སྙན་ངག་གི་གླེང་མོལ་ལས་སྙན་ངག་གི་གོ་དོན་བཙལ་བ།

གཅན་རྣམ་ཐར།

སྙན་ངག་གི་གླེང་མོལ་ལས་སྙན་ངག་གི་གོ་དོན་བཙལ་བ།
གཟའ་སྤེན་པ་དང་གཟའ་ཉི་མ་གཉིས་ལ། གྲོགས་པོ་རེ་རྐང་གླིང་དང་། མར་ཁུ་རྒྱལ་མཚན། གུ་རུ་དོན་གྲུབ། ཐོ་རེངས་བཅས་ལ་འགྲོགས་ཏེ།ཉིན་གཉིས་ཀྱི་རིང་འདིར་ང་ཚོས་ཕན་ཚུན་གླེང་མོལ་ལས་གཙོ་བོ་དེང་རབས་ཀྱི་སྙན་ངག་སྐོར་དང་།ལྷག་པར་དུ་མི་རབས་གསུམ་པའི་སྙན་ངག་གི་ཁ་ཕྱོགས་སྐོར་ལ་བགྲོ་གླེང་དང་། དེའི་ལྟ་བ་དང་དེའི་དམིགས་ཡུལ་ལ་ཞིབ་ཅིང་ཕྲ་བའི་དཔྱད་པགང་མང་བྱས་པའི་གོ་རིམ་ཁྲོད་དུ། བདག་ལ་གོ་རྟོགས་ཟབ་མོ་ཅི་ཡང་མི་ཐོབ་པ་མ་ཟད། མཐའ་ན་སེམས་པ་ཡོད་ཚད་འཆིང་ཐག་གིས་བཅིངས་པ་བཞིན་དུ་མདུད་པའི་རྒྱ་གཏན་ནས་བཀྲོལ་མ་ཐུབ་པ་དང་།སྙན་ངག་གི་གོ་དོན་ཟབ་མོ་དེར་གསེད་དཀྲོལ་གཏན་ནས་གཏོང་མ་ཐུབ་པས། ལྷིང་འཇགས་ཀྱི་མཚན་མོ་འདིར་ཡང་བསྐྱར་ནམ་རྒྱུན་མི་ལྟ་བ་དང་མི་མཐོང་བའི་དཔེ་རྙིང་འགའ་ཞིག་གི་རྒྱབ་རོལ་ན་ཁེར་རྐྱང་གིས་ངང་དཔེ་ཁང་སྟོང་བ་འདི་སྲུང་ནས་བསྡད་ཡོད་པའི་ཟིན་བྲིས་རྙིང་བ་འདི་ལག་ཏུ་བཟུང་སྟེ།གོང་གི་གྲོགས་པོ་དེ་དག་གི་ངོ་གདོང་དང་བྱ་ལུགས་བྱེད་ལུགས་ཡིད་ལ་སྒོམ་བཞིན་ངལ་བ་ལ་མ་འཛེམས་པར་ནམ་གུང་འདིར་འདྲེ་ཟེར་བའི་སྐྱེ་བ་རུ་བཞེངས་ནས་ཤར་མར་ཟིན་བྲིས་ལས་འདི་སྤེལ་བ་ཡིན།
༡ སློབ་དཔོན་དཔའ་བོས། གང་དག་སྙན་ངག་ལ་སོགས་པའི། ། ཚིག་གི་ཐ་སྙད་མི་ཤེས་པས།། དེ་ཡིས་གསུང་རབ་དགོངས་དོན་ཡང་།། ཕྱིན་ཅི་ལོག་ཏུ་བཀྲལ་བས་ལྟུང་།།
༢ བོད་མཁས་པས། རྨོངས་པའི་མུན་འཕྲོག་འཁོར་བའི་གདུང་བ་བསྟེན།། འཇིག་རྟེན་ཀུན་ལ་དགའ་བསྐྱེད་གྲགས་པའི་གཏེར།། ཆོས་རབ་གསལ་བྱེད་བྱང་ཆུབ་སྙིང་བོའི་ལམ།། སྟོན་ནུས་སྙན་ཚིག་ཟླ་བ་གསར་བ་བཞིན།།
༣ འཇུ་མི་ཕམ་གྱིས། སྙན་ངག་ཅེས་པ་ནི་སྨྲ་བའི་ཚིག་རྣམས་ལ་ཡིད་དུ་འོང་བའི་ཉམས་ཀྱི་ཁྱད་པར་བཏོད་པའི་ཐབས་ཤིག་ལ་བྱ།
༤ ཨ་ལགས་དོར་ཞིས། དགའ་སྐྱོ་ཆགས་སྡང་དྲག་ཏུ་འཁོལ་བའི་རླབས།། ཡིད་ཀྱི་མཚོ་མོ་སྐྱོམ་བྱེད་སྐལ་བའི་རླུང་།། རང་བྱུང་ལྷུན་གྲུབ་གདངས་སུ་འཕོ་བའི་དབྱངས།། བརྗོད་འདས་ཞིང་དུ་རྣམ་ཤེས་འཕོ་བའི་ལམ།། གཞན་ཡང་། སྙན་ངག་ཅེས་པ་སྒྲ་ཡངས་འཇུག་ཏུ་སྒྱུ་རྩལ་རྩོམ་རིག་སྤྱིའི་མིང་དུ་འཇུག་གོ།སྒྱུ་རྩལ་རྩོམ་རིག་ཅེས་པ་ནི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་གཟུགས་བརྙན་དུ་བསྐྲུན་ཞིང་། ཡིད་ཀྱི་འགྱུར་བ་བརྗོད་པའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ལ་ཟེར།
