༄༅།།སེམས་གཏམ་དམར་ལྡང་མའི་ཁག་གཉིས་པ།

ཡུས་ཅེ།

༨ སཱ་རྡ་མོ།

དབྱི་རག་བརྙན་འཕྲིན་ཁང་གིས་མཚན་གུང་གསར་འགྱུར་མ་བཏང་སྔོན། ཐོག་མར་རླབས་ཆེན་གྱི་གཙོ་འཛིན་སཱ་རྡ་མོ་ལ་སྒྲ་སྙན་དཀྲོལ་ཞིང་གླུ་དབྱངས་ལེན་དགོས་པ་རེད། དེ་ལས་“སཱ་རྡ་མོ། སཱ་རྡ་མོ་ཨ། ཁྱེད་ལ་རླབས་ཆེན་གྱི་རྒྱལ་ཁ་གང་མང་ཐོབ་ཡོད། ཁྱེད་ནི་རི་རྒྱལ་ལྷུན་པོ་ལྟར་སུས་ཀྱང་ཁྱེད་ཀྱི་དོ་ཟླ་མིན་”ཞེས་པ་ཆེས་ལེགས་པའི་གླུ་ཚིག་ཅིག་ཡིན། ཚགས་ཤོག་སྟེང་སཱ་རྡ་མོའི་གསུང་བཏུས་བཀོད་དུས་ཚང་མ་ཡིག་རིས་ཆེན་པོས་དཔར་ཞིང༌། ཚོགས་འདུ་བསྡུ་སྐབས་མགྲིན་ཚབ་པས་དུས་རྒྱུན་སཱ་རྡ་མོའི་གསུང་བཏུས་དྲངས་པར་དེར་ཚང་མས་སུན་སྣང་མེད་པར་དགའ་བསུ་བྱེད་དགོས། པ་ཀ་ཏའི་གྲོང་ཁྱེར་དཀྱིལ་གྱི་རྒྱལ་ཁའི་ཐང་ཆེན་དུ་ལག་ཟུང་བསྣོལ་ཏེ་ཨ་རབ་ཀྱི་གྲི་རིང་ཞིག་དགོང་ཏུ་བཏེགས་པའི་ལྕགས་ཀྱི་མཁྲིག་མ་ཧ་ཅང་ཆེན་པོ་ཞིག་བཞག་ཡོད། ལྕགས་ཀྱི་མཁྲིག་མ་འདི་སཱ་རྡ་མོའི་ལག་པའི་མཁྲིག་མ་ལྟར་བཟོས་ཤིང་ཐ་ན་ཁོའི་མཛུབ་རིས་ཀྱང་དེ་བཞིན་བརྐོས་འདུག སཱ་རྡ་མོས་ཁྲོམ་བཤད་སྟེང་རང་ཉིད་གླེང་དུས་“ང་”ཞེས་ནམ་ཡང་མི་གླེང་བར་“སཱ་རྡ་མོ་་”ཞེས་པས་ཚབ་བྱེད་པ་རེད། རྒྱུ་མཚན་མིང་འདི་བརྡ་རྟགས་ཤིག་དང་མཚོན་རྟགས་ཤིག་ཏུ་གྲུབ་ཚར་བས་དང་དེ་ཁོའི་ཤ་གཟུགས་འདུས་བཅས་ལས་ཀྱང་གལ་ཆེ་བ་རེད།

ངས་ཞེ་ཐེ་ལེ་དང་མོ་སོ་ལེ་ཉེ། འཇར་པན་གྱི་གོང་མ་དྲན་འོང་ཏེ་སྒེར་གཅོད་པ་ཀུན་ལ་འདི་འདྲའི་ཧ་ལས་པའི་མཐུན་ས་མང་པོ་འདུག

《ཡོནད་ཡཱང་ཐོག་ཁང་གི་རེག་ཟིག》(《岳阳楼记》)ཅེས་པ་མིང་དུ་གྲགས་དགོས་དོན། དེའི་ནང་དུ་ཧྥན་ཀྲོང་ཡན་གྱི་“དཀའ་སྡུག་གཞན་གྱི་སྔོན་ལ་མྱོང༌།། བདེ་བ་གཞན་གྱི་རྗེས་སུ་རོལ་”ཅེས་པའི་ལེགས་བཤད་ཅིག་ཡོད་པས་ཡིན། འདི་ལྟ་བུའི་བསམ་བློ་གཏོང་ཡུལ་ལ་དུས་རབས་རིམ་བྱོན་གྱི་ཤེས་ཡོན་ཅན་དག་གི་མིག་དཔེར་གྱུར་ཡོད།

རེད་མོད། མི་ཚང་མས་འདི་ལ་བསམ་གཞིགས་ནན་གྱིས་བཏང་མི་འདུག་སྟེ། “གཞན་”ཞེས་པ་སུའི་དབང་དུ་ཡོད་པས་ཡིན་ནམ། མྱེས་པོ་གོང་མ་རྣམས་ཀྱིས་“ས་སྟེང་སྐྱེ་བོ་རྒྱལ་པོའི་མངའ་འབངས་མིན་པ་གཅིག་ཀྱང་མེད། གནམ་འོག་ཡུལ་ཁམས་རྒྱལ་བློན་ཁོང་གཏོགས་མིན་པ་གཅིག་ཀྱང་མེད་” ཞེས་གསལ་བོར་བཤད་འདུག དེ་བས་གཞན་ཞེས་པ་རྒྱལ་བློན་གྱི་དབང་དུ་གྱུར་ཡོད་པ་ལས་ཉམ་ཆུང་མི་སེར་གྱི་དབང་དུ་ནམ་ཡང་གྱུར་མེད་དེ། གནའ་ནས་ད་ལྟའི་བར་སྐུ་དྲག་ཆེན་ཆུན་ལ་མགོན་སྐྱོབས་མ་གཏོགས་ཤེས་ཡོན་ཅན་གྱི་མགོན་དུ་གྱུར་མེད་ན་ཉམ་ཆུང་མི་སེར་དག་ནི་དེ་ལས་ཀྱང་བཤད་མི་དགོས་པ་ཞིག་རེད།

དེ་བས། ཀྲུང་གོའི་ཤེས་ཡོན་པའི་སྡེ་ཡི་ཁེར་ཚུགས་མི་གཞིའི་ཚབ་བྱེད་པའི་ཧྥན་ཀྲོང་ཡན་གྱིས་མཚོན་པ་ནི། “དཀའ་སྡུག་རྒྱལ་བོའི་ཆེད་དུ་མྱོང༌།། བདེ་བ་རྒྱལ་བོའི་ཆེད་དུ་རོལ་”ཅེས་པ་ལས་གཞན་ཅི་ཡང་མ་རེད།

