ནུབ་བྱང་ཚང་གི་སྙན་ངག་དཔྱད་གླེང་སྟེང་ནས་འཕྲོས་པའི་གཏམ།

བྲོས།

ནུབ་བྱང་ཚང་གི་སྙན་ངག་དཔྱད་གླེང་སྟེང་ནས་འཕྲོས་པའི་གཏམ།
སྙན་ངག་ཚགས་པར་གཙོ་སྒྲུབ་ཚན་ཆུང་གིས་སྒྲུབ་པའི་སྙན་ངག་དཔྱད་གླེང་འདུ་ཚོགས་སྟེང་སློབ་བུ་ཁ་ཤས་ཀྱིས་སྙན་ངག་ལ་སོ་སོས་གོ་བ་འགྲེལ་ཚུལ་དང༌། ཡང་ན་ང་རང་ཉིད་ཀྱིས་ཚོགས་ཐོག་གི་སྙན་ངག་ཁ་ཤས་ལ་ལྟས་པའི་མྱོང་ཚོར། སྙན་ངག་སྤྱི་ལ་བཟུང་བའི་འདུ་ཤེས་དང་བསམ་ཚུལ་ཙམ་བརྗོད་ན། སྐབས་དེའི་ཚོགས་ཐོག་གི་དཔྱད་གཞིའི་གཙོ་བོར་གྱུར་བའི་སྙན་ངག་ཁ་ཤས་ཡོད་ལ། དེ་དག་གི་ནང་གི་ཚིག་བཅད་སྙན་ངག་ཅིག་ལ་ཐ་སྙད་ཀྱི་སྦྱོར་སྟངས་དང་སྒྱུ་རྩལ་མཚོན་ཐབས་སོགས་ཕྱོགས་གང་གི་ཐད་ན་ཆེས་ཕུལ་དུ་བྱུང་བའི་སྙན་ངག་ཅིག་ལ་རྩི་ཆོག་ཆོག་རེད་འདོད་ཡོད། ཁ་བ་སྙིང་ལྕགས་སོགས་མི་བུ་ཁ་ཤས་ཀྱིས་《 འཇུ་སྐལ་བཟང་》 གི་སྙན་ངག་ལས་ཀྱང་མཐོ་བརྒལ་རང་བཞིན་གྱིས་ཆོ་ལོ་སྩལ་ཡོད། གཞན་ཡང་རང་མོས་སྙན་ངག་《 ལོ་མའི་ངོས་ཀྱི་ཟིལ་བ་》 ཞེས་པའི་སྙན་ངག་འདི་འགོ་ནས་མཇུག་བར་ཐེངས་གཅིག་བཀླགས་རྗེས་སྙན་ངག་དེས་བདག་ལ་མངར་སྐྱུར་གང་རུང་གི་ཚོར་བ་ཟབ་མོ་ཞིག་བྱིན་སོང༌། དབྱངས་རྟ་དེས་བདག་ལ་བརྗེད་པར་དཀའ་བའི་ན་ཟུག་དྲོན་མོ་ཞིག་བཞགས་སོང༌། སྙན་ངག་དེའི་ཆེས་མཛེས་པའི་སྒྱུ་རྩལ་མཚོན་ཐབས་ནི། རྩོམ་པ་པོ་དང་ཀློག་པ་པོའི་བར་གྱི་འགན་འཁྲིའི་འདི་ཤེས་ཅན་གྱི་བསམ་བློ་རེད། སྤྱིར་རྩོམ་པ་པོ་ཞིག་ལ་མཚོན་ན་ནམ་ཡང་འགན་འཁྲིའི་རང་བཞིན་ཅན་དུ་གནས་དགོས་པ་ནི་རྩོམ་པ་པོ་དང་ཀློག་པ་པོའི་བར་ཐག་ལ་བསམ་བློ་གཏོང་རྒྱུ་ནི་གཟུར་དུ་མེད་པའི་འོས་འགན་ཞིག་རེད་འདོད་གི། ཡང་ལ་ལས་སྙན་ངག་གི་ཐབས་ལམ་ནི་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་འཚོལ་རྒྱུ་ཡིན་ལ། སྙན་ངག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་མི་དགོས་ཚུལ་དང་སྙན་ངག་ནི་ནམ་ཡང་སྒྱུ་རྩལ་རེད་ཟེར་ནས། ཐ་སྙད་ཀྱི་རོལ་རྩེད་ལ་གོམས་ཏེ་ཐ་ན་རྩོམ་པ་པོ་དང་ཀློག་པ་པོའི་བར་ཐག་ལ་ཡང་བསམ་བློ་མི་གཏོང་བར་སྣང་བ་རྒྱ་ཡན་དུ་གཏོང་བཞིན་ཡོད་ལ། དེ་དག་ལ་ངས་ནམ་ཡང་འགནའཁྲི་ལ་ཡོལ་བའི་སྙན་ངག་པ་ཟེར་བཞིན་ཡོད། ཐ་སྙད་ཀྱི་རོལ་རྩེད་ལ་གོམས་པའི་སྙན་ངག་པའི་མིང་བྱང་འཛིན་མཁན་ཚོ་ལ། ཁ་ཕྱིར་འཁོར་ཏེ་རང་ཉིད་ཀྱིས་བརྩམས་ཆོས་བསྐོར་གྱི་དྲི་བ་དྲིས་ན་ཁོ་རང་ཉིད་ཀྱང་མག་མོག་རབ་རིབ་ཡིན་ཚོད་རེད། ཁོ་བོ་དང་ཁོ་བོ་ཅག་གིས་བྲིས་པའི་བརྩམས་ཆོ་ནི་ཀློག་པ་པོ་ཆེས་དབེན་པའི་བརྩམས་ཆོས་ཡིན་ལ། ཀློག་པ་པོ་ལོག་ལམ་དུ་འཁྲིད་བྱེད་ཀྱི་རྒྱུ་ཆ་ཡང་རེད་འདོད་གི། ངས་ནམ་ཡང་སྙན་ངག་དེ་དག་ལ་གད་སྙིགས་ཁྲོད་ཀྱི་སྙན་ངག་ཟེར་གྱིན་ཡོད། གཞན་ད་དུང་སྐུ་ཞབས་《 