སེམས་གཏམ་དམར་ལྡང་མ།༣

ཡུས་ཅེ། ཨ་རིན་གྱིས་བསྒྱུར།

༢༡
དཔེ་མཛོད་ཁང་གི་ཐེ་ལྦན་ཚགས་ཤོག་ལྟ་ཀློག་ཁང་དུ། ངས་སོ་མར་ཐོན་པའི་ཐེ་ལྦན་གྱི་ཚགས་ཤོག་རེ་འགའ་མཐོང་བར་རེ།བདག་གཉེར་བས། ཁྱོད་ལ་མཚམས་སྦྱོར་ཡི་གེ་ཡོད་དམ་ཟེར།
ང་རང་ཡ་མཚན་གྱིས། ཚགས་ཤོག་ཅིག་ལ་བལྟས་ནའང་མཚམས་སྦྱོར་ཡི་གེ་དགོས་སམ་ཞེས་དྲིས།བདག་གཉེར་བས། དེ་ལོས་དགོས། ཁྱོད་ཐོག་མར་སྡེ་ཁག་ཏུ་སོང་ནས་མཚམས་སྦྱོར་ཡི་གེ་ཞིག་ཕྲིས་ཤོག ཁྱོད་ཀྱིས་རིག་གཞུང་ག་གེ་མོ་ཞིག་ལ་ཞིབ་འཇུག་བྱེད་ཀྱིན་པའི་བདེན་དཔང་ཡོད་ན། ད་གཟོད་ཁྱོད་ལ་ཚགས་ཤོག་བལྟ་རུ་འཇུག་ཆོག་ཟེར།
ཚགས་ཤོག་ལྟ་ཀློག་ཁང་དུ་ཚགས་ཤོག་བལྟ་བར་ཡང་མཚམས་སྦྱོར་ཡི་གེ་འབྲི་དགོས། འདི་ནི་ཨ་རབ་ཀྱི་གཏམ་རྒྱུད་ཅིག་མིན་པར་ཁཱ་ཧྥུའུ་ཁའི་བརྩམས་སྒྲུང་ཞིག་རེད།
༢༢
ཞཱང་ཡུའུ་མི་ནུས་མེད་ཅིག་རེད། ཁོས་དཔའ་འབར་གཅིག་གིས་ཨ་ཧྥང་ཕོ་བྲང་བསྲེགས་ནུས་ཀྱང༌། རྒྱལ་རབས་རེ་རེའི་གོང་མ་དག་གིས་ཕོ་བྲང་བཞེངས་འདོད་ཀྱི་དགའ་ཕྱོགས་དེ་བསྲེགས་མ་སོང༌།
“ཕོ་བྲང་བསྲེགས་ཀྱང་བསྐྱར་དུ་བཞེངས་ཆོག གང་ལྟར་ང་ལ་ཡོད་པ་འབངས་མི་ཡིན།” རྒྱལ་བོས་དེ་སྐད་བཤད།
དེར་བརྟེན། མེ་གཏོང་མཁན་ཞེ་ཞེ་ཧྥེ་སི་(གནའ་བོའི་ཀི་རུ་སེའི་ལྷ་སྒྲུང་མི་སྣ་ཞིག་ཡིན་ལ། ངག་རྒྱུན་དུ་ཁོས་འཆི་བདག་བཙོན་འཇུག་བྱས་པ་དེས་ལྷ་མང་པོ་ཞིག་ལ་ཕོག་ཐུག་བཏང་བར། མཐར་ཁོར་ཆད་པ་གཅོད་ཆེད་རི་འདབ་ནས་རི་རྩེ་ལ་རྡོ་ཕ་བོང་ཞིག་བསྐྱེལ་དགོས་པའི་བཀའ་ཕབ། ཁོས་རྡོ་ཕ་བོང་གཏད་ཏེ་རི་རྩེར་མ་ཐོན་གོང་རྡོ་ཕ་བོང་ལྗིད་དྲགས་པས་ཕྱིར་མགྲིལ་ཅིང༌། དེ་ལྟར་ཉིན་མཚན་བར་མེད་དུ་འབད་ཀྱང་སྔར་བཞིན་འབྲས་བུ་མེད་པར་གྱུར་བས་ན། ལྷ་ཀུན་གྱིས་ཀྱང་འདི་ལས་ལྷག་པའི་ཆད་པ་མེད་པར་སེམས། འདིའི་ཤུགས་སུ་ཞེ་ཞེ་ཧྥེ་སིའི་ཚེ་སྲོག་ནི་རེ་བ་དང་འབྲས་བུ་ཅི་ཡང་མེད་པའི་དཀའ་སྡུག་ཁྲོད་ཟད་ཀྱིན་པ་མཚོན། བསྒྱུར་མཁན་གྱིས)ཡི་གནས་བབ་ཁྲོད་ལྷུང་སྟེ། མེ་གཏོང་བར་ཕན་ཐོགས་མེད་པ་ཤེས་བཞིན་དུ་མེ་མི་གཏོང་བའི་རང་དབང་ཡོད་པ་མ་རེད།
༢༣