༡༠

ཐ་མག་གཅོད་པའི་ཉིན་མོར་བརྙན་འཕྲིན་ལས་བཏང་བའི་གསར་འགྱུར་ཞིག་གིས་ངའི་བློ་ཁ་བཀུགས་བྱུང༌། པེ་ཅིང་གི་སྨན་ཁང་ག་གེ་མོས་ཉེན་སྲུང་མི་སྣ་རྩ་འཛུགས་ཀྱིས་ཐ་མག་རྔུབ་པའི་མི་མཐོང་ཚེ་དེར་“ང་ནི་ཐ་མག་རྔུབ་མཁན་ཡིན་”ཞེས་པའི་བྱང་བུ་ཞིག་འཛིན་དུ་བཅུག་ཅིང་མི་དེས་རང་ཉིད་ཚབ་བྱེད་པའི་ཐ་མག་རྔུབ་མཁན་ཕྱི་མ་མཐོང་རེག་ཏུ་སྨན་ཁང་རྭ་སྐོར་རུ་བསྲུང་བྱའི་འོས་འགན་ཁུར་དགོས། སྨན་ཁང་གཙོ་འཛིན་གྱིས་འཛུམ་མདངས་སྟོན་བཞིན་“འདི་ལྟ་བུའི་ཐབས་ཤེས་ལག་བསྟར་བྱས་རྗེས་ཕན་ནུས་ཧ་ཅང་ཆེན་པོ་ཐོན་སོང་” ཞེས་གསར་འགོད་པར་བཤད་དོ།།

ངས་དེ་སྔོན་ལའོ་ཀྲེད་ཁང་བའི་གཏམ་རྒྱུད་ཅེས་པའི་ནང་གི་ཚན་པ་ཞིག་ཀློག་མྱོང་བ་དྲན་བྱུང༌། དེའི་ནང་དུ། ཆུ་ལ་ལྕེབས་པའི་རྣམ་ཤེས་ཀྱིས་ཡང་བསྐྱར་སྐྱེ་བ་ལེན་ཕྱིར་ཆུའི་འགྲམ་དུ་གབ་ཏེ་ཆུ་ལ་ལྕེབས་བསམ་མཁན་བསླུ་བྲིད་བྱེད་པའི་གཏམ་རྒྱུད་ཅིག་འདུག ངས་བསམ་ན་སྨན་ཁང་གི་གཙོ་འཛིན་རིག་རྒོད་འདིས་གཏམ་རྒྱུད་འདི་བཀླགས་མྱོང་བ་ཁོ་ཐག་རེད། ཡང་ངས་ཨ་རིའི་རྩོམ་མཁན་ཧོར་སང་གི་བརྩམས་ཆོས་གྲགས་ཅན་《ཁྲག་ཡིག་》ཅེས་པ་དྲན་བྱུང་ལ། དེ་ནི་“དམར་པོ་Aདབྱངས་ཡིག་”གི་དུས་རབས་ཤིག་རེད་དེ། གང་ལྟར་བཙན་གཡེམ་ཉེས་ཅན་དག་གིས་ངེས་པར་དུ་མིང་ལ་གནོད་པའི་འདིའི་རིགས་ཀྱི་བྱང་བུ་ཞིག་འདོགས་དགོས། དེ་རིང་འདི་འདྲའི་དུས་རབས་ཡང་བསྐྱར་ལོག་ཕེབས་གནང་བྱུང༌།

ང་ནི་ཐ་མག་རྔུབ་མཁན་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པས་དོགས་མི་དགོས། འོན་ཀྱང་ང་ཡང་ཡིད་ཆེས་པ་ནི་ཁྲིམས་ལུགས་ཀྱི་མཐར་ཐུག་དམིགས་ཡུལ་བརྙས་བཅོས་ག་ལ་ཡིན་ཏེ། མིའི་རྩིས་ཐང་དང་མི་གཞི་བླ་ན་མེད་པས་སུས་ཀྱང་རྡོག་རྫིས་བཏང་ཆོག་པ་མ་རེད།

༡༡

ཁུ་སིམ་མུར་འདུག་པ་ནི་སྒྱིད་ལུག་གི་རང་མོས་ཤིག་རེད།

འོན་ཀྱང་འདི་ལྟ་བུའི་རང་མོས་ཤིག་ཀྱང་མེད་ཚེ། བསམ་བློ་པར་ཆག་སྒོ་ཆེན་པོ་འབྱུང་བའི་སྔ་ལྟས་ཡིན།

༡༢

ཡོ་རོབ་གླིང་གི་རྒྱལ་ཁབ་མི་ཉུང་བའི་ཆོས་གྲྭར་ཚབས་ཆེན་གྱི་དཔལ་འབྱོར་ཉམས་ཉེས་བྱུང་འདུག གནས་བབ་འདི་ལས་ཐར་ཐབས་སུ་ཆོས་བདག་ཚོས་འཛེམ་དོགས་མེད་པར་ཆོས་གྲྭར་ཟ་ཁང་ཕྱེ་བ་དང་སྤྲོ་ཚོགས་བསྡུ་བ། གར་འཁྲབ་པ། ཚོང་གཉེར་བཞིན་ཡོད། འཇར་མན་གྱི་ཆོས་བདག་གཙོ་བོ་ཞིག་གིས། “ང་ཚོར་ཐབས་ཟད་པས་ཚོང་ལས་གཉེར་དགོས་སོང༌། མཆོད་པ་ལས་དངུལ་སྒོར་གྱིས་ང་ཚོའི་སེམས་བདེ་ལ་འབབ་ནུས་”ཟེར།

༡༣

སྟོབས་ཆེ་བའི་སུའུ་ལེན་ཐོན་སྐྱེད་ཏང་སྤྱི་ཁྱབ་ཧྲུའུ་ཅི་ཀིར་པ་ཆོར་ཧྥུའི་“རེ་འདུན་”འོག་ཁུ་སུམ་མེར་འཐོར་སོང༌། ཉིན་དེར་མང་ཚོགས་ཁྲི་སྟོང་མང་པོས་ཏང་ཀྲུང་དབྱང་གི་ཐོག་ཁང་ཆེན་མོ་བསྐོར་ཏེ་འཚང་ཁ་ཧ་ཅང་ཆེ། སྐབས་དེར་ཐོག་ཁང་ལས་ཕྱིར་འབུད་གྲབས་ཡོད་པའི་ཐོན་སྐྱེད་ཏང་གི་དཔོན་ཆེན་ཚོའི་སེམས་སུ་དགའ་སྣང་གིས་“བལྟས་ཡོང་ན་ང་ཚོར་རྒྱབ་སྐྱོར་བྱེད་མཁན་སྔར་བཞིན་མང་པོ་འདུག་”སྙམ། འོན་ཀྱང་ཁོ་ཚོ་སྒོ་ཆེན་ཕྱིར་བུད་མ་ཐག་མང་ཚོགས་ཐམས་ཅད་འཚང་ཁ་ཤིག་ཤིག་གིས་འདུས་ཡོང་ཏེ། རྒྱུན་ཆད་མེད་པར་ཁོ་ཚོའི་ལུས་ཐོག་དང་གདོང་ལ་མཆིལ་ཞགས་འཕང་སོང༌།

