རིག་གནས་དགག་གཞག་སྐོར་གྱི་གཏམ་བརྗོད་ཕྲན་བུ།

འགྱན་སངས་རྒྱས་དོན་གྲུབ།

གཏམ་བརྗོད་དང་པོ།
༡ རིག་གནས་དགག་གཞག་གི་དོན་ལ་ད་ལྟའི་བར་ངེས་གཏན་གསལ་ཆ་ཐོན་པའི་མཚན་ཉིད་ཅིག་སུས་ཀྱང་བཞག་མེད་པ་འདྲ་བས། ང་ཚོས་ཀྱང་འདི་ལ་མཚན་ཉིད་ཁྱད་པར་བ་ཞིག་འཇོག་རྒྱུ་བྱ་དཀའི་གནས་ཡིན་ཀྱང༌། སྤྱིར་བཤད་ན་དགག་གཞག་ཅེས་པ་བསམ་བློ་དང་ལྟ་བ། གླེང་ཕྱོགས། སྤྱོད་སྟངས་སོགས་ལ་རིགས་པའི་ལམ་ནས་བརྟག་ཅིང་དཔྱད་དེ་དགག་གཞག་སྤྲོ་བ་དེའོ། །
སྔོན་ཆད་བདག་གིས་ཀྱང་འདི་ལ་དགག་སྒྲུབ་ཅེས་བཏགས་པ་ཡིན་མོད།
ཁ་སང་དེ་རིང་ཞིབ་ཏུ་འདང་བརྒྱབ་ན་དེ་དང་དགག་གཞག་གི་དོན་གཉིས་ལ་ཁྱད་པར་ཅུང་ཟད་ཡོད་པར་འདོད་དེ། དགག་སྒྲུབ་ཅེས་པ་མིན་པ་དགག་ཅིང་ཡིན་པ་སྒྲུབ་པའི་སྤྱིར་བཏང་གི་གོ་ལུགས་ཤིག་དང༌། ཚད་གཞུང་ན་མེད་པ་དགག་ཅིང་ཡོད་པ་སྒྲུབ་ནས་རྟོགས་པར་བྱ་བའི་དོན་ཡང་ཡོད་པ་ལྟར། དགག་པ་དང་སྒྲུབ་པ་གཉིས་ཀའི་དབུས་ལ་གནས་པའི་བདག་ཉིད་ཅན་དུ་བཤད་ཡོད་ལ། དགག་གཞག་ལ་དགག་པ་སྒྲུབ་པ་གཉིས་ཀྱི་དགག་པ་གཙོ་ཆེ་བའམ་སུན་འབྱིན་གྱི་ཆ་ཤས་ཆེ་བའི་ཕྱིར་རོ།།
མཐར་ཐུག་གི་དམིགས་པ་ཉེས་ཕྱོགས་དགག་ནས་ལེགས་ཕྱོགས་བསྒྲུབ་རྒྱུར་གཏད་པ་ཡིན་ན་མ་གཏོགས། ང་ཚོའི་རྒྱུད་ཀྱི་རིག་གནས་དགག་གཞག་གི་གོ་བ་དང་དགག་ལུགས་ངོ་མ་ལ་གཞིགས་ནའང་དགག་སྒྲུབ་གཉིས་ཀའི་དབུས་ལ་གནས་པའི་དགག་ཚུལ་ཞིག་ཕལ་ཆེར་མི་སྣང་བར་ནང་གི་བདག་ཉིད་དུ་གྲུབ་པའི་ལྟ་བ་དང་སྤྱོད་པ་གང་ཞིག་སུན་དབྱུང་སྟེ་ཤུགས་ནས་དེ་ལ་རང་ལུགས་སམ་རང་གི་ལྟ་ཚུལ་གདོན་རྒྱུ་གཙོ་བོར་བཟུང་ཡོད་པ་ལྟར་རོ། །
རིག་གནས་དགག་གཞག་ལ་ཕྱིའི་སྣང་ཚོད་ཀྱི་བཟང་ངན་ཡིན་མིན་ལེགས་ཉེས་དྲང་ལྡོག་སོགས་ལས་སྔ་མ་སྔ་མ་དགག་ཅིང་ཕྱི་མ་ཕྱི་མ་སྒྲུབ་པ་ལྟ་བའི་དགག་སྒྲུབ་ཙམ་གྱིས་མི་ཆོག་སྟེ། དེའི་དམིགས་གཏད་གོང་ཐང་གཅོད་ཕྱོགས་དང་འདུ་ཤེས་འཛིན་སྟངས་རྙིང་པའི་རྒྱ་ལས་ཐར་ནས་རིག་གནས་རྩ་ལག་གསར་པ་ཞིག་ལ་བསྙེག་རྒྱུ་དེ་རེད་པས། སྤྱི་ཚོགས་དང་དུས་རབས་ལ་མི་འཚམས་ན་བཟང་བོ་མིང་ཆེན་ཡིན་ཀྱང་དགག་དགོས་ལ་ངན་པ་རྟགས་ཅན་ཡིན་ཀྱང་གཞག་དགོས་པ་ཡིན། དེའི་དོན་དེང་གི་སྔོན་ཐོན་དང་རྗེས་ལུས་རིག་གནས་གཉིས་ཀྱི་དབྱེ་མཚམས་དང་མཚན་ཉིད་འཇོག་ལུགས་ལ་བལྟས་པས་ཀྱང་གསལ་བོར་རྟོགས་ནུས་པས་སྒྲུབ་བྱེད་འགོད་པའི་ངལ་བ་ཅི་ལ་དགོས།
གཞན་དུ་ན་བྱེད་ལས་དགག་གཞག་ལ་མཐའ་གཅིག་ཏུ་བརྟེན་ན་འབྲས་བུ་སྒྲུབ་པ་ཞོར་ལ་འབྱུང་གི དེ་མ་ཡིན་པར་ཐོག་མ་ཉིད་ནས་དབུ་མའི་ལམ་ལ་གནས་ཆེས་ན་དགག་གཞག་གི་ནམ་ལངས་ནས་ཉི་མ་ཤར་དཀའ། དེ་ཡང་ཡིན་ཏེ། དགག་གཞག་སྔོན་ལ་སོང་ན་སྒྲུབ་པ་རྗེས་སུ་འབྱུང་བ་དངོས་པོའི་གཤིས་ལུགས་སུ་གྲུབ་པའི་ཕྱིར་རོ། །
