དམ་ཆོས་དཔལ་བཟང་གིས་ཡུལ་ཤུལ་ས་འགུལ་ལ་ཕུལ་བའི་མྱ་ངན་རྩོམ་ཡིག

ཆེད་བསྒྲིགས།

བརྗེད་མི་སྲིད་པའི་བཞི་གཅིག་བཞི།
མཐོང་མ་མྱོང་བའི་ཉི་མ་ནག་པོ།
དཔའ་མི་ཉམས་པའི་སྐྱིད་སྡུག་མཉམ་མྱོང༌།
བརྗོད་མི་ཚར་བའི་གངས་ཅན་ལ་རྒྱ།

༡ ཀྱེ་མ་ཡ། ཀྱེ་མ། ཤ་ཟན་གྱི་ས་ཆེན། ཁྲག་འཐུང་གི་ས་ཆེན། རུས་འཆའ་ཡི་ས་ཆེན། ཁྱོད་ཇི་འདྲ་གདུག་རྩུབ་ཆེ་བ་ལ། ཁྱོད་འཇིག་རྟེན་ཡིན། ཁྱོད་འདུས་བྱས་ཡིན། ཁྱོད་མི་རྟག་པ་ཡིན། འོན་ཀྱང༌། ངས་ཁྱོད་ལ། ས་པདྨ་འདབ་བརྒྱད་ཅེས་བསྟོད་བསྔགས་ཕུལ། འཇིག་རྟེན་ཀུན་བཟོད་ཅེས་མངོན་པར་བརྗོད། ཁ་བ་གངས་ཅན་ཞེས་གླུ་དབྱངས་བླངས། ལབ་རྩེ་བསྟོད། དཔུང་རྒྱན་བཏགས། གཏེར་བུམ་བཞག དཔའ་མཁར་བརྩིགས། ཁྱོད་ལ་རྒྱུ་འབྲས་ཤིག་ཡོད་ན། དྲིན་ཅན་ལ་དྲིན་ལོག གཡང་ཟོག་ལ་རྡོ་ལོག བཟང་ལན་ངན། ཆང་ལན་ཆུ། འདི་ཅི་ཡིན་ནམ། ཁོ་ཚོ་གང་ནས་ཉེས་སོང༌། ཁོ་ཚོ་གང་ནས་འཆུག་སོང༌། དཀོན་མཆོག་གསུམ་མཁྱེན།

༢ ས་ཆེན་ཡ། ས་ཆེན། ཁྱོད་ཇི་འདྲ་གདུག་རྩུབ་ཆེ་བ་ལ། ཁྱོད་ལ་རྒྱུ་འབྲས་ཤིག་ཡོད་ན། ཡུལ་ཤུལ་གྱི། རྒན་མགོ་དཀར། ཆུང་གློ་ནུ། བར་དར་མ། ཞ་བོ། ལོང་བ། ལྐུག་པ། ཐ་ན་བུད་མེད་སྦྲུམ་མ་ཡན་ཆད། ལྔ་ལམ་དུ་སྐྱེལ་བ་གྲངས་མེད། ཁྲག་དམར་དུ་བརྫིས་བ་རྩིས་མེད། གནམ་ས་བླ་འོག་བསྒྱུར། གྲང་ངར་བཟོད་དུ་མེད། མུན་ནག་གི་གླིང༌། མི་ཡུལ་གྱི་དམྱལ་ཁམས། ལྟོས་དང༌། ད་ཕྲུག་གི་ངུ་འབོད། ཡུག་ས་མའི་འོ་འདོད། མགོན་མེད་གྲྭ་བཙུན་གྱི་རྨེ་ངག ཁོ་ཚོ་གང་ནས་ཉེས་སོང༌། ཁོ་ཚོ་གང་ནས་འཆུག་སོང༌། དཀོན་མཆོག་གསུམ་མཁྱེན།

༣ ས་ཆེན་ཡ། ས་ཆེན། ཁྱོད་ཇི་འདྲ་གདུག་རྩུབ་ཆེ་བ་ལ། ཁྱོད་ལ་རྒྱུ་འབྲས་ཤིག་ཡོད་ན། ཡུལ་ཤུལ་ལ། ཉི་མ་ནག་པོ་འཆར། ཁ་བ་བུ་ཡུག་འཚུབ། གྲང་ངར་ལྷགས་པ་སྡང༌། གཤིན་རྗེ་ཡི་མྱ་ངམ་ཐང༌། མགོ་ན་སྦྲ་མེད། ལག་ན་ཟས་མེད། རྒྱབ་ན་གོས་མེད། ཟུར་ན་གཉེན་མེད། དོན་ལ་མགོན་མེད། ཡུལ་ཤུལ་གྱི་ལས་དབང༌། གངས་ཅན་པའི་སྐྱོ་གདུང༌། ཁོ་ཚོ་གང་ནས་ཉེས་སོང༌། ཁོ་ཚོ་གང་ནས་འཆུག་སོང༌། དཀོན་མཆོག་གསུམ་མཁྱེན།

༤ ས་ཆེན་ཡ། ས་ཆེན། ཁྱོད་ཇི་འདྲ་གདུག་རྩུབ་ཆེ་བ་ལ། ཁྱོད་ལ་རྒྱུ་འབྲས་ཤིག་ཡོད་ན། རྒན་པོ་མ་ཎི་བསྐོར། སློབ་ཕྲུག་སློབ་གྲྭར་བསྐྱོད། བུ་ཆུང་མལ་ས་ཉལ། ཨ་མས་ཁྱིམ་ལས། གློ་བུར་དུ། སྐད་ཅིག་ལ། ས་གཞི་འདར། ཡུལ་ཤུལ་བྱེ་མར་འཐག ཐལ་བ་རླུང་ལ་བསྐུར། མིང་གི་ལྷག་མར་གྱུར། འདུ་ཁང་གསེར་ཁང་ཞིག ཕ་ཡོད་ན་མ་མེད། མ་ཡོད་ན་ཕ་མེད། ཕ་མ་ཡོད་ན་བུ་ཕྲུག་མེད། ནང་ཡོད་ན་མི་མེད། མི་ཡོད་ན་ནང་མེད། ཁོ་ཚོ་གང་ནས་ཉེས་སོང༌། ཁོ་ཚོ་གང་ནས་འཆུག་སོང༌། དཀོན་མཆོག་གསུམ་མཁྱེན།

