རྒུད་སྐྱོབ་ཀྱི་གྲུབ་འབྲས་དང་དེའི་ཕག་གི་སེམས་ཁྲལ།

ཁྱུང་བཟང་།

རྒུད་སྐྱོབ་ཀྱི་གྲུབ་འབྲས་དང་དེའི་ཕག་གི་སེམས་ཁྲལ།

སྤྱིར་ན་ཟླ་བཞི་བ་ནི་ཚེ་སྲོག་ཡོད་ཚད་ལ་གསོན་ཤུགས་རྒྱས་པའི་དུས་ཚིགས་ཀྱི་ཐོག་མ་ཡིན་པས། ང་ཚོས་མེ་ཏོག་གི་མཛེས་སྡུག་དང་། ཁུ་བྱུག་གི་གསུང་སྙན། གཡུ་འབྲུག་གི་ངར་སྐད་དང་བསྡོངས་པའི་ སྦྲང་ཆར་གྱི་ཤག་སྒྲ་སྟེ། རིན་མེད་ཡོན་མེད་དུ་མྱོང་འོས་པའི་རང་བྱུང་གི་དཔལ་ཡོན་མཐའ་དག་ལ་ སེམས་པ་ལྷོད་ཀྱིས་གླན་ཆོག་མོད། འོན་ཀྱང་ད་ལོའི་ཟླ་བཞི་བས། ད་སྔ་རྣ་བས་མ་ཐོས་ལ་མིག་གིས་མ་ མཐོང་ཞིང་། དྲན་པའི་ཡུལ་དུའང་མ་འཁོར་བའི་ཆག་འཇིགས་ཡ་ང་བ་ཞིག་བསྣམས་ནས། མཐོ་སྒང་ ལ་སླེབས་སོང་། བོད་ཡུལ་དུ་སླེབས་སོང་། ཁམས་ཕྱོགས་ཀྱི་སྐྱེ་རྒུ་མདོ་ལ་སླེབས་སོང་།

ཟླ་བཞི་བའི་ཁ་དབུགས་འཁྱག་ཤུར་རེ་བ་དེ་དང་འགྲོགས་པའི། ས་གཞི་ཆེན་པོའི་ངམ་ནག་གི་ གདོང་བ་སྟོན་ཐེངས་གཅིག་གིས། གནའ་སྔ་མོ་སྔ་མོ་རུ་རྨོག་རུའི་ཚོན་མདངས་མཁའ་ལ་བསྲེས་པའི་ལོ་ རྒྱུས་ཀྱི་ས་རིས་གསལ་ཞིང་། ཆོས་ཟབ་མོའི་སྒྲ་དབྱངས་ཀྱིས་ཕྱི་ནང་གསང་གསུམ་གྱི་ལང་ཚོ་ཞི་བས་འཚོས་ལ། ཕ་ས་གསེར་གྱི་གཞོང་བ་ནས་གླུ་གར་གྱི་རྒྱ་མཚོ་མེར་རེ་བསྐྱིལ་མྱོང་བའི་གངས་ཅན་བོད་དུ་ཁྲག་གི་འཁོར་ལོ་བསྐོར་སོང་། རོ་ཡི་མཁར་རྫོང་བརྩིགས་སོང་། འོ་དོད་ཀྱིས་རི་རབ་སྒུལ་བར་བྱས་ སོང་། འདིའི་སྐབས་སུ། ཁྱོད་ཀྱི་སྙིང་ལ་ཙག་ཤད་རྒྱུག་ངེས་ལ། ང་ཡི་སེམས་ལ་མྱ་ངན་ཡང་འཁོར་པར་འགྱུར་ཏེ། ང་ཚོ་ཚང་མ་མི་ཡིན་ལ། ང་ཚོའི་རྩ་ལམ་དུ་རྒྱུ་བའི་ཁྲག་རྒྱུན་གཅིག་ཅིང་། ང་ཚོའི་ སྙིང་ཁ་ན་འཕགས་པའི་ཨ་ཡིག་ཡོངས་སུ་མཚུངས་པས་རེད། དེ་མིན་ཁྱོད་ཀྱི་སེམས་པ་དོགས་པས་ཨ་ ལོང་གིས་གཡོགས་པར་འགྱུར་ངེས་ལ། ང་ཡི་སྙིང་ཆུང་ཡང་དྲི་བའི་ལྕགས་ཀྱུ་ཡིས་ཟིན་པར་འགྱུར་ངེས་ཏེ། གནམ་རྒན་མའི་མིག་ཞར་སོང་བ་ཡིན་ནམ། ལྷ་ཚོགས་ཀྱི་སྙིང་རུལ་སོང་བ་ཡིན། ཡང་ན་རྒྱུ་ འབྲས་ཀྱི་རྐང་འདག་སོང་བ་ཡིན། དོན་ལ་དྲིས་ལན་མེད་གང་ཡང་པའི་དྲི་བ་འདི་དག་གིས་ཅི་བྱེད་ དམ། ཤི་བོ་ཕེབས་པའི་ལམ་སྣ་སུ་ཡིས་སྐྱོང་། གསོན་པོ་འཚོ་བའི་རྟེན་གཞི་གང་ལ་བྱེད། ཤི་གསོན་ མཚམས་ན་ལུས་པའི་རྨས་མ་ཅི་ལྟར་གསོ།