དེའི་སྟབས་ཀྱིས་ཁོ་བོས་བལྟས་ན་ང་ཚོར་མཁོ་བ་རིག་གནས་དགག་སྒྲུབ(文化批判)ལས་ཀྱང་རིག་གནས་དགག་གཞག་རེད་ལ།འདི་ལྟ་བུའི་མིང་གིས་རྒྱའི་སྐད་ཀྱི文化批评 ཞེས་པའི་དོན་ཡང་ཡོངས་སུ་རྫོགས་པར་སྟོན་ཐུབ་སྙམ། ཅིས་ཀྱང་དེ་ལ་དགག་སྒྲུབ་ཞེས་པའི་མིང་གིས་གདགས་དགོས་ཟེར་ན། དེ་ལ་སྒྲ་ཡངས་དོག་གི་ཁྱད་པར་འབྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་སྣང་སྟེ། དེ་ལྟར་བྱས་ན་བརྗོད་འདོད་ཀྱི་ཀུན་སློང་དབང་བཙན་པའི་རྐྱེན་གྱིས་གོ་ལུགས་མི་འདྲ་བ་རེ་སྟེར་བ་ང་ཚོའི་བརྡ་སྤྲོད་ཀྱི་ཆོས་ཉིད་ལགས་པས་ཐབས་རྡུགས་ན་དེ་ཀས་མི་ཆོག་པའང་མེད་སྟབས། མིང་གི་གདགས་ལུགས་ཤིག་ལ་རྩོད་པ་བྱ་བའི་དགོས་པ་ཆེར་མེད་ཀྱང་མིང་གི་གོ་བས་དོན་གྱི་གནད་འབྱིན་རྒྱུའི་ཐད་ལ་ཤིན་ཏུ་གཟབ་དགོས་སོ། །
ཁ་ཅིག་གིས་འདི་ལ་རིག་གནས་མཐའ་དཔྱོད་ཅེས་ཀྱང་གདགས་མོད།མཐའ་དཔྱོད་ཀྱིས་དཔྱོད་པ་ལྷུར་ལེན་པ་ལས་སུན་འབྱིན་གཙོ་བོར་མི་གཟུང་ཕྱིར་མིང་གི་འདོགས་ལུགས་འདི་ཡང་འབྱོར་མོ་བཞུན་པོ་ཞིག་བྱུང་མེད་སྙམ།
དམིགས་པ་དང་རྣམ་འགྱུར་གྱི་ཕྱོགས་ནས་བཤད་ན་ཕྱིའི་སྣང་ཚུལ་ལམ་རང་གི་ཆེད་གཉེར་གྱི་ས་མཚམས་དོག་པོ་ལས་རིང་དུ་བརྒལ་ནས་དམིགས་རྩེ་སྤྱི་ཚོགས་འཕེལ་རྒྱས་གཏད། མིག་རྒྱང་ས་སྒང་རིལ་མོར་ཕྱོགས།བསམ་གཞིག་གི་ཤེད་མོང་མི་རིགས་སྤྱི་དོན་ལ་བཀོལ། གཞུང་ལུགས་ཀྱི་གོ་ཆ་བརྟན་པོར་བགོས་ནས་དགག་གཞག་གི་མདུང་རྩེ་སྤྱི་ཚོགས་ཀྱི་དོན་འགངས་ཆེན་དག་ལ་གཏད་པ་ཡིན་ན་དེ་ལ་ངེས་པ་དོན་གྱི་རིག་གནས་དགག་གཞག་ཟེར་གྱི། དེ་མ་ཡིན་པར་བསྟོད་འདོད་དང་སྨད་འདོད་ཅི་རིགས་ཀྱི་དབང་དུ་སོང་ན་ཇི་ལྟར་བཤད་ཀྱང་སེམས་ནད་ཀྱིས་འཁྱེར་བ་ཡིན་པས་མཐའ་གཅིག་ཏུ་སྤང་བྱ་ཉིད་དོ། དགག་ཡུལ་གང་ཡིན་རིག་གནས་ལ་གོ་ལེན་ལུགས་སྣ་ཚོགས་པ་ཞིག་ཡོད་པའི་དབང་གིས་བཤད་སྒྲོས་གཅིག་ཏུ་མ་ངེས་པར་སྣ་ཚོགས་ཀྱང༌། ཆེ་ཕྱོགས་ནས་བཤད་ན། རིགས་ཀྱིས་ཕྱེ་བའི་ཕྱི་དངོས་པོའི་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས། ནང་བསམ་བློའི་རིག་གནས་གསུམ་མམ། སྔ་མ་གཉིས་ཀྱི་སྟེང་དུ་མཚན་ཉིད་རིག་པའི་རིག་གནས་བསྣན་པའི་དེ་གསུམ། ཡང་ན་གནས་སྟངས་ཀྱིས་ཕྱེ་བའི་མངོན་རྟོགས་ཀྱི་རིག་གནས་དང་ཤུགས་རྟོགས་ཀྱི་རིག་གནས་གཉིས་དང༌། ངོ་བོས་ཕྱེ་བའི་མཆོག་དམན་གྱི་རིག་གནས་གཉིས་སོགས་སྒྲ་ཡངས་འཇུག་གི་རིག་གནས་ཐམས་ཅད་རེད་ལ། བྱེ་བྲག་ཏུ་བཤད་ན། འཚོ་བའི་ལག་ལེན་ལས་བྱུང་ཞིང་མི་རིགས་ཀྱི་ངོ་བོར་གྲུབ་ཟིན་པའི་སྤྱི་ཚོགས་སེམས་ཁམས་དང་གོང་ཐང་རྩ་ལག