ལྗང་བུའི་ང་རང་སྦར་ཆོག་ཅེས་པའི་རྩོམ་ཡིག་གི་བསྟན་དོན་ལ་དཔྱད་པ།

ཁམས་སྨྱོན།

༡༽ རྩོམ་པ་པོ་དང་བརྩམས་ཆོས་ངོ་སྤྲོད་རགས་བསྡུས།

ལྗང་བུའམ་བསེ་རུར་འབོད་པའི་ཆབ་བྲག་རྡོ་རྗེ་ཚེ་རིང་ནི 1963 ལོར་མཚོ་སྔོན་རྨ་ལྷོ་སོག་རྫོང་དུ་སྐྱེས། 1984 ལོའི་ནང་དུ་ལྗང་བུས་རྩྭ་ཐང་གི་མགྱོགས་བྲིས་ཞེས་པ་ཚན་པ་བདུན་ཅན་བརྩམས། ཁོང་གི་བརྩམས་ཆོས་ལ་ཉི་ཟླ་རི་བོའི་སྙན་ཚིག་དང༌། རྟ་རྒྱུག་གི་ཉིན་མོ། དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ། གྱེས་ཁ་མར་སེམས་པ་མ་སྐྱོ་སོགས་མང་ཙམ་ཡོད་པར་གྲགས། འཚོལ་རྟོགས་སྙིང་སྟོབས་ ཟེར་བའི་དཔེ་ཆ་རུ། ཁོང་གི་སྙན་ངག་གི་བགྲོད་ལམ་ལ་ཕྱི་བལྟས་ཤིག་བྱས་ན། ཁོ་ནི་རིམ་གྱིས་གོ་དཀའ་ལ་འགྲེལ་དཀའ་བའི་སྙན་ངག་གི་གསང་རྒྱ་ཞིག་ཏུ་ཚུད་པར་གྱུར། ཉག་ཕྲ་བའི་བོད་ཀྱི་སྙན་ངག་དང་འཁོས་ཆུང་བའི་བོད་ཀྱི་ཀློག་པ་པོའི་ དམིགས་གསལ་གྱི་ཁྱད་ཆོས་འདིར་དགོངས་ནས་སྙན་ངག་དེ་ཅུང་གོ་སླ་བར་ གཏོང་ན་ལེགས་ཀྱི་ཁྱོད་ཀྱིས་ཀློག་པ་པོ་མེད་པའི་ཁེར་རྐྱང་གི་སྡུག་བསྔལ་བཟོད་ ཐུབ་ཀྱང༌། ང་ཚོས་སྙན་རྩོམ་གྱི་བསླུ་བྲིད་བཟློག་དཀའ། ཞེས་གསུངས་འདུག

ང་རང་སྦར་ཆོག

རྩོམ་པ་པོ། ལྗང་བུ།

ང་ནི་གྲོང་ཁྱེར་ཆེན་པོའི་འཇའ་ཚོན་གློག་བཞུ་མིན།
ལྷའི་མདུན་མཆོད་པའི་སྣུམ་ཟད་ མར་མེའང་མིན།
འོན་ཀྱང༌། ང་རང་སྦར་ཆོག ངས་སྤང་ལྗོངས་ལ་འོད་སྣང་སྟེར་ཐུབ།

འོ—ངའི་མིང་ལ་ལྩི་བ་ཟེར།
མདོག་ངན་ལ་དྲི་བཙོག བྲིན་གྱི་གྲས་སུ་ང་མི་ཐེ།
འོན་ཀྱང—ང་རང་སྤར་ཆོག
ངས་སྦྲ་གུར་གྱི་མུན་པ་སེལ་ཐུབ།

ངའི་བརྩེ་དུང་ཐམས་ཅད་འོད་སྣང་གིས་མཚོན་ཞིང༌།
ངའི་སྟོབས་ཤུགས་ཡོད་ཚད་ཚ་དྲོད་ཀྱིས་སྟོན་ཐུབ།
ང་ལ་མེ་སྟག་གིས་གཅེས་སྐྱོབ་གནང་རོགས།
ང་ལ་མཁའ་རླུང་གིས་རམ་འདེགས་མཛོད་ཅིག

ང་གཞན་དོན་དུ་འཚོ་བ་ཡིན།
ཡོད་ཚད་གཞན་ལ་འབུལ་ཆེད—ཆགས་སྡང་གིས་ཁེངས་པའི་མི་ཡུལ་འདིར།
དྲོད་ཀྱི་སྤྲོ་བ་དང༌། འོདཀྱི་བདེ་བ་ཙམ་སྟེར་ཕྱིར་འཚོའོ། །
ངའི་ཚེ་སྲོག་གི་མཐའ་མ་ཡང༌། དྲོད་སྐྱིད་དང་འོད་སྣང་གིས་བསྡུས་འགྲོ།

ང་ལ་མེ་སོན་དང་མཁའ་རླུང་གནང་རོགས།
ང་ལ་ཡིད་ཆེས་ང་གཅེས་སྐྱོང་མཛོད་དང༌།
ང་རང་སྦར་ཆོག་ཨང༌།

