སློབ་ཆུང་སློབ་མའི་རྒྱུན་ལྡན་གྱི་བྱ་སྤྱོད་ཚད་ལྡན།

གཅན་རྣམ་ཐར།

སློབ་ཆུང་སློབ་མའི་རྒྱུན་ལྡན་གྱི་བྱ་སྤྱོད་ཚད་ལྡན།

1. རྒྱལ་དར་དང་རྒྱལ་རྟགས་ལ་གུས་པ་དང་།རྒྱལ་གླུ་ལེན་ཤེས་པ་དང་རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་དཀྲོལ་བའི་ཚེ། ཞྭ་མོ་ཕུད་ནས་གུས་འདུད་བྱས་ཏེ་དྲང་མོར་ལངས་དགོས།

2. ཕ་མར་བརྩི་བཀུར་དང་ཕ་མའི་ལུས་པོའི་བདེ་ཐང་ལ་སེམས་ཁུར་བྱས་ཏེ། རང་འགུལ་སྒོས་ཁྱིམ་ལས་ལས་ཐུབ་པ་རྣམས་ལས་དགོས། ཕ་མ་དང་རྒན་རབས་པའི་ངག་ལ་ཉན་ཏེ་སྒོར་འགྲོ་བའམ་ཡང་ན་ཁྱིམ་ལ་ཐོན་ན་བརྡ་རྒྱག་དགོས།

3. དགེ་རྒན་ལ་བརྩི་བཀུར་དང་ངོ་ཐུག་བྱུང་ན་གུས་ཚུལ་སྟོན་པ་དང་། དགེ་རྒན་གྱི་སློབ་སྟོན་དང་ལེན་བྱས་ཏེ་དགེ་རྒན་དང་འབྲེལ་འདྲིས་དམ་པོར་བྱེད་དགོས།

4. རྒན་པ་བཀུར་ཞིང་ཆུང་བར་བྱམས་པ་དང་། མི་ཚང་མར་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས། སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་དང་སེམས་ཁུར། རོགས་རམ་བྱེད་དགོས། གཉོམ་ཆུང་དང་དབང་བོ་སྐྱོན་ཅན་ལ་བརྙས་བཅོས་མི་བྱ་བར་ད་དུང་མི་རིགས་གཞན་གྱི་གོམས་གཤིས་ཀྱང་བརྩི་དགོས།

5. མི་གཞན་ལ་བརྩི་བཀུར་བྱས་ཏེ་སྐད་ཆ་འཇམ་པ་དང་སྤྱི་སྐད་བཤད་པ། སློབ་གྲོགས་ཕན་ཚུན་བར་སྡིགས་དམོད་དང་རྡུང་རེས་མི་བྱེད་པ།མི་གཞན་གྱི་ཁང་བར་འཛུལ་ན་ཐོག་མར་སྒོ་རྡུང་དགོས་ཤིང་འཐད་པ་བྱུང་ཚེ། ད་གཟོད་ནང་དུ་སོང་ཆོག གཞན་གྱི་དངོས་རྫས་ལ་གང་འདོད་དུ་མི་རེག་པ་དང་། གཞན་གྱི་བྱ་བ་དང་སློབ་སྦྱྱོང་།ངལ་གསོ་བཅས་ལ་གཏོར་བརླག་བྱེད་མི་རུང་།

6. ཁ་བཤད་དོན་ལ་གནས་དགོས་པ་དང་སྐྱྱོན་ཡོད་པ་ཤེས་ན་མྱུར་དུ་སྤངས་བར་བྱ།གཞན་གྱི་དངོས་པོ་གང་འདོད་དུ་བླངས་མི་ཆོག་པ་དང་། གཞན་གྱི་དངོས་པོ་གཡར་ཡོད་ན་དུས་ལྟར་ཕྱིར་སྤྲོད་པ།གཞན་ལ་ཁས་བླངས་པའི་བྱ་བ་དེ་བརྩོན་པས་སྒྲུབ་ལ་མ་འགྲུབ་ན་དགོངས་དག་ཞུ་དགོས།རྒྱུགས་ཆེ་མ་ཆུང་གསུམ་ལེན་སྐབས་བརྐུས་ལྟ་མི་བྱེད་པ་བཅས་སོ། །

7. གཞན་གྱི་ལེགས་ཆར་སློབ་སྦྱོང་བྱེད་པ་ལས་ཕྲག་དོག་བྱེད་མི་ཆོག དཀའ་སྡུག་དང་འཕྲད་ན་བློ་མ་ཕམ་པར་བརྩོན་པ་བྱེད་དགོས།

