ཁྱོད་རང་མི་ཡིན་པའི་བདེན་དཔང་ག་རེ།

མེལ་ཚེ་ཡིས་དྲ་ཐོག་ནས་བསྒྱུར།

མེ་འཁོར་དུ། མི་མང་པོས་འཚང་ཁ་རྒྱག་གིན་འདུག
མེ་འཁོར་པ་མཛེས་མ་ཞིག་གིས་ཞིང་པའི་བཟོ་ལྟ་ཅན་གྱི་མི་ཞིག་ལ་ཅེར་འདུག མོའི་མིག་ཟུང་གི་ཁ་གཏད་དུ།མི་དེ་རྐུན་མ་ཞིག་དང་མཚུངས།
ཅུང་ཙམ་འགོར་རྗེས་བུ་མོ་དེས་མི་དེར“འཛིན་བྱང་ཁྱེར་ཤོག”ཅེས་སྐད་བརྒྱབ།
མི་དེས་ཨམ་ཕྲག་ཕྱི་སློག་ནང་སློག་བྱེད་བཞིན་འཛིན་བྱང་ཞིག་བསྟན་ཡོང་།
མེ་འཁོར་པ་དེས་ཁ་སྣ་བརྫེ་བཞིན“འདི་བྱིས་པའི་འཛིན་བྱང་རེད” སྐད།
མི་དེ་ངོ་གདོང་དམར་པོར་གྱུར་ཅིང་སྐད་དམའ་མོས“བྱིས་པའི་འཛིན་བྱང་དང་དབང་བོ་སྐྱོན་ཅན་གཉིས་ཀྱི་འཛིན་བྱང་གི་རིན་གོང་གཅིག་པ་མིན་ནམ”ཟེར།
མེ་འཁོར་པས་མི་དེའི་མགོ་མཇུག་མེད་པར་ལྟ་ཡག་ཅིག་བྱས་རྗེས“ཁྱོད་དབང་བོ་སྐྱོན་ཅན་ཡིན་ནམ” ཞེས་དྲིས།
“ང་དབང་བོ་སྐྱོན་ཅན་ཞིག་ཡིན།”
“འོ་ན་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་ཁྱེར་ཤོག”
མི་དེ་འཚབ་བྱུང་། “ང་ལ་དབང་བོ་སྐྱོན་ཅན་གྱི་དཔང་ཡིག་མེད།འཛིན་བྱང་འཚོང་མཁན་གྱིས་ཀྱང་དཔང་ཡིག་དགོས་ཟེར་མོད་ང་ལ་ཐབས་བཀོད་མེད་པས་བྱིས་པའི་འཛིན་བྱང་ཉོས་པ་ཡིན”ཟེར།
མེ་འཁོར་པས་སྣ་དགོད་ཅིག་བྱེད་བཞིན“དཔང་ཡིག་མེད་ན་ཁྱོད་དབང་བོ་སྐྱོན་ཅན་ཡིན་པ་སུས་ཤེས”ཟེར།
མི་དེས་ཅི་ཡང་མ་བཤད། ཁོས་རང་གི་ལྷམ་ཕུད་ཅིང་དོར་མ་ཡར་བརྫེས་ཏེ་རྐང་མགོ་མེད་པའི་རྐང་པ་ཕྱེད་ཀ་དེ་བསྟན་བྱུང་།
མེ་འཁོར་པས་གསེག་བལྟ་བྱེད་བཞིན“ང་ལ་དགོས་པ་ནི་དཔང་ཡིག་ཡིན།དབང་སྐྱོན་མཉམ་ཚོགས་ཀྱི་ལྕགས་ཀྱི་ཐེམ་ཀ་ཡོད་པའི་དཔང་ཡིག་དེ་ཡིན” ཟེར།
