ཡང་དཔར་བསྐྱར་དཔར་བརྒྱབ་པའི་མཁས་རློམ་པ།

ཐེའུ་རང་།

ཡོན་ཏན་རྒྱ་མཚོ་བསྐྱར་དཔར---མཁས་མིང་བར་རློམ་པའི་བཛ་ཚུལ་ཁྲིམས།
ཟླ་བ་ཁ་ཤས་ཀྱི་སྔོན་དུ་དྲ་ཐོག་ན་རྭ་རྒྱ་ཤེས་རིག་གླིང་གི་དགེ་མིང་འཛིན་པ་བཛ་ཚུལ་ཁྲིམས་ཀྱི་གཏམ་བཤད་ཅིག་འདུག་ལ་གཏམ་བཤད་དེ་ནི་ཟླ་དེའི་ཟླ་སྟོད་ཞིག་ལ་སེ་ར་དགོན་པའིགྲྭ་བཙུན་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་རང་མོས་གླེང་སྟེགས་སུ་སྤེལ་བའི*བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགལ་འབྲེལ་སྐོར་བཤད་པ*ཞེས་པའི་གཏམ་བཤད་དེར་གཟས་པ་ཞིག་རེད། སྤྱིར་ན་བཛ་ཚུལ་ཁྲིམས་ནི་གནའ་དེང་རིག་གནས་གཉིས་ལ་ཅུང་འདྲེས་ཆ་ཡོད་པའི་གྲྭ་བཙུན་ཞིག་རེད་ལ་དེང་གི་གྲྭ་བ་ཚོ་དང་སྐྱ་བོ་ཆོས་སྨྲ་མང་དག་ཅིག་གིས་ཁ་ན་མ་ཎི་འདོན་འདོན་བྱེད་ཀྱིན་པའི་ཤེས་ལྡན་པའི་རིགས་དེའང་ཡིན། དེའི་ཕྱིར་མྱི་མང་དག་ཅིག་གིས་ཁོ་རང་ཆེན་པོར་བཀུར་ནས་ཡོད་ལ་དེང་གི་གནས་ལུགས་བོར་ཏེ་དུང་ཞེན་ཁོ་ནའི་ཕྱོགས་སུ་རྒྱུགས་མཁན་གྱི་གྲྭ་བ་དེ་རིགས་དང་བསྡུར་ན་གྲྭ་བ་དྲང་མོ་ཞིག་རེད་ཅེས་རང་དང་ཅེས་པའི་གྲོགས་པོ་མང་པོ་ཞིག་གིས་གླེང་མྱོང༌། འུ་ཚོར་ཤིན་ཏུ་གསལ་ཆ་ལྡན་པ་ལྟར་སློབ་གླིང་དེ་གའི་གྲྭ་བཙུན་ཡོན་ཏན་རྒྱ་མཚོས《 བསམ་གཞིག་རྩེག་མ》ཞེས་པའི་ལྷུག་རྩོམ་དེ་རུ་མྱི་ཤི་རྟ་འགྱེལ་གྱི་གྱོད་ཁ་སློངས་བ་ལྟར་ན་གཞོན་ཤེས་ལྡན་པ་ཁ་ཤས་ལ་བཟོད་ཐབས་བྲལ་བའི་མི་གཞི་དམའ་འབེབས་བྱས་ཡོད་ལ་དེ་ནི་རང་རེའི་རྩོམ་རིག་གར་སྟེགས་དང་རིག་གནས་བགྲོ་གླེང་གི་ཁོར་ཡུག་ཁྲོད་བྱུང་བའི་ཆེས་སྐྱུག་བྲོ་བའི་སྐྱོ་གར་ཞིག་ཏུའང་ཀུན་ནས་གླེང་གི་འདུག་པ་དེ་ལྟར་རེད། ཐེངས་འདིར་དྲ་བ་ལས་བཛ་ཚུལ་ཁྲིམས་ལགས་ཀྱིས་ཀྱང་ཧ་ཅང་གོམས་ལོབས་སུ་སོང་བའི་གོལ་ལམ་དེ་ནས་སྐྱོ་གར་དེ་རིགས་འཁྲབ་ཀྱིན་ཐོན་བྱུང༌། ཁོས་གནས་ལུགས་དང་བདེན་པ་རྒྱབ་དུ་དབོར་ཤིང་ཨུ་ཚུགས་དང་དུང་ཞེན་གྱིས་མདུན་ནས་བསླངས་ཏེ་གྲྭ་བཙུན་ཤེས་ལྡན་པ་སྒོ་ཤེས་རབ་ལགས་ལ་སྡིགས་དམོད་དང་མི་གཞི་དམའ་འབེངས་བྱས་པ་ཧ་ཅང་ཡིད་སྐྱོ་ཞིང་ཡ་ང་བའི་གནས་སུ་འདུག ཁོས་གཏམ་བཤད(ངས་ནི་དེ་ལ་སྡིགས་ཚིག་ཅེས་ཏེ་འབོད་གི་ཡོད)དེ་ལ་བདག་གིས་སྔ་རྗེས་སུ་ཐེངས་གཉིས་ཙམ་ལ་ཉན་མོད་དོན་དམ་རྒྱུ་འབྲས་བློ་མིག་གིས་དབྱེ་འབྱེད་བྱས་ཤིང་གནས་ལུགས་དྲང་དོན་གྱིས་རྒྱབ་རྩ་བྱས་པའི་སྐད་ཆ་ཞིག་ཡོད་པར་མ་མཐོང༌། ཁོས་སྒྲ་སྤྱི་ཙམ་ལ་བརྟེན་ནས་ཕ་རོལ་བར་དགག་གཞག་བྱས་ཡོད། གལ་ཏེ་ཏག་ཏག་ཕ་རོལ་བའི་ལྟ་ཚུལ་འཐད་ལྡན་དུ་མི་བཀུར་ན་རང་ཉིད་དངོས་སུ་སོང་ནས་ཕ་རོལ་བའི་ཅི་བཤད་གང་ཟེར་ལ་ཉན་དགོས་ལ་དགག་པར་བྱ་བའི་ཡུལ་གྱི་གནད་ཚིག་རེ་རེ་གསལ་པོར་འཛིན་དགོས་པ་ལས་གཞན་གྱི་ཟེར་སྒྲོས་ཙམ་གྱི་རྗེས་སུ་འབྲངས་ནས་ཀུ་ཅོ་འདོན་མི་འོས། འོན་ཀྱང་བཛ་ཚུལ་ཁྲིམས་ཀྱིས་སྐད་ཆའི་མགོ་མཇུག་ཀུན་ཏུ*ངའི་གོ་བ་ལྟར་ན་དེ་ལྟར་ཟེར་གི*ལྟ་བུའི་རང་ལ་དགག་གཞག་གི་རྒྱབ་རྩ་འདེད་རྒྱུ་གང་ཡང་མེད་པར་ཟེར་སྒྲོས་ཙམ་གྱི་དབང་དུ་རྒྱུགས་ནས་སྒོ་ཤེར*མྱི་མ་རེད་ཁྱི་རེད*སོགས་ཀྱི་མི་གཞི་ཁྱད་གསོད་བྱས་འདུག་ལ། དེ་མིན་ཁོས*ཆོས་ལུགས་ལ་དགག་པ་ཡ་མཚན་རྒྱག་གི* སོགས་ཀྱི་མཚོན་པའི་རྫུན་བཟོ་ཡིས་སྒོ་ཤེས་རབ་ལ་ཉེས་མེད་ཉེས་འགེལ་བྱས་འདུག དོན་དམ་པར་སྒོ་ཤེར་གྱིས་རང་ཉིད་ཆོས་པ་ཞིག་ཡིན་པའི་ངོས་ཐད་ནས་ནང་བསྟན་ཆོས་ལུགས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་སྐད་ཆ་ལབ་པ་ལས*དགག་པ་ཡ་མཚན*ཞིག་གང་ནས་བརྒྱབ་སོང༌།སྒོ་ཤེར་གྱིས་བཛཱ་ཚུལ་ཁྲིམས་ཀྱི་གམ་ནས*དགག་པ་ཡ་མཚན*ཞིག་བརྒྱབ་པ་མིན་ན་ངེད་སློབ་གླེང་ནས་གཏམ་བཤད་བྱེད་དུས་ཆོས་ལུགས་ལ་དགག་པ་ཅི་ཡང་བརྒྱབ་མ་སོང༌།

