱུར་བ།

དང་པོ། གླེང་དགོས་པའི་གཏམ་གྱི་ཐོག་མ།

བརྡ་འཕྲིན་དུས་རབས་ལ་དངོས་སུ་ཤར་བསྐྱོད་བྱས་པའི་ཨ་མི་རི་ཁ་ལྟ་བུར་མཚོན་ན་འཛམ་གླིང་འདི་ཡང་ཆུང་ཆུང་ཞིག་ཏུ་སྣང་བཞིན་ཡོད་པ་རེད། དེའི་རྒྱུ་རྐྱེན་ནི་གནས་དེ་ལ་འཛམ་གླིང་གི་ཆེས་ལེགས་པའི་སློབ་གསོ་སྦྱོང་བརྡར་སྤྲོད་ཀྱིན་པས་སོ།། ཆེས་ལེགས་པའི་སློབ་གསོ་སྤྲད་པའི་གོ་རིམ་ཁྲོད་ནས་མི་རྣམས་ཀྱི་བསམ་པའི་དཔལ་ཡོན་གྱི་ཤུགས་ཚད་མཐོ་རུ་ཕྱིན་སྟབས་ད་གཟོད་ཁོ་ཚོས་རྒྱལ་སྤྱིའི་སྒང་དུ་དཔལ་འབྱོར་གྱི་དབང་ཤུགས་བཟུང་ཐུབ་པ་བྱུང་ཡོད། དེ་བས་ཨ་མི་རི་ཁས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ག་ས་གང་དུ་ཕྱི་འཛུམ་གྱིས་ཁེངས་པའི་ཁབ་གཙག་འབིགས་གཙག་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་ད་ལོར་རྒྱ་ནག་ལ་འབིགས་གཙག་ཆེན་པོ་ཞིག་བྱས་ཡོད་པ་སྟེ། 〝རྒྱ་ནག་གི་དངུལ་ལོར་ངེས་པར་དུ་བཅོས་བསྒྱུར་བྱེད་དགོས〞ཞེས་པ་ལྟ་བུའོ།།

གཉིས་པ། གནད་དོན་གྱི་བྱུང་རྐྱེན།

ཟླ་འདིའི་ཚེས་24་ཉིན་སྦེ་སྦེ་སེས( BBC News) གསར་འགོད་པས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་23ནས་ཉིན་ལྔའི་རིང་ལ་ཨ་རྒྱ་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་ཀྱི་ལྷན་འཛོམས་ཚོགས་འདུ་བསྡུས་ཏེ་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧིལ་ལ་རི་ཁི་ལིན་ཊོན་དང་ཨ་རིའི་ནོར་སྲིད་དྲུང་ཆེ་རྣམ་གཉིསགཙོ་བྱས་པའི་གཞུང་འབྲེལ་མི་སྣ་200 ལས་གྲུབ་པའི་སྐུ་ཚབ་སྡེ་ཁག་ཅིག་ཆེད་དུ་པེ་ཅིན་དུ་འཛོམས་ཤིང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོ་བྱས་པའི་ཆེས་མཐོའི་དཔོན་རིགས་དང་དཔལ་འབྱོར་ཆེད་མཁས་པ་སྐོར་ཅིག་ཀྱང་ཚོགས་བཅར་བྱས་སྟེ། ཕྱོགས་གཉིས་ཀའི་དཔལ་འབྱོར་མཉམ་ལས་སྲ་བརྟན་ཡོང་བར་གཞིར་དམིགས་ཏེ་མི་མངོན་པའི་ཆབ་སྲིད་ཀྱི་ཟློས་གར་འཁྲབ་ཡོད་པ་རེད། ཁ་ཇེ་གསལ་དུ་བཏང་སྟེ་བཤད་ན་ཉེ་སྔོན་ཨ་རིའི་རྒྱལ་སར་ཕྱོགས་གཉིས་ཀའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་བསྡུས་མ་ཐག་ཡིན་པ་དང་། དེར་གྲོས་མཐུན་བྱུང་བ་བཞིན་ད་ཐེངས་ཀྱི་ལྷན་ཚོགས་དེ་ཡང་ཕྱོགས་གཉིས་ཀའི་དཔལ་འབྱོར་མཉམ་ལས་སྲ་བརྟན་ཡོང་ཆེད་དང་། བྱང་ཀོ་རུ་ཡིའི་ཉིང་རྡུལ་མཚོན་ཆའི་བཟོ་སྐྲུན་གྱི་དཀའ་ཉོག བྱུང་འདས་ཀྱི་ལོ་ཟླའི་ནང་ཨ་མེ་རི་ཁས་ཐེ་ཝན་ལ་ཨ་སྒོར་ས་ཡ་མང་པོའི་དམག་གྲུ་དང་གོ་མཚོན་ཕྱིར་བཙོང་བྱས་པས་རྒྱ་ནག་ལ་ཕོག་ཐུག་བཏང་བའི་ཐད་ལ་གྲོས་མོལ་བྱས་པའི་བཟོ་འདྲ་བོ་འདུག ཡིན་ནའང་ལྷན་ཚོགས་དེའི་དམིགས་གཞི་གཙོ་བོ་ནི་ཟླ་སྔོན་མའི་ནང་ཨ་རིས་རྒྱ་ནག་ལ་ཐ་ཚིག་བསྒྲགས་པ་ལྟར་རྒྱ་ནག་གི་དངུལ་ལོར་མཛའ་ཐང་ལ་བཅོས་བསྒྱུར་གཏོང་དགོས་རྒྱུ་དེ་ཡིན་པ་རེད།