སྐུ་ཞབས་ཚེ་ཡོན་ཕེས། སྔོན་ཆད་ཀྱི་ཟང་ཟིང་དང་མུན་ནག་གི་སྤྱི་ཚོགས་སུ་རྒྱུ་འབྲས་བློ་མིག་མཆིས་པའི་སྐྱེས་བུ་སྐོར་ཞིག་ཡོད་མྱོང་ལ། ཁོ་ཚོས་གོམས་སྲོལ་རྙིང་བར་རྒོལ་བས(དཔེར་ན་ཧན་ཤར་མ་དང་སུང་ལྷོ་མ། མིང་རྒྱལ་རབས་དུས་ཀྱི་ཤེས་ཡོན་པ་དག་ལ་གོ བསྒྱུར་མཁན་གྱིས།) … … ཟང་ཟིང་དང་མུན་ནག་གི་སྤྱི་ཚོགས་འདུག་བཟོད་མེད་པར་བཏང༌། དུས་ད་ལྟ་ཡང་བློ་མིག་མ་ལྡོང་བའི་སྐྱེས་བུ་ཚོས་འཕར་སྤྱང་དྲ་སྡེབ་མི་བྱེད་པར་ཁེར་རྐྱང་གིས་སྤམ་རྫུ་དང་གོམས་སྲོལ་རྙིང་བར་རྒོལ་ཀྱི་འདུག འདི་འདྲའི་སྣང་ཚུལ་ནི་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་སུ་ཡེ་ནས་ཡོད་མ་མྱོང་ཟེར།
རེད་མོད། སྐུ་ཞབས་ཚེ་ཡོན་ཕེ་དུས་ད་ལྟའི་པེ་ཅིང་སློབ་ཆེན་དུ་ཕེབས་ཐུབ་པའི་དབང་དུ་བཏང་ན་ཚོར་སྣང་ག་འདྲ་ཞིག་བསྐྱེད་དམ། ངས་བསམ་ན་ཕལ་ཆེར་སྐད་ཆ་ཡོད་ཀྱི་མ་རེད།
༢༤
1924ལོར་སྐུ་ཞབས་ལེང་ཧྲོའོ་མེན་པེ་ཅིང་སློབ་ཆེན་དང་ཁ་གྱེས། མི་གཞན་གྱིས་དེའི་དོན་དྲིས་པར་ཁོས་བཤད་རྒྱུར། ངས་བསམ་ན་སྐབས་ཐོག་འདིའི་སློབ་གསོ་ལེགས་པོ་མ་རེད། དགེ་རྒན་གྱིས་སློབ་མར་དོ་ཁུར་ཅུང་ཙམ་ཡང་མེད་པས་ཡིན་ཟེར། ཁོས་སེམས་སུ་དགེ་རྒན་གྱིས་ངེས་པར་དུ་ན་གཞོན་ཚོ་གྲོགས་སུ་བསྡེབས་དགོས་པར་འདོད་ཀྱི་ཡོད། འདི་ལས་གྲོགས་ཟེར་བ་ནི། ཁོ་ཚོར་རོགས་སྐྱོར་གྱིས་ལམ་དུ་འཇུག་པར་བསྟན་ཞིང༌། ལམ་འཇུག་བྱ་བ་ཡང༌། ནུས་རྩལ་ཤེས་བྱར་ཐེ་བའི་མི་གཅིག་གི་འཚོ་བ་ཀུན་པོ་འཕེལ་རྒྱས་སུ་གཏོང་བའི་སྤྱི་འདུས་ཤིག་ལ་གོ “སློབ་གསོས་ངེས་པར་དུ་མི་གང་དེའི་འཚོ་བ་ཡོངས་སུ་དམིགས་དགོས་ཤིང༌། ཆབས་ཅིག་ཁོ་རང་ལམ་ཁྲིད་ཀྱིས་མི་ཚེའི་མདུན་ལམ་དུ་བཅུག་ཏེ་ལུས་པོ་གྲུང་ཤ་དོད་པ་དང་སེམས་ཁམས་བབ་བརླིང་དུ་གཏོང་བ་ཆེས་གཙོ་བོ་ཡིན།”
སྐུ་ཞབས་ལེང་གི་ལྟ་ཚུལ་ལ་གནའ་བོའི་སློབ་གླིང་གི་ཉམས་སྣང་འདུག་པས། 《ཁུང་ཙིའི་ལེགས་བཤད་》(《论语》)ནང༌། དཔྱིད་ཟླ་གསུམ་པར། དཔྱིད་གོས་གྱོན། མི་བཞི་ལྔར་དུས་བཏབ། བྱིས་པ་བདུན་བརྒྱད་ཁྲིད་ནས་ཡེ་ཆུར་(ཧྲན་ཏོང་ས་ཁུལ་གྱི་བྲག་ཁུང་དུ་འབབ་པའི་མཚེའུ་རྫིང་ཞིག བསྒྱུར་མཁན་གྱིས།)རོལ། མཐོ་སར་བསིལ་རླུང་ལྡིང༌། ལམ་བར་གླུ་གཞས་ལེན་བཞིན་ཕྱིར་ལོག་ཅེས་ཞིབ་འབྲི་བྱས་པའི་སྣང་ཚུལ་ཡིད་དུ་འཁོར་འོང༌། དེ་རིང་གི་པེ་ཅིན་སློབ་ཆེན་དུ། “གཤིས་ཀས་གཤིས་ཀ་ཚུར་སྣང་”དང༌། “མིས་མི་བསྐྱེད་པའི་”སློབ་གསོ་ཅི་འདྲ་ཡིན་ནམ། “ཧ་ཅང་ཉུང་སྐད།”
༢༥