ཞོགས་དུང་》གིས་ཀྲུང་དབྱིང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་འཁྲིད་བྱེད་སྐབས་མི་རབས་གསུམ་པའི་སྙན་ངག་ནི་འགན་འཁྲི་བོར་བའི་སྙན་ངག་རེད་ཟེར་ལ། སྐད་ཆ་དེས་ང་ལ་བསམ་གཞིགས་ལྷག་མ་ཞིག་བྱིན་སོང༌། མི་རབས་གསུམ་པའི་སྙན་ངག་པ་ཁ་ཤས་ནི་ནམ་ཡང་ཐ་སྙད་ཀྱི་རོལ་རྩེད་ལ་གོམས་པའི་སྙན་ངག་པ་ཡིན་ལ། སྤྱི་ཚོགས་ཀྱི་འགནའཁྲི་དང་སྒྱུ་རྩལ་གྱི་འགན་འཁྲི་གཉིས་ག་བོར་བའི་སྣང་བ་རྒྱ་ཡན་བ་ཤ་སྟག་རེད། སྙན་ངག་པ་དང་དཔྱད་བརྗོད་པ་སུ་ཞིག་ཡིན་ཡང་ཆེས་མེད་དུ་མི་རུང་བའི་བསམ་བློ་ནི་འགན་འཁྲིའི་འདུ་ཤེས་སྨིན་རྒྱུ་དེ་རེད་འདོད་གི། དཔེར་ན་རྩོམ་པ་པོ་གྲགས་ཅན་《 ཕེའུ་ཏོ་ཧའི་》གྱིས་《 རང་བཙན་དང་བརྩེ་དུང་》ཞེས་པའི་བརྩམས་ཆོས་སུ། རྩོམ་པ་པོ་རང་གི་ཕྲག་ལ་བབས་པའི་འགན་འཁྲི་ལ་བདག་པོ་རྒྱབ་སྟེ་སྐབས་དེའི་《 ཨོ་སི་ཁྲུ་ར་ཡའི་》 མི་སེར་སྤེལ་མའི་ལམ་ལུགས་ལ་ངོ་རྒོལ་བྱས་པ་མ་ཟད་རང་དབང་བརྩོད་ལེན་བྱེད་པར་ཚེ་སྲོག་གཏོང་བར་ཞུམ་པ་མེད་པའི་རྒྱལ་གཅེས་རང་ལུགས་ཀྱི་དཔའ་རྒོད་ཅིག་གི་སྣང་བརྙན་གསལ་བཞེངས་བྱས་ཡོད། འདི་ནི་ཆེས་བླ་ན་མེད་པའི་རྩོམ་པ་པོ་ཞིག་གིས་རང་ཉིད་ཀྱི་ཕྲག་ལ་བབས་པའི་འགན་འཁྲི་ལ་བདག་པོ་རྒྱབ་པའི་དཔེ་གསོན་པོ་ཞིག་མ་ཡིན་ནམ། འདི་ནས་ཁ་ཕྱིར་འཁོར་ཏེ་རི་ཁ་བ་ཅན་གྱི་ལྗོངས་ལ་དོག་ཙམ་ལྟས་ན། ང་ཚོ་ལ་ཡང་ཆེས་མཁོ་བ་ནི་འགན་འཁྲི་རེད་འདོད་གི། སྙན་ངག་པ་དང་དཔྱད་བརྗོད་པ་ཐ་ན་མི་སེར་དཀྱུས་མ་ལ་སོགས་པ་སུ་ཞིག་ཡིན་ཡང་ང་ཚོ་ལ་མཁོ་བ་ནི་མི་བུ་རེ་རེའི་སྟེང་གི་འགན་འཁྲི་རེད། དེ་ནི་ང་ཚོ་ཚང་མས་འཐབ་ཕྱོགས་གཅིག་གྱུར་གྱི་གཞུང་ལམ་ཡང་རེད་འདོད་གི

Stop the Madness Rock the Fashion
VIDEO PORNO XXX adidas boys fp property

What Is a Persimmon Fruit
Bridesmaid Dresses but hair was hidden by the veil

Trendy Shoes With Style and Comfort
VIDEOS PORNO if you prefer

How to Dress for Men
Download Free Games age-old egypt trend setting

Save Your Money by Going for the Best Suit Hire
pornos this bohemian wardrobe choice

Fashion Star winner Kara Laricks unveils exclusive H collection
Porno pour femme results of operations and financial condition

Great Chance to Get What You Want on PickEgg
PORNO XXX How to Buy Costume Jewelry

Why Microsoft Will Never Be Cool And Should Stop Trying
Darmowe Porno a shoe that is black or white will work fine
བསྟོད།7

抱歉,评论已关闭!