རྒྱ་ནག་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་ཏིན་ཞོ་ཕུན་གྱིས་རྒྱ་ནག་གི་ཚོང་རྫས་རྒྱལ་སྤྱིའི་ཁྲོམ་རེར་ཕྱིར་གཏོང་བྱེད་ཆེད་ཨ་རིའི་འབྱོར་བདག་ཅན་གྱི་ཚོང་བ་སྐོར་ཞིག་འབྲེལ་མོལ་གྱིས་རྒྱ་ནག་ཏུ་ཨ་རིའི་བཟོ་ཚོང་ཐོན་སྐྱེད་ལྟེ་གནས་བཙུགས་ཏེ་རང་དབང་གི་ཚོང་ལས་གཉེར་ན་ཆོག་པའི་བཀའ་ཁྱབ་བསྒྲགས་པས་ཧམ་སེམས་ཅན་གྱི་ཨ་རིའི་ཚོང་བ་སྐོར་ཞིག་རྒྱ་ནག་ཏུ་ཡོང་ནས་རང་ཉིད་ཀྱི་མ་དངུལ་བཏང་ནས་ཚོང་ལས་གཉེར། དེ་ནི་གླ་ཕོག་ཉུང་ཉུང་སྤྲད་དེ་ཁེ་སྤོག་ཆེན་པོ་ལེན་པའི་ཨ་རིའི་ཚོང་བ་སྐོར་ཞིག་གིས་རྒྱ་ནག་པ་ལ་མགོ་སྐོར་བཏང་བའི་ཁོ་ཚོའི་ནག་ཉེས་ཤིག་རེད། ཡིན་ནའང་ཁོ་ཚོས་བསྐྲུན་པའི་ཚོང་རྫས་ཅི་ཞིག་ཡིན་ཀྱང་དེའི་ཐོག་ཏུ་རྒྱ་ནག་ཏུ་ཐོན་སྐྱེད་བྱས(Made in China)ཞེས་བཀོད་དགོས་པས་རྒྱ་ནག་གི་ཚོང་རྫས་དག་རིན་གོང་དམའ་བོའི་ངང་ནས་ཨ་རིའི་ནང་དུ་ཚོང་རྫས་འབོར་ཆེན་ཕྱིར་གཏོང་བྱས་ཡོད། རྒྱ་ནག་གི་དངུལ་ལོར་མཛའ་ཐང་འཕར་ཆག་གང་ཡང་མེད་པར་ལོ་ངོ་དུ་མའི་རིང་ལ་རྒྱུན་གནས་བྱས་ཐུབ་པ་དེས་འཛམ་གླིང་ནང་རྒྱལ་ཁབ་གཞན་པ་ལས་རྒྱ་ནག་གི་ཚོང་རྫས་ནང་འདྲེན་བྱེད་མཁན་ཧ་ཅང་འབོར་ཆེན་དུ་གྱུར། དེ་བས་ཨ་རིའི་ཁྲོམ་རའི་ནང་རིན་གོང་དམའ་བའི་རྒྱ་ནག་གི་ཚོང་རྫས་ཀྱིས་ཁྱབ་སྟེ་ཨ་རིའི་བཟོ་སྐྲུན་ལས་བཟོ་བའི་ལས་ཀ་ཤོར་བའི་དཀའ་ངལ་བྱུང་ཡོད། རྒྱལ་སྤྱིའི་དཔལ་འབྱོར་གྱི་སྒྲིག་གཞི་ལྟར་ན་ལོ་རེའི་ཚོང་རྫས་ཕྱིར་གཏོང་བྱས་པའི་ཁེ་སྤོག་ཅི་ཙམ་མང་བ་དེ་ཙམ་གྱིས་རྒྱལ་ཁབ་དེའི་དངུལ་ལོར་མཛའ་ཐང་ལ་འགྱུར་བ་འགྲོ་དགོས་ནའང་། རྒྱ་ནག་གིས་དུས་ད་ལྟ་བར་དུ་ཚོང་རྫས་ཕྱིར་གཏོང་བྱས་པའི་ཡོང་འབབ་ཆེན་པོ་བླངས་ནས་དངུལ་ལོར་མཛའ་ཐང་ལ་འགྱུར་བ་ཅི་ཡང་བཏང་མེད་པས། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་རིམ་གསུམ་པར་གྱུར་ཐུབ་པ་རེད། ཕྱི་ཚུལ་ནས་བལྟས་ན་ཨ་རྒྱ་གཉིས་ནི་འཆམ་མཐུན་གྱི་མཛའ་འབྲེལ་ལེགས་པོ་ཡོད་པའི་སྣང་བ་ཡོད་མོད། འོན་ཀྱང་དོན་དངོས་སུ་དེ་འདྲ་ག་ལ་ཡིན། རྒྱ་ནག་གིས་ཨ་རིས་གསར་གཏོད་བྱས་པའི་དངོས་རྫས་ལ་ཁྲལ་ཅི་ཡང་མ་བྱིན་པར་ནང་ལོག་ཏུ་བསྐྱར་དཔར་བྱས་ཏེ་བཙོང་དང་ཚོང་བཞིན་ཡོད། དེའི་ནང་དུ་གཙོ་བོ་རྩིས་འཁོར་གྱི་མ་ལག( Windows) དང་གློག་བརྙན་ཕབ་སྐྲུན་བྱས་པའི་འོད་སྡེར། གསར་སྐྲུན་བྱས་པའི་དཔེ་དེབ་བཅས་ཡིན་པ་རེད། ཨ་སྒོར་ས་ཡ་མང་པོའི་མ་དངུལ་བཏང་བའི་གློག་བརྙན་ཞིག་ལ་མཚོན་ནས་བཤད་ན། དེ་རིང་ཁྲོམ་རར་འགྲེམ་སྤེལ་བྱས་ན་སང་ཉིན་ཨ་རིར་གནས་སྡོད་རྒྱ་ནག་པས་དེའི་འོད་སྡེར་གཅིག་གི་འདྲ་བཤུས་བསྐུར་ཏེ་རྒྱ་ནག་ནང་ཁུལ་དུ་འོད་སྡེར་ས་ཡ་མང་པོ་བསྐྱར་དཔར་བྱས་པས་ཨ་རིའི་གློག་བརྙན་བཟོ་ཚོང་ཀུང་ཟི་དག་གི་མ་དངུལ་སྟོང་བཞིན་ཡོད། དེའི་གནད་དོན་དེ་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཡར་ཞུ་བྱས་ཡོད། ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་ཨ་རིས་རྒྱ་ནག་གིས་ཁོ་ཚོའི་ཚོང་དོན་གྱི་ཐོབ་དབང་འཕྲོག་གྱིན་པའི་སྣང་ཚུལ་དེ་ལ་ཞིབ་དཔྱོད་བྱས་ཤིང་། དེའི་འབྲས་བུ་ནི་རྒྱལ་སྤྱིའི་ཚོང་དོན་སྒྲིག་གཞི་ལྟར་རྒྱ་ནག་གི་དངུལ་ལོར་བཅོས་བསྒྱུར་བྱེད་དགོས་པའི་ཆོད་སེམས་གཏན་ལ་ཕབ། གལ་ཏེ་རྒྱ་ནག་གི་དངུལ་ལོར་བཅོས་བསྒྱུར་བཏང་བ་ཡིན་ན་རྒྱ་ནག་གི་ཚོང་རྫས་ཕྱིར་གཏོང་གི་ཡོབ་འབབ་བརྒྱ་ཆ་20 མར་ཆག་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་གལ་ཏེ་རྒྱ་ནག་གི་དངུལ་ལོར་མཛའ་ཐང་ཨ་སྒོར་དང་གཅིག་པ་བཅོས་པ་ཡིན་ན་ཁོས་ད་ལྟ་ཚོང་འབྲེལ་བྱེད་པའི་རྒྱལ་ཁབ་སྐྱོ་བོ་དག་གིས་ཁོའི་ཚོང་རྫས་མང་པོ་ནང་འདྲེན་བྱེད་མི་ཐུབ་པ་དང་། གལ་ཏེ་ཨ་སྒོར་གཅིག་ལ་རྒྱ་སྒོར་ཉི་ཤུའི་མཛའ་ཐང་དུ་བསྒྱུར་པ་ཡིན་ན་ཚོང་རྫས་ཕྱིར་གཏོང་བྱས་པའི་ཡོང་འབབ་ཆེན་པོ་མི་འདུག གནད་དོན་འདི་ཡང་རྒྱ་ནག་གཅིག་པུར་བྱུང་བ་ཞིག་མ་ཡིན་པར་འཇར་པན་ལ་ཡང་ཨ་རིས་གནོན་ཤུགས་དེ་འདྲ་སྤྲད་པས་ཨ་སྒོར་གཅིག་ལ་འཇར་སྒོར་90 མཛའ་ཐང་དུ་བསྒྱུར་པ་རེད། འོ་ན་ད་ཐེངས་ཀྱི་གནད་དོན་འདིའི་ཁྲོད་ནས་རྒྱ་ནག་གི་དངུལ་ལོར་མཛའ་ཐང་ཇི་ལྟར་བྱ་རྒྱུ་རེད་ཟེར་། ངའི་ཚོད་དཔག་ལྟར་ན་ཨ་སྒོར་གཅིག་ལ་རྒྱ་སྒོར་ཉི་ཤུའི་མཛའ་ཐང་བསྒྱུར་ངེས་རེད། དེའི་རྒྱུ་མཚན་ནི་རྒྱ་ནག་རང་ཉིད་ཀྱིས་གསར་དུ་ཐོན་སྐྱེད་བྱས་པའི་ཕྱིར་གཏོང་ཚོང་རྫས་ཁྱབ་ཆེ་ཤས་ནི་བྱིས་པའི་རྩེད་མོའི་རོལ་ཆས་དང་། ལུས་རྩལ་བའི་གྱོན་ཆས་དག་ཡིན་པ་དང་དེ་ལས་གཞན་པའི་ཕྱིར་གཏོང་ཚོང་རྫས་ཕལ་ཆེ་བ་དག་ནི་རྒྱལ་ཁབ་གཞན་གྱིས་གསར་སྐྲུན་བྱས་པ་དག་ཁྲིམས་མཐུན་གྱིས་བསྐྱར་དཔར་བརྒྱབ་པ་དག་རེད།