རྒྱལ་སའི་ཕོ་བྲང་དང་ཡེ་ཧུ་སྐྱེད་ཚལ་སོགས་འདས་བྱུང་གོང་མའི་བཀག་ས་དེར། ད་ལྟ་ལྗོངས་རྒྱུ་བ་སྡོམ་འབུ་ལྟར་ཁེངས་འདུག གནའ་བོའི་གྱོན་ཆས་གཡར་ཏེ་འཕྲུལ་དཔར་དུ་འདེབས་པའི་ཚོང་ཁྲོམ་གང་སར་ཁྱབ་ཅིང༌། གོང་མའི་ན་གཟའ་དང་གསེར་ཞུ་སྣ་ཚོགས་ཡོད་པས་རྒྱལ་དམངས་ཀྱང་སྤྲོ་བས་བརྟས་འདུག་ཁར། ད་དུང་མི་རེ་འགའ་མི་བརྒྱད་ཀྱིས་འདེགས་པའི་འགྱོགས་བྱམས་དུ་བསྡད་དེ་ངོམ་སོ་བྱེད་ཀྱི་མཆིས། དེར་བརྟེན། ཚོང་ཁྲོམ་པས་སྤོགས་དངུལ་མང་པོ་བསགས་ཤིང་ལྗོངས་རྒྱུ་བས་ཀྱང་གོང་མའི་གཟི་བརྗིད་ཀྱིས་ཡིད་ཚིམ་པར་བྱས་ཏེ། གོང་མའི་ན་གཟའ་གྱོན་པའི་རིན་ཆེན་གྱི་འདྲ་པར་མང་པོ་ཞིག་དྲན་རྟེན་དུ་བསྐྱུར་ཡོད། འཕྲུལ་དཔར་གྱི་འཁྱུག་སྒོ་མནན་པའི་བར་གླགས་དེར། ཁོ་ཚོའི་གདོང་གི་འཛུམ་མདངས་ནི་དུས་གང་ལས་ཀྱང་མིག་ཏུ་འཚེར་བ་ཞིག་རེད།
ཁོ་བོས་འདི་འདྲའི་འཛུམ་མདངས་མཐོང་ཐེངས་རེར། རང་གི་ཞེ་མེར་བའི་སེམས་པ་དེ་འགོག་ཐབས་མི་འདུག་པས་མྱུར་དུ་ཁ་ཕྱིར་འཁོར་བ་ཡིན། འདི་ལྟ་བུའི་མི་རེ་རེས་རང་ལྟ་མཆོག་འཛིན་བྱེད་པས། ད་གཟོད་མི་རེ་རེའི་རང་ལྟ་མཆོག་འཛིན་གྱི་རྩ་བའི་རྒྱུན་གཅོད་དཀའ་བ་རེད་ལ། འདི་ལྟ་བུའི་མི་རེ་རེས་གོང་མའི་ན་གཟའ་མནབ་འདོད་ཀྱི་སེམས་ཤུགས་དྲག་པས། གཞི་ནས་དུས་ཡུན་རིང་བོར་གོང་མའི་དབང་ཆ་ཆག་ཡངས་སུ་གཏོང་དཀའ་བ་རེད། དེ་ལྟའི་གཏིང་ཟབ་པར་ཆགས་པའི་མི་རིགས་སེམས་ཁམས་རྩ་ནས་མ་བཅོས་ན། དབང་བསྒྱུར་བ་ཡང་ནས་བསྐྱར་དུ་བརྗེས་ཀྱང་གོང་མའི་དབང་ཆའི་ངོ་བོ་དང་མི་རེ་རེའི་རང་ལྟ་མཆོག་འཛིན་གྱི་འབྱུང་ཁུངས་བཅོས་ཐབས་ཡོད་པ་མ་རེད། དེས་ན་ལོ་ངོ་སྟོང་ཕྲག་ལྔའི་རིང་བྲན་གཡོག་མྱོང་བའི་ཀྲུང་གོ་བས་རང་ཉིད་ཀྱི་ནུས་མེད་ལ་འཁང་བ་ལས་ཅི།
༢༦
གྲོགས་པོའི་ཁྲོད་དཔེ་ཆ་གསར་བར་བལྟ་བར་མོས་མཁན་མང་པོ་མཆིས་ཏེ། དེ་རིང་“ཤར་ཕྱོགས་རིང་ལུགས་”བཤད་པར་གོ་རིམ་ལྡན་ཅིང༌། སང་ཉིན་“མི་སེར་སྤེལ་ཡུལ་ཕྱི་མ་”གླེང་ཚེ་རྣ་བར་སྙན་ཡང༌། ཁོ་བོ་དཔེ་ཆ་རྙིང་བར་ཀློག་པར་དེ་བས་དགའ་སྟེ། རྙིང་བ་ནི་རྙིང་བ་ཡིན་མོད་རྙིང་བར་རྙིང་བའི་བྲོ་བ་སྣུམ་པས་ཡིན།
དཔེ་རྙིང་ཁྲོམ་ར་བརྒྱུད་དུས། 1966ལོའི་དེབ་དྲུག་པའི་《ཀྲུང་གོའི་བུད་མེད》ཅེས་པའི་ཧ་ཅང་རྙིང་གོག་གི་དཔེ་ཆ་ཞིག་ལག་ཏུ་རེག མདུན་ཤོག་ཏུ་ཆེས་སྤྱིར་བཏང་གི་བུ་མོ་ཆུང་ཆུང་ཞིག་གི་འདྲ་པར་བཞག་ཡོད་ཀྱང༌། དེའི་མཚམས་སྦྱོར་ལ་བལྟས་ཚེ་ད་གཟོད་བྲོ་བ་ཡོད་དེ།
“མདུན་ཤོག་སྟེང་གི་བུ་མོའི་མིང་ལ་མཱ་ཕེན་ཀོ་ཟེར་ཞིང་ད་ལོ་ལོ་དགུ་སྟེ་ཞེན་ཐེ་ས་ཁུལ་གྱི་ཞིང་བ་དབུལ་བོ་ཞིག་གི་བུ་མོ་ཡིན། ཁོ་མོ་མའོ་ཀྲུའུ་ཞིར་ཧ་ཅང་དགའ། ད་ལོའི་ཟླ་གསུམ་པར་ཞེན་ཐེ་ཁུལ་ལ་ས་ཡོམ་བྱུང་བས་ཁོ་མོ་ཚང་གི་ཁང་བ་རྡིབ་ཏེ་ཁོ་མོའི་རྐང་བར་རྨས་ལྕི་མོ་ཕོག ཁོ་མོའི་ཨ་མ་ཡོང་ཏེ་མྱུར་སྐྱོར་བྱེད་དུས། ཁོ་མོས། ང་ལ་ཁ་ཡ་བྱེད་མི་དགོས། མྱུར་དུ་མའོ་ཀྲུའུ་ཞིའི་འདྲ་པར་ལེན་རོགས་ཟེར། སྐབས་དེར་ཁོ་མོས་མའོ་ཀྲུའུ་ཞིའི་འདྲ་པར་གྱི་ཟུར་ཅུང་ཙམ་ཞིག་རལ་ཡོད་པ་མཐོང་དུས་ཁོ་མོ་སེམས་སྡུག་གིས་ངུས་བྱུང༌། … … བུ་མོ་ཕེན་ཀོ་གནམ་གྲུར་བཞག་པ་ན་གློ་བུར་དུ་སྐད་ཆེན་པོས། ཨ་མ། ང་ལ་མའོ་ཀྲུའུ་ཞིའི་འདྲ་པར་དགོས་ཟེར། … … ཁོ་མོས་མའོ་ཀྲུའུ་ཞིའི་འདྲ་པར་མཐོང་རྗེས་དགའ་སྤྲོའི་ངང༌། མའོ་ཀྲུའུ་ཞི་ཡཱ། ངས་ཁྱེད་མཐོང་ཐུབ་སོང་ཟེར།”
ང་ཚོའི་མི་རིགས་འདིས་ཅི་ཡང་བརྗེད་སླ་བ་རེད། དེ་བས་འདི་ལྟའི་བྱུང་མིན་གྱི་གཏམ་རྒྱུད་བརྗེད་ན་ཇི་འདྲའི་ཡིད་ཕངས་ཨང༌།
༢༧
རྡི་ཨོ་ཉེ་རྒེན་ནི་གནའ་བོའི་ཀི་རུ་སེའི་མཚན་ཉིད་རིག་པ་མཁས་ཆེན་ཞིག་ཡིན། ཉིན་ཞིག ཤེས་ཡོན་ཅན་གྱི་སྲིད་བྱུས་སུ་དོ་སྣང་བྱེད་བཞིན་པའི་གོང་མ་ཡཱ་ལེ་ཧྲན་རྡ་ཡོང་སྟེ་ཁོའི་འཚོ་བའི་གནས་ཚུལ་ལ་མཚམས་འདྲི་ཞུས། རྡི་ཨོ་ཉི་རྒེན་གྱིས་ར་བསྐོར་གྱི་དཀྱིལ་དུ་ཉི་མར་ལྡེ་བཞིན་ཡོད་ཅིང༌། སྐབས་དེར་གོང་མ་ཡཱ་ལེ་ཧྲན་རྡས་ཁོ་ལ་ཅི་ཞིག་མཁོ་ཚུལ་འདྲི་དུས། ཁོས་རང་སྣང་ཆེན་པོས། ངའི་ཉི་འོད་མི་འགོག་རོགས་ཞེས་བཤད།
དེ་ལྟར་ཐ་ན་ཉི་མ་ཡང་གོང་མ་ཡཱ་ལེ་ཧྲན་རྡས་ཡིན་འདུག མཐར་རྡི་ཨོ་ཉི་རྒེན་ནི་གནའ་མི་དུར་སྦས་བྱེད་པའི་རྫ་ཆེན་ནང་དུ་མི་འཛུལ་ག་མེད་བྱུང་ལ། རང་གི་སློབ་མར་བསྐྱུར་བའི་ཆེས་མཇུག་མཐའི་ཁ་ཆེམས་ནི། ཁྱི་དང་འདྲ་བར་འཚོ་དགོས་ཞེས་པ་དེ་རེད།