མི་ཚེའི་ལྟ་བ། དུས་སྟོང་གི་ལྟ་བ། ཆབ་སྲིད་ཀྱི་ལམ་ལུགས་སོགས་སྒྲ་དོག་འཇུག་གི་རིག་གནས་སམ་ནང་བསམ་པའི་རིག་གནས་ཐམས་ཅད་དོ། རིག་གནས་དགག་གཞག་གི་ཚུལ་ལ་དེང་རབས་ཀྱི་ལྟ་ཚུལ་སྤྱད་དེ་སྲོལ་རྒྱུན་རིག་གནས་ཀྱི་གོང་ཐང་འཁྱེར་སོ་སྤྱི་ལ་དགག་གཞག་སྤྲོ་བ་ལྟ་བུ་སྤྱི་ཁོག་ནས་དགག་ཚུལ་དང༌། སློབ་ གསོའི་གནད་དོན་དང་དཔེར་ལུགས་གོམས་གཤིས་ཀྱི་བག་ཆགས་ངན་པ་སོགས་དོན་བྱེ་བྲག་པ་ལ་དམིགས་གཏད་ཀྱིས་དགག་གཞག་བྱེད་པ་ལྟ་བུ་བྱེ་བྲག་ཏུ་དགག་ཚུལ་གཉིས་ཡོད། དེ་གཉིས་གང་ཡིན་ཀྱང་ཕྱི་ནང་གི་རིག་གནས་ལ་ནང་བྱན་ཆུད་ཅིང་ཐོད་བརྒལ་གྱི་ལྟ་བའི་གདེང་ཚོད་ཡོད་ན་དགག་གཞག་ལ་འབྲས་བུ་ཆེན་པོ་ཐོགས་པ་ལས། དོན་དག་གི་ངོས་ནས་དོན་དག་བཤད་པ་རྩ་བ་བོར་ནས་ཡལ་གར་འཇུས་པའི་དཔེ་ལས་མ་འདས་ལ་རིགས་པའི་སྤྱི་སྲོལ་དང་ཡང་འགལ་བ་ཡིན། ལྷག་པར་ཏུ་གང་ཡང་མ་བསླབ། ཅི་ཡང་མི་ཤེས་པའི་༼ཐོལ་བརྒལ་༽གྱི་གཏམ་བརྗོད་དག་གང་ལའང་སླེབས་པའི་སྐབས་མེད་པས་རེ་ཞིག་གཞུང་ལ་ངལ་གསོ་བྱས་ན་རང་གཞན་གཉིས་ཀར་གནོད་པ་ཆུང༌། ལྟ་བའི་མཐོ་དམན་གྱི་སྒོ་ནས་རིག་གནས་དགག་གཞག་ལ་རབ་འབྲིང་ཐ་མ་གསུམ་དུ་དབྱེར་ཡོད་དེ། དང་པོ་ནི་དེང་རབས་རིག་གནས་མཚན་ཉིད་རིག་པའི་ལམ་རིམ་དུ་གནས་འཆའ་བའི་དགག་གཞག་དང༌། ཨ་ཏོར་ནའི་(啊多尔诺)ཡི་བློ་འབྱེད་རྩོད་སྒྲུབ་རིགས་པའི་དགག་གཞག་ལྟ་བུ་སྟེ། མར་ཁུའེ་སེད་(马尔库赛)དང་ཅེ་མུའུ་སིན་(杰姆逊)གྱི་རིག་གནས་དགག་གཞག་ལྟ་བུ་སྟེ། འདིའི་རིགས་ལ། ༡གཞུང་ལུགས་ཀྱི་ཟབ་ཚད་ཡོད་པ། སྤྱི་ཁོག་འབིགས་པ། ཁྱབ་རྒྱ་ཆེ་བ།
༢དཔྱད་འབྲས་ཀྱིས་རིག་གནས་དགག་གཞག་ལ་རིགས་ལམ་ཡང་དག་སྟོན་ནུས་པ། རིག་གནས་རྩ་ལག་གསར་པ་གཟུག་ནུས་པ། དགག་ཡུལ་རང་མཚན་དུ་གྱུར་པའི་ཆོས་དེ་དང་སྤྱི་མཚན་དུ་གྱུར་པའི་གཞུང་ལུགས་ཀྱི་ཟབ་ཚད་གཉིས་ཟུང་དུ་སྦྲེལ་བ་སོགས་ཀྱི་དགེ་མཚན་ཡོད ། སྤྱི་ཚོགས་དང་རིག་གནས་འཕོ་འགྱུར་ལ་མཁོ་བ་འདི་ལྟ་བུའི་དགག་གཞག་ཡིན་ཀྱང༌། ང་ཚོར་ད་སྐབས་འདིའི་ཕྱོགས་ཀྱི་རིག་གནས་དགག་གཞག་ཤིན་ཏུ་ཉུང་བར་སྣང༌། གཉིས་པ་ལ་བྱེ་བྲག་གི་ཚད་གཞི་ཞིག་འཇོག་རྒྱུ་དཀའ་གནས་ཡིན་ཀྱང་བལྟོས་བཅོས་ཀྱིས་བཤད་ན། དགག་གཞག་མཁན་ལ་དེང་རབས་རིག་གནས་དང་མཚན་ཉིད་རིག་པའི་རྩ་ལག་གི་མཁར་རྫོང་བརྟན་པོ་ཞིག་ཆགས་མེད་ཀྱང་ལོ་རྒྱུས་ཀྱི་མིག་རྒྱང་དང་དཔལ་འབྱོར་གྱི་ཤེས་བྱ། ཆབ་སྲིད་ཀྱི་གོ་བ། དཔྱོད་ཤེས་ཀྱི་བསམ་བློ། མི་ཆོས་རིག་གནས་ཀྱི་ཤེས་རྒྱ་ངེས་ཅན་རེ་ཡོད་པས། དེ་དག་གི་ལྟ་བ་རྣམས་གཞི་གཅིག་ཏུ་བསྲེས་ནས་བྲིས་པའི་དོན་དང་ལྡན་ཞིང་རང་ལུགས་ཡོད་པ། སྤྱི་ཚོགས་ལ་རྔོ་ཐོགས་པའི་རྣོ་དབལ་ཅན་གྱི་དགག་གཞག་གི་རྩོམ་ཡིག་ཐམས་ཅད་དེ། ང་ཚོའི་ད་སྐབས་ཀྱི་རིག་གནས་དགག་གཞག་གི་ཆུ་ཚོད་ངོ་མ་ཚད་འདི་ན་ཡོད་པར་འདོད། གསུམ་པ་ནི་འོག་ཏུ་འཆད་འགྱུར་གྱི་ང་ཚོའི་རིག་གནས་དགག་གཞག་གི་ཉེས་སྐྱོན་དག་གོ