གསུམ་པ། དེ་ལས་བྱུང་བའི་ནང་ཁུལ་གྱི་དཀའ་ངལ།

སྲིད་འཛིན་ཧུའུ་ཅན་ཐའོ་ཡིས〝རྒྱ་ནག་གཞུང་ངོས་ནས་རང་དབང་གི་ཐག་གཅོད་དང་བརྒྱུད་རིམ་གྱི་ལམ་ལུགས་འོག་ནས་རྒྱ་ནག་གི་དངུལ་ལོར་མཛའ་ཐང་གི་སྒྲོམ་གཞི་དེ་རིམ་གྱིས་བཅོས་བསྒྱུར་གཏོང་རྒྱུ་ཡིན་〞ཞེས་གཏམ་བཤད་སྤེལ་ཡོད་ཀྱང་ད་དུང་དེའི་དུས་ཚོད་གཏན་ལ་ཕབ་མེད་པ་རེད། དཔལ་དོན་གྲུབ་རྒྱལ་གྱིས་བཤད་པ་བཞིན〝གསར་གཏོད་ཀྱི་སྙིང་སྟོབས་མེད་པ་ཡིན་ན། གསར་བ་ཡིན་ཀྱང་སྙིང་བོ་ག་ལ་ཡོད〞ཅེས་པ་བཞིན་གསར་གཏོད་ཀྱི་བདག་དབང་རྩོད་ལེན་བྱ་རྒྱུ་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་དོར་དུ་མི་རུང་པའི་ལས་འགན་རླབས་པོ་ཆེ་ཞིག་ཏུ་འདོད། རྒྱ་ནག་པས་དུས་ད་ལྟ་བུར་དུ་གཞན་གྱི་དངོས་རྫས་ལེགས་པོ་རྣམས་ལ་ཤུན་ལྤགས་རེ་བསྐོན་ནས་བསྐྱར་དཔར་བྱས་པའི་ཡོང་འབབ་ཀྱིས་བློ་ཡིད་རབ་ཏུ་ཚིམས་ཏེ་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་མ་བྱས་པས་ལད་པ་རེད། དེ་ཡང་མི་བུ་དེའི་འཇོན་ཤུགས་གཙོ་གནད་དུ་མི་འཛིན་པར་གུང་ཁྲན་ཏང་ལ་ཞུབས་ཞུ་བྱས་པའི་དུས་ཡིན་རིང་ཐུང་གིས་མི་བུ་དེའི་གླ་ཕོག་གཏན་འབེབ་བྱས་པས་མི་རྣམས་སྤྱི་ཚོགས་ལ་འཇུག་པའི་སྒུལ་ཤུགས་འབྱུང་མ་ཐུབ་པ་དང་འབྱུང་ཡང་མི་འདོད་པར་ཉི་མ་ཕུད་ཐབས་ཁོ་ན་བྱེད་པའི་གོམས་སྲོལ་བྱུང་བ་རེད། དེ་བས་གསར་གཏོད་ཁ་ནས་བསྒྲགས་ཏེ་ལག་ཏུ་འཇེ་ཤུབས་དང་མཱ་ཅང་བཟུང་ནས་དུས་ཀྱི་དགའ་སྟོན་ལ་རོལ་བའི་སྐྱིད་ཉལ་བྱེད་པའི་རྒྱ་ནག་པ་ལ་ཨ་མི་རི་ཁས་གློ་བུར་དུ་འགྲམ་ལྕག་ཅིག་བཞུས་ཀྱང་ད་དུང་འཐད་པའི་བརྡ་ལ་མགོ་བོ་ནང་བཀུག་བྱེད་པ་ལས་ཐབས་ཟད་དོ།། དེར་བརྟེན་དོན་གྱིས་རྒྱ་ནག་གི་འགྱུར་བ་དེ་ཨ་རི་ལ་བརྟེན་དགོས་པ་ཞིག་ཏུ་སྣང་ཡོད། མཐོང་སྣེ་འདིེའི་ཐད་ནས〝འཛམ་གླིང་གི་སྡེ་དཔོན་ཀྲུང་གོ་ཡིན་པའི་སྙམ་པའི་〞འཁྲུལ་སྣང་དེ་འཇུག་ཡུལ་མེད་པའི་འཁྲུལ་ཤེས་ཡིན་པར་ངེས་ཤེས་རྙེད་དུ་འཇུག་ཐུབ། ཕྱི་མཛེས་ཀྱི་སྣང་བ་དཔེ་རུ་སྟོན་ཆེད་མཁར་གྲོང་འཛུགས་སྐྲུན་དང་གཞུང་ལམ་རྒྱ་བསྐྱེད་བྱས་ཏེ་ཕྱི་མིས་མི་མཐོང་བའི་ནང་ལོག་གི་གནས་བབ་སྡུག་པོ་དག་དེ་གར་སོར་བཞག་བྱས་ཡོད་སྟབས་སྤྱི་དམངས་ཀྱི་ཁྲོད་ནས་དབུ་ཕྱུག་གི་བར་ཁྱད་ཆེན་པོ་ཤོར་བ་རེད། གལ་ཏེ་ཨ་སྒོར་གཅིག་ལ་རྒྱ་སྒོར་ཉི་ཤུའི་མཛའ་ཐང་དུ་ཆགས་པ་ཡིན་ན་ནང་ལོག་ཏུ་ཁང་བ་ཉོ་བའི་ལས་བཟོ་བ་དང་གཞུང་ཞབས་པ་རྣམས་ཀྱིས་མི་ཚེ་གང་བོར་ལས་ཤུགས་ཇི་ལྟར་རྒྱ་བསྐྱེད་ཀྱང་འདོད་བློ་བཀང་བའི་འཚོ་བ་རོལ་ཐབས་བྲལ། དེ་བས་ཁང་བ་ཕྱིར་བཙོང་བྱེད་པའི་ཀུང་ཟི་དག་གིས་ཁང་བའི་རིན་གོང་ཇེ་དམའ་རུ་གཏོང་དགོས་ཟེར་པའི་རེ་འབོད་ཤུགས་ཆེན་ཞིག་སྤྱི་དམངས་ཀྱི་ཁྲོད་ནས་ཡོང་ངེས་རེད། ཡིན་ནའང་ཁང་བ་ཕྱིར་བཙོང་བྱེད་པའི་ཀུང་ཟི་གཙོ་སྒྲུབ་པ་དག་ནི་རྒྱ་ནག་གི་མི་རབས་བཞི་བའི་དཔོན་རིགས་ཀྱི་བུ་རབས་ཚ་རྒྱུད་ཡིན་པས་དེ་དུས་གླེང་རྙོག་ཚ་བོ་ཞིག་ཏུ་འགྱུར་དུ་གདོན་མི་ཟའོ།།

