བདག་དབང་ཤོར་བའི་བདག་པོ།

མེ་འཁྱེར།

_____བོད་སྐད་ཡིག་གི་ཕམ་ཁའི་ན་ཟུག
སྐད་དང་ཡི་གེ་ནི་མི་རིགས་གང་དེ་འཚོ་གནས་དང་འཕེལ་རྒྱས་ཀྱི་བླ་སྲོག་ཡིན་ཞིང་མི་རིགས་གང་ཞིག་གི་སྐད་དང་ཡིག་རིགས་ཉམས་རྒུད་དུ་གྱུར་ཚེ་མི་རིགས་དེ་མི་འགྱངས་པར་སྟོངས་བར་འགྱུར་ངེས་ན། མི་རིགས་ཤིག་གི་སྐད་དང་ཡིག་རིགས་བཀོལ་སྤྱོད་ཀྱི་དབང་ཆ་ཤོར་ཚེ་མི་རིགས་དེའི་བླ་སྲོག་འཆོར་བ་ཁོ་ནའོ། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་ཀྱི་དབང་ཆ་ཡོད་པར་བཅའ་ཁྲིམས་ལས་གསལ་བོར་འཁོད་ཡོད་ཀྱང་དངོས་ཡོད་སྤྱི་ཚོགས་ཀྱི་སྟེང་དུ་རྒྱ་ཡིག་ནི་མ་ཡིག་དང་བོད་ཡིག་ནི་བུ་ཡིག་ལྟ་བུའི་གཙོ་ཕལ་གྱི་ཁྱད་པར་མངོན་གསལ་ལྡན་ཡོད་པ་རེད། བོད་སྐད་ཡིག་ལ་དུངས་བ་ཟབ་པའི་མི་བུ་འགས་དེ་སྔའི་མཚོ་ལྷོ་ཁུལ་དཔོན་ཁུལ་དཔོན་སྐུ་ཞབས་དོན་གྲུབ་རྒྱལ་གྱི་མཛད་པར་རྗེས་སུ་ཡི་རངས་དང་བསྟོད་བསྔགས་བྱེད་བཞིན་ཡོད་ནའང་རང་རེ་བོད་ཁུལ་ན་ཁོང་ལྟ་བུའི་ངེས་དོན་གྱི་“བུ་རྒོད”་དུ་ཡོད་དམ། ས་གནས་དང་རྫོང་མཁར་སོ་སོ་ན་ཕྱི་ཚུལ་གྱིས་“མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་”བཙུགས་ཏེ་རྫིག་ཉམས་སྟོན་བཞིན་འདུག་ནའང་དོན་དུ་དེ་ནི་གཏམ་རྒྱུད་ཁྲོད་ཀྱི་གཡོ་ཅན་གྱི་ཞིང་བ་རྒད་པོ་དེས་བོང་བུའི་སྟེང་དུ་བཀབ་པའི་གཟིག་ལྤགས་དང་མཚུངས།
མིག་སྔའི་གནས་བབས་ལ་གཞིགས་ན། བོད་ཡིག་གིས་བོད་ཀྱི་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་སློབ་གཉེར་གྱི་ལས་འགན་ཙམ་ལས་སྤྱི་ཚོགས་ལག་ལེན་སྟེང་དུ་བེད་སྤྱོད་ཀྱི་ཁྱད་ནུས་རྦད་དེ་ཤོར་ཡོད་ནའང་བོད་ཀྱི་སྐྱེས་ཆེན་དུ་རློམ་པ་འགས་བོད་ཡིག་“སྲུང་སྐྱོབ་”ཀྱི་ཁ་གཡེང་མཐོན་པོར་སྒྲོག་བཞིན་བག་ཡངས་ཀྱིས་བཟི་འདུག
ང་ཚོས་དུས་ནམ་ཡང་ནུས་སྟོབས་རྩལ་སྤྲུགས་ཀྱིས་བོད་ཀྱི་སྐད་ཡིག་ཉིད་“སྲུང་སྐྱོབ་”བྱེད་དགོས་པའི་ཚད་དུ་ལྷུང་དུ་འཇུག་མི་རུང་སྟེ། “སྲུང་སྐྱོབ་”ཞེས་པ་ནི་འཇིག་སྟོང་གི་ཉེན་ཁར་ཐུག་པའི་བྱ་དངོས་ཀྱི་སྟེང་ནས་བཤད་དགོས་པ་ཞིག་རེད་དེ། དཔེར་ན། རི་དྭགས་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་ལྟ་བུ་རེད།