ང་ནི་དོགས་སློང་རིང་ལུགས་པ་ཞིག་ཡིན་ཡང༌། ངས་མཐར་ཐུག་ལོ་རྒྱུས་ལས་ད་དུང་ཡིད་རྟོན་ཆོག་པའི་གནད་དོན་རེ་འགའ་ཡོད་པ་རྙེད་བྱུང༌། དཔེར་ན་འདི་འདྲའི་མཆིལ་ཞགས་ལྟ་བུ་རེད། ངས་དུས་རབས་ཕྱེད་ཙམ་སྔོན་གྱི་སྦོ་སི་ཅེར་ནཱ་ཁིའི་སྙན་ཚིག་དུམ་བུ་ཞིག་སྟེ། “ངས་སྐེ་དཀྲི་ཡིས་རང་གི་མཇིང་པ་དཀྲིས་ཏེ། ངས་ལག་མཐིལ་གྱིས་རང་གི་ངོ་གདོང་བཀབ་ཏེ། ཁྱམས་རར་འགྲེངས་ནས་སྐད་ཤུགས་ཆེན་པོས་ཚ་འབོད་བྱས། ང་ཚོས་དངོས་ནས་དུས་བདེ་ཞི་འཇགས་ལ་དགའ་སྟོན་བྱེད་ཀྱི་ཡོད་དམ་”ཞེས་པ་ཡིད་ལ་ཕྱུང་འོང༌། སྙན་ངག་པའི་འོ་དོད་དང་མང་ཚོགས་ཀྱི་མཆིལ་ཞགས་ཁྲོད་ཀྱི་དུས་རབས་ཉི་ཤུའི་ཨུ་རུ་སེ་ངོ་མ་ཞིག་ངའི་མིག་མདུན་དུ་ལྷགས།

༡༤

ཡིག་རྒྱུགས་ནི་ཅི་རེད། ཧྥུའུ་ཁེ་ཡིས་“ཡིག་རྒྱུགས་ནི་ཚད་ལྡན་ཅན་དུ་གྱུར་བའི་ལྐོག་ལྟའི་རིགས་ཤིག་དང་ངོ་བོ་གཏན་འཁེལ། རིགས་དབྱེ་དང་ཆད་གཅོད་བཟོ་བའི་ལྐོག་ལྟའི་རིགས་ཤིག་རེད། དེས་མི་སྒེར་གྱི་མཐོང་བའི་རྒྱང་ཚད་གཏན་ལ་འབེབས་པས་མི་ཀུན་གྱིས་མི་རེ་རེར་དབྱེ་འབྱེད་དང་བརྡར་ཤ་བཅད་ཆོག ཡིག་རྒྱུགས་ཀྱིས་གོ་རིམ་ཅན་གྱི་ལྐོག་ལྟའི་ལག་རྩལ་དང་ལུགས་མཐུན་ཅན་གྱི་ཁྲུན་ཐག་གཅོད་པའི་ཐབས་ཤེས་ཟུང་འབྲེལ་བྱས་ཡོད་པས། འདི་ནི་ཅིའི་ཕྱིར་སྒྲིག་ལམ་ཁྲིམས་སྲོལ་ཁྲོད་ཡིག་རྒྱུགས་དེ་ཚད་མཐོ་བའི་ཆོ་ག་ཞིག་ཏུ་འཇོག་པའི་རྒྱུ་མཚན་རེད། འདིར་དབང་ཆའི་ཆོ་ག་དང་ཡིག་རྒྱུགས་ཀྱི་རྣམ་པ། སྟོབས་ཤུགས་ཀྱི་བཀོད་སྒྲིག བདེན་དོན་གྱི་གཏན་འཁེལ་ཀུན་ཟུང་འབྲེལ་བྱས་ཡོད་ཅིང༌། དེ་བས་སློབ་གྲྭ་ནི་མཚམས་མེད་པར་ཡིག་རྒྱུགས་ལེན་པའི་ལས་ཁུངས་སུ་གྱུར་ཞིང༌། ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་མི་སྒེར་དེ་རྒྱུགས་སྐར་རེའུ་མིག་ནང་གི་བེམ་པོའི་དོད་ཀྱི་ཨང་གྲངས་སུ་གྱུར་བ་དང་ཆབས་ཅིག པ་ཏྲ་ལྟ་བུའི་ཡིག་ཆའི་ཁྲོད་ནས་རང་ཤུགས་ཀྱིས་ཕྱིར་བཏོན་མི་ནུས་པར་”འདོད་ཡོད།

ད་ལོའི་མཐོ་རྒྱུགས་སྐབས་ཡང་བསྐྱར་ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་རེ་འགའ་ལྕེབས་ཟིན་པ་ཐོས། གྲོང་ཁྱེར་ཆེ་ཤོས་ཀྱི་བྱིས་པ་དག་སྔ་མོ་ནས་ཡིག་རྒྱུགས་ཀྱི་རྙིད་དུ་ཚུད་འདུག་སྟེ། པེ་ཅིང་དུ་ཁྱིམ་ཚང་མི་ཉུང་བ་ཞིག་གིས་སློབ་ཡོན་འབུམ་ཕྲག་སྦྱིན་ཏེ་སྐར་མ་རེ་གཉིས་མ་གཏོགས་ཆད་མེད་པའི་བྱིས་པ་ཚོ་སློབ་འབྲིང་འཕགས་ཤོས་སུ་འགྲོ་རུ་འཇུག་པར་སྐུལ་བཞིན་འདུག ངས་བརྙན་འཕྲིན་ལས་སེམས་སྡུག་ངུ་ཤུམ་བྱེད་ཅིང་རྒྱུགས་སྐར་མི་བཟང་བའི་བྱིས་པའི་ཁྱིམ་བདག་ཅིག་ལ་བཅར་འདྲི་བྱེད་པ་མཐོང༌། ཡིག་རྒྱུགས་ནི་མིས་བཟོས་པའི་སྒྲིག་སྲོལ་ཞིག་ཡིན་ཡང་མཐར་ཐུག་ཡིག་རྒྱུགས་ཀྱིས་མི་ལ་ཁ་ལོ་བསྒྱུར་བྱུང༌། རྒྱ་ཆེར་སྐྱེད་པའི་ཡིག་རྒྱུགས་དང་ཆེས་ཉམ་ཆུང་བའི་མི་གཉིས་མངོན་གསལ་གྱི་གོ་མཇུག་ལྡོག་འདུག