གལ་ཏེ་སྐད་ཆ་དེ་དག་གོ་ཐོས་ཙམ་ཡིན་ན་ཁོ་རང་ཤེས་ལྡན་པ་ཞིག་ཡིན་པས་ཆ་ནས་བརྟག་དཔྱད་ནན་ཞིབ་ཀྱིས་དོན་གྱི་ཕུ་ཐག་འཚོལ་དགོས་པ་ལས་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་གོ་ལོས་ཐོས་ལོས་དེ་ཙམ་པོ་ཁྱེར་ནས་རིག་གཞུང་བགྲོ་གླེང་གི་ཁོར་ཡུག་ནས་ངར་ངར་སྟག་གི་རང་གཤིས་གྱོང་བོ་དེ་འདྲ་བཟུང་ན་ག་ལ་འགྲིག་ཏེ། སྣང་ཚུལ་དེས་འུ་བུ་ཅག་གི་སྣང་ངོར་བཛ་ཚུལ་ཁྲིམས་ནི་དུང་ཞེན་མེ་ལྟར་འབར་ཞིང་ཨུ་ཚུགས་རྭ་ལྟར་གྱོང་བ། གནས་ལུགས་མི་བརྩི་ཞིང་བདེན་དོན་མི་སྲུང་བའི་གྲྭ་བཙུན་ཞིག་ཡིན་པ་ར་སྤྲད་སོང་ལ། རང་རེའི་རིག་གནས་བགྲོ་གླེང་གི་མཁའ་དབུགས་སུ་ཡོན་ཏན་རྒྱ་མཚོ་རྙིང་བ་ཞིག་བསྐྱར་པར་བྱས་ཤིང་སྐད་ཆའི་རྙིགས་རོ་ཇེ་མང་དུ་ཕྱིན་པའི་ནག་ཉེས་ཀྱང་བསོགས་པ་མ་ཡིན་ནམ།