གཏམ་བརྗོད་གཉིས་པ།
དུས་རབས་གོང་མའི་ལོ་རབས་དགུ་བཅུ་པར་ང་ཚོའི་ཤེས་རིག་གི་ཞིང་ས་ལའང་དོགས་སློང་བདེན་འཚོལ་གྱི་ས་བོན་བཏབ་ཚར་བ་ནས་བཟུང༌། ཕྱི་རྐྱེན་ལོ་ངོ་བཅའ་བཅུའི་རིང་གི་སྤྱི་ཚོགས་ཁོར་ཡུག་གི་ཆུ་ལུད་དྲོད་གཤེར་གྱི་ལྷན་ཅིག་བྱེད་པའི་ནུས་པ་དང༌། ནང་རྐྱེན་ང་ཚོའི་ནང་གི་ཤེས་པ་དེ་ཉིད་ལ་མུ་འཐུད་ནས་རྟོགས་སད་བྱུང་བ་ལས་ཉེ་བར་བལྟམས་པའི་ལོ་ཟླ་རིང་མོའི་དཔྱད་འཇོག་སོ་ནམ་གྱི་དཀའ་སྡུག་གི་རྩོལ་བ་ཆེན་པོའི་རྟེན་འབྲེལ་གཉིས་གཞི་གཅིག་ཏུ་འཛོམས་པའི་ཉེར་བསྡོགས་སྔོན་དུ་སོང་བའི་རྐྱེན་གྱིས། ད་ལྟ་དེ་ལྟ་བུའི་ས་བོན་ལ་སྟོབས་རྒྱས་ནས་རིག་གནས་དགག་གཞག་གི་མྱུ་གུའི་ངོ་བོར་འཕོས་ཟིན་པས། སྔོན་ཆད་ཀྱི་བཤད་རྒྱུན་༼ཤེས་རྨོངས་ཀྱི་ཕ་ས་ན་དགག་གཞག་གི་བཞུགས་གྲལ་སྟོང་བར་ལུས༽པའི་དུས་རབས་མཇུག་བསྒྲིལ་ལ་ཉེ་བ་འདིས་ཡིད་ཀྱི་བརྟན་པ་དབང་མེད་དུ་མི་འཕྲོག་པའི་འོས་མེད་པས་ཕྱོགས་གང་ནས་བལྟས་ཀྱང་དགའ་གུས་ཡི་རང་བྱེད་པའི་གནས་སོ། ། ཡིན་ནའང་དེང་གི་ཤེས་རིག་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་དང་ང་ཚོའི་རིག་གནས་དགག་གཞག་གི་ཆུ་ཚད་དམ་གོམ་ཁ་གཉིས་ཕན་ཚུན་བསྡུར་ནས་དཔྱད་ན། ད་ལྟ་ཡིན་ཀྱང་ངེས་པ་དོན་གྱི་དགག་གཞག་གི་སྟོང་ཆ་མུ་མཐུད་ནས་ཇེ་ཆེར་འགྲོ་བཞིན་པ་ལྟར་སྣང༌། དེའི་རྒྱུ་དང་རྐྱེན་ཕྱི་རྣམ་པ་དང་གྲངས་ཀའི་ཐོག་ན་མེད་པར་དགག་གཞག་གི་ཆུ་ཚད་མཐོ་དམན་ལ་འབྲེལ་བ་ཆེ་བར་མཐོང་སྟེ། དེང་གི་དུས་འདིར་དགག་གཞག་དང་དགག་མཁན་གྱི་གྲངས་འབོར་ལྡབ་གྱིས་གོང་དུ་འཕར་བཞིན་ནའང༌། ང་ཚོར་སྤྱི་ཚོགས་དང་དུས་རབས་ཀྱི་གནད་ལ་དམིགས་ནས་མི་རིགས་འདིའི་ཁོང་ནད་ཀྱི་རྒྱུ་དང་རྩ་བ་མ་ནོར་བར་ངོས་བཟུང་སྟེ། དེ་ལ་མངོན་དཔྱད་རྗེས་དཔག་གི་ཁྲོ་ཆུ་ཁོལ་མའི་བཙོ་སྦྱང་ལས་བྱུང་བའི་རིགས་ཚུལ་ཡང་དག་གི་གཏར་བུས་རྨ་ཐོག་ལ་གཙག་གདབ་ནས་ངན་ཁྲག་རྩ་བ་ནས་ཕྱིར་བཏོན་ཏེ་བདེར་གནས་འཚོ་ཐབས་ཀྱི་མན་ངག་སྦྱིན་ནུས་ཤིང་ཟབ་གསལ་བརླིང་གསུམ་གྱི་ལྟ་བའི་ཕྱུག་པའི་དགག་གཞག་སྨན་དཔྱད་མཁན་པོ་ཤིན་ཏུ་ཉུང༌། གྲུབ་མཐའི་ངོས་ནས་བཤད་ན། ང་ཚོའི་རིག་གནས་དགག་གཞག་ལ་གསར་ཞེན་གྱི་དབང་དུ་སོང་བའི་གསར་དགག་དང་རྙིང་ཞེན་གྱི་དབང་དུ་སོང་བའི་རྙིང་དགག་གཉིས་སུ་དབྱེར་ཡོད་དེ། དང་པོ་རིག་གནས་གསར་པ་གསར་རྐྱང་ལ་ཞེན་དྲགས་པའི་དབང་གིས་སྲོལ་རྒྱུན་རིག་གནས་ལ་འདོར་ལན་དང་སྤང་བླང་གི་རྣམ་གཞག་མེད་པར་མཐའ་གཅིག་ཏུ་སྤང་བྱར་འཛིན་པ་དེའོ། གཉིས་པ་ནི་སྲོལ་རྒྱུན་རིག་གནས་དང་ཁྱད་པར་དུ་ཆོས་ལུགས་འདི་ལ་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་འབྱེད་རྒྱུ་མེད་པར་མཐའ་གཅིག་ཏུ་ལྟོས་མེད་མཐར་ཐུག་གི་བདེན་པ་ཉག་གཅིག་ཏུ་བཟུང་ནས་དེ་ཉིད་མུ་མཐུད་ནས་རྟག་བརྟན་ཐེར་ཟུག་ཏུ་གནས་ལ་ཤ་ཐང་རུས་ཐང་དུ་འབད་མཁན་ནོ། དེའང་རིག་གནས་སམ་ཆོས་ལུགས་གང་ཞིག