༡༥

དཀྱེལ་ཡངས། སྐྱེས་ཆེན་མཁས་ཆེན་དག་གིས་དཀྱེལ་ཡངས་ཀྱི་བླངས་བྱ་འདོན་པར་གཞིགས་ན། ཕལ་ཆེར་ད་ལྟའི་དུས་རབས་འདི་དངོས་ནས་དཀྱེལ་ཡངས་ཀྱི་དུས་རབས་ཤིག་མིན་པ་འདྲ། འོན་ཀྱང་ཀྲུང་གོར་ཁྲིན་ཞེ་ཐོན་དང་ལྦང་པོ་སན་ལྟ་བུའི་མི་བྱོན་ན་ང་ཚོར་ད་དུང་དཀྱེལ་ཡངས་མི་འདུག་ཟེར་རམ། རེད་མོད། ཡཱན་ཧེ་ཀོང་གིས་བཤད་པ་ལེགས་ཏེ། “གནའ་ནས་ད་བར་བཟོད་པ་སྒོམ་མཁན་ནམ་ཡང་མི་སེར་ཡིན་ལ། བཟོད་པ་སྒོམ་ཡུལ་ནམ་ཡང་དབང་བསྒྱུར་བ་རེད་”ཟེར། དཀྱེལ་ཡངས་དང་དབང་ཆའི་འབྲེལ་བ་དམ་ཟབ་ཏུ་གྱུར་བས་དབང་ཡོད་ཀྱི་མི་དེས་དཀྱེལ་ཡངས་སྒོམ་ཡུལ་གྱི་དབང་ཆ་ལོངས་སུ་སྤྱད་ཆོག་ལ། དབང་མེད་ཀྱི་མི་དེས་དཀྱེལ་ཡངས་ཀྱི་དབང་ཆ་ལོངས་སུ་སྤྱད་ཆོག

༡༦

དཔེ་གསར་ལས་དཔེ་རྙིང་གི་ནང་དོན་ལ་རིན་ཐང་ཤིན་ཏུ་ལྡན། ངས་ལོ་རབས་ཉི་ཤུའི་སྟོད་ཀྱི་《ན་གཞོན་གསར་བ》འི་དུས་དེབ་ནང་《ལུས་བསྲུངས་རྣམ་དག་མ་ཞིག》་ཅེས་པའི་རྩོམ་ཡིག་ཅིག་བཀླགས། དེའི་ནང་ལོ་བཅུ་བཞི་ཅན་གྱི་བུ་མོ་ཞིག་རང་གི་ཨ་ཕས་བཙན་གྱིས་ཁང་བའི་ནང་བཀག་ཏེ་ལྟོགས་ཤི་རྒྱག་ཏུ་བཅུག་ཚུལ་སེམས་ཀྱིས་མི་བཟོད་པ་ཞིག་བྲིས་འདུག

ཨ་ཕས་རང་གི་བུ་མོ་ལྟོགས་ཤིར་འཇུག་འདོད་ཀྱང་ཉིན་བཞི་འགོར་རྗེས་བུ་མོ་ཧ་ཅང་ལྟོགས་ཏེ་ངུ་འབོད་བྱས་པར་བུ་མོའི་ཨ་ཕས། “ཨ་མོ། ཁྱེད་ཅི་འདྲའི་གླེན་པ་ཞིག་རེད་ཨང༌། ངས་བོ་ཚང་གི་བྱིས་པའི་གཏམ་ངན་ཐོས་པ་ནས་འུ་ཚང་གི་ལ་རྒྱ་སྲུང་ཆེད་ཁྱོད་ཀྱིས་ཟས་བཅད་དེ་རང་སྲོག་འདོར་དགོས་པའི་སེམས་ཐག་བཅད། ཡང་ཁྱོད་ཀྱི་ཨ་མ་བོས་ཏེ་ཁྱོད་ཀྱིས་ལམ་འདི་ནས་བསྐལ་བ་དུ་མར་གྲགས་པའི་ལུས་བསྲུངས་རྣམ་དག་མ་ཞིག་གི་མཚན་སྙན་ལེན་པའི་སྐུལ་མ་གཏོང་དུ་བཅུག ངས་འདི་ལྟར་བྱེད་དགོས་དོན་ལྕེབས་པ་དང་དུག་འཐུང་བ་དོང་ཆུར་ལྡིང་བ་སོགས་ལ་རང་གི་ལག་མི་འགུལ་ཐབས་མེད་ཡིན། འོན་ཀྱང་ཁྱོད་ལོ་བཅུ་བཞི་ཅན་གྱི་བྱིས་པ་ཆུང་ཆུང་ཞིག་ཡིན་པས་དེ་ལྟར་བྱེད་ག་ལ་ཕོད། ང་རང་དོན་དག་འདིའི་ཆེད་དུ་ཡུན་རིང་སོམ་ཉིར་ལུས་མོད་མཐར་ཁྱོད་ཀྱི་ཨ་ཞང་རྒན་པ་ཐོན་ཏེ་ཟས་བཅད་ནས་ལྟོགས་ཤི་རྒྱག་པའི་ཐབས་འདི་ལབ་བྱུང༌། འདི་ལྟ་བུའི་ལ་རྒྱའི་ཆེད་དུ་རང་སྲོག་འདོར་བ་ནི་གནམ་འོག་འདིར་ཧ་ཅང་དཀོན་པོ་ཡིན་ལ་ཁྱོད་ཀྱི་མྱེས་པོ་མ་ཟད་ཕ་རྒན་ངའི་གཟི་བརྗིད་ཀྱང་ཡིན་པ་སྨྲོས་མི་དགོས། འདི་ལྟར་བྱེད་དོན་ཁྱོད་ཀྱིས་ཤེས་དགོས་ཏེ་ངས་ཁྱོད་ལ་བཙན་གྱིས་མིན་པར་ཁྱོད་ལ་སྒྲུབ་རོགས་བྱས་པ་ཡིན། རེད་མོད། ཁྱོད་ཀྱིས་ངས་འདི་ལྟར་བསྒྲུབ་དོན་མི་ཤེས་པར་ཕྱིར་ང་ལ་ལེ་བདའ་བྱེད་པ་འདིས་དངོས་ནས་ཁྱོད་ཀྱིས་བསམ་ཤེས་མི་འདུག”ཞེས་འཇམ་བཤད་བྱས།