༢༽ རྩོམ་སྟངས་ཀྱི་ཁྱད་ཆོས།

སློབ་ཚན་འདིའི་རྩོམ་ལུས་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་སྟེ། སྤྱི་ ལོ 1983 ལོར། སྐུ་ཞབས་དོན་འགྲུབ་རྒྱལ་ལགས་ཀྱིས་ལང་ཚོའི་རྦབ་ཆུ་བརྩམས་ནས་བོད་ཀྱི་རྩོམ་རིག་གར་སྟེགས་ ཐོག་གསར་དུ་བྱུང་བའི་རང་མོས་སྙན་ངག་གི་རྩོམ་སྲོལ་ལྟར་བྲིས་པ་དང༌། ནང་དོན་མཚོན་ཚུལ་གྱི་ཆ་ལ་སྙན་ངག་གི་བསྡུས་བརྗོད་ཀྱི་ཉམས་རྩལ་དུ་བཏོན་ནས་རྒྱུ་ཆ་ཆེས་དཀྱུས་མ་དང་རྗོད་བྱེད་ཚིག་ཐུང་ ངུ་ཞིག་གི་ནང་ནས་ཚེ་སྲོག་གི་རིན་ཐང་དང་མི་ཚེ་ཡི་གནས་ལུགས་ཟབ་མོ་ཞིག་བསྟན་འདུག

༣༽ རྩོམ་སྟངས་ཀྱི་གོ་རིམ།

ཐོག་མར་རྩོམ་པ་པོས་འབོད་པའི་ཐ་སྙད་དང་པོ་ང་ཞེས་པ་དེ་ཡང་སྙིང་ སུ་ལ་བརྗོད་མིན་ངོ་སྤྲོད་བྱས་ཡོད་སྟེ།ང་ནི་གྲོང་ཁྱེར་ཆེན་པོའི་འཇའ་ཚོན་གློག་བཞུ་མིན། ལྷའི་མདུན་མཆོད་པའིསྣུམ་ཟད་ མར་མེའང་མིན། འོན་ཀྱང༌། ང་རང་སྦར་ཆོག ངས་སྤང་ལྗོངས་ལ་འོད་སྣང་སྟེར་ཐུབ། འོ—ངའི་མིང་ལ་ལྩི་བ་ཟེར།

བསྡུས་དོན་ནི། རང་ཉིད་གྲོང་ཁྱེར་ཆེན་པའི་རྒྱས་སྤྲོས་ཀྱི་འཚོ་བ་ལ་དགའ་བའི་མི་ཞིག་མ་ཡིན་ལ། གཞན་གྱིས་གོང་དུ་བཀུར་བའི་གྲགས་ཅན་ གྱི་མི་སྣ་ཞིག་ ཀྱང་མ་ཡིན། འོན་ཀྱང་རང་ནུས་ལ་བརྟེན་ནས་གཞན་ལ་ཕན་བདེ་ཕྲན་བུ་བསྐྲུན་ཕྱིར་འཚོ་བའི་ཚེ་སྲོག་དཀྱུས་མ་ཞིག་ཡིན་པ་བསྟན་ཡོད།

ཚན་པ་གཉིས་པའི་ནང་ལྩི་བའི་ཁྱད་ཆོས་དང་བྱེད་ནུས་བརྗོད་པ་སྟེ།མདོག་ངན་ལ་དྲི་བཙོག བྲིན་གྱི་གྲས་སུ་ང་མི་ཐེ། འོན་ཀྱང་ང—ང་ རང་སྦར་ཆོག ངས་སྦྲ་གུར་གྱི་མུན་པ་སེལ་ཐུབ།རང་ཉིད་ལ་གཞན་གྱིས་གཙིགས་སུ་འཛིན་པའི་གཟུགས་ལང་ཚོ་དང་སྟོབས་འབྱོར་བ་ལྡན་པ་ཞིག་མ་ཡིན་ནའང༌། རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་གི་སྐྱེ་བོ་རྣམས་ལ་དོན་བཟང་སྒྲུབ་འདོད་པའི་སྤོབས་པ་དང་ཆོད་སེམས་ལྡན་པ་མཚོན་ཡོད།

༤༽ ལྩི་བའི་ཕན་ནུས་དང་དེ་ལ་དགོས་པའི་མཐུན་རྐྱེན་བརྗོད་པ་ནི།

ངའི་བརྩེ་དུང་ཐམས་ཅད་འོད་སྣང་གིས་མཚོན་ཞིང༌། ངའི་སྟོབས་ཤུགས་ཡོད་ཚད་ཚ་ དྲོད་ཀྱིས་སྟོན་ཐུབ། ང་ལ་མེ་སྟག་གིས་གཅེས་སྐྱོབ་གནང་རོགས། ང་ལ་མཁའ་རླུང་ གིས་རམ་ འདེགས་མཛོད་ཅིག རང་ཉིད་ཀྱིས་གཞན་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དང༌། ཉམས་པ་མེད་པའི་སྟོབས་ཤུགས་ག་འདྲ་ཞིག་ལྡན་པ་ནི་བྱ་སྤྱོད་ངོ་མ་ལས་མཐོང་ཐུབ། དོན་སྙིང་ལྡན་པའི་བྱ་བཞག་ལ་མུ་མཐུད་ནས་འབད་པར་གོང་འོག་ ཀུན་གྱིས་མཐུན་འགྱུར་རོགས་རམ་གང་ལེགས་དགོས་རྒྱུ་རྩོམ་པ་པོས་སྙིང་དབུས་ནས་རེ་འབོད་ཞུས་ཡོད།