༥ ཚེ་ཏན་ཞབས་དྲུང་གིས། ཐོས་པ་ཙམ་གྱིས་ཁོང་འཛུམ་སྤྲོ་བྱེད་པའི།། དཔེ་བྲལ་སྙན་འཇེབས་རྣ་བའི་བཅུད་ལེན་པ།། ཚིག་སྦྱོར་རྨད་བྱུང་འཇོ་བའི་འབྱུང་གནས་ཆེ།། སྙན་ངག་ཕུལ་བྱུང་སྲིད་འདིའི་རིན་ཐང་གཅིག།
༦ ཨ་ཁུ་སངས་རྒྱས་ཀྱིས། སྙན་ངག་ཅེས་པ་ནི་ལུས་གང་ཡང་རུང་བ་ཞིག་ལ་བརྗོད་བྱའི་དོན་ནམ་སྲོག་བཟང་བོ་ཞིག་ཡོད་དགོས་པར་མ་ཟད། དེ་ལ་གསོན་ཉམས་ལྡན་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པར་འདོད་ཟེར།
༧ འཇུ་སྐལ་བཟང་གིས། སྙན་ངག་ཅེས་པ་ནི་དབྱངས་ཀྱི་འདེགས་འཇོག་གསལ་བའི་ལུས་ལ་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཤིང་། སྤྱི་ཚོགས་འཚོ་བ་སྙིང་བསྡུས་སུ་སྲོག་ཏུ་བྱས་པའི་ཚོར་འདུ་ཤུགས་དྲག་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་ཟེར།
༨ ཡི་དམ་ཚེ་རིང་གིས། སྙན་ངག་ནི་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་ལམ་ཆང་ལྟ་བུ་ཡིན།སྐབས་འགར་སྤྲོ་སེམས་ཀྱི་མེ་དཔུང་སྦར་བར་གྱུར་ཏེ་ཁྱེད་ཀྱི་ཁྲག་རྒྱུན་དྲོན་མོ་རབ་ཏུ་འཁོལ་ཞིང་། བློ་སྤོབས་མཁའ་རུ་སྙེག་པར་བྱེད་ལ། རྒྱང་རིང་དུ་བསྐྱོད་པར་སྐུལ་མ་བྱེད་ཐུབ་པ་དང་། སྤྲོ་སེམས་ཀྱི་རྒྱལ་གླུ་སྙན་མོ་ཕྱོགས་བཞིར་ཁྱབ་ཏུ་འཇུག་ཐུབ། སྐབས་འགར་དྭངས་གཙང་ཆུ་མིག་ལྟར་ཁྱེད་ཀྱི་སྐོམ་པའི་གདུང་བ་སེལ་ཞིང་ངལ་དུབ་སངས་བར་བྱས་ནས་ཡིད་སེམས་དགའ་བར་བྱེད་ལ་འཇིག་རྟེན་གྱི་གནས་ཚུལ་དྲན་གསོ་ཞིག་ཏུ་གཏོང་ཐུབ།དེའི་ཕྱིར་སྙན་ངག་ནི་མི་ཚེ་གཅིག་གི་འཚོ་བའི་ཉིང་བཅུད་རེད།
༩ བདུད་ལྷ་རྒྱལ་གྱིས། ཚད་མཐོ་ཞིང་གཅིག་དྲིལ་གྱི་སྒོ་ནས་སྤྱི་ཚོགས་འཚོ་བ་སྣང་བརྙན་གྱིས་མཚོན་པ་དང་གཅིག ཚོར་འདུ་ཤུགས་དྲག་ཅིག་གིས་ཟིན་པ་དང་གཉིས།ཀུན་རྟོག་འཕྲོ་སའི་ཡུལ་ཡངས་པ་དང་གསུམ།སྙིང་བསྡུས་ཀྱི་སྐད་ཆས་བརྗོད་པ་དང་བཞིའི་མཚན་ཉིད་ཚང་ན་ད་གཟོད་སྙན་ངག་ཏུ་གོ
༡༠ ཨ་རིའི་རྡེ་ན་རྗོ་ཡས། སྙན་ངག་ནི་ཚོར་འདུ་དྲག་པོའམ་རྟོག་འཆར་གྱི་ནུས་ཤུགས་དང་ལྡན་པའི་སྒྱུ་རྩལ་མཚོན་སྟངས་ཤིག་གོ།
༡༡ ཀའོ་མོ་རོས།སྙན་ངག་ནི་སྒྱུ་རྩལ་ཡོད་དོ་ཅོག་གི་ཉིང་ཁུ་ལྟ་བུ་སྟེ།གལ་སྲིད་གཏམ་རྒྱུད་དང་ཟློས་གར་སོགས་ལ་སྙན་ངག་གི་རོ་ཉམས་དང་བྲལ་ཚེ། ཧོ་ལན་གྱི་རྒུན་ཆང་ལ་བདུད་རྩིའི་ཕབ་ཀྱིས་ཀུན་ནས་དབེན་པའམ་སྲོག་གི་དབང་པོས་ཡོངས་སུ་བཏང་བའི་ཐོ་ཡོར་དང་གཉིས་སུ་མེད་དོ།།