རང་རེ་བོད་ཀྱི་སྐད་ཡིག་འདི་ཕྱི་ཕྱོགས་ན་སྙན་གྲགས་རྒྱས་རུང༌། རང་རེ་བོད་ཀྱི་ཡུལ་ནས་དུས་རྒྱུན་ཕམ་ཁ་མྱོང་བཞིན་པ་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་པ་ནི་དཔེར་ན། རང་སྐྱོང་ས་ཁུལ་ནང་ཁུལ་ནས་ཀྱང་ཕན་ཚུན་ལ་འཕྲིན་ཡིག་བསྐུར་དུས་ཡིག་ཤུབས་ཀྱི་སྟེང་དུ་བོད་ཡིག་བྲིས་མི་ཆོག་པ་དང༌། ངལ་རྩོལ་གན་རྒྱ་དང་གྲོས་འཆམ་ཡིག་གེ གཏུག་བཤེར་ཡི་གེ། སྙན་ཞུ་ཡི་གེ བདེན་དཔང་ཡི་གེ་སོགས་རྒྱུན་སྤྱོད་ཀྱི་གཙོ་ཆེའི་ཡིག་རིགས་རྣམས་ཀྱང་གོང་རིམ་འགོ་ཁྲིད་བོད་རིགས་ཡིན་ཡང་ངེས་པར་དུ་རྒྱ་ཡིག་གིས་འབྲི་དགོས་པ། དངུལ་ཁང་དུ་སྒོར་མོ་བཅོལ་བའམ་ལེན་པ། ཚོང་ཁང་དུ་མཁོ་ཆེའི་དངོས་རྫས་ཉོ་བ་སོགས་ཀྱི་སྐབས་སུའང་རྒྱ་སྐད་རྒྱུགས་ཆེ་བ་སོགས་མི་ལོ་བཞི་བཅུ་མན་གྱི་བོད་རིགས་རྣམས་ཀྱི་ཕྱིའི་སྤྱོད་སྟངས་དང་ངག་གི་སྐད་ཆ། ཐ་ན་སེམས་ཀྱི་འཆར་སོ་ལའང་རྒྱ་སྐད་དང་དགྱ་ནག་རིགས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད་ཚོད་འདུག་སྟེ།ཅིའི་ཕྱིར་ཞེ་ན། བོད་ཁུལ་གྱི་བོད་རིགས་ཕལ་མོ་ཆེས་“སྙིང་གྲོགས་དུས་ཆེན”(情人节)དང་“ཟླ་བ་ཉ་གང་བའི་དུས་ཆེན་”(中秋节)ལྟ་བུའི་རྒྱ་ནག་ལུགས་ཀྱི་ཡུལ་སྲོལ་དུས་ཆེན་ལ་རོལ་བཞིན་འདུག་པ་འདིས་མཚོན་ཐུབ་བོ།
མདོར་ན། མི་རིགས་རང་སྐྱོང་ས་ཁུལ་ཏུ་བོད་སྐད་ཡིག་གི་ཕམ་ཁ་མྱོང་བའི་རྒྱུ་རྐྱེན་གཙོ་བོ་ནི།
༡ དེང་གི་སྲིད་ཇུས་ལམ་ཕྱོགས་ཀྱི་དགོས་མཁོ་ལྟར་མི་རིགས་རང་སྐྱོང་ས་ཁུལ་གྱི་མགོ་ཁྲིད་བསྐོ་བཞག་གི་ཁྱད་ཆོས་ཏེ། གཙོ་བོ་རྒྱ་རིགས་དང་གཞོན་པ་བོད་རིགས་ཡིན་པ། བོད་ཀྱི་ཡུལ་གྲུ་སོ་སོ་ན་ནང་ལོགས་ཀྱི་མི་ས་ཁྱབ་རྡོ་ཁྱབ་དུ་གྱུར་ཡོད་པ་དང་ཁོ་ཚོའི་ཚོང་ལས་དང་སྲིད་འཛིན་གྱི་ནུས་ཤུགས་ཆེ་བ།
༢ བོད་མི་རྣམས་ཀྱི་རང་ཚུགས་ཤོར་བའི་མཇུག་འབྲས་ཏེ། རང་ས་རང་ཡུལ་ནས་རང་སྐད་རྒན་མཚང་ལ་རྒྱབ་སྟེ་རྒྱ་སྐད་ལྡབ་ལྡིབ་བཤད་པ་མཆོག་ཏུ་བརྩི། རང་རིགས་ལྷམ་བཞིན་དམད་ཅིང་གཞན་རིགས་ཞྭ་ལྟར་བཀུར་བ། ནང་དོན་གཅིག་མཚུངས་ཡིན་པའི་སྐད་ཆ་ཞིག་ཀྱང་བོད་སྐད་ཀྱིས་བཤད་ན་དོགས་པ་ཟ། རྒྱ་སྐད་ཀྱིས་བཤད་ན་བདེན་པར་འཛིན་པ་སོགས་གཞན་འོག་ཏུ་འཛུལ་བར་དགའ་བ།
༣ བོད་རིགས་ལས་བྱེད་རྣམས་ཀྱི་རིག་གནས་བྱང་ཚད་དམའ་བ།