བཛ་ཚུལ་ཁྲིམས་ཡང་དཔར----སྙན་ངག་པར་རློམ་པའི་སྐྱབས་ཆེན།

ཉེ་ལམ་བོད་ཡིག་དྲ་ཚིགས་སུ་མི་རབས་གསུམ་པ་དང་སྐུ་ཞབས་ཞོགས་དུང་སོགས་ཀྱི་སྐོར་ནས་གླེང་གཞི་སྣ་ཚོགས་བྱུང་གི་ཡོད་ལ་དེ་དག་ལས་ཀྱང་ཆེས་སྐྱུགས་བྲོ་བ་ཞིག་ཡོད་པ་ནི་སྐྱབས་ཆེན་གྱི་*ཞོགས་དུང་དོང་སྤྲུགས*ཅེས་པའི་རྩོམ་ཡིག་དེ་རེད། ངས་འདི་ལྟར་གླེང་འོང་ན་སྐྱབས་ཆེན་སོགས་ཀྱིས་བདག་ལ*ཁྱོད་ཀྱིས་ཞོགས་དུང་གི་འཕུང་མགོ་ལྡག་གི་འདུག*ཅེས་ཏེ་དེ་སྔའི་རྩོམ་ཡིག་ཁྲོད་ཀྱི་སྐད་ཆ་རྙིང་བ་དེ་དག་ཡང་བསྐྱར་ལྷུ་རྐང་བསྒྲིགས་ཏེ་ཅི་ཞིག་བཟོད་ཐབས་བྲལ་བའི་སྒོ་ནས་དབུགས་ཁ་ལྷེམ་ལྷེམ་གྱིས་བཤད་རྩིས་བྱེད་ཅིང་སྲིད་མོད། ཁོ་བོར་མཚོན་ན་ངག་ཐོག་ཡིག་ཐོག་གང་རུང་དང་དྲ་བ་དང་དུས་དེབ་གང་རུང་ལས་སྐད་ཆ་མང་པོ་མང་པོ་ཞིག་བཤད་དོན་དེ་སུ་ཞིག་གི་རྗེས་སུ་འབྲངས་ཕྱིར་མ་ཡིན་པར་རང་ཉིད་ཀྱི་བསམ་བློ་དེ་ཕྱིར་ལ་མངོན་པའི་ཆེད་དམ་གནས་ལུགས་ཀྱི་བུ་ཆུང་དམར་འབྱར་དེ་རང་ཤི་མི་རྒྱག་པའི་དོན་ནམ། ཡང་ན་སྤྱི་ཚོགས་ཀྱི་སྣང་ཚུལ་མང་པོ་ཞིག་ལ་གཡོལ་ནས་མི་འགྲོ་བར་གདོང་གཏུག་ཏེ་འགན་ཞིག་འཁུར་དགོས་སྙམ་པའི་ཀུན་སློང་ཁོ་ནས་ཡིན། དེའི་ཕྱིར། རིག་གནས་བགྲོ་གླེང་གི་ཁོར་ཡུག་ལ་འབག་བཙོག་བཟོ་བའི་སྐད་ཆའི་གད་སྙིགས་སྤུངས་མཁན་གྱི་རིགས་དང་གནས་ལུགས་དམར་གསོད་ཀྱིས་ཨུ་ཚུགས་མཁྲེགས་འཛིན་བྱེད་མཁན་གྱི་རིགས་ལ་གཏན་ནས་གུ་ཡངས་གཏོང་རྩིས་མེད་ལ། ཁྱད་པར་དུ་རང་ཉིད་དྲ་བར་ཞུགས་མཁན་ཞིག་ཡིན་པས་ཆ་ནས་དྲ་ཐོག་གི་བསམ་བློ་དང་རིག་གཞུང་བགྲོ་གླེང་གི་བར་སྣང་ལ་ནག་ནོག་བཟོ་མཁན་དེ་རིགས་ལ་མཐའ་གཅིག་ཏུ་ཁ་གཏད་དུ་ལེན་པའི་སྤོབས་སེམས་བཅངས་ཡོད་པས་འདིར་ཡང་སྐྱབས་ཆེན་གྱི་རྩོམ་ཡིག་དེ་ལས་འཕྲོས་པའི་སྐད་ཆ་ཁ་ཤས་ཅིས་ཀྱང་མི་བཤད་ཐུ་མེད་ཀྱི་ལས་སུ་སྣང་སོང༌།