ཉིན་དྲུག་པར་མོའི་ཨ་མས་སེམས་ཀྱིས་མ་བཟོད་པར་བུ་མོའི་ཨ་ཕར་ཐད་ཀར་མོར་དུག་འཐུང་དུ་བཅུག་ཏེ་མྱུར་དུ་ཤི་རུ་བཅུག་ན་བཟང་བའི་ཁ་ཏ་བྱས། འོན་ཀྱང་བུ་མོའི་ཕ་རྒན་གྱིས་“ཁྱོད་ཀྱིས་ང་ཚོའི་སྡེ་བའི་གོམས་སྲོལ་ལོས་ཤེས། ལར་ཟས་བཅད་དེ་རང་སྲོག་འདོར་མཁན་ཐམས་ཅད་གཞུང་ལ་ཡར་ཞུ་བྱེད་དགོས། རྒྱུ་མཚན་ཟས་གཅོད་པ་འདི་ཧ་ཅང་ལས་དཀའ་མོ་ཞིག་ཡིན་ཁར་བླ་ན་མེད་པ་ཞིག་ཀྱང་རེད། ཟས་གཅོད་མཁན་འཆི་ཁར་རྫོང་དཔོན་ཡོང་ནས་སྐུ་དངོས་ཀྱིས་བདུག་སྤོས་སྒྲོན་ཞིང་ཆང་མཆོད་པ། གུས་ལུགས་ཆེན་པོས་ཕྱག་འཚལ་བ་རེད། འདི་ལུས་བསྲུངས་རྣམ་དག་མར་གུས་བཀུར་བླ་མེད་མཚོན་པ་ཡིན་ལ་བུད་མེད་གཞན་གྱི་མིག་དཔེ་བལྟ་སའང་ཡིན། སྔོན་ཆད་འདི་ལྟ་བུའི་སྲོལ་རྒྱུན་མཆིས་པས་ད་ལྟ་ང་ཚོས་ཀྱང་དེ་ལྟར་མི་བྱེད་ག་མེད་རེད། ཨ་མོས་ཟས་བཅད་པའི་ཉིན་གཉིས་པར་ངས་ཨ་ཞང་རྒན་པ་མངགས་ཏེ་འདིའི་སྐོར་གཞུང་ལ་ཡར་ཞུ་བྱེད་དུ་བཅུག་ཟིན། འོན་ཀྱང་ད་ལྟ་ཁྱོད་ཀྱིས་མོར་དུག་འཐུང་དུ་འཇུག་དགོས་ཚུལ་ལབ་བྱུང༌། དུག་འཐུང་མཁན་གྱི་མི་འཆི་ཁར་ངོ་མདོག་ནག་པོར་འགྱུར་ལ་དོན་ལྔ་སྣོད་དྲུག་ལས་ཀྱང་ཁྲག་འདོན་སྲིད། མི་འགྱངས་བར་རྫོང་དཔོན་ཡོང་ཏེ་གུས་མཆོད་བྱ་ལ་ཁོ་བེམ་པོར་ཞིབ་བཤེར་བྱེད་མཁས་པ་ཞིག་ཀྱང་ཡིན་པས་ང་ཚོས་དེའི་གསང་རྒྱ་བསྡམས་ཐུབ་བམ། འདི་བསམ་གཟས་ནས་རྫོང་དཔོན་དྲིན་ཆེན་ལ་མགོ་བསྐོར་གཏོང་བ་ཡིན་པས་ང་ཚོས་འགན་ཐེག་གམ་”ཞེས་བཤད།

ཉིན་བདུན་པར་ཨ་མོ་ལྟོགས་ཤིར་ཐེབས་སོང༌། རྫོང་དཔོན་གྱིས་“ལུས་བསྲུངས་མ་དཔེ་ལེགས་ཅན་”ཞེས་པའི་ཡིག་འབྲུ་ཆེན་པོ་བརྐོས་ཡོད་པའི་སྒོ་བྱང་ཞིག་བསྐུར་ཡོང༌།

དེ་བས་ངས་《རྣམ་ཐར་གཅེས་བསྡུས་》རྩོམ་སྒྲིག་ལ་མོས་པའི་མཁས་པ་ཚོར་དྲན་སྐུལ་ཅིག་བྱེད་འདོད་དེ་རྩོམ་ཡིག་འདི་ཡང་དེའི་ནང་དུ་བསྡུ་རོགས་མཛོད། ང་ཚོར་འདི་ལྟའི་“རླབས་ཆེན་”གྱི་སྲོལ་རྒྱུན་མཆིས་ན་ཀྲུང་གོའི་རིག་གནས་ཀྱིས་འཛམ་གླིང་ཅིའི་ཕྱིར་སྐྱོབ་མི་ཐུབ།

༡༧

《དམ་པའི་གསུང་རབ་གསར་པ》ར། ཁྱོད་ཀྱིས་སྔ་རབས་པ་དུར་སྦས་བྱེད་དུས་ཁྱོད་རང་ཕྱིར་འདོན་མཁན་གྱི་མི་དེ་དག་སྔ་མོ་ནས་ཁྱོད་ཀྱི་སྒོ་རྩར་འགྲེངས་ཡོད་ཅེས་བཤད་འདུགའོན་ཀྱང་ང་སྔར་བཞིན་དུར་རྐོན་ཞིག་གི་ཚུལ་གྱིས་འཚོས་ཡོད། འདི་ནི་མ་ཁེ་སི་དང་ངེད་གཉིས་བར་བསམ་བློའི་སྟེང་གི་ཆེས་མཐུན་པའི་ལྟ་ཚུལ་གཅིག་པུ་རེད།

