འུ་ཚོའི་སང་ཉིན་གྱི་ཆག་འཇིག

དགུ་རོང་སྤུན་གྲོལ།

དང་པོ། ཆག་འཇིག་གི་ངོས་འཛིན།

རྣམ་ཀུན་ཉིན་ཞག་གི་ཁ་ལོ་བསྒྱུར་ནས་རང་སོ་སོའི་ཕུགས་གཞི་དེའི་རྗེས་སྙེག་བྱེད་སྐབས་མི་བུ་སུ་ཞིག་གིས་ཀྱང་འཛམ་གླིང་འདི་ག་རེས་བྱས་ནས་སྲོག་ལྡན་རྣམས་འཚོ་ཐུབ་པའི་སྒྱུ་སྐར་གཅིག་པུར་གྱུར་པ་ཡིན་ནམ་ཞེས་རང་གིས་རང་ལ་དྲི་བ་འདོན་མཁན་ཤིན་ཏུ་དཀོན་པོ་ཡིན། ཡིན་ནའང་འགྲོ་བ་མིའི་དཔལ་ཡོན་གྱི་ལོ་རྒྱུས་མགོ་ཚུགས་པ་ནས་བཟུང་ཕྱི་གླིང་གི་བློ་དོན་པ་སྐོར་ཞིག་གིས་དྲི་བ་དེ་དག་གི་ལན་འཚོལ་པའི་བསམ་གཞིག་གི་རྣོ་གྲི་བརྡར་ནས་གདོད་མའི་གཏམ་རྒྱུད་ཀྱི་ལུས་པོ་ལ་གཤགས་བཅོས་གནང་བས་དེང་རབས་ཚན་རིག་གི་རླབས་རྒྱུན་དྲག་པོ་འདི་འཕྱུར་བྱུང་བ་རེད། དེས་ན་ཁོ་ཚོའི་ཚན་རིག་གི་རླབས་རྒྱུན་དྲག་པོ་དེའི་ཆུ་ཐིགས་ཀྱི་ཟེགས་མ་རེ་རེའི་ནང་འཁོད་པའི་ལྟ་བའི་ཡང་སྙིང་གང་ཡིན་ཞེ་ན། འདི་ལྟ་སྟེ། 〝རང་གི་ཆ་ཤས་དང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་འཇིག་རྟེན་གྱི་ཁམས་ཞེས་པ་དེ་ནི་ལོ་ངོ་དུང་ཕྱུར་120-150(12to Billion ) ཡར་སྔོན་ཞིག་ལ་བྱུང་བའི་འབར་གས་ཆེན་མོ་ཞེས་པ་དེ་ལས་ཐོག་མར་མགོ་ཚུགས་ཤིང་། འབར་གས་ཆེན་མོ་བྱུང་བའི་སྐར་མ་འགའ་ཡི་རྗེས་སུ་ཚ་གྲང་མར་འགྲིབ་སྟེ་རྫས་འགྱུར་གྱི་འགྱུར་ལྡོག་འབྱུང་བའི་མགོ་ཚུགས། རྫས་ཀྱི་འགྱུར་བའི་དབང་གིས་འགུལ་བ་དང་། འགུལ་བ་དེའི་དབང་གིས་ཕྱོགས་དུ་མར་གྱེས་ནས་བར་སྣང་ཞེས་པ་བྱུང་། བར་སྣང་དེ་མུ་མཐུད་ནས་རྒྱ་བསྐྱེད་པས་དུས་ཚོད་དང་། དངོས་གཟུགས། ནུས་ཤུགས་བྱུང་། ནུས་ཤུགས་དེ་ཚ་གྲང་གི་དྲོད་སྙོམས་པའི་སའི་གོ་ལ་དང་འཕྲད་པས་རང་ཉིད་ཀྱིས་རང་ཉིད་འདྲ་བཤུས་བྱས་ཏེ་བླ་སྲོག་གི་ངོ་བོ་བྱུང〞བས་སའི་གོ་ལ་འདི་འུ་ཚོའི་ཁྱིམ་གཞིར་གྱུར། འུ་ཚོའི་ཁྱིམ་གཞི་འདིར་གནས་པའི་མི་རྣམས་ལ་ཡང〝རང་རང་ལ་འཚམས་པའི་རིག་གནས་དང་རིག་གནས་དེས་བསྐྱེད་པའི་འདུ་ཤེས་སམ་བག་ཆགས། བག་ཆགས་དེས་བྱིན་པའི་ཉིན་རེའི་འཚོ་གནས་ཀྱི་རིན་ཐང་ལྟ་མི་འདྲ་བ་རེ་ཡོད་པའི་དབང་གིས〞འཇིག་རྟེན་ཁམས་འདི་ལ་ངོས་འཛིན་བྱེད་སྟངས་ཀྱང་མི་འདྲ་བ་རེ་ཡོད། གང་ལྟར་འཛམ་གླིང་གི་མི་གྲངས་99% ཡིས་འུ་ཚོའི་ཁྱིམ་གཞི་འདི་ནི་འཇིག་རྒྱུ་མེད་པའི་རྟག་བརྟན་ཞིག་ཏུ་འདོད་ཡོད་པ་ནི་བསྙོན་མེད་ཅིག་རེད།