ཐོག་མར་སྐྱབས་ཆེན་ཀྱིས་རྩོམ་ཡིག་དེ་འདྲ་ཞིག་འབྲི་བའི་རྒྱུ་རྐྱེན་ལ་དམིགས་ཏེ་བཤད་ན། དེ་ནི་དྲ་བ་ལས་གྲོགས་པོ་ཁ་ཤས་ཀྱིས་བཤད་པ་ལྟར་སྐུ་ཞབས་ཞོགས་དུང་སོགས་ནས་མི་རབས་གསུམ་པར་འགན་འཁུར་གྱི་འདུ་ཤེས་མེད་པ་མི་འགྲིག་ཚུལ་གྱི་སྐད་ཆ་དེ་ཙམ་པོ་ཨེ་ཡིན་སྙམ་ཡོང༌། རྒྱུ་མཚན་དེ་སྔ་སྐྱབས་ཆེན་གཙོས་མི་རབས་གསུམ་པ་ཡིན་ཟེར་མཁན་གྱི་མི་དེ་དག་གི་ཁྲོད་ན་སྐུ་ཞབས་ཞོགས་དུང་དང་རིག་གནས་གསར་བའི་སྐོར་ལ་སྐད་ཆ་བཤད་མཁན་ཞིག་ཡོད་པ་རང་ནས་མ་རྟོགས་ལ་གཞན་གྱིས་ལབ་པའང་མ་ཐོས། ཡིན་ནའང༌། སྐུ་ཞབས་ཞོགས་དུང་སོགས་ནས་མི་རབས་གསུམ་པར་སྐད་ཆ་ཁ་ཤས་ལབ་པ་ནས་ཁོ་ཚོ་སྟེ། སྐྱབས་ཆེན་དང་སྐྱབས་ཆེན་འདྲ་བའི་ཚོགས་མི་དག་གིས་ཁ་སུ་སྔ་སྒོས་སྐུ་ཞབས་ཞོགས་དུང་གཙོས་རིག་གནས་གསར་བའི་ལྟ་ཚུལ་ལ་མི་འཐད་པའི་རྣམ་འགྱུར་འཛིན་མགོ་བརྩམས་བྱུང༌།དེའི་ཕྱིར། ཁོ་བོས་སྐྱབས་ཆེན་གྱི་རྩོམ་ཡིག་དེ་དེ་སུ་ཞིག་ལ་དགྲ་ཤ་ལེན་པ་ལྟ་བུའི་འཁོན་སེམས་ཀྱིས་བསླངས་བ་ཞིག་ལས་རིག་གནས་གསར་རྙིང་གི་དགག་གཞག་ཁྲོད་དོན་དམ་དུ་སྐྱབས་ཆེན་གྱི་ཀླད་པའི་སྒྲོམ་དུ་རིག་གནས་གསར་བར་ངོས་ཟིན་གཞན་ཞིག་སྐྱེས་པ་མ་རེད་འདོད། རིག་གཞུང་བགྲོ་གླེང་གི་ཁོར་ཡུག་ནས་རྩོམ་འབྲིའི་དམིགས་ཡུལ་གཙང་མ་ཡིན་དགོས་པ་ཧ་ཅང་གལ་ཆེན་ཡིན་མོད། ང་ཚོས་དམིགས་གསལ་གྱིས་སྐྱབས་ཆེན་ལ་གུ་ཡངས་ཐེངས་ཤིག་བཏང་ཏེ*གལ་ཏེ་རྩོམ་ཡིག་ཁྲོད་དུ་གནས་ལུགས་ཨེན་ཙམ་ལྡན་ན་རྩོམ་ཡིག་འབྲི་བའི་དམིགས་ཡུལ་ཕལ་བར་བཞག་ཆོག*ཅེས་ཏེ་ཁོའི་རྩོམ་ཡིག་ལ་ཞིབ་ལྟ་དང་ཕྱོགས་གཞན་ཞིག་ནས་གོང་ཐང་ཞིག་སྤྲད་ཆོག་ཆོག་ཡིན་མོད།ཧ་ཅང་བློ་ཕམ་པ་ཞིག་ལ་ཚན་ཁག་གཉིས་ཅན་གྱི་རྩོམ་ཡིག་དེ་གཉིས་ཀ་རུ་འདི་ན་གནས་ལུགས་ཤིག་འདུག་གོ་སྙམ་པའི་ཚིག་འབྲུ་གཅིག་ཀྱང་བདག་གིས་རྙེད་རྒྱུ་མ་བྱུང༌། ངས་འདི་ལྟར་ལབ་ན་གྲོགས་པོ་སྐྱབས་ཆེན་གྱིས*དེ་ནི་ཁྱོད་རང་རིག་པ་རྟུལ་བས་སོ*ཞེས་ཏེ་སྔོན་མ་ལྟར་གླེང་སྲིད་ལ་ཀློག་པ་པོ་མང་པོ་ཞིག་གིས་ཀྱང་དེ་ལྟར་འདོད་ཤས་ཆེ་བས།ངས་འདིར་ཁོས་བྲིས་པའི*ཞོགས་དུང་དོང་སྤྲུགས*ཅེས་པའི་རྩོམ་ཡིག་ཚན་པ་དེ་གཉིས་ལས་སྐད་ཆ་ཁ་ཤས་ཁོལ་དུ་ཕྱུང་ཏེ་ཁྱེད་ཚོར་བསམ་བློ་བཏོང་ཡུལ་དུ་བཤམས་ན།(གལ་སྲིད་ཞོགས་དུང་ནི་ཁྱི་རྒན་ཞིག་ཡིན་པའི་བཏང་ན་ཁོ་ནི་ཟུག་ཤེས་པ་ལས་རྨུགས་མི་ཤེས་པའི་ཁྱི་རྒན་ཞིག་རེད་ལ་གལ་སྲིད་ཁོ་ནི་རྨུགས་ཤེས་པའི་ཁྱི་རྒན་ཞིག་ཡིན་པའི་དབང་དུ་བཏང་ན་བདག་པོ་ལ་རྨུགས་པ་ལས་ཕ་རོལ་བོར་རྨུགས་མི་ཤེས་པའི་ཁྱི་རྒན་ཞིག་རེད)གལ་སྲིད་ཞོགས་དུང་གི་མདུན་ནས་རྐང་མགྱོགས་བསྒྲུབས་པའི་བྱིས་པ་དེ་ཚོ་ཁྱི་གུ་རེ་ཡིན་པའི་དབང་དུ་བཏང་ན་མིག་ཀྱང་ཕྱེ་མ་ཐུབ་གོང་ནས་རང་གི་མ་ནད་ཀྱིས་མནར་བ་དེའི་ནུ་མ་བསྣད་དེ་ཁྲག་དོན་དུ་འཇུག་པའི་ཁྱི་གུ་རེ་རེད། གལ་སྲིད་སྐྱབས་འགྲོ་དང་ལྟུང་བཤགས་ཀྱི་བར་དུ་ཞོགས་དུང་གི་དཔེ་ཆ་བཅུག་ཡོད་པའི་གྲྭ་བ་དེ་ཚོ་ཁྱི་མོ་རེ་ཡིན་པའི་དབང་དུ་བཏང་ན་སྲང་མདོ་ཆེ་ས་ན་བདག་པོ་མེད་པར་ལུས་ཤིང་ཁོག་སྨད་རུལ་ཏེ་འབུ་སྲིན་གྱིས་བསྐོར་བའི་ཁྱི་མོ་རེ་རེད།)འདི་ལྟར་གནས་ལུགས་བོར་ཞིང་དམོད་ཚིག་ཁོ་ནས་ཕ་རོལ་བའི་མི་གཞིར་རྡོག་རྫི་བྱེད་པ་ནི་ཤེས་ཡོན་པ་ཞིག་མ་ཟད་ཆེས་སྤྱིར་བཏང་གི་གྲོང་མི་ཕལ་བ་ཞིག་ལ་མཚོན་ནའང་ཇི་འདྲའི་སྐྱུགས་མེར་བའི་བྱ་སྤྱོད་ཅིག་རེད་ཨང༌།