དེ་བས་རང་ཉིད་ཀྱི་ལས་དབང་ལ་བསམ་གཞིགས་གཏང་དགོས་དོན་མི་འདུག

༡༨

འཁྲུག་ཟིང་དང་ཞོད་འཇགས། འདི་གཉིས་ཕན་ཚུན་བརྗེ་རུང་བའི་མིང་ཚིག་ཅིག་རེད། མི་སེར་གྱི་ངོས་ནས་བཤད་ན་ལྦེ་དང་ཅིན་རྒྱལ་རབས་ནི་འཁྲུག་ཟིང་གི་དུས་སྐབས་ཡིན་ཡང་ཤེས་ཡོན་པའི་ངོས་ནས་ལྦེ་དང་ཅིན་རྒྱལ་རབས་ནི་ཞོད་འཇགས་ཀྱི་དུས་ཏེ། རྒྱལ་རབས་དེ་གཉིས་ཀར་“མི་”ཡི་སད་རྟོགས་བྱུང་ཡོད་དེ་དཔེར་ན་ཀོང་ལཱན་སེན་དང་ཐའོ་ཡོན་མེན་ལྟ་བུ་ཡོད་པས་རེད། ཡང་མི་སེར་གྱི་ངོས་ནས་ཁེང་ཞི་དང་ཆིན་ལུང་དུས་ནི་ཞོད་འཇགས་ཀྱི་སྐབས་རེད་མོད། ཤེས་ཡོན་པའི་ངོས་ནས་བཤད་ན་འཁྲུག་ཟིང་གི་དུས་ཏེ་གོང་མ་དེའི་གཉིས་ཀྱི་རིང་ལ་རྩོམ་རིག་ཡན་ལག་བརྒྱད་ལྡན་དང་སྐེ་གཅོད་སྟེགས་བུ་ཡོད་པས་ཡིན།

དུས་སྐབས་མང་ཆེ་བར་འཁྲུག་ཟིང་དང་ཞོད་འཇགས་གཉིས་ཀྱི་ལྟ་སྟངས་སུ་མི་སེར་དང་ཤེས་ཡོན་པའི་བར་ཧེ་བག་ཆེན་པོ་ཡོད་མོད། མཚམས་ལན་རེར་ལྟ་ཚུལ་མཉམ་མཐུན་གྱི་དུས་ཀྱང་མཆིས་ཏེ་དཔེར་ན་རིག་གསར་ལྟ་བུ་རེད། འདིར་མི་སེར་དང་ཤེས་ཡོན་པ་གཉིས་ཀྱིས་མི་བརྒྱ་ཁ་གཅིག་གིས་“འཁྲུག་ཟིང་”གི་དུས་རེད་ཟེར།

༡༩

གནའ་ནས་ད་བར་ཀྲུང་གོར་རྐུབ་གཡོག་པ་ཡོད་ལ་ཟིང་འཁྲུག་པ་ཡང་ཡོད། འོན་ཀྱང་མེད་པ་ནི་སྤྱི་དམངས་རེད། ཡང་ན་མགོ་རུམ་དུ་སྐུམ་ཏེ་རུས་སྦལ་ལྟ་བུར་འདུག་དགོས་ཤིང་ཡང་ན་ལུ་ཁའེ་ལྟར་སྟ་རེ་གཡུགས་ཏེ་གང་བྱུང་དུ་མི་གསོད་དགོས། དེ་བས་ཀྲུང་གོ་ཅུང་ཙམ་འཕེལ་རྒྱས་བྱུང་འདུག

༢༠

ཁི་རྡེས་“ཐོག་མར་མི་ངན་རུལ་དུ་གྱུར་བ་དང་དེ་ནས་རྩོམ་རིག་ངན་རུལ་དུ་གྱུར་ངེས་”ཞེས་བཤད་མྱོང༌། འདི་ནི་ཀྲུང་གོའི་དེང་རབས་རྩོམ་སྟེགས་ཀྱི་གནས་བབ་རེད།

༢༡

དབང་ཆས་ཁ་ལོ་བསྒྱུར་བ་ནི་མི་རེ་རེའི་མི་ཚེ་སྟེང་གཡོལ་དུ་མེད་པའི་དོན་དངོས་ཤིག་རེད། དེ་བས་རང་དབང་བརྩོན་ལེན་ལ་ངེས་པར་དུ་ཡ་ང་གདུག་རྩུབ་ཀྱི་རིན་དོད་འབུལ་དགོས། དུས་རབས་རེར་མི་རེ་རེ་ཚགས་དམ་པའི་སྒྲིག་ལམ་དུ་འདུ་བར་རེ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡོད། ངས་ལོ་ཀྱཱ་གྲོང་བརྡལ་གྱི་སྐམ་དམག་སློབ་གླིང་དུ་དམག་སྦྱོང་བྱེད་རིང༌། གྲལ་བསྒྲིགས་སྦྱོང་བརྡར་ཁྲོད་ང་ནི་སློབ་གསོ་གཏོང་ཐེངས་ཆེས་མང་པོའི་མི་དེ་ཡིན། གྲལ་ཤར་ཤིན་ཏུ་དྲང་པོའི་རུ་ཁག་ལས་ངས་ནམ་ཡང་རང་ཚོད་མེད་པར་སྔོན་དུ་སྐར་ཆ་གཅིག་ཙམ་གྱི་གོམ་པ་སྤྲོས་འགྲོ། དེ་བས་ཁྲིད་དཔོན་གྱིས་ངའི་གདོང་ལ་མཛུབ་མོ་བཙུགས་ཏེ་“ཁྱོད་སླ་ང་གང་བོ་བརླག་མཁན་གྱི་ཙིག་རོ་དེ་རེད”་ཅེས་སྡིག་དམོད་བཏང་བྱུང༌། རྗེས་སུ་ང་རང་སྦྱོང་བརྡར་རུ་ཁག་ལས་ཆེས་བཟང་བའི་གཡུང་མོ་ལུག་ལྟ་བུར་གྱུར། དེ་ལྟར་མི་རེ་རེས་རྫོགས་མེད་ཀྱི་ངར་ཤུགས་ངོམ་པའི་གྲལ་ལས་ངས་གློ་བུར་དུ་རང་ཉིད་བོར་སོང་བའི་དངངས་སྐྲག་སྐྱེས།

ངས་མི་གཞན་པ་ཚགས་དམ་པའི་སྒྲིག་ལམ་དུ་ཞུགས་པའི་གདམ་ཀ་ཁས་མ་བླངས་པ་མིན་ཡང༌། དུས་རབས་རེར་དེའི་ནང་“མི་ཞུགས་མཁན་”རེ་ཡོད་པར་ངས་རེ་བ་ཙམ་ཡིན། དེས་ན་མི་ཞུགས་མཁན་འདི་དག་ཀྱང་སྨྱོན་པ་དང་ཉེས་ཅན་ཞེས་སྨྱོ་ནད་ཁང་དང་བཙོན་ཁང་དུ་འཇུག་དགོས་དོན་རྦད་དེ་ཡོད་པ་མ་རེད།