གཉིས་པ། ཆག་འཇིག་གི་ཉེན་ཁ།

དུས་ཀྱི་འགྲོས་མྱུར་དུ་བསྟུན་ནས་འུ་ཚོའི་བག་ཆགས་ཀྱི་བློ་མིག་ངོར་རྟག་བརྟན་དུ་སྣང་བའི་ས་གོ་ལ་ཁྲོ་གཉེར་གྱི་གཡོ་འགུལ་རབ་དང་རིམ་པ་བྱུང་བས་དེ་རུ་གནས་པའི་སྤྱི་དམངས་རྣམས་ཀྱི་སེམས་ལ་བློ་འཚབ་ཆེན་པོ་བྱུང་སྟེ་དེ་ལ་དགག་རྒྱག་གི་མདའ་མོ་འཕེན་མགོ་བརྩམས་ཤིང་། ས་ཞིབ་ཚན་རིག་པ་སྐོར་ཞིག་ཀྱང་དེའི་རྒྱུ་འབྲས་རྐྱེན་གསུམ་འཚོལ་བའི་ལམ་དུ་ཞུགས། ཡིན་ནའང་རང་མགོ་རང་གིས་གཡོག་པའི་འུ་ཅག་མི་རིགས་འདིའི་ངོས་ནས་བཤད་ན། རིག་གནས་རྙིང་བ་དང་བག་ཆགས་རྙིང་བའི་ས་རྐོ་རྡོ་སློག་བྱེད་པའི་བོད་ཀྱི་མཁས་པ་དང་མཁས་མ་སྐོར་ཞིག་གིས་འུ་ཚོའི་ཁྱིམ་གཞིའི་ཆག་འཇིག་ལ་སེམས་་ཕྱོགས་ཏེ་བྲིས་རྩོམ་འདྲ་མིན་སྤེལ་དང་བཞིན་པ་རེད། ཁོ་ཚོའི་ལྟ་བའི་ཡང་སྙིང་དེ་ཆེན་པོ་ནས་ཆུང་ཆུང་དང་། ཆུང་ཆུང་ནས་བསྡུ་མ། བསྡུ་མ་ནས་ཆ་ཤས་སུ་བཏང་སྟེ་བཤད་ན་རང་བྱུང་ཁོར་ཡུག་གི་གནོད་འཚེ་འབྱུང་བའི་རྒྱུ་རྐྱེན་ནི〝འགྱིག་ཤོག〞ཡིན་པར་བཤད་དེ་སློབ་གྲྭ་དང་མི་ཚོགས་མང་སར་འགྱིག་ཤོག་བེད་སྤྱོད་བཏང་ན་མི་རུང་བའི་ཤེས་མདོག་མདོག་གི་ཚན་རིག་པའི་སྒྲོབ་ཉམས་སྟོན་གྱིན་འདུག མཚམས་འདི་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒྱུས་ལོན་ཕྲན་ཙམ་བྱས་པའི་འབྲས་བུ་འདིར་བཀོད་ན་འདི་ལྟ་སྟེ། མིག་སྔའི་རྒྱལ་སྤྱིའི་སྟེང་གི་སྤྱི་ཚོགས་དཔྱད་བརྗོད་པ་གང་མང་ཞིག་གིས་འབྱོར་ལྡན་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་ལ་ཁ་རྡུང་དྲག་པོ་གཏོང་བཞིན་འདུག དེའི་རྒྱུ་མཚན་ནི་གནམ་གཤིས་འགྱུར་ལྡོག་གིས་འགྲོ་བ་མིའི་རིགས་ལ་གནོད་ཚབ་ཆེན་པོ་ཐེབས་བཞིན་ཡོད་པ་དེར་སྲིད་གཞུང་ཁག་གིས་ཉེན་སྐྱོབ་ཀྱི་གྲོས་ཆོད་ག་གེ་མོ་ཞིག་བཞག་ནས་ཚན་རིག་པའི་དཔྱད་འབྲས་དེ་ལག་ལེན་དུ་མ་བསྟར་བ་དེ་ཡིན་པ་རེད། དཔེར་ན། ཨ་རིས་གཙོས་བཟོ་ལས་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་བཟོ་གྲྭ་དང་རླངས་འཁོར་སོགས་འཕྲུལ་ཆས་རིགས་འདྲ་མིན་གྱི་དུ་བ་དང༌། ཁ་ཆེ་རྒྱལ་ཁབ་དག་གིས་གཙོས་རྒྱལ་ཁབ་མང་བོས་རྡོ་སྣུམ་བཞུ་སྦྱང་དང་ལས་སྣོན་བྱས་པའི་དུ་སྤྲིན། རྒྱ་དཀར་ནག་དང་བྱང་ཀོ་རི་ཡ་སོགས་ཀྱི་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་པ་དང༌། འཛམ་གླིང་གི་ཤར་དཀྱིལ་ཡུལ་གྲུ་སོགས་འཁྲུག་འཛིང་རྒོད་པའི་རྒྱལ་ཁབ་དག་གི་རྡུལ་མཚོན་འབར་གས་སོགས་དུ་བ་འབོར་ཆེན་བར་སྣང་ལ་སོང་ནས་སའི་གོ་ལའི་ཉེ་སར་གནས་པའི་དབྱངས་རླངས་ལ་གཏོར་བཤིག་ཆེན་པོ་ཐེབས་བཞིན་པ་དང་རླུང་དཀྱིལ་ཆེན་པོའི་ནང་ལ་དུག་རླངས་མཐུག་པོ་ཆགས་པས། སའི་གོ་ལའི་སྟེང་རང་བྱུང་ཁོར་ཡུག་གི་གནོད་འཚེ་རབ་དང་རིམ་པ་འབྱུང་གིན་ཡོད་སྟབས། འཛམ་གླིང་འཁྲུག་ཆེན་གསུམ་པ་ནི་ཡོ་རོབ་རྐང་རྩེད་སྤོ་ལོའི་འགྲན་རྩོད་ཀྱིས་སློང་རྒྱུ་རེད་ཟེར་བའི་སྲིད་དོན་དཔྱད་བརྗོད་པ་གང་མང་ཞིག་གི་བསམ་བློར་འགྱུར་བ་བྱུང་སྟེ〝གནམ་གཤིས་འགྱུར་ལྡོག〞གིས་འཛམ་གླིང་འཁྲུག་ཆེན་གསུམ་པ་སློང་སྲིད་པའི་དཔྱད་བརྗོད་སྤེལ་བས་འབྱོར་བདག་ཅན་གྱི་ཚོང་པ་སྐོར་ཞིག་གློ་བུར་དུ་འབོལ་ཁྲི་ལས་ཡར་ལངས་ཏེ་སང་ཉིན་གྱི་ཆག་འཇིག་ལ་བསམ་གཞིག་མི་བྱེད་ག་མེད་བྱུང་། བསམ་གཞིག་གི་བར་ཐག་ཇེ་ཉེ་རུ་བཏང་སྟེ་བཤད་ན་འུ་ཚོའི་སང་ཉིན་གྱི་ཆག་འཇིག་དེ་ཡང་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་བཙན་པོ་དང་གཉོམ་ཆུང་བར་གྱི་ཆག་འཇིག་ཡིན་པར་སྙམ། གལ་ཏེ་ད་ལྟའི་གནས་བབ་འདི་ལྟར་ཕྱིན་ཚེ་མ་འོངས་པའི་ལོ་ངོ་20 རྗེས་སུ་ཚ་བའི་ཁུལ་གྱི་མི་སེར་དང་རྒྱ་མཚོའི་འགྲམ་གྱི་མི་སེར་ཚོ་གནས་སྤོར་བྱ་དགོས་པ་ནི་གདོན་མི་ཟ་བ་ཞིག་རེད། གནས་སྤོར་བྱེད་པའི་སྐབས་སུ་ཡང་འབྱོར་བདག་རྣམས་ས་ཆ་ཡག་སར་འགྲོ་རྒྱུ་ཡིན་ཙ་ན་དེའི་བར་དུ་འཕྲོག་རྩོད་ཅིག་དབང་མེད་ཐོན་ཡོང་ངེས་རེད། མིག་དབང་འདི་ལྟ་བུ་ཞིག་གིས་འུ་ཅག་བོད་ལ་བལྟས་ན་བདག་དབང་འཕྲོག་རྩོད་ཅིག་དབང་མེད་དུ་ཡོང་ངེས་རེད