ལྷ་མིའི་རོལ་རྩེད།

མེ་འཁྱེར།

དངོས་དོན་དང་བོ། སྤྱི་ལོ༢༠༠༦ལོར་མཚོ་སྔོན་ཞིང་ཆེན་སྐབས་དང་བོའི་གཡང་མདའ་རྟགས་མའི་དམངས་ཁྲོད་མདའ་རྩལ་འགྲན་སྡུར་རྨ་འགྲམ་གཅན་ཚའི་ཡུལ་ནས་འཚོགས་པ་དང༌།རྫོང་མཁར་འདི་ལ་མདའ་མོའི་ཕ་ས་ཞེས་པའི་མཚན་སྙན་ཐོབ་ལ་ཐེངས་དེའི་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན་ལ་དམངས་སྒོར་སྟོང་དྲུག་དང་ཞིང་ཆེན་རིམ་པའི་རྟགས་མ་གནངས། བྱ་དགའ་ཨང་དང་བོ་ཐོབ་མཁན་གྱི་ a སྡེ་བས་བྱ་དགའི་དངུལ་གྱི་ཕན་ཆད་ནས་ད་དུང་མདའ་བ་མི་རེས་དམངས་སྒོར་སུམ་བརྒྱ་ལྷག་དང་སྡེ་བ་གཞུང་ནས་ལུག་གསུམ་གྱིས་དམར་མཆོད་ལྷ་གསོལ་བྱས་པ་ཁྱོན་སྡོམས་དམངས་སྒོར་ཁྲི་གཅིག་ལྷག་གིས་ཡུལ་ལྷར་མཆོད་འབུལ་བྱས།
དངོས་དོན་གཉིས་པ། སྤྱི་ལོའི༠༠༧ལོའི་ཟླ་༩པར་ཀྲུང་གོ་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་ཚོགས་གཅན་ཚའི་ཡུལ་ནས་འཚོགས་ལ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག བོད་ལྗོངས། ཞིན་ཅང་སོགས་ཞིང་ལྗོངས་དུ་མའི་མདའ་བ་རྣམས་ལྷན་གཅིག་ཏུ་འཛོམས་ཤིང་མི་འགྱངས་པར་རྒྱལ་སྤྱིའི་མདའ་རྩལ་འགྲན་སྡུར་ཡང་གནས་འདི་ནས་བསྡུ་རྒྱུའི་ཐ་ཚིག་བསྒྲགས།ཚོད་དཔག་བྱས་པ་ལྟར་ན། མདའ་རྩལ་འགྲན་སྡུར་གྱི་ཉིན་དག་གི་རིང་ལ་མདོ་སྨད་ཡུལ་གྱི་གཞི་བདག་གྲགས་ཅན་ཁ་ཤི་ཙི་རྒྱ་ནག་ཤིང་མར་མཆོད་འབུལ་བྱས་ཚད་ཉིན་རེར་དམངས་སྒོར་ཁྲི་གསུམ་ལས་བརྒལ་བ་དང༌། རགས་རྩིས་བྱས་ན་ཉིན་རེར་ལུག་བཅུ་གྲངས་ཤིག་གི་སྲོག་བཅད་དེ་བསུར་མཆོད་བྱས་པ་རེད།
དངོས་དོན་གསུམ་པ། དམངས་ཁྲོད་མདའ་རྩལ་འགྲན་སྡུར་ཤུགས་ཆེར་འཕེལ་བ་དང་ བསྟུན་ནས་དགོན་སྡེ་བླ་སྤྲུལ་མང་བོས་འཚང་ཁ་ཤིག་ཤིག་གིས་ལྷ་ཁང་མང་བོ་བཞེངས་ཤིང་དམངས་ཀྱིས་བསང་མཆོད་ཀྱི་རྣམ་པ་སྔར་ལས་ལྡབ་འགྱུར་གྱིས་ཇེ་ཆེར་གྱུར་ལ། གཞི་བདག་ལ་དད་པའི་ཤུགས་ཀྱང་ཇེ་དྲག་ཏུ་གྱུར་ཏེ་དུད་སྤྲིན་གྱིས་གཡོགས་པའི་འཇིག་རྟེན་ཞིག་ཏུ་གྱུར།
བློས་བསླངས།