སྤྱི་ཚོགས་འཚོ་བ་དང་ཕན་ཚུན་མ་སྦྱར་བའི་སྐབས་སུ ། དེ་ལ་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་འབྱེད་རྒྱུ་མེད་པ་དུས་རབས་སྔོན་མ་དག་ལ་ང་ཚོར་ལྟ་བ་དེ་དར་མྱོང་བ་རེད་ཀྱང༌། ཁ་སང་དེ་རིང་འཛམ་གླིང་ཡོངས་ན་མི་རིགས་ཀྱི་འཚོ་གནས་དང་ཐོན་སྐྱེད་ནུས་ཤུགས་ལ་ཕན་མིན་གྱི་ཆ་ནས་རང་རང་གི་རིག་གནས་གང་དེ་ལ་སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་འབྱེད་བཞིན་ཡོད་སྟབས། ང་ཚོས་ཀྱང་རྙིང་ཞེན་གྱི་ལྟ་བ་རིང་དུ་སྤངས་ནས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང༌། ཁྱད་པར་དུ་སྲོལ་རྒྱུན་རིག་གནས་ཀྱི་སྲོག་གི་སྙིང་པོར་གྱུར་པའི་ཆོས་ལུགས་འདིའི་གོང་ཐང་འཁྱེར་སོ་སྤྱི་ལ་དགག་གཞག་སྤྲོ་བ་རིགས་ཀྱི་རྟོགས་པ་སད་པའི་ཉེར་བསྡོགས་གཅིག་པུ་རེད་སྙམ། དེ་ཡང་དོན་དངོས་ལ་བབ་ནས་བཤད་ན་ང་ཚོའི་རིག་གནས་དགག་གཞག་གི་ཞན་ཆ་ཡོད་དོ་ཅོག་ཀུན་སློང་གི་སྒོ་ནས་དུངས་ཞེན་གྱི་དབང་དུ་སོང་བའི་/བསྟོད་དགག/དང་སྡང་སེམས་ཀྱི་དབང་དུ་སོང་བའི་སྨད་དགག/གཉིས་སུ་བསྡུས་ནས་བཤད་ཆོག དང་པོ་ནི་དགག་གཞག་མཁན་རང་ཉིད་ལ་ནི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་གོ་བ། གོང་ཐང་གཏད་སོ་སོགས་ལ་རང་དབང་རང་ཚུགས་ཀྱི་བློ་མིག་གིས་ལྡོངས་ཀྱང༌། རང་ཉིད་ཀྱི་མཐོང་ཆོས་སུ་གྱུར་པའི་གོ་ཐང་གཅོད་ཕྱོགས་ཀྱི་གླེང་བརྗོད་གང་ཞིག་ལ་འགྲིག་མིན་བདེན་རྫུན་དང་ལེགས་ཉེས་བླང་དོར་འབྱེད་པའི་དཔྱད་པ་སྔོན་དུ་མི་འགྲོ་བར་ཚད་ལས་བརྒལ་བའི་འུར་བསྟོད་དང་བསྔགས་པ་བརྗོད་དེ་བློན་པོ་ཆུ་སྣ་གར་ཁྲིད་ཀྱི་བརྟུལ་ཞུགས་ལྷུར་ལེན་པ་དག་གོ དོན་རྩ་རིས་སུ་བོར་ཞིང་ཀློག་མཁན་ཚོར་སྦས་དོན་དུ་གནས་པའི་འུར་བསྟོད་ཆེན་པོའི་དགག་གཞག་གི་སྨྲ་བའི་འབབ་སྟེགས་དེ་རིགས་རྒྱུ་རྐྱེན་དང་ཞེ་འདོད་སྣ་ཚོགས་པ་ཞིག་གིས་བསྐྱོད་པར་བྱེད་པ་རེད་དེ། ཁ་ཅིག་དགའ་མོས་བརྩེ་དུང་གི་དབང་གིས་དང༌། སྐོར་ཞིག་ཕྱོགས་རིས་འཐེན་འཁྱེར་གྱི་དབང་གིས། འགའ་ཞིག་གསེར་དངུལ་འདུ་སྒོའི་ཤུགས་ཀྱིས། ཁ་ཤས་ཤིག་དབང་དང་གོ་ཐོབ་ཀྱི་དགུག་ཤུགས་ཀྱིས། ཡང་ལ་ལ་ཞིག་ར་མའི་རིལ་མ་ལ་ལུག་གི་ངོ་སོ་འཐོབ་ཆེད་དམ་མི་ཆེན་ཚོའི་ངོ་སོ་བླངས་ཏེ་མཁས་པའི་གྲལ་དུ་འཚང་རྒྱུའི་སྙིང་ཁམས་ཆེན་པོས་དབང་མེད་དུ་དེད་ནས་བསྟོད་པ་བྱེད་པ་སོགས་མང༌། འདིའི་རིགས་ལ་ཐོག་མ་ཉིད་ནས་བདེན་པ་དང་གནས་ལུགས་སྲོང་བོར་གཞལ་བྱེད་ཀྱི་ཚད་གཞི་གང་ཡང་མེད་པས༼རྒྱ་སྲང་མེད་པའི་དགག་གཞག༽གི་མང་གིས་བསྙད་ཀྱང་དོན་ལ་ཤིན་ཏུ་འབྱོར་རོ། རང་གི་ལྟ་ཚུལ་ངོ་མ་སྲོང་བོར་བརྗོད་པ་ཡིན་ན། ཁ་སང་དེ་རིང་གི་སྤྱི་ཚོགས་ཁོར་ཡུག་དང་རིག་གནས་རྒྱབ་ལྗོངས་འདི་ན་ལྟོས་མེད་བསླུ་མེད་ཀྱི་བདེན་པ་ཞིག་གཞི་གྲུབ་པ་སུས་ཀྱང་ཐག་གཅོད་དཀའ་བས་ལྟ་ཚུལ་དེ་འཐད་ཕྱོགས་མོས་ཕྱོགས་ཀྱི་དབང་དུ་ཅུང་ཟད་ཤོར་ཡང་རང་གི་ལྟ་ཚུལ་ཉིད་དུ་ཟད་པས། ཚད་ངེས་ཅན་གྱི་སྟེང་ནས་བཤད་ན་སྐྱོན་ཆེར་ཡོད་པ་མིན་ཀྱང༌། རང་ལ་དགག་གཞག་གི་རྒྱ་སྲང་གཞི་ནས་མེད་པ་འདི་གྱང་ཁའི་རྩ་བཞིན་གཞན་དབང་དུ་ཤོར་བའི་ཉེན་སྒོ་ཡིན་ཏེ། བདེན་པ་དང་གནས་ལུགས་གཏན་དུ་དབབ་པ་ལ་གནོད་པ་དེ་བས་ཆེ་བ་མེད། གཉིས་པ་ནི་དགག་པའི་ཕྱིར་དུ་དགག་པ་རྩོམ་པའི་བསམ་སྦྱོར་ཏེ། དགག་ཡུལ་ལ་གནས་ལུགས་ཡོད་མེད་མི་དཔྱོད་པ་དང་པོ་དང་འདྲ་ལ། མི་འདྲ་ས་ནི། དང་པོས་དགག་ཡུལ་ལ་འུར་བསྟོད་བྱེད་པ་གཙོ་བར་བཟུང་ནས་ཞོར་ལ་རང་དོན་རང་ཁེ་བསྒྲུབ་ཅིང༌། ༼སྨད་དགག་༽གིས་སྤྱི་དོན་རིས་སུ་བོར་ནས་རང་དོན་རྐྱང་རྐྱང་བསྒྲུབ་ཕྱིར་ཡུལ་གང་དེ་ལ་བསམ་གཟས་ནས་མཐའ་གཅིག་ཏུ་དགག་པའི་སྦྱོར་བ་རྩོམ་པ་དེའོ། ། དེའི་སྟབས་ཀྱིས་འདིའི་རིགས་ཀྱིས་དགག་པའི་སྦྱོར་བ་རྩོམ་དོན་༼གཡག་ལ་མི་གཅེས་ཁྲག་ལ་གཅེས་པའི་༽དཔེས་གསལ་བོར་སྟོན་ནུས་ཏེ། དགག་ཡུལ་གང་ཞིག་བརྩམས་ཆོས་ཀྱི་ལྟ་བའི་མཐོ་དམན་དང་གནས་ལུགག་ཡོད་མེད་ལ་བལྟས་པ་མ་ཡིན་པར་གང་ཟག་གི་ངོ་སོ་མཐོ་དམན་ལ་བལྟས་པ་རེད་པས། ཁོ་ཚོས་འཇིགས་ཡེར་ཞིང་སྐྱི་བུན་པ། སྣང་བ་ཕྲལ་ཕྲུལ་དུ་གཏོང་བའི་ཚིག་གི་སྦྱོར་བས་ཆེད་དུ་༼མི་ཆེན་ལ་ཁ་རྒྱག་པ་དང་བྱ་ཆེན་ལ་རྡོ་འཕེན་པའི་༽བགྱི་བར་བརྩོན་ཏེ། ཁ་སང་དེ་རང་རྩོམ་ཆག་ཁ་ཁེར་རེ་བྲིས་ནས་རང་ཉིད་ཆེན་པོར་རློམ་པའི་ན་གཞོན་འགའ་རེའི་སྙིང་ལ་ཅོལ་ཆུང་བུད་མེད་འཕྱོན་མ་འཕྱོར་འདོད་ཀྱི་ནད་གདོན་དུས་གཅིག་ཏུ་ཞུགས་པས། ངོ་ཚ་ཁྲེལ་མེད་ལ་བུད་ནས་ཁྱི་རྒྱགས་སྐར་མར་ཟུག་པའི་རྣམ་ཐར་བདག་གིར་བྱས་ཏེ་མཐོང་ཚད་དང་ཐོས་ཚད་ཐམས་ཅད་ལ་ངན་སྨྲས་འཚང་འབྲུ་དང༌། སྡར་མའི་དཔའ་གཏམ་འཐེན་པའི་བགྱི་བ་ལ་འབད་བཞིན་པ་འདི་ཚོའང་དོན་ལ་མི་སྣ་མིང་ཅན་དང་དོན་རྐྱེན་གྲགས་ཆེན་གྱི་སྟེང་དུ་རྐང་པ་སྤོས་ནས་རང་གི་ཁེ་དང་གྲགས་པ་དོན་དུ་གཉེར་བའི་གླགས་འཚོལ་བ་དེ་རེད། གནས་ལུགས་ཡོད་མེད་ཅི་ཤེས། རྒྱ་མི་རིགས་ལ་མཚོན་ནའང་ལུའུ་ཞུན་དང་ཀུའོ་མོ་རུའོ་ལྟ་བའི་བསམ་བློ་མཁས་ཆེན་ཚོ་དགག་པའི་རྩོམ་ཡིག་གང་མང་མཐོང་ཆོས་སུ་སྣང་ལ། ལྷག་པར་དུ་ལོ་འདི་ཚོར་གསར་སྐྱེས་པ་སྐོར་ཞིག་ཁོང་ཁྲོའི་རྟ་རྒོད་ལ་བཅིབས། ངན་སྨྲས་གྱི་མཚོན་རིང་ལག་ཏུ་ཐོགས་ཏེ་ཡུས་ཆུའི་ཡུས་ལྟ་བའི་བསམ་བློ་གཞི་མེད་རྩ་བྲལ་དུ་དགག