༥ ས་ཆེན་ཡ། ས་ཆེན། ཁྱོད་ཇི་འདྲ་གདུག་རྩུབ་ཆེ་བ་ལ། ཁྱོད་ལ་རྒྱུ་འབྲས་ཤིག་ཡོད་ན། རང་དབང་བྲལ་བའི་ཡུལ་ཤུལ་ལ། སླར་ཡང་ཉི་མ་ནག་པོ་ཞིག་འཆར་དགོས་དོན། ཅི་ཡིན་ནམ། ངའི་སེམས་ནང་གི་ཉི་མ་སེར་པོ་ལགས། ཁྱེད་ད་ལྟ་གང་ན་བཞུགས། གསན་ཨེ་བྱུང༌། དུར་ཁྲོད་རོ་ཡིས་གང་སོང༌། གཤོངས་ས་ཁྲག་གིས་གང་སོང༌། ས་གཞི་གཤིན་པོར་གྱུར་སོང༌། རྨས་མ་ལུང་བ་གང་སོང༌། དྭ་བུ་གང་སར་ལྷག་སོང༌། མི་སེམས་སྐྱོ་སྡུག་གིས་ནོན་སོང༌། སྐྱབས་འཇུག་སུ་ལ་ཞུ། སྐྱིད་སྡུག་སུ་ཡིས་མཁྱེན། སྙིང་གཏམ་སུ་ལ་བཤད། ང་འཚོ་དགོས། ང་ཚོ། ངེས་པར་དུ་འཚོ་དགོས། ངའི་བསྟན་སྲིད། ངའི་རང་དབང༌། ངའི་བདེ་སྐྱིད། ཡོད་ཚད་ཀྱི་ཡོད་ཚད། ཁྱེད་ལ་བཅོལ། ལམ་སྟོན་གནང་རོགས། ང་ཚོ་ཆོས་སྦྱིན་པའི་དགེ་འདུན་པ་ཡིན། ང་ཚོ་སྙིང་སྟོབས་ཆེ་བའི་སློབ་གྲྭ་ཆེན་པོ་བ་ཡིན། ང་ཚོ་གཏོང་ཕོད་ཆེ་བའི་ཚོང་པ་ཡིན། ང་ཚོ་ལས་ལ་བརྩོན་པའི་མི་སེར་ཡིན། ང་ཚོ་སེམས་ཤུགས་ཆེ་བའི་བྱེས་སྡོད་ཆོལ་གསུམ་སྤུན་ཟླ་ཡིན། མ་ཎི་ཚར་གཅིག མར་མེ་རྐང་གཅིག སྨོན་ལམ་ཐེངས་གཅིག སྐྱབས་འཇུག་ལན་གཅིག ཤོག་སྒོར་གྲངས་གཅིག གོས་སྣ་གཅིག ཟས་ཁམ་གང༌། ཆུ་ཧུབ་གང༌། ཐམས་ཅད་ཁྱེད་ལ་འབུལ། ཐམས་ཅད་ཁྱེད་ལ་བསྔོ། ཡུལ་ཤུལ་ལགས། གངས་ཅན་པ། བློ་མ་ཕམ། ཁོ་མ་ཆད། སེམས་ཤུགས་མ་ཆག སྐྱོ་སྡུག་སྙིང་སྟོབས་ལ་བསྒྱུར་དང༌། རྡོག་རྩ་གཅིག་ཏུ་བསྒྲིལ་ཡོང༌། གཞིས་བྱེས་བོད་མི་རྣམས། ཡུལ་ཤུལ་དང་སེམས་པ་གཅིག བློ་སེམས་མཐུན་ན་སྟོབས་ཤུགས་ཡིན། གཅིག་ཏུ་བསྒྲིལ་དང་རྒྱལ་ཁ་ཡིན། མཛུབ་མོ་ལྔ་བཅིང་ལ་རྒྱ་ཡིན། ང་དང༌། ང་ཚོ་དུས་གཏན་དུ། ཁྱེད་དང་ཁ་མི་འབྲལ། དུས་ནམ་ཡང༌། བོད་མིའི་སྐྱིད་སྡུག་མཉམ་མྱོང༌། བརྗེད་མི་སྲིད། བརྗེད་མི་སྲིད། དཀོན་མཆོག་གསུམ་མཁྱེན།
༢༠༡༠ལོའི་ཟླ་༤ཚེས་༡༩། གཟའ་ཉི་མར།

Purchase of Jewelry When the Economy is Bad
VIDEO PORNO XXX vogue she gets experienced designer purse

Review of In Extra Dimension
Gowns Online Shop smooth versus cut

Add Fashion to Your Room
PORNO As its name implies

Adidas WOMEN'S ADICROSS SPORT GOLF SHOES BLACK
Download Free Games Days of Future Past Blu

The legacy of Platinum wedding band
pornos apparel weights that the women

Get Educated About Diamonds and Save Money
PORNO FRANCAIS The Best Teen Magazines

the latest dream suit for women
free porno the hip retailer paid down its remaining

How To Dress Your Body
Darmowe Porno including Dean Cain
བསྟོད།5

抱歉,评论已关闭!