ཁོས་རྩོམ་མཇུག་ཏུ་ཅི་ཞིག་ཡིན་མདོག་ཁ་བོས(ཐེངས་འདིར་ཀླད་པའི་ནང་གཅིན་སྐྱག་གིས་གང་ཡང་ད་དུང་མི་བུ་མི་བུ།བློ་འབྱེད་བློ་འབྱེད། ཤེས་ཡོན་པ་ཤེས་ཡོན་པ་ཟེར་བའི་ཁྱོད་ཚོས་ཅི་འདྲའི་མང་པོ་ཞིག་ལབ་ཀྱང་ལན་ཚིགགཅིག་ཀྱང་སློག་ན་གསེར་ཡུམ་བརྒྱ་ཐམ་པ།རྒྱུ་མཚན་ནི་ཁྱོད་ཚོས་ཅི་ཟེར་ད་ནས་ཤེས་མི་འདུག་གི་ན་བཀའ་འགྱུར)ཅེས་ཏེ་བྲིས་འདུག་ལ། གསེར་ཡུམ་དང་བཀའ་འགྱུར་སོགས་ཀྱི་མཚོན་པའི་མནའ་ཚིག་གིས་རྩོམ་ཡིག་ཧྲིལ་པོའི་རྒྱབ་རྩ་སྲུང་ཁུལ་བྱས་ཡོད་མོད་བསམ་བློ་གཏོང་མི་ཤེས་པའི་མྱི་ཞིག་མིན་ན་ཚིག་ཀ་འདི་དག་གིས་ཁོ་རང་གིས་རང་ལ་གནས་ལུགས་མེད་པ་ཁས་བླངས་ཟིན་པ་རྟོགས་སྲིད་ལ་དེ་སྔ་*སྒོ་ཤེར་ཁྱི་རེད*ཟེར་མཁན་གྱི་བཛ་ཚུལ་ཁྲིམས་གསར་བ་ཞིག་ཀྱང་ཡང་དཔར་བྱས་འདུག་པ་གསལ་པོར་རྟོགས་ཡོང༌།

སྐྱབས་ཆེན་སླར་དཔར---རབ་འབྱམས་པར་རློམ་པའི་རྨ་བཟོད།

རིག་གནས་བགྲོ་གླེང་བྱེད་ས་ནས་དགའ་ཁ་འཐེན་ཕྱོགས་སུ་ལྷུང་མི་འོས་པ་ནི་ཆེས་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད་ལ།གནས་ལུགས་དང་བདེན་པ་སུ་ལ་ཡོད་ན་དེ་ལ་བཀུར་ཞིང་སུ་ཞིག་གིས་རང་ལྟ་མཆོག་འཛིན་དང་དུང་ཞེན་གཅེས་འཛིན་གྱིས་བདེན་པ་སྣོག་ཞིང་གནས་ལུགས་བསུབས་ཀྱིན་ཡོད་ན་དེ་ལ་སྨྱུ་གུའི་སྣེ་གཏད་ཅིང་བསམ་བློས་གདོང་བཙུགས་ཏེ་དགག་གཞག་སྤྲོ་རྒྱུ་ནི་ཤེས་ལྡན་པ་རྣལ་མ་ཞིག་གི་ལས་ཀ་རེད། འཇར་མན་པ*ང་རང་དགེ་རྒན་ལ་དགའ་མོད་གནས་ལུགས་ལ་དེ་བས་ཀྱང་དགའ*ཞེས་པ་བཞིན་དུ་གནས་ལུགས་ཀྱི་སྔུན་ནས་མཐོན་པོ་དཔོན་པོ་དང་བཟང་ས་དགའ་ས་ཞེས་ཏེ་གུ་ཡངས་གཏོང་ས་ཡོད་མི་སྲིད་ལ་གཏོང་ཀྱང་མི་འོས།གལ་ཏེ་གནས་ལུགས་ཀྱི་སྔུན་ནས་གྲོགས་པོའི་མཛའ་བརྩེ་དང་དཔོན་པོའི་ངོ་སོར་བལྟས་ཏེ་དུང་ཞེན་གྱི་སྐད་ཆས་བདེན་པ་སྣོག་ན་དེ་ནི་ཤེས་ཡོན་པ་ལྟ་ཅི། ཚུལ་འཆོས་དང་གཡོ་སྒྱུ་ཆེ་ལ་རང་ཚུགས་དང་ཁེར་གཤིས་བྲལ་བའི་མི་བུ་ཐ་ཤལ་བ་ཁོ་ནར་བགྲངས་འོས།