རེད་ཡ། སྐད་ཅིག་མ་དེ་ནས་བཟུང་ས་མཚམས་ཆུ་མཚམས་དང་རིགས་དབྱེ་མཐའ་དག་གི་མཁར་རྫོང་ཡོངས་སུ་གཏོར་ཏེ། ཕྱོགས་མཚམས་ཀུན་ནས་སེམས་ཤུགས་ཀྱི་སྐ་རགས་བསྡམས་ཤིང་། ལག་ལེན་གྱི་དཔུང་རྡང་སྦྲེལ་ནས། འདི་ལྟར་རྒུད་སྐྱོབ་ཀྱི་ལམ་ཁར་རབ་དང་རིམ་པར་འཚངས་ཤིང་། འདི་ལྟར་དྲོད་འཇམ་གྱི་དབུགས་དབྱུང་ལ་དང་ལུང་ནས་བསྩལ་བས། ད་གཟོད་མི་གཤིས་ཀྱི་མཛེས་ པའི་རི་མོ་རེ་རེ་ཕྱི་ལ་མངོན་ཏེ། ངུར་སྨྲིག་གི་འཇའ་འོད་ཀྱིས་བཏུམས་པའི་སྨོན་ལམ་གྱི་སྒྲ་དབྱངས་ཅི་དགར་ཐོས་ཐུབ་ལ། འཚོ་བཅུད་ཀྱི་མངར་ཁས་ཟིན་པའི་ཟས་རིགས་ཀྱི་རྔམ་ཁ་དང་། དྲོད་འཇམ་གྱི་བདེ་བས་ཁྱབ་པའི་གྱོན་ཆས་ཀྱི་རྣམ་གྲངས། ཚེ་སྲོག་གི་གཟུང་ཐག་ཏུ་སྨིན་པའི་སྨན་རྫས་ཀྱི་གྲངས་ཚད་སོགས། མཛེས་སྡུག་གི་བྱ་དངོས་དང་སྣང་ཚུལ་མང་བོ་ཞིག་ཀྱང་གང་དགར་མཐོང་ཐུབ་པ་བྱུང་ལ།མི་ཡུལ་འདི་གཡུལ་ས་ཁོ་ན་ཙམ་མིན་པར་བརྩེ་བའི་འོད་དང་དྲོད་ཀྱིས་ཟིན་པའི་འཇིག་རྟེན་ཡ་ མཚར་བ་ཞིག་ཏུའང་གོ་ཆོག་པར་བྱས་སོང་། འོ་ན ༤.༡༤ ཉིན་བྱུང་བའི་བདུན་ཚེག་གཅིག་ཅན་གྱི་ས་འགུལ་རྒུད་སྐྱོབ་བྱ་བའི་དོན་དངོས་གནས་ཚུལ་དེ་ད་ལྟ་གང་འདྲ་ཞིག་ཡིན་ནམ། འདི་ནི་ཁྱེད་ཀྱིས་ ཤེས་འདོད་ལ། ངས་ཀྱང་རྟོགས་འདོད་པའི་དོན་དངོས་ཀྱི་གནད་དོན་དེ་རེད། དེས་ན་གཤམ་ནས་ དེའི་གནས་ཚུལ་རེ་དྲངས་ན།

ཉེ་སྔོན་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཆང་བེ་ལ་ཙུང་ལིས་བུན་ཅཱ་པའོ་ཡིས་ཡུས་ཧྲུའུ་ཡི་གནོད་ཐེབས་ས་ཁུལ་གྱི་གནོད་སེལ་རྒུད་སྐྱོབ་བྱ་བར་གཟིགས་ཞིབ་ཐེངས་གཉིས་པ་མཛད་སྐབས་དུས་རིམ་སྔོན་མའི་བྱ་བར་གདེང་འཇོག་མཐོན་པོ་མཛད་པས། ཁྱེད་ཀྱིས་བལྟས་ན་དུས་རིམ་སྔོན་མའི་གནོད་སེལ་རྒུད་སྐྱོབ་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་གང་དག་བླངས་ཡོད་ཅེས་དྲིས་པར། ཧྲུའུ་ཅི་ཆང་བེ་ཡིས་བཤད་དོན། ཡུས་ཧྲུའུ་ལ་ས་འགུལ་བརྒྱུགས་རྗེས་ཀྱི་ཉིན་བཅུ་བདུན་པར། ཙུང་ལིས་བུན་ཅ་པའོ་དང་ཙུང་ལིས་གཞོན་པ་ཧའོ་ ལིང་ཡུས་རྣམ་གཉིས་ཡུས་ཧྲུའུ་ཡི་གནོད་ཐེབས་ས་ཁུལ་དུ་ཡང་བསྐྱར་ཕེབས་པ་དེས། ཏང་ཀྲུང་ དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་ཐེབས་ས་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མཚོན་ཞིང་།ང་ཚོར་ལྡབ་འགྱུར་གྱི་དྲོད་ཁོལ་དང་ངར་ཤུགས་ བསྩལ། ཟླ་ཕྱེད་ལྷག་ལ་གནོད་སེལ་རྒུད་སྐྱོབ་བྱས་པའི་བྱ་བར་སྤྱི་སྡོམ་བྱས་ན། ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཙུང་ ལིས་བུན་ཅ་པའོ་རྣམ་གཉིས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།རྒྱལ་སྲིད་སྤྱི་ཁྱང་ཁང་གི་གནོད་སེལ་རྒུད་སྐྱོབ་སྤྱིའི་བཀོད་འདོམས་པུའུ་ཡི་ཚན་རིག་ལྡན་པ་དང་བཅའ་ཁྲིམས་དང་མཐུན་པ། གཅིག་གྱུར་ཡིན་པ། ནུས་པ་ཡོད་པ། གོ་རིམ་ལྡན་པ། ཕན་ནུས་མཐོ་བ་བཅས་ཀྱི་སྒོ་ནས་གནོད་སེལ་རྒུད་སྐྱོབ་བྱེད་པའི་སྤྱིའི་རེ་འདུན་ལྟར་དུ།སྔར་ལས་ལྷག་པའི་དཔའ་འཛིང་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ།གནོད་སེལ་རྒུད་སྐྱོབ་བྱ་བར་དུས་མཚམས་རང་བཞིན་གྱི་ གྲུབ་འབྲས་གལ་ཆེན་བླངས་ཞིང་། གཙོ་བོ་ཕྱོགས་བཅུ་ནས་མཚོན་ཡོད་དེ།

