ཁམས་སྐྱེ་དགུ་མདོའི་ས་ཡོམ་དང་འབྲེལ་བའི་འཆར་སྣང་སྣ་ཚོགས།

སྒྲེན་པོ།

ཁམས་སྐྱེ་དགུ་མདོའི་ས་ཡོམ་དང་འབྲེལ་བའི་འཆར་སྣང་སྣ་ཚོགས།

ཁམས་སྐྱེ་དགུ་མདོའི་ས་ཡོམ་བྱུང་རྗེས་ཀྱི་ཉིན་མ་འདི་ཚོར་དངོས་གནས་སེམས་ཁམས་འདི་རྦད་དེ་བདེ་ལ་འབབ་ཐབས་བྲལ་ལ།བདེ་ཐང་མ་ཡིན་པའི་སེམས་ཁམས་ཀྱི་སྒང་འདི་འདྲར་འཆར་སྣང་ཡང་འདྲ་མིན་ཅི་རིགས་སྐྱེས་སྲིད་པ་ནི་ཆོས་ཉིད་ཅིག་ག་ལ་མིན།ཉིན་རྒྱུན་དྲ་ངོས་གང་རུང་གི་བར་གསེང་ནས་ཡུལ་ཤུལ་ཞེས་པའི་ཡིག་འབྲུ་འདི་གཉིས་གནོན་གང་ཐུབ་ལ་རེམ་པའི་ཁོ་བོ།མིག་ཆུ་འགྲིལ་ཀྱང་བཙན་ཚུགས་ཀྱིས་མིག་ཆུ་ཁོག་ཏུ་མིད་ཀྱིན་ཡོད།རང་གི་མི་ནུས་པའི་ཚོད་ཀྱིས་འཚིག་པ་ཟ་རུང་འཚིག་པ་རང་ཉིད་ཀྱི་སྟེང་ལ་སྐོར་གྱིན་ཡོད།

གཅིག ས་ཡོམ་དང་མྱ་ངན།

རང་བྱུང་ས་ཡོམ་གྱི་ཁྲོད་རྐྱེན་ལམ་དུ་ཤོར་ཟིན་པའི་འདས་པོ་ཚོར་མྱ་ངན་ཞུ་དགོས་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་འགྲོ་སྟངས་ཤིག་རེད།མྱ་ངན་བྱེད་སྟངས་གཉིས་ཡོད་པར་འདོད་དེ།གཅིག་ནི་དགོན་སྡེ་ཁག་གི་བླ་གྲྭ་ཚོས་འདས་པོ་ཚོར་བསྔོ་སྨོན་དང་ཆོས་ལུགས་ཀྱི་ཆོ་ག་འདྲ་མིན་བཤམས་རྒྱུ།འདས་པོར་བསྔོ་སྨོན་གསུང་རྒྱུའི་ལས་ཀ་འདི་ནི་དགོན་སྡེ་ཁག་གིས་སྒྲུབ་ན་ཧ་ཅང་འོས་འཚམ་རེད་སྙམ།མྱ་ངན་བྱེད་སྟངས་གཉིས་པ་ནི་སྐྱ་བའི་སྡེ་ཡི་མྱ་ངན་བྱེད་སྟངས་དང་ལྷག་དོན་ཤེས་ཡོན་པའི་སྡེ་ཡི་མྱ་ངན་བྱེད་སྟངས་རེད།ཤེས་ཡོན་པའི་སྡེ་ཡི་མྱ་ངན་བྱེད་སྟངས་ནི་དུས་ལ་དུས་བསྟུན་གྱི་མྱ་ངན་རྩོམ་ཡིག་དང་གཞས་ཚིག གསར་འགྱུར་ལེ་ཚན།ཚགས་ཤོག་དང་དུས་དེབ་སོགས་སྒྲུབ་རྒྱུ་དེ་རེད་འདོད།