་པའི་འཁྲུག་རྩོད་ལྷུར་ལེན་བཞིན་པ་ལྟར། ང་ཚོར་མཚོན་ནའང་གཏན་ནས་གླེང་རིན་མེད་པའམ་གཞི་ནས་གནད་དོན་ཞིག་ཏུ་བརྩི་རིན་མེད་པའི་དོན་དག་ཆུང་ཆུང་དག་ལ་ཁ་གཡར་ནས་མི་ཆོས་རིག་གནས་ཀྱི་བསམ་བློའི་རུ་འདྲེན་དུ་བཞེངས་མྱོང་བའི་མཁས་དབང་དགེ་ཆོས་དང་དོན་གྲུབ་རྒྱལ་ལྟ་བུ་བསམ་གཟས་ནས་དགག་གཞག་གི་དོན་རྩ་རིས་སུ་བོར་ཏེ་ཁ་ལོག་རྒྱག་ཅིང་སྐུར་བ་འདེབས་པ། མི་གཤིས་ཁྱད་དུ་གསོད་པ་ལྟ་བུའི་དོན་མེད་སྒྲོ་སྐུར་གྱི་ལབ་གླེང་དང་སྤྱོད་སྟངས་རྒྱུན་དུ་རྣ་བས་ཐོས་ཤིང་མིག་གིས་མཐོང་གི སྤྱིར་མཁས་པ་ཡིན་ཀྱང་དགག་དགོས་རིགས་དགག་པ་ལ་ཉེས་སྐྱོན་ཡོད་པ་ག་ལ་ཡིན་ཀྱང༌། དམིགས་པ་དང་ཞེ་འདོད་གོང་དུ་བཤད་པ་ལས་ལོགས་ན་མེད་ན། དེ་དག་ཀྱང་ངན་གཡོའི་ཆོ་འཕྲུལ་བྱུར་གྱི་སྣ་འདྲེན་ནོ། ། ཁོ་པ་ཚོའི་ཞེ་འདོད་ནི་གནས་ལུགས་ལ་མི་དཔྱོད་པར་འཚང་འབྲུ་ངན་ཤགས་ཚིག་གི་འཁོར་ལོ་བསྐོར་ནས་རང་གི་ཁེ་གྲགས་དོན་དུ་གཉེར་བ་དེ་རེད་པས། ངས་རྒྱུན་དུ་འདི་ཚོ་རང་བདེ་དོན་དུ་གཉེར་ལ་དགག་པའི་ཆེད་དུ་དགག་པ་རྩོམ་པའི་༼སྨད་དགག༽རེད་ཅེས་བཤད་པ་ཡིན། ༼བསྟོད་དགག༽དང༼སྨད་དགག༽གཉིས་ཀུན་སློང་མི་འདྲ་བ་མ་གཏོགས་ངོ་བོས་བྱས་པའི་ཁྱད་པར་མེད་དེ། མི་གཅིག་རང་གི་ཞེ་ལ་ཉར་བའི་ཀུན་སློང་མི་འདྲ་བ་གཉིས་ཀྱིས་རེས་མོས་སུ་ཁ་ལོ་སྒྱུར་བཞིན་པ་དཔེ་ཏ་རུ་ངོ་གཉིས་མ་ནང་བཞིན་དེ་རིང་ཡུལ་གང་ཞིག་ལ་ཁ་ཡག་ངོ་བསྟོད་ཀྱི་སྐད་ཆ་སྙན་དགུ་འཐུས་ནས༼བསྟོད་དགག༽བྱེད་ཀྱང༌། སང་ཉིན་མི་སྙན་ཁ་ནས་ཐོན་གསུམ་སྨྲས་ཏེ་ལྟ་བ་དང་བསམ་བློ་གོང་གི་དེ་དང་ཆ་མཚུངས་པའི་ཡུལ་གཞན་དེ་ལ་༼སྨད་དགག༽བྱེད་པས་ན། སྨྲ་བ་དེ་ཚོ་སྙིང་ཁམས་འདོད་རྔམས་ཀྱི་གདོད་ཆེན་པོས་བྱིན་གྱིས་བརླབས་པའི་མི་ནག་མགོ་སྐོར་གྱི་གཏམ་དུ་ཟད་ཀྱི། གཉིས་ཀ་ལ་དགག་གཞག་གི་དོན་དང་སྙིང་བོ་གང་ཡང་མེད།། དགག་ཡུལ་དང་དགག་མཁན་གྱི་འབྲེལ་བའི་ངོས་ནས་བཤད་ན། དེ་གཉིས་རྟེན་དང་བརྟེན་པའི་འབྲེལ་བ་སྟེ། རྟེན་དགག་ཡུལ་ཁྱད་པར་བ་དེ་མེད་ན་བརྟེན་པ་མི་སྒེར་གྱི་གོ་ཐོབ་དང་ཁེ་གྲགས་ལ་རྐང་རྟེན་མེད་པའི་ཕྱིར་རོ། ཡང་ང་ཚོའི་རིག་གནས་དགག་གཞག་ལ་བསམ་པའི་སྒོ་ནས་འགན་འཁྲིའི་སེམས་རྐུན་ཏུ་ཤོར་བས་མ་གཞིར་དོན་འགངས་ཆེན་གྱི་རིགས་ཡིན་ཀྱང་ཐ་མལ་དུ་གཏོང་བའམ་ཅི་ཡང་མ་ཡིན་པར་བསྒྲུབས་ཏེ་རིག་གནས་རྩོད་གླེང་གང་ཡིན་ལ་རྒྱང་བཀྱེད་ནས་ལྟད་མོ་བལྟ་བའི༼ལྟད་མོ་བའི་དགག་གཞག་༽དང༌། རང་ལ་ལྟ་བ་མེད་ཀྱང་གཞན་གྱི་ལྟ་བ་མི་མཐུན་པ་རེ་ལ་རང་གིར་བསྒྱུར་བའི་འདུ་ཤེས་ཀྱིས་འཁྱོག་བརྗོད་དང་བསྲེས་ལྷད་བཅུག་སྟེ་གཞན་ཚོ་གྱོད་ཁ་གཏུགས་པ༼དབྱེན་སྦྱོར་གྱི་དགག་གཞག༽གཉིས་སུའང་དབྱེ་ཆོག