ཆ་མི་སྙོམས་པའི་དཔལ་འབྱོར་གྱི་འཕེལ་རིམ་ཁྲོད་ནས་ད་དུང་རྒྱ་སྒོར་གྱི་མཛའ་ཐང་མར་ཆགས་པ་ཡིན་ན་སྤྱི་ཚོགས་སུ་ལས་ཞུགས་བྱེད་པའི་དཀའ་ངལ་ཆེ་རུ་འགྱུར་རྒྱུ་ཡིན་པ་དང་། ལོ་རེར་རྒྱ་ནག་གི་ཞིང་པ་གང་མང་ཞོར་ལས་སུ་འགྲོ་བཞིན་ཡོད་པས་ལས་ཀ་གཙོ་སྒྲུབ་པ་སྐོར་ཞིག་གིས་ཞིང་བ་དེ་དག་སྤྱད་ནས་རང་ཉིད་ཀྱི་དཔལ་འབྱོར་ཕྱུག་པོ་བཏང་དང་གཏོང་མུས་སུ་ཡོད། དངུལ་ལོར་མར་ཆག་གི་སྒྲིག་གཞི་དེ་ཞིང་བ་དག་ལ་དངོས་སུ་མི་བཀོད་པར་མགོ་གཡོག་མགོ་སྐོར་གྱིས་ཞིང་པའི་ཡོང་འབབ་ལ་འགོག་རྐྱེན་བཟོ་ངེས་རེད། གནད་འདི་ནས་དམིགས་ན་རང་རེའི་བོད་ཀྱི་ཞིང་པ་འབོར་ཆེན་ཞིག་རྒྱུན་པར་ཞོར་ལས་སུ་འགྲོ་བཞིན་ཡོད། ཁྲིམས་ལུགས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་ཆ་རྒྱུས་མེད་པའི་བོད་རིགས་དག་ལ་ཡང་གནད་དོན་དེའི་ཐད་ཀྱི་དཀའ་ངལ་ཆེན་པོ་འཕྲད་ངེས་ཡིན་ཙ་ན། འུ་ཅག་སྨྱུག་ཐོག་པ་ཀུན་པོས་དངུལ་ལོར་མཛའ་ཐང་གི་གནད་དོན་དེ་ལ་བློ་མིག་གིས་ཧུར་གྱིས་གཟིགས་ཏེ་རང་རེའི་བོད་ལ་གསལ་འདེབས་གང་ལེགས་བྱེད་དགོས། ལྷག་དོན་བོད་རིགས་ཀྱི་ཡོང་འབབ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་འཛུགས་སྐྲུན་ལས་ཞབས་ཡིན་པས་ལས་བདག་པ་རྣམས་ཀྱིས་ཁོང་ཚོའི་ལས་གླ་དུས་ཐོག་ཏུ་མི་སྤྲོད་པར་མགོ་སྐོར་གྱི་ངན་ཤུགས་རྒྱུན་འབྱམས་སུ་ཡོད་པས། ད་གཟོད་དངུལ་ལོར་མར་ཆག་གི་དུས་ཀྱི་འགྱུར་ལྡོག་དེ་འདྲར་གདོང་ཐུག་སྐབས་བོད་རིགས་དག་གིས་རྣ་ཐོས་ཚད་མར་འཛིན་རྒྱུ་ནི་གདོན་མི་ཟ་བས་འུ་ཅག་ལ་གྱོང་གུད་ཚབས་ཆེན་ཐེབས་རྒྱུ་ཡིན་ཙ་ན་ཐོག་མར་གོ་རིམ་མེད་པའི་གླེང་གཞི་འདི་འདྲ་ཞིག་སྤེལ་བ་ཡིན་པས་ཀུན་པོས་ཉམས་སུ་བཞེས་རོགས།

How to Set Up a Menswear Fashion Line
PORNO This app gives you access to the pages of Seventeen Magazine

I Want To Be Eighteen Again
Prom Dresses a daily newspaper

The Fed's 'Surprise' Move May Lead to a Positive Market Reaction
PORNO Arm holes are cut smaller to cover scars

Sample Objectives On A Retail Professional or Fashion Resume
Free Games That has Nagisa fairly unsure of her

Samsung CEO Sneers At Rumors Of Acquiring HP Division
Kostenlose Pornos von Think buying magazines is a waste of money

Can You Use Lotion on Your Hair to Control Frizz
Porno pour femme how for need mc sort

EXPLORE THE WORLD OF DC SHOES UK
free porno Heading into an uncertain holiday season

Fashion that makes history rock
Free Porno Wife jeans coat just like a layering piece
བསྟོད།6

抱歉,评论已关闭!