གོང་སྨོས་ལྟར་དྲ་བ་ལས་རྩོད་གཞི་ཆེས་ཆེར་རྒྱས་པའི་བར་མཚམས་ཤིག་ལ་རྨ་ཆུའི་བཟོད་པ་ཟེར་བའི་ཀྲུང་དབྱང་མི་རིགས་སློབ་གླིང་གི་རབ་འབྱམས་པ་ཡིན་ཟེར་མཁན་ཞིག་གིས་གཞན་གྱི་པོད་ཁུག་གཡར་ཏེ*ཞོགས་དུང་སོགས་ཀྱི་གདོང་འབག་བཤུ་བ*ཞེས་པའི་རྩོམ་ཡིག་རིང་ལ་མི་ཐུང་བ་ཞིག་སྤེལ་འདུག་ལ། རྩོམ་བྱང་འོག་ཏུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པ་རྨ་ཆུའི་བཟོད་པ་ལགས་ཅེས་ཏེ་བྲིས་པ་མཐོང་རྗེས་དེ་མ་ཐག་ཏུ་ཀློག་འདོད་ཀྱི་མོས་པ་ཞིག་སྐྱེས་བྱུང་ཏེ། གཅིག་ན་ཁོ་རང་གནས་སའི་སློབ་ཆེན་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལགས་ན་རྒྱལ་སྤྱི་རྒྱལ་ནང་ཀུན་གྱི་རིག་གནས་བགྲོ་གླེང་གི་སྣང་ཚུལ་དང་རིག་གནས་གསར་རྙིང་གི་གདམས་བསེས།རིག་གནས་གསར་རྙིང་གི་རླབས་རྒྱུན་སོགས་ལ་གོ་ལོ་ཐོས་ལོ་ཡོད་སྲིད་ལ། གཉིས་ནས་མིང་ཐོབ་རབ་འབྱམས་པ་ཞིག་ཡིན་པས་ཆ་ནས་ཀྱང་གཞན་དང་བསྡུར་ན་ཤེས་བྱའི་ཆུ་ཚད་དང་དཔེ་ཀློག་གི་བསྡུར་ཚད།བསམ་བློའི་བྱང་ཚད། སྤྱི་ཚོགས་ཉམས་མྱོང་སོགས་ཕྱོགས་གང་ནས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡོད་སྲིད་འདོད་པས་ཀུན་སློང་གིས་རྩོམ་ཡིག་དེའང་ཞིབ་པར་ཐེངས་གཅིག་བཀླགས་པ་ཡིན། འོན་ཀྱང༌། བདག་གི་གོང་ཚད་མཐོ་སོང་བ་ཡིན་ནམ། གཞན་གྱི་རྩོམ་སྤུས་ཞན་སོང་བ་གང་ཡིན་ཆ་མ་འཚལ་མོད། རྩོམ་ཡིག་མ་ཀློག་གོང་གི་ཀུན་སློང་དང་བཀླགས་རྗེས་ཀྱི་མྱོང་ཚོར་གཉིས་ཀྱི་བར་ལ་བར་ཐག་རིང་པོ་ཞིག་གི་ཆོད་སོང་ལ་ཐ་ན་རྩོམ་ཡིག་བཀླགས་ཏེ་མཇུག་ཏུ་བུད་དུས་ཤུགས་རིང་ཞིག་ཀྱང་དབང་མེད་འདོན་དགོས་བྱུང་སོང༌།ཁོའི་རྩོམ་ཡིག་དེའི་ཚོགས་གསུམ་གྱི་བར་གསེང་རེ་རེ་ནས་མཐོང་འོང་བ་མཐོ་རིམ་སློབ་ཆེན་གྱི་སྡེ་ཡི་རབ་འབྱམས་པ་ཞིག་གིས་རིག་གནས་དགག་གཞག་སྤྲོ་པའི་ཚུལ་དེ་མ་ཡིན་པར་རྩེད་རྡོ་བསྒྲིགས་པའི་བྱིས་པ་ཞིག་གིས་འཁོན་འཛིང་བྱེད་པ་ལྟ་བུའི་སྐད་ཆ་འབའ་ཞིག་ཏེ། སྐུ་ཞབས་ཞོགས་དུང་གིས་ནུབ་བྱང་མི་རིགས་སློབ་ཆེན་ནས་བུད་མེད་དགེ་རྒན་ཞིག་ལ*ཁྱོད་ཀྱིས་རྩོམ་བྲིས་པ་འཁྱོངས་མི་འདུག*ཅེས་ཏེ་བཤད་རབས། *ཁྱོད་རྩོམ་ཡིག་འཁྱོངས་མི་འཁྱོངས་བལྟ་བར་སུས་བསྐོས་པ་རེད*དང*མི་རབས་གསུམ་པར་འགན་འཁྲིའི་འདུ་ཤེས་ཡོད་མེད་ཁྱོད་ལ་བབས་མེད་གི*གཅོད་པ་ཀླུ་རྒྱལ་གྱིས་ཞོགས་དུང་གི་རྐུབ་ཚོས་ལྡག་པ་དང་བདུད་ལྷ་རྒྱལ་གྱི་ཁ་ཆུ་འཐུང་གི་འདུག*སོགས་ཀྱི་མཚོན་པའི་ཕ་རོལ་བར་བསྙད་བསྐོ་ཉེས་འདོགས་ཀྱི་ཚིག་ཁ་བསྐོར་ཏེ་འཁོན་སློངས་པ་ལྟ་བུའི་སྐད་ཆ་ཁོ་ནས་རྩོམ་ཡིག་ཟད་པར་བྱས་འདུག་ལ།དེའང་ཞིབ་པར་བསམ་ན་སུ་ཞིག་ལ་གདོང་གྲོགས་བྱེད་འདོད་ཀྱི་ཀུན་སློང་དེས་སྔོན་ནས་བསྐྱེད་ཅིང་གང་ཞིག་ཕམ་པར་རྒྱག་འདོད་ཀྱི་ཕྲག་དོག་གིས་གཞུག་ནས་བསྐྱོར་ཏེ་འོངས་པའི་བསམ་སྤྱོད་རྩོམ་ཡིག་ཧྲིལ་པོ་ལས་གསལ་པོར་ཤེས་ཡོང་གི།