ང་ཚོས་འདས་སོང་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན། བོད་གདོད་མའི་གཡུང་དྲུང་ ལུགས་སུ་བཞེད་པའི་ལྷ་ཚོགས་རབ་དང་རིམ་པ་མང་པོར་མཆོད་འབུལ་དང་ཡིད་ཆེས་ཀྱིས་འཇིག་རྟེན་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་སྣ་ཚོགས་ལ་ལྷས་ཁ་ལོ་བསྒྱུར་ཅིང་ལྷའི་མདུན་དུ་མི་རྣམས་ལ་ནུས་པ་ཅི་ཡང་མེད་པར་སྐྱབས་སུ་འགྲོ་བའི་ཆོས་དེ་ཉིད་ནང་བསྟན་འཕེལ་བའི་འགྲོས་དང་བསྟུན་ནས་སེམས་ཅན་མང་བོར་འཚེ་བྱེད་ཀྱི་ལོག་ཆོས་སུ་བརྩིས་ཏེ་ཉམས་རྒུད་དུ་གྱུར་བ་དང༌། སྡིག་པ་ཅི་ ཡང་མི་བྱ་བའི་སངས་རྒྱས་བསྟན་པ་རྒྱ་ཆེར་དར་བས་འཇིག་རྟེན་པའི་ལྷ་རྣམས་གྲོགས་སུ་འཆའ་བ་ལས་སྐྱབས་སུ་མི་རེ་བའི་བཞེད་སྲོལ་དར་ལ། དཔལ་ལྡན་ཨ་ཏི་ཤས་སྟོད་ཀྱི་རྨ་རྒྱལ་སྦོམ་ར་འདྲེ་ཡིན་ལ་བོད་པ་ཐམས་ཅད་འདྲེ་ཡིས་རྗེས་འབྲངས་ཡིན་པར་བཤད་པའང་དོན་ལ་བོད་གདོད་མའི་ཆོས་ལུགས་དེ་ཉིད་ལ་ཟུར་ཟ་མཛད་པ་ཞིག་ཡིན་ནོ། ཡིན་ཡང༌། མི་རིགས་ཤིག་གི་གཉུག་མའི་ ཞེ་རྒྱུད་ལ་ཟུག་པའི་རིག་གནས་སེམས་ཁམས་དེ་རྩ་བ་ནས་བསྒྱུར་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ་བསྟན་པའི་རྗེས་འཇུག་རྣམ་དག་ཏུ་སེམས་པའི་མཁས་ཆེན་མང་བོས་ཀྱང་ཡུལ་ལྷ་གཞི་བདག་གི་ཚོགས་རྣམས་ལ་ས་བཅུ་ལམ་ལྔའི་རིམ་པ་ཕྱེས་ཤིང་ས་བཅུ་བ་ཐོབ་པའི་ཨ་མྱེས་རྨ་ཆེན་དང་ས་བརྒྱད་པ་ཐོབ་པའི་ཨ་མྱེས་སྲིན་རྒན་སོགས་ཀྱི་དབྱེ་བ་ཕྱེས་ཏེ་སེམས་ཅན་ཐམས་ཅད་འཚང་རྒྱ་ངེས་ཡིན་པའི་ཁྱབ་བ་བཀོད་པ་དང་གཞི་བདག་གི་མཐུ་ནུས་ཆེ་ཆུང༌། མཁྱེན་པའི་ཤོངས་རྒྱ། འཁོར་གྱི་རིམ་པ། སྐྱོབ་མཛད་ཀྱི་མྱུར་ཚད། བཙན་གཉོམ་གྱི་དབྱེ་ཁྱད་སོགས་མངོན་སུམ་གྱིས་མཐོང་བ་བཞིན་འཇིག་རྟེན་གྱི་མིའི་རྣམ་པ་དང་མཚུངས་པར་གཉོམ་ཆུང་གི་མི་རྣམས་ལ་མགོན་སྐྱབས་བླ་ མེད་ཅིག་གསར་བཞེངས་བྱས་ཡོད་ལ་མཆོད་བཀུར་ཚད་ཀྱིས་མཐུ་ནུས་ཀྱི་ཚད་མཇལ་ནུས་པའི་ རུལ་སུངས་ཅན་གྱི་དད་སྟོབས་ཤིག་གི་དབུ་ཡང་བརྩམས་འདུག དེ་ལྟར་ན་བཟང་ལ་བཟང་བོའི་གྲོགས་སུ་འབྱོར་བ་དང་ངན་ལ་ངན་པའི་གྲོགས་སུ་འབྱོར་བའི་གཞི་བདག་དེ་དག་གི་སྤྱན་ལམ་ན་མཆོད་བཀུར་གྱི་མང་ཉུང་དང་འཇིག་རྟེན་གྱི་མི་ནང་བཞིན་བཟའ་བཏུང་ལྟོ་གོས་ཀྱི་མཆོག་དམན་ལས་བཟང་ངན་དགེ་སྡུག་གི་དབྱེ་བ་མེད་ལ་སོས་དལ་དུས་མ་བཞིན་མཆོད་ཅིང་བཀུར་ན་བྲེལ་ཆེ་ དུས་བུ་བཞིན་སྐྱོབ་ཅིང་སྲུང་བའི་ཕྱོགས་ཞེན་གྱི་འཚོ་བའི་གོམའ་ལུགས་གྲུབ་ཅིང། རྣམ་རྟོག་སེམས་ཀྱི་བསྐུལ་བའི་དད་པ་ལས་འགྲན་སེམས་དང་ཆགས་སྡང༌། རྨོངས་ཞེན་གྱི་གཤིས་རྒྱུད་ཨ་འཐས་སུ་གྱུར་བ་རེད།ཕྱི་དགྲ་བོར་འཐབ་དུས་གཞི་བདག་ལ་མཆོད་འབུལ་བྱེད། མདའ་རྩེད་མོ་རྩེད་དུས་ཡུལ་ལྷར་གཡབ་མོ་བྱེད། ལས་བྱ་བ་སྒྲུབ་དུས་ཡུལ་ལྷ་སྐྱབས་སུ་རེ། བུ་འདོད་པ་གང་དེས་ཀྱང་ཡུལ་ལྷར་སློང་བ་སོགས་མིའི་དོན་བྱ་མཐའ་དག་ཡུལ་ལྷ་དང་མ་འབྲེལ་བ་གཅིག་ཀྱང་མེད་པར་ཡོད་ཚད་འཇིག་རྟེན་ལྷའི་དགོངས་བཞེད་དང་བསྟུན་ཚེ་མི་ཡིས་སྟོབས་ཀྱིས་སུ་ལ་ཅི་ཞིག་བྱ། དུས་ རབས་སྔོན་མའི་ནང་དུ་བོད་པ་ཁྲི་སྟོང་མང་བོ་ཞིག་གིས་སྐྱེས་བ་ནས་མཆོད་ཅིང་བཀུར་ལ་དད་པའི་གཏིང་རུམ་དུ་སིམས་པའི་རྒྱལ་ཆེན་ཤུགས་ལྡན་ལྟ་བུ་ཡུལ་འདིའི་སྲུང་སྐྱོབ་ལ་གཡེལ་བ་ཡོད་པར་ བཤད་དེ་མཐར་བསྐྲད་པ་བཞིན་ད་ལྟའི་ལྷ་འདི་རྣམས་ཀྱང་བསྐྲོད་འདོད་ཚེ་བསྐྲད་ཆོག་པ་ཞིག་ ཡིན་ན། མ་རུངས་ལས་ངན་ལའང་གྲོགས་བྱེད་པའི་ལྷ་འདི་དག་སྔ་མོ་ཉིད་ནས་བསྐྲད་ན་ཅིས་མི་ ཆོག ད་དུང་སྡེ་བ་རེ་ལ་གཞི་བདག་རེ་དང་ཁྱིམ་ཚང་རེ་ལ་ཡུལ་ལྷ་རེ། མི་རེ་རེར་ལུས་ལྷ་རེ། ཐབ་ལྷ། དགྲ་ལྷ། སྡིག་ལྷ། ནོར་ལྷ་སོགས་ལྷ་ཚོགས་ཇེ་མང་དང༌། རི་མཐོན་པོ་རེའི་ཕུགས་ན་ལྷ་རེ། ལྷ་རེ་རེའི་མདུན་ན་ཁྲི་རེ། ཁྲི་རེ་རེའི་ཐོག་ན་བསང་རེ། གྱོད་ཁ་མཆུ་གཉིས་ཀྱི་གཞི་མར་གྱུར་བ་འདི་སུ་ཡིས་ཟློག
འཛམ་གླིང་ཤེས་རིག་སྣ་མང་གི་འཕེལ་ཕྱོགས་དང་བསྟུན་ནས་མི་རིགས་སོ་སོའི་དམངས་ཁྲོད་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་ཚ་རླབས་འཕྱུར་བ་འདི་ཤིན་ཏུ་དགའ་འོས་བ་ཞིག་ཡིན་ཡང་ང་ཚོས་རྒྱུན་འཛིན་བྱས་པ་ནི་ལྷ་ལ་དད་པ་དང་ང་ཚོས་དར་སྤེལ་བྱེད་པའང་ལྷའི་དགོངས་པ་རེད།བོད་མི་རིགས་ཀྱི་དམངས་ཁྲོད་བྱ་འགུལ་སྣ་ཚོགས་ལྷ་དང་མ་འབྲེལ་བ་གཅིག་ཀྱང་མེད་ལ་ལྷ་ལ་མ་བསྟེན་པའང་གཅིག་ཀྱང་མེད་པས་དུས་རབས་གསར་བའི་སྐབས་འདིར་མིའི་ལྷན་སྐྱེས་ཀྱི་ གཤིས་གཙང་དེ་དར་སྤེལ་དང་ལྷའི་ཆོ་འཕྲུལ་གྱི་ཆ་རྣམས་དོར་བར་རིགས་ཀྱང་རང་ལ་ཡིད་མི་ཆེས་པར་ལྷ་ལ་ཡིད་ཆེས་ཤིང་རང་གི་ལེགས་འབྲས་ཀྱི་བདེན་ཁ་ཐམས་ཅད་ལྷ་ལ་བྱིན་ཞིང་ལྷའི་ནུས་ འཛོལ་གྱི་ཆ་རྣམས་རང་གི་བླངས་ཏེ་རྒྱལ་ཁ་ཡོད་ཚད་ལྷ་ལ་བཅོལ་བ་བཟང་ལ་བརྩི། གལ་ཏེ་ང་ ཚོས་གནའ་ནས་མཆོད་ཅིང་བཀུར་བའི་ལྷ་འདི་རྣམས་ལ་དྲག་པོའི་གཡུལ་ལ་ཐོགས་པ་མེད་ཅིང་ འབྱུང་བཞིའི་འཇིགས་པར་མངའ་དབང་བསྒྱུར་བ། ཡུལ་གྲུ་འདིའི་མི་ཕྱུགས་ཐམས་ཅད་ལ་སྲུང་སྐྱོབ་གཡེལ་བ་མེད་པར་མཛད་པ་ཡིན་ན་དབྱིན་ཇིའི་བཙན་འཛུལ་གྱི་འཇིགས་པ་མྱངས་དོན་མེད་ལ། ཆུ་ལོག གངས་སྐྱོན། ཐན་སྐམ་སོགས་ཀྱིས་གདུག་རྩུབ་ཅི་ལ་མྱོང༌།
མིའི་རིགས་ཀྱི་ཁ་ན་འཚོ་བའི་ལྷ་འདི་རྣམས་མ་སྟོངས་བར་དུ་མི་རིགས་གང་དེ་དུས་རབས་ཀྱི་རྗེས་གཏན་ནས་ཆོད་མི་སྲིད་ལ་ཆོད་པའི་དབང་དུ་བཏང་ཡང་མི་འགྱངས་བར་ལྷ་དང་མིའི་ འབྲེལ་བ་རྒྱང་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་ངེས་ལ་མི་ལྷ་ལས་རྒྱལ་རྒྱུ་ནི་ཤེས་རིག་འཕེལ་བའི་ཆོས་ཉིད་ཉག་གཅིག་ཡིན།

Are denim jackets still in fashion
VIDEO PORNO XXX such as to protect us from the elements or to provide warmth

Important Things To Consider When Siding Seattle Homes
Bridesmaid Dresses bridal fasten approach for your future wife

Prescription Glasses Designed for Sports Minded People
VIDEOS PORNO some with buried pasts of their own

First Annual Pickup Picnic Canned Food Drive in Port Charlotte
Download Free Games The 1950s are considered a conservative time fashion wise

From Conception To Fashion Retail Floor
Kostenlose Pornos von The Art Institute of Seattle

the Best Way to Express our Love
PORNO FRANCAIS I love my tights with my shorts

Highly Quality Of The R4i 3D For 3DS
PORNO XXX selecting products and placing orders

How to Wear Military Jackets
Filme Porno professions in the fashion subject
བསྟོད།6

抱歉,评论已关闭!