། ལོ་བསྟུད་མར་རྒྱ་ནག་གི་ཞིང་ཆེན་མང་བོར་ཆར་ཆུའི་གནོད་འཚེ་ལོ་རེ་ལས་ལོ་རེར་ཤུགས་ཇེ་ཆེ་འགྲོ་བཞིན་ཡོད་པས་དེ་རུ་གནས་པའི་མི་སེར་རྣམས་བདེ་འཇགས་ཀྱི་གནས་ཡུལ་ཞིག་འཚོལ་བའི་འདུན་པ་ཤུགས་ཇེ་དྲག་ཡིན། ངས་ཚོད་དཔག་ཅིག་བྱས་ན་མཚོ་བོད་མཐོ་སྒང་འདིར་སྤྱི་ཚོགས་ཀྱི་གནོན་ཤུགས་ཟེར་བ་དེ་ད་དུང་སླེབས་མི་འདུག ཡིན་ནའང་གྲོང་ཁྱེར་གྱི་འཚོ་བ་དེ་གྲོང་གསེབ་ཏུ་དར་བར་འགོག་ཐབས་བྲལ་བས་དཔལ་འབྱོར་གྱི་ཟིང་ཆ་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ཀྱི་འཕེལ་སྟོབས་ཧ་ཅང་མགྱོགས་པོ་ཡིན། ཡིན་ནའང་རྒྱ་ནག་གི་གཞུང་ཞབས་པ་དང་ལས་བཟོ་བའི་གླ་ཕོག་གི་ཡོང་འབབ་དང་དངོས་པའི་རིན་གོང་གཉིས་དོ་མི་མཉམ་པ་དང་། རྒྱ་ནག་སྤྱི་དམངས་ཀྱི་ཕྱུག་པོའི་གྲངས་ཚད་དང་ཁང་བའི་རིན་གོང་གཉིས་དོ་མི་མཉམ་པ། རྒྱ་ནག་གི་སློབ་ཆེན་མཐར་ཕྱིན་པའི་གྲངས་ཚད་དང་ལས་ཞུགས་ཀྱི་ས་མིག་གཉིས་རྦད་དེ་ལྡོག་ཕྱོགས་ཡིན་པའི་གནད་དོན་དེ་དག་གིས་བདག་དབང་འཕྲོག་རྩོད་དང་དེ་ལས་བྱུང་བའི་བདག་དབང་ཆག་འཇིག་བསྐྱེད་པར་ངེས་སོ།། སྐབས་དེ་དུས་མཚོ་བོད་མཐོ་སྒང་འདི་ཇི་ལྟར་འགྱུར་རྒྱུ་རེད་ཟེར་ན། 〝གྲང་དམག་གི་འཐབ་འཛིང〞རྗེས་ནས་བཟུང་ཡོ་རོབ་པ་གང་མང་ཞིག་ཨ་རི་ལ་བྲོས་བྱོལ་དུ་ཕྱིན་ཏེ་རིམ་གྱིས་དེ་གར་སྐྱེས་པའི་རིགས་རྒྱུད་ནག་པོའི་ཨ་རི་བ་རྣམས་རི་སྒང་དང་གྲོང་གསེབ་ཏུ་ཕུད་དེ་ཁྱེད་ཅག་འདིར་བསྡད་ནས་ཕྱུགས་ཟོག་འཚོས་དང་ངེད་ཅག་གིས་ཁྱེད་ཚོ་ལ་ལྕགས་རི་སྐོར་ཆོག་ལ། ཁྱེད་ཚོའི་ས་ཐོག་ཏུ་ང་ཚོར་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་དུ་བཅུག་ན་ཆོག་ཅེས་ལབ་ཏེ་དངུལ་ལོར་འབོར་ཆེན་སྤྲད་པས། རིགས་རྒྱུད་ནག་པོ་བ་རྣམས་ཀྱིས་ཆང་འཐུང་བ་དང་བག་མེད་རྒྱས་སྤྲོས་ཀྱི་འཚོ་བར་རོལ་བརྟེན་ལས་ཀ་བྱེད་མི་འདོད་པ་དང་སློབ་སྦྱོང་མ་བྱས་པར་མི་རབས་མང་པོ་ཞིག་ལ་དེ་ལྟར་ཕྱིན་པ་ལྟར་འགྱུར་བར་འཁུམ། གང་ཡིན་ཞེ་ན། ནད་པ་གདན་འབྱར་ཞིག་གློ་བུར་དུ་ལངས་རྒྱུ་ཡིན་ཟེར་ན་དེ་དཀའ་ལས་ཁག་པོ་ཡིན་སྟབས་རང་ཉིད་ཀྱིས་རང་ཉིད་ལ་སྐྱོན་བརྗོད་དང་གཞན་ལ་འཐང་འཛིང་བྱ་རྒྱུ་ཡིན་པར་ངེས། མཐོང་སྣེ་འདིའི་ངོས་ནས་བལྟས་ན་བོད་པ་རྣམས་གྲོང་ཁྱེར་དུ་འོངས་ནས་དཔལ་འབྱོར་གྱི་གཞི་རྐང་འཛིན་ཐབས་བྲལ་བས་གྲོང་ཁྱེར་གྱི་འཚོ་བ་དེ་ཡང་རང་བཞིན་གྱིས་ཤོར་འགྲོ་བ་རེད། དེ་ཡི་མི་ལོ་འགའ་ཡི་རྗེས་སུ་གྲོང་ཁྱེར་གྱི་རྒྱུ་རྔམས་པ་སྐོར་ཞིག་གིས་གྲོང་གསེབ་ཀྱི་ལྷིང་འཇགས་ཀྱི་འཚོ་བ་དེ་མཐོང་ནས་གནས་དེ་རུ་ཁེ་སྤོག་མང་པོ་ལེན་ཐུབ་པར་དམིགས་ཏེ་གྲོང་གསེབ་ཏུ་བསྐྱོད་དེ་གཞི་རྒྱ་ཆེན་པོ་ཟིན་སྐབས་གྲོང་གསེབ་པ་དག་གིས་འུ་ཐུག་པའི་སྦྱོར་བ་མི་རྩོམ་རང་རྩོམ་ཡིན་པ་རེད། ཡིན་ནའང་དེ་དུས་ཉི་མ་ཤར་ནས་ནམ་ལངས་ཚར་བ་རེད། ཏག་ཏག་སེམས་པ་རྣལ་ལ་ཕབ་སྟེ་འདང་རེ་བརྒྱབ་ན་ཡིད་འཁྲེང་ས་ནི་སང་ཉིན་གྱི་ཆག་འཇིག་དེ་རེད།

Elle Fanning Dons Rodarte Fashion at Critics
PORNO Everything old is new again and that includes tie dyed fashions

The Cross Is Not A Fashion Statement
Gowns Online Shop How to Determine Clothing Size

The Importance of Fashion Marketing
VIDEOS PORNO expected japanese people design and as well contemporary culture recommendations bows on u

5 Things You Need to Know About the New iPhones
Download Free Games 52 Afterlife Breather 5

Westboro Baptist Church Thanks God for 9
pornos Jackie Kennedy Onassis

How To Remove DRM Protection From BCC iPlayer Contents
PORNO FRANCAIS whether they belong to close family

How do we lose hair
free porno they return to higher paying jobs

Choosing A Good Property Management Company
Filme Porno on a lower floor
བསྟོད།6

抱歉,评论已关闭!