8. འབྲུ་རིགས་དང་འཚོ་བའི་སྤྱོད་ཆས་ལ་གཅེས་སྤྲས་དང་། ཆུ་དང་གློག་ལ་གྲོན་ཆུང་། བཟའ་བཏུང་དང་གྱོན་ཆས་གཞན་ལ་མི་འགྲན་པར་སྒོར་མོ་གང་འདོད་དུ་ཆུད་ཟོས་སུ་གཏོང་མི་འོས།

9. རྒྱུན་དུ་སེན་མོ་བཏོག་པ་དང་སྐྲ་བཀྲུ་བ། སོ་དང་ལག་པ་ནམ་ཡང་བཀྲུ་བ། ཁྱིམ་ལས་རང་གི་ལས་ཐུབ་པ་རྣམས་རང་གིས་ལས་དགོས།

10. དུས་ལྟར་སློབ་གྲྭ་འགྲོ་བ་ལས་འགོར་འགྱངས་དང་སྔ་ལོག སློབ་བཤོལ་བཅས་མི་བྱེད་པ་དང་། ན་བ་དང་བྱ་བ་ཡོད་ན་གནང་ཞུ་ཡི་གེ་འབྲི་བ། སློབ་གྲྭ་གྲོལ་རྗེས་དུས་ལྟར་ཡུལ་ལ་ལོག་དགོས། སློབ་གྲྭའི་བྱ་འགུལ་དག་ལ་དུས་ལྟར་ཞུགས་པ་ལས་ཞུགས་མི་ཐུབ་ཚེ་སྔ་མོ་ནས་གནང་བ་ཞུ་དགོས།

11. སློབ་ཁྲིད་མ་བྱས་སྔོན་ལ་སློབ་སྦྱོང་གི་མཁོ་ཆས་ཡོད་ཚད་གྲ་སྒྲིག་བྱས་ཏེ། སློབ་ཁྲིད་ལ་ཉན་སྐབས་སེམས་རྣལ་ལ་འཁེལ་དགོས། བསམ་བློ་བཏང་ཞིང་སྤོབས་པ་བསྐྱེད་དེ་འདྲི་ཚིག་ལ་སྐད་གསེང་མཐོན་པོས་ལན་འདེབས་པ། གཞན་པའི་སྐད་ཆའི་བཤད་མཚམས་གང་འདོད་དུ་བཅད་མི་རུང་།

12.སློབ་ཁྲིད་སྔོན་གྱི་སྔོན་སྦྱོང་དང་གཞུག་གི་བསྐྱར་སྦྱོང་ནན་གྱིས་བྱས་ཏེ།དུས་ལྟར་ལས་བྱ་འབྲི་བ་དང་། ཡི་གེ་གྲལ་དག་འབྲི་བ་དང་འབྲི་དེབ་ཀྱི་ཤོག་ངོས་གཙང་མ་ཡིན་དགོས།

13.ལུས་ཕུང་སྦྱོང་བརྡར་རྒྱུན་དུ་བྱེད་དགོས་ཤིང་།འགྲོ་འདུག་མལ་གསུམ་དང་དཔེ་ཆར་ལྟ་བའི་སྡོད་སྟངས་བཅས་ལ་མཉམ་འཇོག་དགོས། ཕན་པ་ཡོད་པའི་བྱ་འགུལ་ཡོངས་ལ་ཧུར་བརྩོན་གྱིས་ཞུགས་དགོས།

14.ཉིན་རེར་གད་རེས་ནན་གྱིས་འཁོར་ནས་སློབ་ཁང་དང་སློབ་གྲྭའི་ར་བསྐོར་ལ་གཙང་སྦྲ་ལེགས་པོ་བྱེད་དགོས། ཁོར་ཡུག་གི་སྡོང་བོ་དང་མེ་ཏོག རྩྭ། རྒྱན་ཆས། སྲོག་ཆགས་བཅས་ལ་སྲུང་སྐྱོང་བྱེད་པ་དང་།ཁ་ལུད་དང་གད་སྙིགས་གང་སར་མི་འཕེན་པ།

15. སྤྱྱིའི་རྒྱུ་རྫས་ལ་གཅེས་སྤྲས་བྱས་ཏེ། ཅོག་ཙེ་དང་རྐུབ་སྟེགས། འཛུགས་སྐྲུན་དངོས་པོ། རིག་དངོས་གནའ་རྫས་སོགས་ཀྱི་ཐོག་ཅི་དགར་བྲིས་མི་ཆོགགཞུང་གི་རྒྱུ་རྫས་བཅགས་ན་སྐྱིན་ཚབ་འཇལ་དགོས་ཤིང་། རྙེད་པའི་དངོས་པོ་ཕྱིར་བདག་པོར་སྟེར་དགོས།