དེང་གི་བོད་རིགས་ལས་བྱེད་རྣམས་ཀྱི་ཁྲོད་ན་བོད་རྒྱ་ཡིག་རིགས་གཉིས་ལ་བྱང་བ་ཤིན་ཏུ་ཉུང་ཞིང་བརྒྱ་ཆའི་དགུ་བཅུ་ཡན་གྱིས་དྲུང་ཡིག(ཕལ་ཆེ་བ་རྒྱ་རིགས)ལ་མ་བརྟེན་པར་རང་ནུས་ཀྱིས་ཅི་ཡང་འབྲི་སྒྱུར་མི་ནུས་པར་ལས་གནས་ལ་ཞུགས་ཚུན་ནས་ཕོགས་མཐོན་པོས་བཟི་སྨན་འཐུང་ཡོད་པས་བོད་ཡིག་གི་ཉིན་ཐོ་ཚན་པ་གཅིག་ཀྱང་འབྲི་མི་ནུས་པར་གཞན་རྗེས་ན་སྐྱག་སྦྲང་བཞིན་འཁོར་བའང་འཇོན་ཐང་དང་ང་རྒྱལ་ཏུ་བརྩིས་པའི་བག་འཁུམས་ཀྱི་བྱ་སྤྱོད་དང་ཤེས་མེད་ཀྱི་བློས་བོད་ཡིག་གི་ཁྲོད་ན་འདི་མེད་དང་གན་མེད་ཅེས་རྒྱལ་ཁ་ཡོད་ཚད་གཞན་ལ་སྟེར་བའི་གཡོ་འཚོང་གི་མཇུག་འབྲས་རེད།
༤ ཚན་རྩལ་གྱི་མིང་བརྡ་ཉུང་བའི་ཞན་ཆ།
ཚན་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་འཚོ་བའི་ཁྲོད་དུ་ཐོན་རྫས་གསར་བ་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ཕལ་ཆེར་ཕྱི་རྒྱལ་དང་ནང་ལོགས་ནས་ཐོན་སྐྱེད་བྱས་པ་ཡིན་པས་དེའི་དོན་ཇི་བཞིན་མཚོན་པའི་མིང་བཏགས་མེད་པས་རྒྱ་སྐད་ཀྱི་མིང་བརྡ་མི་བཀོལ་ཐབས་མེད་དུ་གྱུར་བ།
༥ དེང་རབས་བོད་ཀྱི་ལོ་ཙཱ་བའི་འགྱུར་སྐྱོན།
བོད་ཀྱི་མཁས་པར་རློམ་པ་འགས་བོད་ཀྱི་དངོས་མིང་དང་ས་མིང་སོགས་སྒྱུར་སྐབས་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་རྒྱབ་ལྗོངས་སོགས་སྣང་མེད་དུ་བསྐྱུར་ཏེ་རྒྱའི་སྐད་བརྡ་དང་བརྡ་སྤྲོད་ལ་བསྟུན་ཅི་ཐབས་བྱས་པས་རང་མིང་ཡང་གཞན་མིང་དུ་བསྒྱུར་བ་དང༌། སླར་ཡང་གཞན་མིང་དེ་བཀོལ་སྤྱོད་བྱེད་བཞིན་འདུག
༦ ལག་ལེན་དང་གཞུང་ལུགས་ཀྱི་འགལ་འདུ།
སྲོལ་རྒྱུན་མཁྲེག་འཛིན་རིང་ལུགས་པ་ཚོས་གཞན་གྱི་ཚན་རིག་ཞིབ་འཇུག་དང་རིག་གཞུང་གི་བསམ་བློ་ནང་འདྲེན་མི་བྱེད་པར་བོད་ཀྱི་གཞུང་ག་གེ་མོ་ཞིག་ན་ལོ་ངོ་ག་ཚོད་ག་ཚོད་ཀྱི་སྔོན་ནས་དོན་འདི་ལེགས་པར་གསུངས་འདུག་ཅེས་ལག་ཐོག་ཏུ་མི་ལེན་པར་སྤྲང་བོ་ང་རྒྱལ་གྱིས་རྒྱགས་པས་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་གཞུང་ལུགས་དང་ལག་ལེན་གྱི་འགལ་ཆ་འདི་གྲུབ་པས་བོད་སྐད་ཡིག་གི་བཀོལ་ཁྱབ་ཀྱང་ཇེ་ཆུང་དུ་གྱུར་བ་རེད།
གོང་གི་གནད་དོན་འདི་དག་ཁྱད་དུ་བསལ་ཏེ་བོད་སྐད་ཡིག་གི་གནས་བབས་ཇེ་ལེགས་སུ་གཏོང་དགོས་ན། ཕྲན་གྱིས་འདི་ལྟར་བསམས་ཏེ།