གཅིག་ནི་ཚེ་སྲོག་འཚོལ་སྐྱོབ་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། མྱུར་སྐྱོབ་སྟོབས་ཤུགས་ཆེས་མང་དུས་མི་ཁྲི་གཅིག་དང་སྟོང་བདུན་དུ་སླེབས་ཤིང་། ས་འགུལ་གྱི་ཞིག་ རོ་ལས་མི་སྟོང་གཅིག་དང་བཞི་བརྒྱ་ང་ལྔའི་སྲོག་བསྐྱབས་པ་དང་། ད་ལྟ་གནོད་ཐེབས་ས་ཁུལ་དུ་ད་ རུང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོགས་དཔོན་དམག་འདུས་པའི་རོགས་སྐྱོར་མི་སྣ་ཁྲི་ གཅིག་དང་སྟོང་གཅིག་ཙམ་བསྡད་ཡོད།

གཉིས་ནི་རྨས་མར་སྨན་བཅོས་ཀྱི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ད་ལྟའི་བར་དུ་རིམ་བསགས་ཀྱིས་མི་ཁྲི་ལྔ་དང་སྟོང་གཉིས་ཉིས་བརྒྱ་ལ་སྨན་བཅོས་བྱས་པ་དང་།རྨས་མ་སུམ་སྟོང་ཆིག་བརྒྱ་དྲུག་ཅུ་རེ་བཞི། ས་ཆ་གཞན་དུ་གནས་སྤོས་ནས་སྨན་བཅོས་བྱས། མིག་སྔར་ རྨས་མ་བདུན་བརྒྱ་དང་ཞེ་བཞི། སྨན་ཁང་ནས་ཕྱིར་བུད་པ་དང་། ས་ཆ་གཞན་པར་གནས་སྤོ་སྨན་ བཅོས་བྱེད་པར་བསྐྱལ་བའི་རྨས་མ་བཞི་རྐྱེན་ལམ་དུ་ཤོར་བ་མ་གཏོགས། གཤགས་བཅོས་ཐེངས་ཆིག་ སྟོང་ཉིས་བརྒྱ་གྱ་བཞིར་བྱས་ཤིང་། དེའི་ནང་རྐང་ལག་བཅད་པའི་མི་བཅུ་དགུ་མ་གཏོགས་མེད་པ་ དང་། རྨས་མ་ལྗིད་མོ་ཤི་ཚད་ཆེས་དམའ་བ་དང་། དབང་བོ་སྐྱོན་ཅན་དུ་གྱུར་ཚད་ཀྱང་ཆེས་དམའ་བ་ རེད།