16. ཐུན་མོང་གི་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་པ་དང་། ཐུན་མོང་གིས་བཅོལ་བའི་ལས་འགན་ནན་གྱིས་ཡོངས་འགྲུབ་བྱེད་དགོས། ན་ཆུང་གདོང་ལེན་རུ་ཁག་གི་གྲོས་ཐག་བརྩི་དགོས་ལ། ཐུན་མོང་གི་མཚན་སྙན་དང་གནོད་པའི་བྱ་བ་མི་སྒུབ་པ། མཉམ་འབྲེལ་བྱེད་ཤེས་དགོས།སློབ་གྲྭའི་རྩ་འཛུགས་ཀྱི་ངལ་རྩོལ་དང་སྤྱི་ཚོགས་ཀྱི་ལག་ལེན་སྣ་ཚོགསས་སུ་ཧུར་བརྩོན་གྱིས་ཞུགས་ཤིང་ལྟ་ཞིབ་བྱས་ཏེ་བརྩོན་པ་བསྐྱེད་དེ་སྒྲུབ་དགོས།

17. འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས། གཞུང་ལམ་སྟེང་འཕྲེད་དུ་འགྲོ་སྐབས་མི་བསྐྱོད་བགྲོད་ལམ་བརྒྱུད་ནས་འགྲོ་དགོས་པ་ལས་གང་འདོད་དུ་སོང་མི་ཆོག གཞུང་ལམ་དང་ལྕགས་ལམ། གྲུ་ཁ་བཅས་ནས་འདེད་རེས་དང་རྩེད་རེས་བྱེད་མི་ཉན།

18. སྤྱི་པའི་སྒྲིག་ལམ་བརྩི་སྲུང་བྱེད་དགོས། མི་མང་འཚོགས་ས་ནས་འཚང་ཁ་རྒྱག་མི་ཉན་ལ་འུར་ཅོའང་སྒྲོག་མི་རུང་། སྤྱི་སྤྱོད་རླངས་འཁོར་དང་མཚོ་གྲུར་བསྡད་ན་རང་འགུལ་སྒོས་འཛིན་ཡིག་ཉོ་དགོས། རྒན་པ་དང་བྱིས་པ། སྦྲུམ་མ། དབང་བོ་སྐྱོན་ཅན།ནད་པ་བཅས་ལ་འདུག་ས་སྟེར་དགོས། གཞན་ཁྲིམས་འགལ་གྱི་བྱ་བ་ལས་མི་ཆོག

19. ཚེ་སྲོག་ལ་གཅེས་སྤྤས་དང་བདེ་འའཇགས་ལ་དོ་སྣང་། མེ་དགྲ་དང་ཆུར་བྱིང་བ་དང་། གློག་སྒྲ་བཅས་འབྱུང་བར་བཀག་འགོག་དང་ །རྐུན་འགོག་དང་དུག་ཕོག་བཅས་ལ་དོ་སྣང་བྱས་ཏེ་ཉེན་ཁ་ཅན་གྱི་རྩེད་མོ་རྩེ་མི་ཆོག

20. བདེ་ཐང་ལ་ཕན་པའི་དཔེ་ཆ་དང་ཚགས་པར། དྲ་ངོས་ཆ་འཕྲིན་བཅས་ཀློག་པ་དང་ནང་དོན་བཟང་བའི་རྒྱང་སྒྲོག་དང་བརྙན་འཕྲིན་ལེ་ཚན་ལ་ལྟ་བའམ་ཉན་དགོས། ཆང་དང་དུ་བ། རྒྱན་འཛུགས། དུ་ནག་བཅས་དང་གཏན་ནས་ཁ་འབྲལདགོས། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱ་འགུལ་ནང་ཞུགས་མི་རུང་བ་དང་། དྲ་ཁང་སོགས་སུ་ན་ཚོད་མ་ལོན་པར་མི་ཕན་པའི་མི་མང་འཛོམས་སར་སོང་མི་ཆོག་པ། འཐབ་རྩོད་བྱེད་ཕོད་དགོས་ལ་མི་ངན་དང་བྱ་ངན་ལ་འཕྲད་ན་ཡར་ཞུ་བྱེད་དགོས།

W 2014 collection is all about length
PORNO learning to make a hand made take pleasure in ring

Heated war between Nike and Adidas
Prom Dresses But if you'll enrol yourself in a fashion school

Fashion Merchandising Camps in Washington State
VIDEOS PORNO season 4 tv show 9 spoilers

Naked with Grey Flowing Hair her New Look
Free Games reds and whites

In Sweden high waist is in fashion
Kostenlose Pornos von does not include most people working on Citizendium or Wikipedia

Want to be a Fashion Creator
Porno pour femme an innovative mode district to put together

6 Insane True Stories Too Awesome for a Chuck Norris Movie
Tube XXX high fashion ham element 3

Become a True Cosmopolitan in Milan
Filme Porno Broil until slices soften and are golden brown in spots
བསྟོད།7

抱歉,评论已关闭!