༡༢ གཅན་རང་སད་ཀྱིས། སྙན་ངག་ནི་བཙིར་ནས་ཐོན་རྒྱུ་ཞིག་མ་ཡིན་པར། རྩོམ་པ་པོའི་མྱོང་སྣང་གི་ཤེལ་དམ་དུ་འཚོ་བའི་ཕབ་ཀྱིས་བསྙལ་བའི་ཆགས་སྡང་དགའ་སྐྱོའི་ཝུ་ཆང་མངར་མོ་གང་ཞིག ཤུགས་དྲག་པའི་ཡིད་འགྱུར་གྱི་སྒུལ་སྐྱོམ་དང་འཕྲད་དེ་དབང་མེད་དུ་ཕྱི་རུ་འཕྱུར་འོངས་པ་དེ་ཡིན། གཞན་ཞིག་ནི་འཚོ་བའི་ཉམས་མྱོང་གི་འོ་མ་དང་སྐད་ཆའི་སྒྱུ་རྩལ་གྱི་རུ་རྟ། བཅོས་མ་མ་ཡིན་པའི་ཚོར་འདུའི་དྲོད་ཁོལ་སོགས་ལ་བརྟེན་ན་ད་གཟོད་སྙན་ངག་གི་ཞོ་གསར་འབྱུང་ངེས།
༡༣ སྐུ་ཞབས་དོན་གྲུབ་རྒྱལ་གྱིས། སྙན་ངག་རྩོམ་ན་ཚིག་རྒྱན་ལ་རག་ལས་པ་དང་། སྙན་ངག་བཟང་བོའི་ནང་དུ་ཚིག་རྒྱན་གྱི་རོ་འདྲེས་པ་ཡིན་པས། རྣམ་པ་གཅིག་ཏུ་ན་འདི་སྙན་ངག་ཡིན་ལ་ཚིག་རྒྱན་མིན་ཞེས་པ་དང་། ཡང་ན་དེ་ཚིག་རྒྱན་ཡིན་ལ་སྙན་ངག་མིན་ཞེས་ཁ་ཚོན་གཅོད་པ་ནི་ཤིན་ཏུ་དཀའ་བའི་གནས་ཡིན། ཡིན་ནའང་། སྙན་ངག་གི་རྩོམ་དང་ཚིག་རྒྱན་གྱི་བསྟན་བཅོས་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། དཔེར་ན། སྔ་མ་ནི་ལས་སྣོན་བྱས་ཟིན་པའི་དངོས་རྫས་དང་འདྲ་ཞིང་། ཕྱི་མ་ནི་དངོས་རྫས་དེ་ལས་སྣོན་བྱེད་པའི་ཐབས་ལྟ་བུ་ཡིན་ཞེས་གསུངས་སོ།།
འདི་ནི་རང་གི་མི་ཚེ་མཐའ་མཇུག་འདི་ནས་བསྟེན་པའི་བདག་གི་སློབ་དཔོན་དམ་པ་གཅན་རང་སད་ལགས་ཀྱིས་ཆབ་ཤོག་ཕྱོགས་བསྒྲིགས་ཁྲིད་པའི་བར་གསེང་ནས་ཁོ་བོས་སྙན་ངག་གི་གོ་དོན་ཟིན་བྲིས་སུ་བཏབ་པ་ལས་བཤུས་པ་ཡིན་ནོ།། དོ་དགོང་ཡང་བསྐྱར་འདི་ལ་བལྟས་རྗེས་ད་གཟོད་བདག་གི་སེམས་ནས་སྙན་ངག་ཅེས་པ་ལ་གོ་བ་ཡང་དག་ཅིག་ལོན་ཐུབ་པ་བྱུང་སོང་།

Many young and quirky fashion designers have launched their line this year
PORNO You will be more successful in your career

vibram five fingers make your foot comfortable and soft
Prom Dresses Daily Mail recently hosted a series of mother

JC Penney's biggest After Christmas Sale begins Sunday
PORNO sisters or camping places

Why Are Coach Leather Purses So Fashionable
Free Games what kind of would need to a became lovely lady definitely not don

Bold and Beautiful Red Mermaid Wedding Dresses
pornos A warm sense of renewal awaits you in a peaceful stirring atmosphere

off at Belk's Customer Appreciation Sale through Sunday
Pornofilme Nike and Burberry

How to Convert Pantone TPX
Tube XXX Anderson plays the title character who owns a nightclub

what are your fashion turn
Filme Porno Some scarf coats come with outer belts
བསྟོད།8

抱歉,评论已关闭!