གསུམ་ནི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ཐེངས་འདིར་རིམ་བསགས་ཀྱིས་རས་གུར་ཁྲི་དྲུག་དང་སྟོང་བདུན་ལྷག་དང་ཉལ་ཐུལ་འབུམ་གཉིས་ དང་ཁྲི་གཉིས་ལྷག ལྭ་བ་འགག་རིང་འབུམ་གཅིག་དང་ཁྲི་གཉིས་ལྷག སྟབས་བདེའི་ཐུག་པ་དང་ བཏུང་ཆུ་ཏུན་སྟོང་གཉིས་དང་བརྒྱད་བརྒྱ། དེ་མིན་བྲེལ་བསྟུན་གློག་དང་ལྕགས་ཐབ། རྡོ་སོལ། ལྟེབ་སྒྲིལ་ཉལ་ཁྲི། སྤོ་བསྒྱུར་སྤྱོད་ཁང་། ཅོག་ཙེ། རྐུབ་སྟེགས་སོགས་ཀྱི་དངོས་རྫས་སྡུད་སྒྲིག་སྐྱེལ་ འདྲེན་བྱས་པས། གནོད་ཐེབས་མང་ཚོགས་འདུག་ས་ཡོད་པ་དང་ཟ་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་ ཐུབ་པ། ནད་ཡོད་ན་སྨན་པར་བསྟེན་ཐུབ་པ། སློབ་མ་སློབ་གྲྭར་འགྲོ་ཐུབ་པ་བཅས་ལ་ཁག་ཐེག་བྱེད་ ཐུབ་སོང་།
བཞི་ནི་གཞུང་ལམ་ཞིག་གསོ་དང་འཕྲིན་གཏོང་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ས་འགུལ་བརྒྱུགས་པའི་ཉིན་དེར་གནམ་གྲུ་ཐང་གི་གཞུང་ལམ་ཆད་པ་མྱུར་དུ་ཞིག་གསོ་བྱས་ནས་། རླངས་འཁོར་ཤར་གཏོང་བྱེད་ཐུབ་བྱུང་བ་དང་། ས་འགུལ་བརྒྱུགས་པའི་ཉིན་དེའི་དགུང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་གནམ་གྲུ་ཐང་དུ་འཕྲིན་གཏོང་སླར་གསོ་བྱས་པར་མ་ཟད། ཉིན་གཉིས་པའི་ནངས་ སྔ་མོ་ནས་བཟུང་ཡུལ་ཤུལ་རྫོང་གི་འཕྲིན་གཏོང་སླར་གསོ་བྱས། ད་སྔ་ཡུལ་ཤུལ་དུ་བགྲོད་པའི་གཞུང་ ལམ་ཤར་བགྲོད་ཐུབ་པ་རྒྱུན་སྲུང་བྱས་ཡོད་ལ། སྐྱེ་རྒུ་གྲོང་རྡལ་གྱི་མཁར་དཀྱིལ་གྱི་འགྲིམ་འགྲུལ་དང་ སྒྲིག་ལམ་རྒྱུན་ལྡན་རེད།
ལྔ་ནི་ཆུ་དང་གློག་གཉིས་ཀ་འགན་སྲུང་བྱེད་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས། ས་འགུལ་བརྒྱུགས་པའི་ཉིན་གཉིས་པར། བཀོད་འདོམས་པུའུ་དང་བཀོད་སྒྲིག་ས་ཚིགས། སྨན་བཅོས་ ས་ཚིགས་བཅས་ཀྱི་གཙོ་གནད་ས་ཁུལ་དུ་གློག་ཤུགས་འདོན་སྤྲོད་བྱེད་པ་འགན་སྲུང་བྱས་པ་དང་ས་ཆ་ཁ་ཤས་ཤིག་གི་ཆུ་འདོན་མ་ལག་སླར་གསོ་བྱས། ཟླ་བཞི་བའི་ཚེས་ཉི་ཤུའི་ཉིན་བར་དུ། ཞང་དང་གྲོང་ རྡལ་བརྒྱད་ཀྱི་བྲེལ་བསྟུན་ཆུ་འདོན་བཟོ་བཀོད་སླར་གསོ་བྱས་པ་དང་། ཉེ་སྔོན་ཡང་ཁྲོན་པ་གསུམ་ བདེ་བླག་ངང་བརྐོས་པས། གནོད་ཐེབས་མང་ཚོགས་ཁྲི་གཉིས་ཀྱི་འཐུང་ཆུའི་དགོས་མཁོ་བསྐངས། མིག་སྔར་སྐྱེ་རྒུ་ས་ཁུལ་གྱི་གློག་འདོན་སྤྲོད་བྱས་པའི་ཁྱིམ་ཚང་གིས། གནས་སྐབས་སུ་གློག་འདོན་སྤྲོད་ བྱེད་ཆོག་པའི་ཁྱིམ་ཚང་གི་སྤྱི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུ་ལྷག་ཟིན་ཡོད། ད་ལྟ་མང་ཚོགས་ལ་གནས་ སྐབས་ཀྱིས་བཀོད་སྒྲིག་བྱེད་ས་རེ་ཡོད་ན་གནས་དེར་ཆུ་གློག་གཉིས་ཀ་ཐོན་ཐུབ་པར་བྱེད་ཀྱིན་ཡོད།