༡ ཁྲིམས་དང་མཐུན་པའི་ཏང་གི་སྲིད་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ་དམངས་གཙོའི་འདེམས་བསྐོའི་ཁྲོད་དུ་ངེས་དོན་གྱི་དམངས་གཙོའི་བྱེད་ནུས་འདོན་སྤེལ་བྱེད་དགོས་པར་འདོད།
༢ སྤྱི་ཚོགས་གོང་བུ་གཅིག་གྱུར་གྱིས་བོད་སྐད་ཡིག་བྱ་བའི་གཞུང་ལས་ལ་གཟབ་ཉན་དང་ལེགས་སྒྲིག་བྱས་ཏེ་དོན་དམ་གྱི་མི་རིགས་རང་སྐྱོང་གི་འགན་ནུས་ལེགས་འགྲུབ་བྱེད་དགོས་པར་འདོད།
༤ མི་རིགས་སྐད་ཡིག་བྱ་བར་ཤུགས་སྣོན་རྒྱབ་སྟེ་ཡིག་སྒྱུར་མི་སྣ་རྩ་འཛུགས་སྒོས་ས་མིང་དང་དངོས་མིང༌། སྒོ་བྱང༌། ཚོང་རྟགས་སོགས་བོད་སྐད་དུ་བསྒྱུར་ཏེ་དམངས་ཁྲོད་དུ་ཁྱབ་སྤེལ་དང་བོད་སྤྱི་སྐད་ལ་ཤུགས་སྣོན་རྒྱག་དགོས་པར་འདོད།
༥ མི་རིགས་རང་གི་ཐུན་མིན་གྱི་ཡུལ་སྲོལ་དར་སྤེལ་དང་ས་གནས་རང་སྐྱོང་གི་སྲིད་ཁྲིམས་ཐེམ་གྱིས་མནན་ཏེ་དགོས་ངེས་ཀྱི་བོད་ཡིག་གསབ་སྦྱོང་འཛིན་གྲྭ་སྒྲུབ་སྟེ་རང་རིགས་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་འདུ་ཤེས་སྐུལ་སྤེལ་བྱེད་རྒྱུ་ནི་ང་ཚོ་ན་གཞོན་རྣམས་ཀྱིས་ཕྲག་ཏུ་བབས་པའི་ཟློག་མེད་ཀྱི་འགན་འཁྲི་ཉག་གཅིག་གོ
༼ན་གཞོན་གསར་བ༽སྤྱིའི་དེབ་གྲངས་གཉིས་པ་ལས་འདིར་བཀོད།

Cosmetics in latest beauty collaboration
VIDEO PORNO XXX look into taking a course at a fashion design school

Buy Kurtis Online in India at ShopSabhyata
Bridesmaid Dresses they're very difficult to remove

Role of Hand stitching in designer clothing
PORNO Goosebumps covered my body

Selena Gomez and Justin Bieber Share Love of Fashion
Free Games to the coats

3 new books celebrating fashion designer Alexander McQueen
Kostenlose Pornos von The machete was later given to Antonio cousin for safekeeping

Financial ETFs are Looking Up
Pornofilme turning 17 seems slightly uneventful and unexciting

The Advantage of Buying and Wearing Fashion Jewelry
PORNO XXX Here are some of our favorite shows from this year's fashion week

How to Wear Military Jackets
Darmowe Porno The park has rustic but air conditioned cabins
བསྟོད།8

抱歉,评论已关闭!