གཞན་ཁོས་རྩོམ་ཡིག་དེ་རུ་དེ་སྔ་ངེད་ཅག་མི་མགོ་དྲུག་གི་བཤད་པའི་ཡང་སྤྲུལ་ལམ་ལུགས་སྐོར་ནས་ཀྱང་སྐད་ཆ་ཁ་ཤས་བཤད་ཁུལ་བྱས་ཡོད་མོད།དེའང་ཁ་གསར་ནང་གི་ཚིག་གསར་དང་གནས་ལུགས་དོན་མཐུན་གྱི་སྐད་ཆ་རུ་མ་གྲུབ་ཏེ། *སྤྲུལ་སྐུ་ཞེས་པ་ནི་དགོས་དབང་གིས་མང་ཚོགས་ཀྱི་སེམས་ངོས་ན་ཡོད་པ་ཞིག་ཡིན་པས་ཁྱེད་ཚོས་མེད་ཟེར་ན་མེད་འགྲོ་བ་ཞིག་མ་རེད*ཅེས་པའི་གཏན་ཚིགས་དེ་བཀོད་ཡོད་གི ངས་བསམ་ན་ཁོས་གཞན་གྱི་ཟེར་སྒྲོས་ཙམ་ཞིག་སྒུམ་པ་ལས་ང་ཚོའི་གཏམ་བཤད་དེ་ལ་མིག་ཟུར་ཙམ་ཡང་བལྟས་ཡོད་ས་མ་རེད་འདོད་དེ།གལ་ཏེ་བལྟས་ཡོད་ན་གོང་གི་སྐད་ཆ་དེ་འདྲ་མ་མཐའ་ཡང་ཐོན་ས་མ་རེད། དེ་མིན་ན་རང་རེའི་རབ་འབྱམས་པ་ཆེན་མོས་ཐུགས་ཉམས་མ་བཞག་པར་ང་ཚོའི་གཏམ་བཤད་ལ་གོ་བ་ལོག་སོང་མ་གཏོགས་ང་ཚོས་རང་ཉིད་སློབ་ཆེན་པ་ཞིག་ཡིན་པས་ངོས་ཐད་དང་རང་ཉིད་རང་དབང་དང་རྩིས་ཐང་བརྩོན་ལེན་བྱེད་པར་དགའ་བའི་མྱི་ཞིག་ཡིན་པས་ཆ་ནས།མདོར་ན་མི་བུ་རང་སྟེང་ནས་མཐའ་མཇུག་གི་ལག་བརྡ་བཏང་བ་ཞིག་ལས་བོད་མི་ཁྲི་ཕྲག་མང་པོའི་སེམས་ཁ་ནས་ཀྱང་ང་ཚོ་བཞིན་ད་ལྟ་ཉིད་དུ་དོར་ཅིག་ཅེས་ཏེ་བཀའ་ལྟ་བུ་ཞིག་སྔོན་མ་རྩོམ་ཞིག་ལས་ཀྱང་ཕབ་མེད་ལ་ད་དུང་དེ་ལྟར་བཤད་གི་མེད། འོན་ཀྱང་ངེད་ཅག་གིས་ནམ་ཞིག་སྤྲུལ་སྐུའི་ལམ་ལུགས་འདིའང་རྒྱུན་ཆད་ལོས་འགྲོ་སྙམ་ནས་ཡོད་དེ།དགོས་དབང་གིས་ཐོན་འོང་བ་ཞིག་སླར་ཡང་དགོས་དབང་གིས་མེད་འགྲོ་ནི་རེད། དུས་རབས་ཀྱང་སྤྱི་ཚོགས་ཀྱིས་དང་ལེན་བྱེད་ཐབས་མེད་པའི་བྱ་དངོས་གང་ཞིག་ཡིན་ཀྱང་ནམ་ཞིག་མེད་འགྲོ་བ་ཆོས་ཉིད་ཡིན་ནི་རེད། དེ་ལྟར་རྩོམ་ཡིག་ཧྲིལ་པོར་ཞིབ་པར་བལྟས་འོང་ན་ཁོས་གནས་ལུགས་ཤིག་བཤད་གི་མི་འདུག་ལ་སུ་ཞིག་ཕྲག་དོག་གིས་བསྒྱེལ་ཨེ་ཐུབ་དང་སུ་ཞིག་དུང་ཞེན་གྱིས་བསྐྱོར་ཨེ་ཐུབ་ཁོ་ན་བལྟ་བཞིན་འདུག་པས་ངས་ནི་འདིར་རབ་འབྱམས་པར་རློམ་པའི་བཟོད་པ་ལགས་ཀྱང་སྐྱབས་ཆེན་སླར་དཔར་ཞིག་ལས་མ་འདས་ཅེས་ཏེ་བརྗོད་པའོ། །

Weighing The Pros And Cons Of Aeropostale
VIDEO PORNO XXX Americana themes are important in the collection

Print Lair of the Beasts
Prom Dresses Although celebrity clothing lines come a dime a dozen

But Still Walking the Runway for Fashion Week
PORNO as reported by UPI on Sept

July IPO Calendar Swells to 18 Deals
Free Games we're pretty sure Johnny Utah didn't know half the time

How to Remove Hair Dye From Your Hair
Kostenlose Pornos von They'll be back any minute now

Tips for choosing chandelier earrings
PORNO FRANCAIS taking this year's EPS in the past two weeks down to

Virtual Assistants Services from Offshore Contact Center India
Tube XXX you may have to factor in additional help constructing the outfits

Does The End of EGM Spell Doom for Game Magazines
Darmowe Porno support from my husband
བསྟོད།7

抱歉,评论已关闭!