མི་དེའི་ངོ་གདོང་ནི་སྐྱུར་ཁུ་འཐུང་བ་ལྟར་གྱུར་ཏེ“ང་ལ་གནས་འདི་གའི་ཁྱིམ་ཐོ་མེད་པས་དཔང་ཡིག་མི་སྟེར་ཀི།མ་ཟད་དོན་དག་བྱུང་རྗེས་སྦྱིན་བདག་ཀྱང་བྲོས་སོང་བས་སྨན་ཁང་ནས་ཞིབ་བཤེར་བྱེད་སྤྱད་ཀྱང་མེད་པར་་་་་་་་་་”
སྐབས་དེར་མེ་འཁོར་མགོ་པས་ཀྱང་དོན་དག་དེ་ཚོར་ཞིང་དེ་གར་ཐོན་ནས་གནས་ཚུལ་དྲིས། མི་དེས་རང་གི་གནས་ཚུལ་ཇི་བཞིན་བཤད་པ་ན། མེ་འཁོར་མགོ་པས་ཀྱང་ཅི་མི་སྙམ་པར“ཁྱོད་ཀྱི་དཔང་ཡིག་ག་རེ” ཞེས་དྲིས།
མི་དེས་རང་ཉིད་ལ་དཔང་ཡིག་མེད་ཚུལ་ནས་རང་གི་རྐང་པ་ལས་ཡུལ་ནས་རྨས་ཚུལ་སོགས་ལབ་པ་མ་ཟད་རྐང་པ་ཕྱེད་ཀ་དེ་ཡང་བསྟན་མོད། མེ་འཁོར་མགོ་པས་བལྟ་ཙམ་ཡང་མི་བྱེད་པར་སུན་སྣང་གིས“ང་ཚོས་དཔང་ཡིག་ལ་མ་གཏོགས་མི་ངོ་ལ་མི་བལྟ། དཔང་ཡིག་ཡོད་ན་ཁྱོད་དབང་བོ་སྐྱོན་ཅན་རེད་ལ། དཔང་ཡིག་མེད་ན་ཁྱེད་དབང་བོ་སྐྱོན་ཅན་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ་ནི་མ་རེད། འཛིན་བྱང་བསྐྱར་ཉོ་བྱོས། རེམ།”ཟེར།
མི་དེ་ཐབས་ཟད། ཁོས་རང་གི་ཨམ་ཕྲག་དང་ཁུག་མ་ཡོངས་རྫོགས་སློག་ཀྱང་སྒོར་རྡོག་འགའ་ཤས་ལས་མེད་པས། ངུ་ལ་ཁད་ཀྱིས་མེ་འཁོར་མགོ་པར“ངའི་རྐང་པ་ལས་ཡུལ་ནས་འཕྲུལ་ཆས་ཀྱིས་གཏུབ་བྱུང་བས་ལས་ཀ་ལས་ཐབས་མི་འདུག་ལ་སྒོར་མོ་ཡང་འཚོལ་ཐབས་མི་འདུག ཐ་ན་ཡུལ་ལ་འགྲོ་བྱེད་ཀྱང་རོགས་པ་ཚོས་བསྡུས་ནས་ཉོས་པ་ཡིན་པས་ངོ་མ་ཐབས་བཀོད་མི་འདུག ད་ཐེངས་ཁེར་མོར་ང་གཏོང་རོགས་གནོངས་དང”
ཞེས་ཞུ་བ་བྱས་ཀྱང་། མེ་འཁོར་མགོ་པས“དེ་མི་ཆོག” ཅེས་བཀའ་བབས་བྱུང་།
མེ་འཁོར་པ་བུ་མོ་དེས་གོ་སྐབས་དེར་བསྟུན་ནས“ཁོ་མགོ་སྒམ་ནང་དུ་རྡོ་སོལ་སློག་ཏུ་འགྲོ་རུ་བཅུག་སྟེ།འགན་ལེན་ངལ་རྩོལ་ཏུ་བརྩིས་ན་མི་ཆོག་གམ”ཟེར།
མེ་འཁོར་མགོ་པས་བསམ་བློ་ཞིག་བཏང་རྗེས་དེ་ཆོག་པར་བཤད།