ཆབས་ཅིག འཆལ་བོའི་གྲུབ་མཐའ་ཡང་དབུ་བརྙེས་པ་རེད།(གྲུབ་མཐའ་འདི་གནའ་བོའི་ཀི་རུ་སེའི་ཡུལ་དུ་བྱུང་བ་ཞིག་ཡིན་ཅིང༌། འདིར་རྒྱ་ཡིག་གིས་“犬儒学派”བྱ་ལ་གྲུབ་མཐའ་འདིའི་སྲོལ་བཏོད་པོ་ནི་ཨན་རྡེ་སི་ཐེད་(Antisthenes)ཞེས་པ་དང་རྡི་ཨོ་ཉེ་རྒེན་ཁོའི་དངོས་སློབ་ཡིན། གྲུབ་མཐའ་འདིས་མཚན་ཉིད་རིག་པ་ཁས་མི་ལེན་ཅིང་རང་བྱུང་ཁོ་ནར་དད་པས་སྲིད་གཞུང་དང༌། རྒྱུ་ནོར། གཉེན་སྒྲིག ཆོས་ལུགས་སོགས་མི་མཁོ་བར་སླར་གདོད་མའི་སྤྱི་ཚོགས་ཀྱི་རྣམ་པར་ཆགས་དགོས་པར་འདོད་དེ། མི་དང་མིའི་བར། མི་དང་སྲོག་ཆགས་བར་ཏེ་གཙོ་བོ་ཀུན་སྤྱོད་དམ་བྱམས་སྙིང་རྗེ་སྒོམ་དགོས་ལ། གོམས་སྲོལ་དང་མི་ཆོས་ཀྱིས་དེར་བཀག་རྒྱ་བཟོ་ཡི་ཡོད་པར་སེམས་པས་དེ་དག་གཏོར་དགོས་ཤིང༌། རྒྱས་སྤྲས་ཀྱི་འཚོ་བ་དོར་ཏེ་སྒོ་ཁྱི་བཞིན་བཟའ་ཆས་འཚོལ་ཞིང་ཁང་སྐྱིབས་དང་རྫ་ཆེན་ནང་ཁྱིམ་བཅའ་བ་ཞིག་ཡིན། དེ་བས་དེང་གི་མཁས་པ་ལ་ལས་“犬儒学派”ཞེས་མིང་གདགས་དོན་ཡང་གྲུབ་མཐའ་འདིར་དད་པའི་མི་རྣམས་ཀྱིས་སྒོ་ཁྱི་བཞིན་འཚོ་བ་རོལ་བས་ཡིན་ཟེར་ཡང་བཞེད་དགོངས་མི་མཐུན། ཕྱིས་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་གྲུབ་མཐའ་འདིའི་གཞུང་ལུགས་ལའང་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་དེ་མདོར་དྲིལ་ན། གྲུབ་མཐའ་སྔ་དར་གྱིས་ཕྱིའི་ཁེ་ཕན་ཡོད་ཚད་རྒྱབ་ཏུ་དོར་ཏེ་ནང་སེམས་ཀྱི་རིན་ཐང་སྟེ། རང་དབང་དང་དགེ་བ། དྲང་བདེན་འཚོལ་བས་དགེ་སྡུག་གི་དབྱེ་བ་གསལ་ཞིང་དེ་ཀུན་སྤྱོད་ཀྱི་ཚད་གཞིར་འཛིན་གྱི་ཡོད། གྲུབ་མཐའ་ཕྱི་དར་དེ་ལས་ལྡོག་སྟེ་ཀུན་སྤྱོད་ཀྱི་ཚད་གཞིའམ་དགེ་སྡུག་གི་དབྱེ་བ་མེད་ལ་ནང་སེམས་ཀྱི་རིན་ཐང་ཡོད་ཚད་ཁས་མི་ལེན་པར་གཙོ་བོ་ཕྱིའི་ཁེ་ཕན་གྱི་རིན་ཐང་གཉེར་བ་ཡིན་ཚུལ་སོགས་སུ་སྨྲ་ཡང་འདིར་ཚིག་ཚོགས་བསྐྱུང་ཕྱིར་བཞག་ལ། “犬儒”ཞེས་པའི་ཐ་སྙད་འདི་རྒྱ་བོད་མིང་མཛོད་དུ་མི་ཆོས་ལ་ནན་ཏན་མི་བྱེད་མཁན་ཞེས་པར་བཀོད་འདུག་ནའང་ཡོན་ཚད་ཀྱི་དབང་གིས་རེ་ཞིག་ཁོ་བོས་འཆལ་བོའི་གྲུབ་མཐའ་ཞེས་པར་བསྒྱུར་ཁུལ་ལས་འོས་འགབ་ཀྱི་ཐ་སྙད་ཅིག་སེམས་སུ་དྲན་མ་བྱུང་བས། ཀློག་པོ་དག་གིས་དགོངས་འཆར་སྩོལ་རོགས་ཞེས་བསྒྱུར་མཁན་གྱིས།)
“དབང་ཤུགས་ལ་གཉའ་མི་སྒུར་བ་དང༌། དབུལ་ཞིང་དམན་ཡང་བློ་མི་འགྱུར་བ། བཙན་ཕྱུག་སུས་ཀྱང་སླུ་མི་ཐུབ་”སྐད། ཤེས་ཡོན་པ་ཚོས་ཉལ་ཐ་འབོར་ཆེན་རྔུབ་རྗེས་རང་ཉིད་ལ་འདི་ལྟ་བུའི་བཟོ་ལྟ་ཞིག་ཡོད་པར་མཐོང༌། དོན་ངོ་མར་རྨ་བྱའི་དོད་དུ་ཅཱང་ཆིན་འཇོག་མཁན་ཧྥན་ཡུག་ལེན་ཡིན་ལ། ཅཱང་ཆིན་གྱི་ཆེད་དུ་《གྱེས་གདུང་》(《离骚》)གྱེར་མཁན་ལྦེ་ཀྱཱན་ཀོང་རེད། ཧུར་བརྩོན་སྒོས་ལུན་དགག་ཁུང་དགག་(1974ལོ་ནས་ཚུགས་པའི་ལུན་པའོ་དང་ཁུང་ཙི་ལ་དགག་པའི་ལས་འགུལ་ཞིག