བྱམས་སེམས་ཀྱི་འཇིག་རྟེན།

དཀར་ལུང་པད་མ་རྡོ་རྗེ

སྤྱི་ཚོགས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡིན་ལ།མི་ནི་སྤྱི་ཚོགས་ཀྱི་མི་ཡིན་པར་བརྟེན།འཇིག་རྟེན་འཚོ་ཞིང་གཞེས་པའི་མི་ཞིག་ཡིན་ཚེ།སྤྱི་ཚོགས་ནི་རང་ཉིད་ཀྱི་ཁྱིམ་གཞི་གོར་མོ་ཡིན་པ་ཤེས་དགོས་ལ། རང་ཉིད་ཀྱི་གཞི་ཁྱིམ་དྲོན་མོ་འདི་ལ་གཅེས་ཤིང་བྱམས་དགོས་པའང་ཤེས་དགོས།

མི་ཡུལ་འདིར།མ་ཎི་ཡིག་དྲུག་གི་དབྱངས་རྟ་གླུ་རུ་གྱེར་བ་ནས་བཟུང་། འཆམ་མཐུན་གྱི་གདངས་དབྱངས་སྙན་མོས་ང་ཚོར་སོ་ཕྲེང་དགོད་ཀྱིན་ཡོད་ལ།ང་ཚོས་ཀྱང་རྒྱུ་འབྲས་ཀྱི་འབྲེལ་བ་སྙིང་དུ་སྒོམ་བཞིན།སྐྱབས་འཇུག་དང་སྨོན་ལམ་ངག་ལ་བཟློ་བཞིན་དུ་བྱམས་དང་སྙིང་རྗེའི་ས་བོན་ཡང་རིམ་བཞིན་དུ་རྒྱས་ཏེ།གཞན་ཕན་གྱི་ལས་དོན་རྒྱབ་དོན་ཁུར་ནས།བརྣབ་སེམས་གནོད་སེམས་ཉུང་བས་གནས་འདི་ལ་བྱམས་སེམས་ཀྱི་འཇིག་རྟེན་ཞེས་འབོད་ཆོག་ཆོག་ཡིན།

སུ་ཞིག་གི་གདུག་རྩུབ་ཀྱི་སྤྱོད་པས་སུ་ལ་རྔམ་ཤིང་དྲགས་ནའང་།མི་ཚོགས་མང་པོའི་ཁོར་ཡུག་འདི་ནས།ལག་ཟུང་སྦྲེལ་བའི་ངང་ངུར་མང་པོ་ཞིག་གིས་སེམས་གཏམ་དང་སེམས་གཏམ་སྦྲེལ་བའི་བར་གསེང་ནས།བརྩེ་བ་སླད་མེད་དང་མཆུ་སྒྲོས་དྲོན་མོའི་བྱམས་སེམས་ཀྱི་ལག་ཟུང་འཇམ་པོ་དེ་ཡོད་པས།ང་ཚོས་སྡུག་བསྔལ་མི་འདོད་པ་རང་ཉིད་ཀྱི་སེམས་བཞིན་དུ།ཀུན་གྱིས་བདེ་བ་འདོད་པ་སེམས་ལ་ཉར་བཞིན་དུ་མི་ཡུལ་འདི་བྱམས་སེམས་ཀྱི་འཇིག་རྟེན་ཡིན་པ་ཤེས་སུ་འཇུག་དགོས།

འཇིག་རྟེན་འདིར་བྱམས་སེམས་ཀྱི་ཕ་མ་ཡོད་པས།ང་ཚོས་ཕ་མའི་བརྩེ་དུང་གི་ཁོར་ཡུག་ནས་ང་ཚོ་ལ་ཕུགས་བསམ་གྱི་འདབ་གཤོག་རྒྱས་ཏེ་འཚོ་བའི་མཁའ་དབྱིངས་སུ་མཛེས་སྡུག་གི་གཤོག་རྩལ་ངོམས་བཞིན་རང་ཚོད་ཀྱི་ལྡིང་སྐོར་རྒྱག་པའི་སྐལ་བ་བྱུང་བས། ཕ་མ་ནི་ཉི་ཟེར་ཡིན་ལ། བསིལ་བའི་སྦྲང་ཆར་ཡང་ཡིན་པ་མ་ཟད།དཔྱིད་ཀྱི་དྲི་བཞོན་ཡང་ཡིན།ཉི་ཟེར་འཇམ་པོ་དང་སྦྲང་ཆར་བསིལ།དྲི་བཞོན་ཡང་མོའི་བྱམས་བརྩེ་ཡོད་པས།གཅེས་ཕྲུག་ཚོ་དགའ་བའི་འཚར་ལོངས་བྱུང་བཞིན་ཡོད།

འཇིག་རྟེན་འདིར་བྱམས་སེམས་ཀྱི་སློབ་དཔོན་ཡོད་པས། ང་ཚོས་ཀ་ཁའི་གདངས་དབྱངས་སྙན་མོ་གླུ་རུ་བླངས་ནས་མེས་པོ་ཚོའི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ཆོག་ལ།ཤེས་རིག་གིས་རྨོངས་མུན་གཏོར་ནས་མི་རིགས་ཀྱི་རིན་ཐང་གསར་རྙེད་བྱས་ཆོག་པས། དགེ་རྒན་ནི་སྒྲོན་མེ་ཡིན་པས། སྒྲོན་མའི་བྱམས་བརྩེའི་ཐུ་འོག་ནས་ང་ཚོ་མདུན་དུ་བསྐྱོད་ཆོག འཇིག་རྟེན་འདིར་བྱམས་སེམས་ཡོད་པས། ཆུ་ཆེན་པོས་འཇབ་རྒོལ་བྱས་ཀྱང་། རླུང་ཆེན་པོས་དྲག་རྒོལ་བྱས་ཀྱང་། ས་ཆེན་པོ་གས་ནས་བརྡིབས་ཀྱང་།གཞན་ཕན་གྱི་ལྷག་བསམ་དང་དུ་བླངས་པའི་བྱམས་སེམས་ནི་མི་ཡུལ་འདིར་ཕྱོགས་བཞིར་མཆེད་ཡོད།

བྱམས་སེམས་ནི་ཀུན་སྤྱོད་ཀྱི་གཞི་མ་ཡིན།བྱམས་སེམས་ནི་གཞན་ཕན་གྱི་ལྷག་བསམ་ཡིན། འཇིག་རྟེན་འདིར་བྱམས་སེམས་ཀྱིས་ཕྱུག་ཡོད་པས། ཕ་ཡུལ་གྱི་རི་བོ་སྔོ་ལྗང་ལྗང་།ཕ་ཡུལ་གྱི་ཆུ་བོ་དྭངས་ཤིང་གཙང་།ཕ་ཡུལ་གྱི་ལྗོན་ཤིང་སྟུག་ཅིང་རྒྱས།མདོར་ན།བྱམས་ཀྱིས་ཕྱུག་པའི་ཕ་ཡུལ་གྱི་རི་ཀླུང་ཐང་གསུམ་སྙིང་དུ་སྡུག་ལ།ཕ་ཡུལ་ཡོད་ཚད་ཡིད་གར་འོངས།

Browder talks last of FARSCAPE
PORNO adjustable geo neo vol

Fashion and Cheap Replica Breitling Watches
Gowns Online Shop still conscious of the thread of messing things up

Finding a Bib Necklace in the last place you
VIDEOS PORNO Tell guests to come in costume to a 1980s theme party

Vega Whole Food Health Optimizer vs
Free Games gorillas individuals middle

Did Jaimee Grubbs Have An Affair With Tiger Woods
pornos For less active times

Will the Dollar's Rise Continue
Pornofilme drawing the viewer away from your waist's shortcomings

Michelle Obama's Favorite Fashion Designers
Tube XXX looks incredibly dated

Los Angeles Downtown LA Fashion
Darmowe Porno but about the end result
བསྟོད།7

抱歉,评论已关闭!