སྐབས་དེར་ཁ་གཏད་ཀྱི་རྒན་པོ་ཞིག་གིས་མ་བཟོད་པར་ཡར་ལངས་བྱུང་། ཁོས་མེ་འཁོར་མགོ་པའི་ངོ་གདོང་ལ་ཕུར་ཚུགས་སུ་ཅེར་ཏེ“ཁྱོད་སྐྱེས་པ་ཞིག་ཡིན་ནམ”
ཞེས་དྲིས།
མེ་འཁོར་མགོ་པས་ཧ་མ་གོ་བའི་ཚུལ་གྱིས“དེ་ང་སྐྱེས་པ་ཡིན་མིན་ལ་འབྲེལ་བ་ཡོད་དམ”
ཟེར།
“ཁྱོད་ཀྱིས་ང་ལ་ཁྱོད་སྐྱེས་པ་ཞིག་ཡིན་མིན་ཤོད་དང་ཆོག”
“ང་སྐྱེས་པ་ལོས་ཡིན།”
“འོ་ན་ཁྱོད་ཀྱིས་རང་ཉིད་སྐྱེས་པ་ཞིག་ཡིན་པ་ཇི་ལྟར་བདེན་དཔང་བྱེད་རྒྱུ། ཁྱོད་ཀྱི་སྐྱེས་པའི་དཔང་ཡིག་ག་རེ།”
མཐའ་འཁོར་གྱི་མི་ཚང་མར་དགོད་ཁ་ཤོར་སོང་།
མེ་འཁོར་མགོ་པ་ཅུང་འཚབ་སྟེ“འོ། ང་སྐྱེས་པ་ཞིག་མིན་ས་འགྲོའམ” ཟེར།
རྒན་པོ་དེས་མགོ་གཡུག་ཞོར“ང་ཡང་ཁྱོད་ཚོ་དང་འདྲ་བར་དཔང་ཡིག་མ་གཏོགས་མི་ངོ་མི་ཤེས། སྐྱེས་པའི་དཔང་ཡིག་ཡོད་ན་སྐྱེས་པ་རེད་ལ་སྐྱེས་པའི་དཔང་ཡིག་མེད་ན་སྐྱེས་པ་མ་རེད”
ཅེས་སྐད།
མེ་འཁོར་མགོ་པ་ལྐུགས་ཏེ་རེ་ཞིག་སྐད་ཆ་ཡང་ངག་ལས་མ་ཐོན་པར་སྡོད་སྐབས། མེ་འཁོར་པ་བུ་མོ་དེ་སྔུན་ལ་ཐོན་ནས། “ང་སྐྱེས་པ་མིན། ཁྱོད་ལ་བཤད་རྒྱུ་ཡོད་ན་ང་ལ་ཤོད་དང་ཆོག”ཟེར།
རྒན་པོ་དེས་མོའི་གདོང་ལ་འཛུབ་མོ་བཙུགས་ཏེ“ཁྱོད་མི་ཞིག་གཏན་ནས་མ་རེད”
ཅེས་སྐད།
མེ་འཁོར་པ་བུ་མོ་དེ་གཏིང་ནས་ཁྲོས་ཏེ“ཁྱོད་ཀྱིས་རང་གི་ཁ་ལ་བདག་བྱོས།ང་མི་མིན་ན་ཅི་རེད”ཟེར།
རྒན་པོ་འཛུམ་བཞིན་འདི་སྐད་དུ། “ཁྱོད་མི་ཡིན་ན་ཁྱོད་རང་མི་ཡིན་པའི་བདེན་དཔང་ག་རེ་་་་”
མཐའ་འཁོར་གྱི་མི་ཚང་མ་ཡང་བསྐྱར་བཞད་གད་ཐག་གེར་གྱུར། འོན་ཀྱང་མི་དེ་ཁོ་ན་ཁུ་སིམ་མེར་འདུགཁོས་མིག་གིས་མདུན་ཐད་ལ་ཅེར་ཏེ་འདུག་ཀྱང་མིག་ཟུང་མཆི་མས་བསྒྲིབས་ཏེ་ཅི་ཡང་མི་མཐོང་བར་གྱུར། ཁོའི་མིག་ཟུང་གི་མཆི་མ་དེ་ཅི་ཞིག་ཡིན་ནམ་་་་་་་་་