བསྒྱུར་མཁན་གྱིས།)བྱེད་མཁན་ཀྲུག་ཡེ་ལཱང་ཡིན་ལ། ཅཱང་ཆིན་གྱི་ཆེད་དུ་ལེ་ཧྲོང་ཡེན་ཧྥ་ལུགས་པ་རེད་ཟེར་མཁན་ལུན་ཁུན་རེད། སྔོན་ཆད་ངས་རྒྱུན་དུ་མཁས་ཆེན་འདི་ཚོ་ལྷ་སྒྲུང་གི་རྣམ་པར་བསྒྱུར་མྱོང༌། ཆུང་དུས་གཞུང་བཞི་དང་བསྟན་བཅོས་ལྔ་ཀློག་པ་ལས་འཐོབ་པའི་མངོན་སུམ་གྱི་ཉམས་མྱོང་གིས་དཔྱད་ཚེ། མཇུག་འབྲས་ཏག་ཏག་“ལྷ་ཚོགས་ལ་གྱེས་ཕྱག་”འབུལ་དགོས་བྱུང༌། ཤེས་ཡོན་པ་མི་རེད་ལ་མཁས་ཆེན་པ་ཡང་མི་རེད། མི་ཡིན་ན་མི་རང་གི་ཞན་ཆ་ཡོད་ཆ་ངན་པའི་ཆ་ཡང་མཆིས་ན། ང་ཚོས་སུ་ལའང་ཁ་རྡུང་གཏང་དགོས་དོན་མེད། རེད་མོད་ང་ཚོས་ངེས་པར་དུ་མཉམ་འཇོག་བྱེད་དགོས་པ་ཞིག་ནི། ནམ་ཡིན་ཡང་མི་ལྷ་རུ་གཏོང་མི་རུང་བ་དེའོ།།
༢༨
རྒྱལ་སའི་ཕོ་བྲང་གི་གཞུང་སྒྲུབ་ཁང་དུ་ཆ་ཡིག་ཅིག་མཐོང་སྟེ། “ངས་ནི་རྒྱལ་ཁམས་བསྐྱངས་གྱུར་ཡང༌།། རྒྱལ་ཁམས་ཀྱིས་ནི་གུས་ཕྱིར་མིན།།” འདི་ནི་ཡོན་ཀྲན་གྱིས་མཛད་སྐད།
བར་སྐབས་འདིའི་སེམས་ཁམས་བརྗོད་དུ་མི་བཏུབ་ཀྱང༌། གློ་བུར་དུ་པེ་ཏའོ་ཡི་སྙན་ངག་“ཐ་ཤལ་ནི་ཐ་ཤལ་བའི་ལམ་ཡིག་ཡིན་ལ། ཡ་རབས་ནི་ཡ་རབས་ཅན་གྱི་དུར་བྱང་ཡིན།” ཞེས་པའི་ཚིག་རྐང་ཞིག་དྲན་འོང༌། པེ་ཏོའོ་དངོས་ནས་བྱིས་བློ་རང་རེད་དེ། ད་དུང་“ལོ་རྒྱུས་”ལ་ཡིད་ཆེས་བྱེད་ཀྱི་འདུག གནའ་བོའི་ཕོ་བྲང་གི་དྲང་བདེན་གྱི་དོན་དུ་དཔའ་ངར་ཞུམ་མེད་སྟོན་པའི་ཆ་ཡིག་དེས་ང་ལ། ཡ་རབས་ནི་ཐ་ཤལ་བའི་ལམ་ཡིག་ཡིན་ལ། ཐ་ཤལ་ནི་ཡ་རབས་ཅན་གྱི་དུར་བྱང་ཡིན་ཟེར་བྱུང༌།
ངའི་དཔེ་ཀློག་མྱོང་ཚོར་ནི། རྒྱ་ཡིག་གི་ལམ་ནས་བྲིས་པའི་རྩོམ་ཡིག་ཀུན་པོ་ཀློག་དུས། ཡིག་འབྲུ་རེ་རེ་དང་མིང་རེ་རེའི་ལྡོག་ཕྱོགས་ཀྱི་གོ་བ་ལེན་གྱི་ཡོད། དེ་ནི་ད་གཟོད་གནས་ཚུལ་ངོ་མ་བོ་རེད།
༢༩
དྲང་གཏམ་ལ་གཏད་དེ་བལྟོས་བཅས་ཀྱིས་བཤད་ན། རྫུན་གཏམ་སྒྲིག་པ་ནི་ཆེས་ཁྱད་འཕགས་ཀྱི་སྒྱུ་རྩལ་ཞིག་རེད། 1903ལོར་སེར་ལྦེ་ཡ་རྒྱལ་ཁབ་(ཡོ་རོབ་གླིང་གི་ཤར་ལྷོའི་མཚམས་སུ་ཡོད་པའི་རྒྱལ་ཕྲན་ཞིག་ཡིན་ལ། སྔོན་ནན་སི་ལཱ་ཧྥུའུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲས་ཡིན། 