གཉིས། ས་ཡོམ་དང་གནད་དོན།

རང་བྱུང་གི་ས་ཡོམ་འདི་འདྲ་ཞིག་བྱུང་ན།གཞི་ནས་རང་རེ་བོད་ཀྱི་སློབ་མ་ཚོས་ཅི་ཞིག་སྦྱངས་ཀྱིན་ཡོད་མེད་དང་།ཅི་ཞིག་གི་ཆེད་དུ་ཧུར་ཐག་བྱེད་ཀྱིན་ཡོད་པ།གང་ཞིག་ནི་ད་གཟོད་ང་ཚོར་ཉེ་བར་མཁོ་བའི་རིག་གནས་ཡིན་མིན་སོགས་ལ་ཨ་ལན་གསལ་བོ་ཞིག་རྙེད་གི ས་ཡོམ་བྱུང་རྗེས་རང་ཉིད་ཐེ་བའི་བོད་རིགས་སློབ་གྲོགས་ཚང་མར་བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་སེམས་ཐག་གཅིག་སྦྲེལ་གྱི་རྣམ་པས་གནོད་སྐྱོན་ཐེབས་ཡུལ་ལ་རོགས་སྐྱོར་ཅི་ཐུབ་བྱ་བསམ་མོད།འོན་ཀྱང་རོགས་སྐྱོར་ཅི་ལྟར་བྱ་དགོས་མིན་གྱི་ཐད་དུ་ཀུན་པོ་ལྐུགས་འདུག ཐ་ན་བོད་རིགས་རང་ཁུལ་ནས་བོད་མིའི་འཚོ་བར་རྒྱུས་མངའ་ཡོད་མཁན་སྨན་པ་ཞིག་མངགས་རྒྱུ་ཡང་དཀའ་རུ་ཆགས་འདུག དེ་མིན་ད་དུང་ཀུན་པོས་སྒོར་མོ་འཛོམས་ཚད་སྟེར་གྱིན་ཡོད་མོད།མ་དངུལ་གནོད་སྐྱོན་ཐེབས་ཡུལ་དངོས་ལ་འབྱོར་ཐུབ་མིན་གྱི་ཐད་ནས་འདང་རྒྱག་གིན་མི་འདུག བུན་ཁྲོན་ས་འགུལ་གྱི་ཉམས་མྱོང་ཡིན་ན།མ་དངུལ་འབོར་ཆེན་ལམ་བར་ནས་འབྲེལ་ཡོད་དཔོན་པོ་ཚོས་ལྐོག་ཟ་བྱས་སོང་སྐད།ང་ཚོར་དངོས་གནས་རང་བྱུང་ཚན་རིག་སྐོར་གྱི་འཇོན་མི་དང་མིའི་འཚོ་བ་དང་དམ་དུ་འབྲེལ་བའི་ཆེད་ལས་མི་སྣ་ཤིན་ཏུ་ཉུང་ཚོད་རེད།དཔེར་ན།འཛུགས་སྐྲུན་དང་གསར་འགྱུར་ལས་མི་སོགས།བོད་མི་ཕོན་ཆེ་བའི་སྦྱངས་བྱ་སྐད་དང་ཡི་གེ་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཐུབ་ཀྱིན་མེད་པ་འདི་ནི་ད་གཟོད་ང་ཚོའི་ཕམ་ཁ་རེད་འདོད།

གསུམ། ས་ཡོམ་དང་སང་ཉིན།

ས་ཡོམ་གྱི་ངན་སྒང་འདིར་རྒྱལ་ཡོངས་ཀྱི་མི་དམངས་མང་ཚོགས་ཚང་མས་རོགས་སྐྱོར་བྱེད་པའི་ཚ་རླབས་འཕྱུར་གྱིན་འདུག་ལ།ཚ་ཚ་འུར་འུར་གྱི་སྒང་འདི་ལ་ང་ཚོས་གང་ལ་ངེས་དོན་གྱིས་རོགས་སྐྱོར་མཁོ་མིན་སོགས་ཀྱི་ལན་རྙེད་དཀའ་རྒྱུ་རེད།དེ་བས་དོན་གྱིས་ཡུལ་ཤུལ་བསམ་མཁན་གྱི་དཔྱོད་ཤེས་པ་ཞིག་ཡིན་ཚེ།སེམས་ཁམས་ལྷོད་ལ་བབ་ནས་ཡུལ་ཤུལ་གྱི་སང་ཉིན་ལ་འདང་རྒྱག་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད། དོན་གྱིས་ཡུལ་ཤུལ་བསམ་མཁན་ཞིག་ཡིན་ན།རོགས་སྐྱོར་བྱ་རྒྱུའི་ལས་ཀ་འདི་ནི་མི་ཚེ་གང་རིང་གི་བྱ་བ་ཞིག་ཡིན་རྒྱུ་རེད་བསམ་གི རོགས་སྐྱོར་གྱི་ཚ་རླབས་འདིའི་མགོ་ཡལ་ཏེ་ཟླ་གཉིས་གསུམ་ཙམ་གྱི་རྗེས་ནས་ཡུལ་ཤུལ་ས་ཁུལ་གྱི་གནད་དོན་ངོ་མ་ལྷང་ལ་འབུད་རྒྱུ་རེད་བསམ་གི དེ་དུས་གང་ཞིག་ནི་དྭ་ཕྲུག་ཡིན་མིན་དང་།གང་ཞིག་ལ་རོགས་སྐྱོར་མཁོ་མིན།གང་ཞིག་ནི་དོན་གྱིས་མི་ཚེ་གང་བོར་གསོ་དགོས་མིན་གྱི་ལན་གསལ་བོ་ཞིག་སྟེར་ངེས་སྙམ།དེ་དུས་དྭ་ཕྲུག་རེ་འགར་སློབ་ཡོན་སྤྲོད་རྒྱུའི་འགན་ཁུར་དུ་བཞེས་རྒྱུ་ཡོད་ལ།ངལ་རྩོལ་གྱི་ནུས་པ་ཤོར་ཚར་བའི་དབང་བོ་སྐྱོན་ཅན་མང་པོར་འཚོ་གནས་ཀྱི་གནད་དོན་ཐག་གིས་གཅོད་མཁན་ཡང་ཡོད་སྲིད་རྒྱུ་རེད།སྐབས་དེར་ཐོན་ན་སྒོར་ཟུར་གཅིག་གི་བཀོལ་རིན་ལ་དེ་དང་མཐུན་པའི་རིན་དོད་ཡོད་རྒྱུ་རེད་འདོད།དེ་མིན་ད་དུང་མི་རིགས་སློབ་གསོ་དང་སྐད་ཡིག་གི་རྒྱུན་སྲིང་།སེམས་ཁམས་གསོ་སྐྱོང་ལ་སོགས་པའི་ལས་ཀ་སྒྲུབ་རྒྱུ་མང་པོ་ཡོད་ནི་རེད་བསམ་གི