དྲུག་ནི་སློབ་གྲྭའི་སློབ་ཁྲིད་སླར་གསོ་བྱེད་པར་གྲུབ་འབྲས་གལ་ཆེན་བླངས། ས་འགུལ་བརྒྱུགས་པའི་ཉིན་བཞི་བར། ཡུས་ཧྲུའུ་དྭ་ཕྲུག་སློབ་གྲྭས་མགོ་བཟུང་སྟེ་སློབ་ཁྲིད་སླར་གསོ་ བྱས་པ་དང་། མིག་སྔར་ཁུལ་ཡོངས་ཀྱི་སློབ་ཁྲིད་བྱེད་མཚམས་ཆད་པའི་སློབ་གྲྭ་ཡོངས་རྫོགས་ཀྱིས་ སློབ་ཁྲིད་སླར་གསོ་བྱས་ཡོད།
བདུན་ནི་ཚོང་ལས་དང་དངུལ་རྩའི་སྒྲིག་སྲོལ་སླར་གསོ་བྱེད་པར་གྲུབ་འབྲས་གལ་ཆེན་བླངས་པ། ས་འགུལ་བརྒྱུགས་པའི་ཉིན་དྲུག་པར། ང་ཚོས་ཟི་ལིང་གྲོང་ཁྱེར་གྱི་ཚོང་ལས་ཁེ་ལས་ཆེ་རིགས་ཁ་ཤས་ ལ་ཡུལ་ཤུལ་སྐྱེ་རྒུ་གྲོང་རྡལ་དུ་ལས་གཉེར་བྱེད་དུ་བཅུག་ནས། ས་ཆ་དེའི་ཚོང་ལས་ཁེ་ལས་དང་སྒེར་གཉེར་ཚོང་ལས་ལ་སྐུལ་ཁྲིད་བྱས་པ་དང་། དངུལ་ཁང་དང་སྦྲག་སྲིད་ཀྱི་གནས་སྐབས་ལས་གཉེར་དྲ་ ཚིགས་ཀྱིས་ཀྱང་སྔ་མོ་ནས་བྱེད་སྒོ་སྤེལ།
བརྒྱད་ནི་ཁང་བའི་ཞིག་རོ་དང་གད་སྙིགས་གཙང་དག་བྱེད་པར་གྲུབ་འབྲས་གལ་ཆེན་བླངས། ས་འགུལ་བརྒྱུགས་པའི་ཉིན་ལྔ་བར། ང་ཚོས་གྱང་ཆག་དང་གད་སྙིགས་གཙང་དག་བྱེད་མགོ་བརྩམས་པ་དང་། སྔོན་དཔོག་བྱས་ན་མུས་རྒྱ་དཔངས་གྲུ་བཞི་མ་ས་ཡ་བཞི་ལྷག་གི་ཁང་བའི་ཞིག་རོ་དང་གད་སྙིགས་ཟླ་དྲུག་པའི་ཟླ་མཇུག་བར་གཙང་དག་བྱེད་ཚར་ངེས་ཡིན།
དགུ་ནི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་གྲུབ་འབྲས་གལ་ཆེན་བླངས། མང་ཚོགས་ཀྱི་གནས་སྐབས་བཀོད་སྒྲིག་ས་ཚིགས་དང་ཏང་སྲིད་སྡེ་ཁག་གི་བར་བརྒལ་ཁང་བ་བྲེལ་ མྱུར་ངང་འཛུགས་སྐྲུན་བྱེད་པའི་སྒང་ཡིན་ལ། ས་གཤིས་དང་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ དང་ཁོར་ཡུག་ལ་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་བ་རྣམས་གོ་རིམ་ལྡན་པའི་ངང་ཧུར་ཐག་སྒོས་སྒྲུབ་བཞིན་ཡོད་པ་དང་། ཞིང་ཕྱུགས་ལས་ཐོན་སྐྱེད་དང་དབྱར་རྩྭ་བརྐོ་བར་བཀོད་སྒྲིག་བྱེད་ཀྱིན་ཡོད་ལ། སྨན་བཅོས་ཞབས་ཞུ་དང་། ཁོར་ཡུག་འཕྲོད་བསྟེན་སོགས་ཀྱི་རྒྱུན་སྲོལ་མྱུར་དུ་སླར་གསོ་བྱེད་ཀྱིན་ ཡོད་པ་དང་། གནོད་འཚེ་ཐེབས་པའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཡང་གྲ་སྒྲིག་བཟང་བོར་བྱེད་ ཀྱིན་ཡོད།
བཅུ་ནི་དྲིལ་སྒྲོག་དང་གླེང་ཕྱོགས་ལ་སྣེ་ཁྲིད་བྱེད་པར་གྲུབ་འབྲས་གལ་ཆེན་བླངས། ང་ཚོས་གསར་འགྱུར་ལྟེ་གནས་བཙུགས་པ་དང་གསར་འགྱུར་མགྲིན་ཚབ་པ་བཀོད་སྒྲིག་བྱས་ཏེ། བྱ་བའི་བྱེད་སྟངས་སྣ་ཚོགས་དང་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་རྒུད་སྐྱོབ་ཆ་འཕྲིན་དང་རྒུད་ སྐྱོབ་འཕེལ་རིམ་དུས་ལྟར་དུ་སྒྲོག་གཏོང་འགོད་སྤེལ་བྱས་པ་དང་། སེམས་འགུལ་ཐེབས་པའི་གནས་ ཚུལ་སྣ་ཚོགས་དྲིལ་སྒྲོག་བྱས་ཏེ། དམངས་སེམས་གཅིག་སྒྲིལ་གྱིས་གནོད་སེལ་རྒུད་སྐྱོབ་བྱེད་པའི་སྤྱི་ ཚོགས་སྣང་ཚུལ་བཟང་བོ་ཞིག་བསྐྲུན་པ་རེད།