༢༢

ནི་ཙིར་གྱིས་དཀོན་མཆོག་ཤི་སོང་ཞེས་བཤད་པ་ནས་ནི་ཙིར་ནུབ་ཕྱོགས་པའི་བསམ་བློ་པ་ཆེན་པོར་གྱུར། དྲང་མོར་བཤད་ན་ཀྲུང་གོ་བ་རེ་རེ་ནི་ཙེར་རྩིས་ཆོག་འདུག སྔོན་གྱི་སུང་བྱང་མའི་དུས་སུ་ལེང་ཧྲན་རི་བོའི་དཔའ་རྒོད་ཚོས་“གནམ་གྱི་ཚབ་བྱས་ནས་ལུགས་སྤེལ་”བའི་དར་ཆ་བསྒྲེངས་མྱོང༌། དེས་ན་གནམ་སུ་ཡིན་ཞེ་ན་གནམ་ང་ཡིན་ལ་ལུགས་སུའི་ཆེད་དུ་ཞེ་ན་ངའི་ལག་ཏུ་བཟུང་བ་ལུགས་རེད། དེ་བས་ལི་ཁའེ་ཡིས་བཙོན་རྭ་ནས་རང་མི་སྐྱོབ་དུས་དགྲ་སྟ་གཡུགས་ཏེ་མི་སེར་རེ་རེའི་མགོ་བོ་ཐང་དུ་བསྟར་བ་རེད། གལ་ཏེ་ཁྱོད་ཀྱིས་ཁས་མི་ལེན་ན་ངས་“གནམ་གྱི་ཚབ་བྱས་ནས་ལུགས་སྤེལ་”གྱི་ཡོད་པས་ཡིན།

དེ་བས་མཚན་ཉིད་རིག་པ་ཞེས་པའམ་བདེན་ལུགས་ཟེར་བ་ནི་ལི་ཁའེ་ལག་གི་དགྲ་སྟ་ཙམ་ལས་མ་འདས།

༢༣

མིང་རྒྱལ་རབས་ཀྱི་གོང་མའི་རུང་ཁང་ཆེན་པོ་བཅུ་གསུམ་ལས་གོང་མའི་རུང་ཁང་བཅུ་བའི་སྔོན་གྱི་ས་སྟོང་དུ། ངས་རྡོ་ལས་བཟོས་པའི་རྐུབ་སྟེགས་དང་ཙོག་ཙེ་གཉིས་བཤམས་འདུག་པ་མཐོང་སྟེ། གཅིག་ནི་མིང་རྒྱལ་རབས་དུས་ཀྱི་རྐུབ་སྟེགས་དང་ཙོག་ཙེ་གོར་མོ་གཉིས་ཡིན་ལ་ཞིབ་ཚགས་དོད་པའི་བརྐོས་རིས་ཀྱིས་བརྒྱན་འདུག དེ་ལོ་བརྒྱ་ཕྲག་ལྷག་གི་ལོ་རྒྱུས་བརྒྱུད་ཀྱང་སྔར་བཞིན་བརྐོས་རིས་སྒྱུ་རྩལ་གྱི་མཛེས་པ་ཕྱིར་ཕྱུང་ཡོད། ཅིག་ཤོས་དེ་ལས་ལྡོག་སྟེ་གསར་ཏུ་བཟོས་པའི་དབྱིབས་གྲུ་བཞི་ཅན་གྱི་རྐུབ་སྟེགས་དང་ཙོག་ཙེ་རེད། དེ་ཨར་འདམ་གྱིས་གྲུབ་པ་ཡིན་ལ་ཧ་ཅང་རྩིང་རགས་དང་མི་སྡུག་པ། རྒྱུ་སྤུས་ཞན་པས་ཁོར་ཡུག་གི་མཛེས་ཉམས་མེད་པར་བཏང་འདུག

མི་རིགས་ཤིག་གི་སྒྱུ་རྩལ་གསར་གཏོད་དང་མཛེས་དཔྱོད་ལྟ་ཚུལ། བསམ་ཡན་གྱི་ནུས་པ་ཆེ་ཆེར་རྒུད་པ་ལས་གལ་ཏེ་ཉམས་རྒུད་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན་པའི་དབང་དུ་བཏང་ནའང༌། ང་ཚོས་རང་ཚོད་རང་གིས་ཤེས་དགོས་ཏེ་འདི་འདྲའི་ཆེས་རྫོབ་པའི་རྒྱུ་རྫས་དག་མྱེས་པོ་རྣམས་ཀྱི་མདུན་དུ་བསྣུར་མི་རུང་བ་ངེས་པར་ཤེས་དགོས། པེ་ཅིང་གི་མིང་གྲགས་ཅན་གྱི་ལྗོངས་རྒྱུའི་ལྟེ་གནས་སོ་སོར་ཆེས་རྫོབ་པའི་སྒོ་བྱང་འཚོང་ས་དང་ཚོང་ཁང༌། སྤྱོད་ཁང༌། ཁྱབ་བརྡ། སྦྱར་བྱང་སོགས་ཧ་ཅང་མོད་པོ་ཞིག་མཐོང་རྒྱུ་འདུག་ལ། དེ་དག་རང་དགར་རང་འཐད་དང་ཞིབ་མིན་རྩིང་རགས་ཡིན་པས་འཆམ་མཐུན་གྱི་མཛེས་དཔྱོད་རིན་ཐང་དང་བརྗིད་ཆགས་ཀྱི་ལོ་རྒྱུས་རིན་ཐང་ལ་གཏོར་བརླག་ཆེན་པོ་བཏང་འདུག ལར་གནའ་ཤུལ་གྲགས་ཅན་གཅིག་གིས་མི་མང་པོའི་འཚོ་བ་ཐག་གིས་གཅོད་ནུས་པས་ཁོ་ཚོས་དངུལ་སྒོར་མང་པོ་ལག་ཏུ་བཟུང་ཞིང་དགའ་ཏེ་ཁ་ཡང་ཟུམ་མི་ཐུབ་པར་གྱུར་འདུག

མི་རིགས་ཤིག་གིས་རང་གི་མྱེས་པོས་བསྐྱུར་བའི་ཤུལ་བཞག་ལ་རྣམ་འགྱུར་ག་འདྲ་འཛིན་པ་དེ། མི་རིགས་དེའི་མྱེས་པོས་བསྐྱུར་བའི་ཤུལ་བཞག་ཕུན་ཚོགས་ཡིན་མིན་ལས་ཀྱང་མི་རིགས་ཤིག་གི་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་ཤེས་ཐུབ།

༢༤

ཀྲུང་གོའི་རུའུ་ཆོས་ལུགས་ཀྱིས་བློ་དཀར་སྲི་ཞུ་ནི་རྒྱལ་ཁབ་སྐྱོང་བའི་གཞི་རྩ་ཡིན་པར་བཤད། ལོ་རྒྱུས་དེབ་ཐེར་ལས་བློ་དཀར་སྲི་ཞུའི་སྐོར་གྱི་བསྟོད་གླུ་གང་མང་མང་ཡིན་ཏེ། 《□□དཔེ་དེབ་》(དཔེ་ཆའི་མིང་མི་གསལ། བསྒྱུར་མཁན་གྱིས།)ལས། ཨན་ཧོའེ་ཞིང་ཆེན་ཧྲི་ཅུ་ཨན་ཧྥན་རྫོང་གི་གཞུང་ཞབས་པ་ལེ་ཞུན་གྱི་ཕ་ལ་ནད་ལྕི་མོ་ཕོག་པར་ལེ་ཞུན་གྱིས་རང་གི་བརླ་ཤ་ལེབ་མོ་ཞིག་དྲེས་ཏེ་སྨན་གྱི་ཚུལ་དུ་ཕ་རྒན་ལ་འཐུང་དུ་བཅུག ཕྱིས་སུ་རྩོམ་རིག་མཁས་ཅན་ལིག་ཙུང་ཡིན་གྱིས་ལེ་ཞུན་ལ་ཆེད་དུ་《ཁྱིམ་ཚང་སྲི་ཞུ་ཅན་》ཞེས་པའི་རྩོམ་ཞིག་བྲིས་མྱོང་སྐད། 《ཧོའེ་ཨན་ཧྥུའུ་ལོ་རྒྱུས་》ལས་ཀྱང༌། ཧན་རྒྱལ་རབས་ཤར་མའི་དུས་མིང་ལ་ལེ་མའོ་ཡུ་ཞེས་པའི་བུ་མོ་ཞིག་ཡོད་པ་དེས་སྤོ་བོའི་ནད་གསོ་ཕྱིར་རང་གི་བརླ་ཤ་ལེབ་མོ་གསུམ་དྲེས་ཤིང་གདུས་ནས་སྨན་ཁུའི་དོད་ཀྱིས་འཐུང་དུ་བཅུག འདི་ལྟ་བུའི་བློ་དཀར་སྲི་ཞུ་ཡིས་ཅང་མ་འགོར་བར་མོའི་སྤོ་བོའི་ནད་སངས་དྲག་ཏུ་སོང་ཚུལ་བྲིས་འདུག ཨ་རིའི་མཁས་པ་ཀྲིན་ཆི་ལེད་ཀྱིས་མིང་རྒྱལ་རབས་དུས་ཀྱི་ལོ་རྒྱུས་སུ་ཞིབ་འཇུག་བྱེད་སྒང༌། 《མིང་རྒྱལ་རབས་ཀྱི་ལོ་རྒྱུས་》དང་《ཡིག་ཚགས་ཕྱོགས་བསྡུས་》གཉིས་ཀྱི་རྒྱུ་ཆར་ཁུངས་གཏུགས་ཏེ་བསྡོམས་རྩིས་བྱས་པར། མིང་རྒྱལ་རབས་དུས་འཛངས་མ་དྲུག་བརྒྱ་བཅུ་དགུ་ཡིས་རང་ལུས་ཀྱི་ཤ་དྲེས་ཏེ་རྒན་པ་དང་ཁྱོ་བོ་ལ་ནད་བཅོས་མྱོང༌། ཤ་དྲེས་པའི་གནས་ནི་བརླ་དང་ཕྲག་པ། ནང་ཁྲོལ། མཛུབ་མོ། རྣ་བ། བྲང༌། རྩིབ་མ། སྐེད་པ། ལྷ་ང༌། ཕོ་བ་སོགས་ཡིན་ལ། ཁོ་མོ་ཚོར་“མིའི་རིགས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་”ཞེས་མཚན་གསོལ་འདུག

ཀྲུང་ཧཱ་རིག་གནས་ཞེས་གླེང་བར་མོས་པ་རེ་རེ་ནི་ཕྱི་ངོས་ནས་བལྟས་ན་རིག་པའི་གནས་ལ་བྱང་བའི་མཁས་ཆེན་ལྟ་བུར་འཁུམས་ཀྱང༌། དོན་དངོས་སུ་ལོ་རྒྱུས་དཔེ་ཆ་ཀློག་གྲངས་ཆེས་ཉུང་བའི་མི་དག་རེད།

༢༥

ལྕགས་ཕོར། ལྕགས་ཕོར་ནི་མིའི་གསར་གཏོད་ཀྱི་ནུས་པ་དང་འཆར་སྒོ་རློག་བྱེད་ཅིག་གམ་མིའི་རང་རྩིས་དང་རང་རྟོན་ཁྱུར་མེད་གཏོང་བྱེད་ཅིག་ཡིན་ཡང༌། དེ་ནི་མི་སྔར་བཞིན་འཚོ་རུ་འཇུག་ཐུབ་པའི་རྒྱུ་རྫས་ཤིག་ཡིན།

དེ་བས་གསེར་ཕོར་དང་ལྕགས་ཕོར། འགྱིག་ཕོར་སོགས་ཕོར་བ་མི་གཅིག་པ་དེས་མི་ལའང་ཁྱད་པར་མཆིས་སོང་བ་རེད།

༢༦

འཇིག་རྟེན་འདིར་ཐའོ་ཡོན་མེན་ཡོད་པས་ལུག་མིག་མེ་ཏོག་བཞད་པར་མཛེས་ཉམས་ཡོད་ཅིང༌། འཇིག་རྟེན་འདིར་ཆི་པེ་ཧྲི་ཡོད་པས་དཔྱིད་འགོའི་མེ་ཏོག་ལ་མ་ཤི་གསོན་ཉམས་མཆིས། འཇིག་རྟེན་འདིར་ཅེ་ཁེང་ཡོད་པས་སྒྲ་སྙན་གྱི་དབྱངས་རྟ་ཀློང་དུ་མཆེད་ཅིང་འཇིག་རྟེན་འདིར་ཡེའུ་ཁྲོན་ཧྲོན་ཡོད་པས་རི་རྒོད་ཆུ་བཙན་ལ་མིག་ཆུ་བཞུར།༼མུ་འགོད༽

Why Glamour Model Through a Model Agency
VIDEO PORNO XXX while others work as consultants

The Best Shoes for a High School Formal
Prom Dresses Americana themes are important in the collection

Bathing Suits of the 60s
VIDEOS PORNO Everyone knows the key to a woman's heart is through fashion

Germany Ready To Legalize Medical Marijuana
Download Free Games He does not cuss

5 Reasons Why You Should Quit Your Day Job
pornos should i in addition to shouldn't i order

Old Fashion Recipes for Preserving Your Garden
PORNO FRANCAIS reach for beachy

About the Clothing in China
free porno but the city also has light manufacturing

Add a hint of glint to your spring wardrobe
Darmowe Porno And mainly because of this
བསྟོད།7

抱歉,评论已关闭!