བཞི། ས་ཡོམ་དང་འགན་ཁུར།

ས་ཡོམ་གྱི་རྗེས་ན་ང་ཚོར་ཞིབ་ལས་བྱེད་རྒྱུ་མང་པོ་ཞིག་ལྷག་ཡོད་པ་ཤེས་པར་མཛོད་ཅིག བོད་རིགས་རང་སྐྱོང་ཁུལ་ཞིག་ཡིན་པའི་དན་རྟགས་གསོན་པོ་དེ་ཆགས་དགོས་ན།བོད་ཀྱི་ཤེས་ཡོན་ཅན་དང་ཚོང་ལས་པ།སློབ་གསོ་བ།ཆེད་ལས་སྨན་པ།འཛུགས་སྐྲུན་པ་སོགས་ལ་རག་ལས་འདུག གོང་གསལ་གྱི་འདི་དག་ནི་ས་ཡོམ་གྱིས་བོད་ཀྱི་ཤེས་ཡོན་ཅན་ཚོར་བཀལ་བའི་འགན་འཁྲི་རེད་འདོད།

ལྔ། ས་ཡོམ་དང་རེ་བ།

ས་ཡོམ་བྱུང་རྗེས།བོད་ཀྱི་དགོན་སྡེ་ཁག་དང་སློབ་གསོའི་སྡེ།ཤེས་ཡོན་པའི་སྡེ་ཕར་ཞོག མང་ཚོགས་རང་ཉིད་ཀྱིས་རྩ་འཛུགས་བྱས་ཏེ་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་པར་གཞིག་ན།འདི་ནི་དངོས་གནས་རེ་བ་ཆེན་པོ་ཞིག་རེད་འདོད།རེ་བའི་མེ་རྟ་ཞིག

གསལ་བཤད།བྲིས་རྩོམ་འདི་ནི་འབོལ་རྩོམ་གྱི་ལམ་ནས་འབྲི་ཁུལ་བྱས་པ་ཞིག་ཡིན་ལ།ཉིན་འདི་ཚོར་སྙན་ངག་དམ་དུམ་ཙམ་ལས་བསམ་གཞིག་བཙག་པའི་ཉིང་ཁུ་ཞིག་བདག་གི་མཐོང་ལམ་དུ་འཇོན་རྒྱུའི་བགོ་སྐལ་མ་ལྡན་པར་ཡི་མུག་དང་བཅས།ལག་ནས་ཅི་ཡང་མི་འཇོན་རུང་། ཁ་ནས་གང་བཤད་ལ་སྤྲོ་བའི་སྒྲེན་པོར་འབོད་པས།

tips to protect yourself legally
PORNO If you prefer wearing jeans

Tunics are stylish and comfortable both
Bridesmaid Dresses why choose people

How Magazines Destroy Self Image
VIDEOS PORNO You can use any medium to large plump oysters for this recipe

Hillbilly Chic a Country Fashion Guide
Free Games don do it

Chronicles of my fashion designers
pornos That includes all household items

Conditioners for Healthy Hair Care
free xxx then one of Neos warriors turns up

Online Shopping For Clothes With Diesel Jeans Brand
Tube XXX the ruler of Apokolips

8 S 500 Dividend Stocks With Strong Sources Of Profitability
Free Porno Wife Hard Work in the Fashion World
བསྟོད།6

抱歉,评论已关闭!