འདི་ནི་ངོས་གཅིག་ལས་ཤར་མེད་མེད་པའི་ཡིག་ཐོག་གི་གཏམ་བཤད་དང་སྤྱི་སྡོམ་ཙམ་རེད། ཁྱོད་ཀྱི་ ཁོག་ན་རང་ལ་དབང་བའི་རྒྱ་མ་ཞིག་ཡོད་ཚེ་འདི་ཙམ་གྱི་ངོ་གདོང་དང་ཡང་ལྕི་འཇལ་བར་དཀའ་ ཁག་ཅི་ཡང་མཁོ་བ་མ་རེད་ལ། གལ་སྲིད་འདི་ཉིད་བདེན་པའི་གཏམ་དུ་ཆེ་ཡང་འདི་ཙམ་གྱིས་ས་ཡོམ་ གྱི་རྒུད་པ་ཡོངས་སུ་བསལ་ཚར་བ་ཡིན་ནམ། འདི་ཙམ་གྱིས་གནོད་ཐེབས་པའི་སེམས་ཀྱི་རྨ་ཁ་གཙང་ མར་གསོས་ཟིན་པ་ཡིན་ནམ། དོན་དུ་འདི་ཚང་མ་ནི་ཟླ་ཕྱེད་ཙམ་ལ་གྲུབ་ཟིན་པར་བསྒྲགས་པའི་ གསར་འགྱུར་ཁག་ཅིག་སྟེ།དུས་ཚོད་དང་གྲུབ་འབྲས་འདིའི་སྒང་ནས་ཚོད་དཔག་རགས་པ་ཙམ་སྔོན་ དུ་བཏང་ནའང་ད་ནི་ཟླ་གཅིག་དང་ཕྱེད་ཙམ་ཟིན་པས་ས་ཡོམ་གྱི་རྒུད་པ་ཡོངས་སུ་གསབ་ཟིན་ཚོད་ རེད་ཨང་།