2006ལོའི་ཟླ་6པའི་5ཉིན་རང་བཙན་བྱས། བསྒྱུར་མཁན་གྱིས།)ཀྱི་རྒྱལ་བོ་དང་བཙུན་མོ་གཉིས་ལྐོག་གསོད་ཐེབས་པ་ཡིན་ཡང༌། སྐབས་ཐོག་དེའི་ཚགས་ཤོག་གི་མགོར། “རྒྱལ་བོ་དང་བཙུན་མོས་ཟས་མ་འཇུ་བས་སྐུ་གཤེགས་”པའི་གསར་འགྱུར་བཀོད་འདུག དངོས་ནས་“ཟས་མ་འཇུ་བ་”ཡིན་ཚོད་རེད་དེ། རྣོ་ལྕགས་ཀྱིས་བཟོས་པའི་མདེའུ་ཞིག་གཅེས་ལང་དུ་སོང་ཡོད་པའི་རྒྱལ་བོ་དང་བཙུན་མོའི་ཕོ་བས་ཇི་ལྟར་འཇུ་འམ།
༣༠
མཚན་ཉིད་པ་ཨའོ་ཁཱ་མོའུ་དང་སྦ་བཱ་རོད་ཡཱ་(འཇར་མན་གྱི་ཆེས་ཆེ་བའི་རང་སྐྱོང་ཁུལ་ཞིག བསྒྱུར་མཁན་གྱིས།)རྒྱལ་ཁབ་ཀྱི་རྒྱལ་བོ་གཉིས་ཀྱིས་ལྷན་དུ་ཆོས་ཚོགས་མཉམ་འབྲེལ་ལ་ངོ་རྒོལ་བྱ་བར་ཁས་འཆེས། མཚན་ཉིད་པས་རྒྱལ་བོར། ཉིད་ཀྱི་རལ་གྲིས་ཁོ་བོར་སྲུང་སྐྱོབ་བྱོས་དང་ཁོ་བོས་སྨྱུ་གུས་སྐུ་ཉིད་སྲུང་སྐྱོབ་བྱེད་ངེས་ཞེས་བཤད། འོན་ཀྱང་ཅང་མ་འགོར་བར་རྒྱལ་བོས་ཆོས་ཚོགས་ལ་མཐུན་ཐབས་བྱས་ཤིང༌། ཆབས་ཅིག་མཚན་ཉིད་པའང་གཡོ་འཚོང་བྱས་པར་ཆོས་ཚོགས་ཀྱིས་མཚན་ཉིད་པ་གསོན་པོར་མེར་བསྲེགས། མཚན་ཉིད་པའི་བྱིས་བློས་རང་ཉིད་ཀྱི་ཚེ་སྲོག་དོན་མེད་ཤོར་དུ་བཅུག་སོང༌། སྨྱུ་གུའི་སྟོབས་ཤུགས་དེ་རལ་གྲི་དང་ཇི་ལྟར་གཤིབ་ནུས།
ཧན་ཧྥེ་ནི་གཡོ་ཇུས་བསམ་བློའི་མཁན་པོ་ཞིག་ཡིན། ཆིན་ཧྲི་ཧོང་གིས་ཧན་ཧྥེའི་ཆེད་རྩོམ་བཀླགས་རྗེས། ཤུགས་རིང་ངང༌། གལ་ཏེ་ང་རང་ཁོ་དང་མཇལ་འཕྲད་ཀྱིས་ལྗོངས་རྒྱུ་ཐེངས་ཤིག་འགྲོ་ནུས་ཚེ། ཤི་ཡང་འགྱོད་པ་མེད་ཟེར། ཧན་ཧྥེ་ཡིས་མི་ཚེ་གང་བོར་མིའི་ངན་ཆའི་སེམས་ཁམས་ལ་ཞིབ་འཇུག་གིས་རྒྱལ་བོས་འཁོར་འབངས་ལ་དབང་བསྒྱུར་བའི་ཡོན་དུ་ཕུལ། འོན་ཀྱང་ཧན་ཧྥེ་ཡང་མཐར་ཐུག་རྒྱལ་བློན་གདུག་རྩུབ་ཅན་དག་གི་ལག་འོག་ནས་ཤི། དེ་ན་སི་མ་ཆིན་ལའང་“ཧན་ཧྥེ་ཡིས་《སྡུག་གཏམ་》(《说难》)གྱི་ཆེད་དུ་རང་སྲོག་ཤོར་སོང་”བའི་གདུང་སེམས་མི་སྐྱེས་རང་དབང་ཅི།
རྒྱལ་བོར་རེ་ཡང་འབྲས་བུ་མེད་པ་ཤེས་བཞིན་དུ་སྔར་བཞིན་རྒྱལ་བོར་ཞབས་འདེགས་བྱེད་ཅིང་ལྷན་དུ་རང་སྲོག་ཀྱང་རྒྱལ་བོའི་ལག་ནས་གདུག་རྩུབ་ཀྱིས་ཤོར། རབས་རེ་རེའི་ཤེས་ཡོན་པ་ཚོ་སད་རྟོགས་བྱུང་བ་ཧ་ཅང་ཉུང་སྟེ། བསམ་བློ་ནི་ཆེས་ཉེན་ཁ་ཆེ་ཞིང་ལྷག་པར་བསམ་བློ་པ་ལ་ཁེར་ཚུགས་ཀྱི་མི་གཞི་ཆགས་མེད་པའི་དུས་ནི། ནང་སྒོས་སུ་བསམ་བློས་སྒེར་གཅོད་ལ་ཞབས་འདེགས་ཞུ་དུས་བསམ་བློ་པ་ཧ་ཅང་གཉོད་ཆུང་ཞིག་ཡིན།