༥༽ ལྩིབ་གཞན་ཕན་གྱི་བྱ་བར་སྤྲོ་བ་བསྟན་པ་ནི།

ང་གཞན་དོན་དུ་འཚོ་བ་ཡིན། ཡོད་ཚད་གཞན་ལ་འབུལ་ཆེད— ཆགས་སྡང་གིས་ཁེངས་པའི་མི་ཡུལ་འདིར། དྲོད་ཀྱི་སྤྲོ་བ་དང༌། འོད་ཀྱི་བདེ་བ་ཙམ་སྟེར་ཕྱིར་འཚོའོ། །ངའི་ཚེ་ སྲོག་གི་མཐའ་མ་ཡང༌། དྲོད་སྐྱིད་དང་འོད་སྣང་གིས་བསྡུས་འགྲོ། བསྡུས་དོན། མིའི་ཚེ་སྲོག་དེ་རང་ཉིད་ཁོ་ནའི་ཆེད་དུ་འཚོ་གནས་བྱས་ན་ མི་འགྲིག་ཅིང་ཕལ་ཆེར་ཆགས་སྡང་གི་དབང་དུ་སོང་བའི་མི་ཡུལ་འདིར་གཞན་ཕན་གྱི་སྤྱོད་བཟང་དེ་རིགས་དགོས་གལ་ཆེ་བ་བརྟེན། ང་ཚོ་མ་འཆི་བར་དུ་གཞན་ཕན་གྱི་ལས་ཀ་མང་ཙམ་བྱེདརྒྱུ་ནི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་བའི་ཐབས་ལམ་ཉག་ཅིག་ཡིན་པར་བསྟན་འདུག

༦༽ ལྩི་བ་ལ་རྒྱབ་སྐྱོར་དང་ཡིད་ཆེས་དགོས་པ་བསྟན་པ་ནི།

ང་ལ་མེ་སོན་དང་མཁའ་རླུང་གནང་རོགས། ང་ལ་ཡིད་ཆེས་དང་གཅེས་སྐྱོང་མཛོད་དང༌། ང་རང་སྦར་ཆོག བསྡུས་དོན་ནི། ངའི་བྱ་བ་ལ་རོགས་རམ་དང་ངའི་ནུས་པ་ལ་ཡིད་ཆེས་བྱས་ནས་མཐོང་ཆུང་མ་གནང་དང་ངས་གཞན་ཕན་གྱི་བྱ་བ་མུ་མཐུད་ནས་བསྒྲུབ་རྒྱུ་ ཡིན་ཞེས་པའོ། །

༧༽ སློབ་ཚན་འདིའི་བསྟན་བྱ་གཙོ་བོ།

རྩོམ་པ་པོས་གཞན་ལ་དྲོད་དང་འོད་སྣང་འགྱེད་མཁན་ལྩི་བ་ཡི་གཞན་ཕན་གྱི་སྤྱོད་པ་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་བརྒྱུད་ནས། དོན་དུ་རང་རེ་མི་རྣམས་ཀྱིས་རྙེད་བཀུར་གྲགས་འདོད་ཀྱི་ཆེད་དུ་མི་ཚེ་སྟོང་ཟད་མི་བཏང་བར། གཞན་ཕན་གྱི་བྱ་བ་ལ་ལྷག་བསམ་ཟོལ་མེད་ཀྱིས་འབད་བརྩོན་བྱས་ཏེ་ཚེ་སྲོག་རིན་ཐང་དང་ལྡན་པའམ་མི་ཚེ་དོན་སྙིང་ལྡན་པ་ཞིག་བྱ་རྒྱུ་གལ་ཆེ་བའི་གནས་ལུགས་ཟབ་མོ་ཞིག་བསྟན་འདུག་གོ །

Top MBA Colleges in Gurgaon Delhi NCR
PORNO and much more

Don't buy into the HYPE on the internet
Bridesmaid Dresses Aesap and Lyukus reunite in dramatic fashion

What Are the Requirements to Become a Model
VIDEOS PORNO as may easily happen

Signed and Shaun White collections on sale
Free Games so of course your website is very

1 Coach New Tattoo Extra Large Tote
pornos created ground beef stew from fresh mushrooms recipe

Fashion Clothing Goes Bullet Proof
Porno pour femme what should I wear with skirts and

Ann Taylor Earnings Will Ring Up Growth In Online And Multi
PORNO XXX urotsukidoji proper treasures

The Average Salary of a Fashion Journalist
Darmowe Porno If last year's overlooked deaths are more your fancy
བསྟོད།11

抱歉,评论已关闭!