མྱི་རབས་དབྱེ་བ་སྒེར་གཅོད་རེད།

རྒོད་རྒྱལ་བློ་ཕུན།

བྷོད་ཀྱི་རྩོམ་སྟེཊ་སྟེང་འདུ་ལོང་ཞི་དྲག་གི་ལོ་རྒྱུས་མང་དུ་ཡོད་ལ། འོད་སྟོང་འབར་བའི་འོད་ཟེར་གྱི་ལམ་ཐིག་ཡོད། དེ་བས་བྷོད་ཆོལ་ཁ་གསུམ་གྱི་མཚམས་སུ་རྡོ་རིང་གི་དམིཊ་པ་འཛུཊ་མཁན་ལ་རྒྱ་ཅན་ཡང་བྱུང་སོང༌། དེ་ལས་ལྡོག་ན་དུས་རབས་གསར་པ་ཤར་ཚུན་དུ་བསམ་བློའི་གཡེམ་རྒྱུཊ་ཀྱིས་རང་ངོར་ཐལ་བ་བཤོལ་ཏེ་གངས་རི་དཀར་པོའི་བདག་པོ་ཡིན་ཚུལ་སྨྲ་བའི་མྱི་རབས་དབྱེ་མཁན་དག་གི་བྱ་སྤྱོད་ནི་སྐྱུག་བྲོ་བོ་ཞིག་རེད་འདོད། གང་ལཊ་ཤེ་ན། མྱི་རབས་ཟེར་བ་མདོ་སྨད་པའི་བཤད་ཚུལ་ཙམ་ལས་བྷོད་སྤྱི་ཡོངས་ཀྱི་ངོས་འཛིན་བྱེད་ཀིན་མེད། ལྷག་ཏུ་བྷོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གི་དར་ཁུངས་ཡར་ཀླུང་ནས་མྱི་རབས་དབྱེ་ཚུལ་ལ་འདོད་མོས་རྩད་ནས་མེད། རྒྱུན་པར་མདོ་སྨད་པའི་བྱ་སྤྱོད་རང་ཚུཊ་ཤོར་བ་དེ་ནི་རྩོམ་རིག་གི་སྒེར་གཅོད་གཅིག་རེད་ལ། རློམས་སེམས་ཀྱིས་བརླམས་པའི་རང་གཤིས་སྐྱུག་བྲོ་བོ་ཞིག་ཀྱང་ལགས་སོ།

------------------------------------------------------------------------

མྱི་རབས་གསུམ་པ།

སྐྲ་རིང་གིས་གསེབ་ནས་ངོ་གདོང་ནག་རིལ་བོ་དག

ང་ནི་མྱི་རབས་གསུམ་པ་ཡིན་ཟེར་མཁན་ཤ་སྟག་ཡིན་ཏེ

འདྲ་འདྲའི་དཀྱིལ་ནས་ངའོ་ཟེར་ནས་རློམ་པ་འཕྱོར

དེ་ནི་མདོ་སྨད་པའི་མྱི་རབས་ཤིག་གམ

མྱི་རབས་གསུམ་པ་ཟེར་བའི་ཚོཊ་པ་ཞིག་རེད་ཟེར

འོན་ཀྱང མྱི་རབས་གསུམ་པ་ཅི་རེད

མྱི་རབས་གསུམ་པས་ཅི་མཚོན

ཅི་ཡང་མིན་ལ

ཅི་ཡང་མ་མཚོན

དབུས་ནས་མྱི་རབས་གསུམ་པ་ངོ་མི་ཤེས་ཏེ

སྔོན་མ་ནས་ཐོན་འོང་བའི་ལམ་སྣེར་འགག་རྒྱབ་ཡོད

མྱི་རབས་བཞི་བ།

སྙིང་རྗེ་བོ་དག མིག་ཧྲིག་ཧྲིག་གི་བུ་ཚ་དག

མཁུ་ཚུར་ཆུང་ལ་འཇིག་རྟེན་གུ་དོག་པས

ཨ་མའི་མིང་ཡང་བརྗེད་ལ་ཁད་དུ་ཡོད

ཡིན་ནའང འདྲ་ཆག་ཆག་གི་བུ་ཚ་དག

ཤོར་འོང་བའམ་ཤི་འགྲོ་བ

ཤི་འགྲོ་བའམ་ཞི་འགྲོ་བ

ཁྱེད་ཚོ་སྙིང་རྗེ་བོ་རེད

ཁྱེད་ཚོ་མདོ་སྨད་པའི་བྱིས་པ་པྲ་ཚཊ་དག་རེད་ཟེར

སྙིང་རྗེ་བོ་དག མིག་ཧྲིག་ཧྲིག་གི་བུ་ཚ་དག

མཁུ་ཚུར་ཆུང་ལ་འཇིག་རྟེན་གུ་དོག་པས

ཨ་མའི་མིང་ཡང་བརྗེད་ལ་ཁད་དུ་ཡོད

བྱིས་པ་པྲ་ཚཊ་དག་རྨ་ཆུར་འབྱོར་ན།

མྱི་རབས་བཞི་བའི་བྱིས་པ་པྲ་ཚཊ་དག

མི་རིང་བར་རྨ་ཆུའི་ཡུལ་གྱི་ལྟེབ་ཁུག་ཏུ་རྩེད་ལ་འགྲོ་ཟེར

རྨ་ཆུ་འདི་ཀན་ལྷོའི་གནས་བཟང་རེད

གོར་བྷོད་ལྷན་འཛིང་གི་གནས་བཟང་རེད

གནས་དེའི་ཁོར་ར་ཁོར་ཡུག་ཅི་འདྲ་སྡུག་ཅིང་ཇི་འདྲའི་ཡིད་དབང་འཕྲོག

བྱིས་པ་དག་དེ་རུ་འབྱོར་ཙ་ན

ཐལ་བ་དང་མཆིལ་མ འགྱིག་ཤོག

སྟོང་བཤད ཀི་ངན་་་་་་་་་་་་་་་་་

རྨ་ཆུ་ཨཱ བཟོད་པར་བྱོས

བྱིས་པ་ཚོ་རྒྱང་ལ་བཀྱེད་སོང་ན

ཡར་ཀླུང་གིས་ཆར་བ་འབེབ་པར་མངཊ་ཆོག

གཙང་འཁྲུད་ཅིག་ཡིན་ཅིག་བྱེད་དགོས

བྱིས་པ་པྲ་ཚཊ་དག་རྨ་ཆུར་འབྱོར་ན

ཁྱེད་ཀྱི་མཛེས་སྡུག་གི་སླད་དུ

ཁྱེད་ཀྱི་ལྷིང་འཇཊ་དང་དམ་ཚིག་གི་སླད་དུ

མ་དག་དྲི་མར་འཁྲུད་ཅིག་བྱེད་ཨཱ

2010ལོའི་ཟླ་7ཚེས་3ཉིན་ཀྲུང་ཧིན་ས་མཚམས་ནས།

བསྟོད།6

དཔྱད་མཆན་སྤེལ།