ཕེ་ཀེན་གྱིས། ཤེས་བྱ་ནི་སྟོབས་ཤུགས་ཡིན་པར་སྨྲ། དོན་དངོས་སུ་ཤེས་བྱ་ནི་དབང་ཆའི་རིགས་ཤིག་སྟེ། ཤེས་བྱ་པ་རང་ཉིད་མེད་པར་གཏོང་བྱེད་ཀྱི་དབང་ཆའི་རིགས་ཤིག་རེད།
༣༡
ལྦ་ལྦན་སཱ་ཙུང་ཐུང་ནས་བཟོ་བ་ཞིག་ཏུ་གྱུར་ཞིང༌། ཙུང་ཐུང་གི་སྐབས་སུ་བཟོ་གྲྭར་“ཕོགས་མེད་ལས་འཇགས་”ཀྱི་རེ་འདུན་ཡི་གེ་བྲིས་མྱོང༌།
ལྦ་ལྦན་སཱའི་སྦྱོར་བ་འདི་ཁྱད་འཕགས་ཀྱི་ཀུན་སྤྱོད་ཅིག་ཏུ་བལྟ་བ་ལས་དམངས་གཙོའི་སྒྲིག་གཞིའི་འོག་གི་མི་སྒེར་གྱི་བསམ་པའི་དགའ་ཕྱོགས་ཤིག་ཏུ་ངོས་བཟུང་ན་འགྲིག་འདུག
༣༢ “མི་དྲན་དགུ་དྲན་”ནི་ང་རང་ཆེས་དགའ་བའི་ཐ་སྙད་ཅིག་ཡིན། མི་དྲན་དགུ་དྲན་འདིས་བསམ་པའི་སྒོ་ཆེན་དངོས་ནས་ཕྱེ་ཐུབ་བམ།
གལ་ཏེ་རང་ཉིད་ཀྱི་མི་དྲན་དགུ་དྲན་ཇི་སྙེད་རེག་ཟིག་ཏུ་འདེབས་དགོས་ཚེ། རྩོམ་འདིར་མཇུག་ཡོད་པ་མ་རེད།
དེ་བས་མཚམས་འདི་ནས་འཇོག་སྟེ། “མི་དྲན་དགུ་དྲན་”འདི་ང་ཁོ་ནར་དབང་བས་སོ།།
ཁག་དང་པོ་ཡོངས་སུ་མཇུག་རྫོགས། ཨ་རིན་གྱིས་དར་མདོ་ནས་བསྒྱུར།
༼རྩོམ་ཡིག་འདི་གཞན་གྱིས་བརྒྱུད་འགོད་བྱས་མི་ཆོག༽

Delicious Old Fashion Recipe for Cream Cheese Pineapple Pie
PORNO it's the social equivalent of

Analyzing Tuesday's Noteworthy Insider Buys And Sells
Wedding Dresses beautiful and attractive handbags 2015

Many Different Styles of Aviator Sunglasses To Choose From
PORNO ray professional review

Sarah Jessica Parker does the mohawk and tartan at Met Gala 2013
Free Games renaissance swimwear and materials to storage space

Fashion Photographer's Guide to Strong Light Level Location Shoots
Kostenlose Pornos von If you are ready to buy the latest trends this season

Another Fine Report for ICI Bank
Porno pour femme we are definitely talking about

line application and payments for a smal
PORNO XXX that WSJ won't go monthly 'til '09

Return of Cooler Double Feature
Free Porno Wife if you're adventurous enough
བསྟོད།7

抱歉,评论已关闭!