ཞོར་གྱི་སྐད་ཆ་རེ་གཉིས།
གཏམ་རྒྱུད་འདི་ནི་ཞིང་པ་གླ་རྒྱག་པ་ཞིག་ལས་ཡུལ་ནས་རྨས་ཏེ་ཕྱིར་རང་ཡུལ་དུ་ལོག་སྐབས་ཀྱི་གནས་ཚུལ་རེད། གནས་ཚུལ་འདི་དང་འདི་ལྟ་བུ་ནི་ང་ཚོའི་མཐའ་འཁོར་དུ་སྐར་ཆ་རེ་རེ་ལ་ཡང་མཚམས་འཇོག་མེད་པའི་ཚོད་ཡིན་ན་ཡང་། ང་ཚོས་རང་སེམས་ལ་མེ་བཙའ་ཞིག་གཏད་རྗེས་སྔར་བཞིན་གྱིས་སྒོ་ལམ་ཐམས་ཅད་དཔང་ཡིག་གིས་ཕྱེ་བཞིན་འགྲོ་བ་ནི་རྒྱུན་ལྡན་ཞིག་ཏུ་བརྩི་ཡི་ཡོད། གལ་ཏེ་མི་ནི་དཔང་ཡིག་ཅིག་ལ་བརྟེན་ནས་འཚོ་དགོས་པའི་དབང་དུ་བཏང་ན། ང་ཚོར་དངོས་ནས་རང་ཉིད་མི་ཡིན་པ་བདེན་དཔང་བྱེད་སྤྱད་ཀྱི་དཔང་ཡིག་ཅིག་ཀྱང་དགོས་ཚོད་འདུག
སྐད་ཆ་དེ་འདྲ་ནི་ཀུ་རེའི་གཏམ་དུ་གོ་ཆོག་མོད། ང་ཚོའི་མཐོང་ལམ་གྱི་འཇིག་རྟེན་འདི་ན་ཀུ་རེ་མ་ཡིན་པ་གང་ཡོད། གལ་ཏེ་མེད་ན་ཀུ་རེ་འདི་འདྲ་ཡང་རྩེ་མི་ཆོག་པ་མེད་པ་འདྲ་སྟེ། མི་ཚང་མས་ངེས་པར་དུ་མིའི་དཔང་ཡིག་ཅིག་ལེན་དགོས་པའི་དབང་དུ་ཐོངས། དེ་ཡང་མིའི་དཔང་ཡིག་ཡོད་ན་མིའི་ཐོབ་ཐང་ཡོད་ཚད་ལོངས་སྤྱོད་ཐུབ་པའི་དབང་དུ་ཐོངས། དཔང་ཡིག་དེ་ཡང་ལས་ཁུངས་ག་གེ་མོས་ལྕགས་ཀྱི་ཐེམ་ཀ་དང་མི་སྣ་ག་གེ་མོས་སྒོར་མོ་དང་དབང་ཆས་ལོན་ཐུབ་པ་ཞིག་མིན་པའི་དབང་དུ་ཐོངས། མདོར་ན་དཔང་ཡིག་དེ་ནི་རྫུ་འཕྲུལ་གྱི་ཤོག་ལེབ་ཅིག་སྟེ་མིའི་རང་དབང་གིས་ཚོད་ཐུབ་པ་ཞིག་མིན་པར་ཤོག་ལེབ་ཁོ་རང་སྟེང་དུ་མི་དང་མི་མ་ཡིན་པའི་ཁྱད་པར་རྟོགས་པའི་ཤེས་པ་ཞིག་ཡོད་པ་ཆོས་དང་དེ་སྐྱིད་པ་ལ།
འོན་ཀྱང་འདང་ཞིབ་ཏུ་བརྒྱབ་ན། དེ་ཡང་དེ་འདྲ་སྐྱིད་པོ་ཞིག་མིན་པ་འདྲ་སྟེ། རྒྱུ་འབྲས་ཀྱི་རྣམ་བཞག་ནི་མིས་གཏན་ཁེལ་བྱ་ཐུབ་པ་ཞིག་ཡིན་ཏུ་ཆུགས་ཀྱང་། རྒྱུ་འབྲས་ཀྱི་འཁོར་ཕྱོགས་ནི་མིས་ཚོད་ཐུབ་པ་ཞིག་མིན་པ་འདྲ། ལར་འཇིག་རྟེན་ཞེས་པའི་འཕྲུལ་འཁོར་ཆེན་པོ་འདིའི་ལྷུ་ལག་རེ་རེ་ནི་ཆོས་ཉིད་ཅེས་པའི་གཅུས་ཟ་གཡས་འཁོར་འདིས་དམ་སེ་ཁྲིགས་སེ་བཞག་ཡོད་པ་འདྲ་མོད། གཅུས་ཟ་ཕོ་མོ་ཟུང་གི་འཁོར་ཕྱོགས་གཅིག་ཏུ་ངེས་པའི་སྲིད་པ་མེད་པས། ད་གཟོད་ཙི་ཚི་ཞེས་པའི་རྣར་གཟན་པ་དམྱལ་ཁམས་ཀྱི་ཆོ་ངེ་འདོན་པ་ལྟ་བུའི་སྡུག་བསྔལ་གྱི་སྒྲ་གདངས་འཇིགས་སུ་རུང་བ་ཐ་དག་ཀྱང་ང་ཚོས་དངོས་སུ་མྱོང་དགོས་པའི་ལས་འདི་བྱུང་བ་རེད། ལས་འདི་ལ་མི་ཡི་ལས་དབང་ཟེར་རམ། མི་ཡི་ལས་དབང་ཟེར་བ་འདི་ནི་འཇིག་རྟེན་བྱེད་པོ་གང་གི་ཀུ་རེ་དང་རྩེད་མཚར་མིན་ནམ། འདིས་ནི་ད་གཟོད་ང་ཚོ་མི་ཡིན་བཞིན་དུ་མི་ཡི་དཔང་ཡིག་ལོན་ཐབས་མེད་པའི་རྫུ་འཕྲུལ་གྱི་གཅུས་ཟ་ཞིག་ཏུ་བཅུག་ཡོད་པ་མིན་ནམ།
གང་ལྟར་ང་ཚོས་སོན་ཝུའུ་ཁུང་གི་ཐོད་པའི་གདུ་བུ་ལྟ་བུའི་ལས་ཀྱི་གཅུས་ཟ་འདི་བཤིག་དགོས་འདུག་ན། ཆོས་ཉིད་དང“བཅོས་ཉིད”ཐ་དག་ལ་ཀུ་རེ་རྩེད་པའི་སྙིང་སྟོབས་དང་སྤོབས་པ་ལོས་དགོས། ཆོས་ཉིད་དང“བཅོས་ཉིད”ཐ་དག་ལ “དཔང་ཡིག་ཁྱེར་ཤོག”ཅེས་ཀུ་རེ་རྩེས་ན་ཅིས་མི་ཆོག དེ་ནི་ང་ཚོ་མི་ཡིན་པའི་བདེན་དཔང་ཡི་གེ་ཡིན། ང་ཚོ་མི་ཡིན་པའི་བདེན་དཔང་ཡི་གེ་འདི་ནི་ཆོས་ཉིད་དང “བཅོས་ཉིད” གང་གིས། ཡང་ན་འཇིག་རྟེན་ལས་འདས་པའི་ལྷ་བཙན་པོ་སུ་ཡིན་ཀྱང་འཕྲོག་མི་ཆོག རྐུ་མི་ཐུབ། ང་ཚོས་རང་ཉིད་མི་ཡིན་པ་བདེན་དཔང་བྱེད་ཆོག

Dog Shoes Will Protect Your Dog's Paws
PORNO thinking she's gotten past dealing with her

How to Do Cardio With Bad Knees
Prom Dresses so a surprise could well be in store for some unsuspecting pair

Fashion and style with 8 wardrobe basics
VIDEOS PORNO you should have the rest of the leg parts to work with

Marc Jacobs Classy Creations Handbags
Free Games Hundreds of years later

What do you think male fashion will look like in 10 years
pornos a cross personal belief

Suffice your Need of Boots with Uggs
free xxx 95 or wedge or kitten heels lengthen your legs

Chicago designers prove great style isn
Tube XXX Prepare a solution made with equal parts water and white glue

Abercrombie And Fitch Outlet Shelves Your Desirable Products
Darmowe Porno I mean just get out a saucepan
བསྟོད།6

抱歉,评论已关闭!