ཡིན་ཡང་ང་ཚོས་ཅིས་ཀྱང་ངེས་དགོས་པ་ཞིག་ལ་གལ་སྲིད་ཐེངས་འདིའི་ས་ཡོམ་ནི་རང་བྱུང་གིས་ང་ཚོར་བཏོན་པའི་རྒྱུགས་གཞི་ཞིག་ཡིན་པའི་དབང་དུ་བཏང་ན། ད་རུང་ང་ཚོས་ལན་ཐོབས་མེད་ས་ དང་། ང་ཚོས་འབྲི་དགོས་ལ་ནམ་ཡང་ཉམས་མྱོང་དུ་འཛིན་དགོས་ས་ཤིན་ཏུ་མང་ལ། ཐ་ན་ང་ཚོས་རང་གི་དད་མོས་དང་རྨོངས་འཐོམས་ལའང་གཏར་ཁ་གང་འོས་ཤིག་གཏོང་དགོས་ཚོད་འདུག་ན།

ང་ཚོས་ནམ་ཡང་གཅིག་གྱུར་གྱི་དཔུང་རྡང་ལྷོད་མི་རུང་ལ། ང་ཚོའི་མཐུན་སྒྲིལ་གྱི་གོམ་ཁ་གཏན་དུ་འཇགས་མི་རུང་སྟེ། ད་རུང་ང་ཚོས་ཨ་མའི་ནུ་ཞོ་ཁ་ནས་ཤོར་བའི་བྱིས་པ་བདག་མེད་ཀྱི་འཚར་ ལོངས་ལ་ཁག་ཐེག་བྱེད་མི་ཐུབ་ཅིང་། རྒན་རྒོན་ཤུལ་ལུས་ཀྱི་ཚེ་མཇུག་ལ་ཉི་འོད་བསྐྱིལ་བའི་ལས་གཞིའི་ཕ་མཐའ་མི་རིག་ལ། ཁྱིམ་ཟད་ནོར་ཟད་ཀྱི་རྨས་མ་ཚོའི་ལོག་མལ་དང་དེའི་རྒྱུ་སྤུས་ལ་སྔོན་ དཔག་གི་རྒྱང་མཐོང་འཛུགས་ཐབས་བྲལ་བས་སོ། །

དེའི་ཕྱིར་ཁྱོད་ཀྱི་སང་ཉིན་དེ་རིང་ལས་མཛེས་ཤིང་། ས་རྡོ་དང་ཨར་འདམ་གྱི་བཟོ་བཀོད་དེ་ལོ་ངོ་ཁྲི་ཡི་སྦྲ་ནག་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་འཕགས་སོ་ཞེས་ཁ་མཚོན་ཀྱང་གཅོད་མ་སྔ་ཨང་། བདག་གི་སྤུན་ཟླ་རྣམ་པ། གང་ལྟར་ང་ཚོས་ད་རུང་མཐུན་སྒྲིལ་གྱི་གོམ་ཁ་ཡེ་ནས་ལྷོད་མི་རུང་ངོ་། ཡེ་ནས་ལྷོད་མི་རུང་ཨང་།

. གོང་གི་གསར་འགྱུར་དེ་མཚོ་སྔོན་རླུང་འཕྲིན་དྲ་བ་ལས་དྲངས། .

༢༠༡༠ ༥ ༢༣ ཉིན།

I'm Jesse Thorn from Put This On
VIDEO PORNO XXX that's what the arrows are for

Choose The Best Prom Dress For An Exciting Evening
Wedding Dresses Direct to Consumer Figi's

The Beatles The Monkees And Fashion
PORNO Gordana is one of my favorite characters

Apricot Lane Boutique Peabody keeps you looking HOT in the cooler months
Free Games Top handles with 8

All About the Double Dip
Kostenlose Pornos von you can easily hide your flaws and highlight your features

how to femme up a leather top hat
free xxx inevitably it will come back to earnings

Credit score may take a hit when credit cards are canceled
PORNO XXX miraculous lace can easily hard sun shield

Naruto Box Set 04 also w
Darmowe Porno Participation in hands on projects is mandatory
བསྟོད།5

抱歉,评论已关闭!