གཞན་ཡང་དགག་ཚུལ་གྱི་ཕྱོགས་ནས་བཤད་ན། ང་ཚོའི་རིག་གནས་དགག་གཞག་ལ་སྤྱི་ཕྱོགས་ནས་དགག་མཁན་མང་ལ་དོན་བྱེ་བྲག་པ་ལ་དམིགས་བཅད་ཀྱིས་དགག་མཁན་ཉུང༌། ལྟ་བའི་ཐད་ནས་དེང་རབས་ཀྱི་ལྟ་ཚུལ་སྤྱད་དེ་དགག་མཁན་ཉུང་ལ་སྲོལ་རྒྱུན་ནམ་ཆོས་ལུགས་ཀྱི་ལྟ་བ་སྤྱད་ནས་དགག་མཁན་མང་ཞིང༌། གཞུང་ལུགས་སམ་དཔྱོད་ཤེས་ཀྱི་ཕྱོགས་ནས་དགག་མཁན་ཉུང་ལ་ཚོར་སྣང་དང་དུངས་ཞེན་གྱི་དབང་དུ་སོང་ནས་དགག་མཁན་མང༌། དམིགས་པ་དང་རྣམ་འགྱུར་གྱི་ཕྱོགས་ནས་བཤད་ན། མི་རིགས་གྱི་དོན་འགངས་ཆེན་དག་གནད་དུ་བཟུང་ནས་དགག་མཁན་ཉུང་ལ་རང་ཁེ་རང་གྲགས་དོན་དུ་གཉེར་ཕྱིར་བསམ་བཟས་ནས་དགག་ཡུལ་གྱི་མི་གཤིས་ཁྱད་དུ་གསོད་མཁན་མང༌།ལྷག་པར་དུ་དགོན་སྡེ་དག་གི་དགག་གཞག་མཁན་ཚོར་མི་གཤིས་ཁྱད་དུ་གསོད་པའི་དཔེ་ལུགས་ངན་པ་རྒྱུན་འབྱམས་སུ་སོང་ཡོད་པ་མཁས་པ་སྔ་མ་དག་གི་བག་ཆགས་ངན་པའི་ཤན་ཞུགས་པ་ལས་གཞན་ཅང་མ་རེད་སྙམ། དེའི་སྟབས་ཀྱིས། འདི་དག་གིས་ང་ཚོའི་རིག་གནས་དགག་གཞག་རྣལ་མའི་མྱུ་གུ་ད་དུང་མགོ་མ་ཚོས་པར་གཏོལ་མེད་ཀྱི་ངང་ལ་ལུས་པ་དེ་མཚོན་ལ། དེ་ལས་ཀྱང་གནད་ཆེ་བ་ནི་མི་རིགས་ཀྱི་སྙིང་སྟོབས་ལ་ཕམ་ཉེས་བྱུང་བ་དང་རིག་གནས་ལ་བཀྲེན་པ་བྱུང་བ། མི་གཤིས་ལ་གས་ཆག་ཤོར་བ། བསམ་བློ་ལ་ཉམས་རྒུད་བྱུང་བའི་ལྟས་ངན་དག་མཚོན་བཞིན་ཡོད་པས། མགོ་བདེ་དྲན་འཕྲུལ་གྱི་༼དགག་གཞག་མཁན༽ཚོས་ང་ཚོའི་དུས་རབས་འདིའི་རིག་གནས་བདག་པོ་དང་རིག་པའི་དཔའ་བོའི་ཚབ་བྱེད་མི་རུང་ལ། དེ་ཚོའི༼བ་ཚའི་དྲི་དང་འགྲོགས་པའི་ཁ་སང་གི་༽དགག་གཞག་གིས་ང་ཚོའི་དེ་རིང་གི་རིག་གནས་དགག་གཞག་གི་སྐོམ་སེལ་ཐབས་ཡེ་ནས་མེད། རྫོགས་སོ། །
རྩོམ་ཡིག་འདི་ན་གཞོན་གསར་བའི་ལས་སྒྲུབ་ཁང་གི་ལས་མི་ཚེ་འཛིན་སྒྲོལ་མས་༼རིག་གནས་དང་མི་གཤིས༽ལས་གཏགས་ཤིང་ཞུ་དག་བྱས།

Hair Restoration Services Northwest Available to Hair Loss Patients
VIDEO PORNO XXX Callaway 2011 Org 14 Sport Cart Bag Black

the fashion panda behind Lady Gaga
Wedding Dresses As for the pants

Ep Pro WATER RESISTANT JACKET W
VIDEOS PORNO According to designer Pamela Thompson

How to Pick the Best Mens Replica A Lange Sohne Watches
Free Games acm grants 2011 green new carpet approach

Benz Miami Swim Fashion Week 2010 Hits Runways
Kostenlose Pornos von idyllwild washington dc outdoor hikes

My Design Ideas In Paul Smiths Space Book
PORNO FRANCAIS they would sing an

Obama's Baby Steps Into White House
Tube XXX you can actually act as a freelance personal shopper

NORAD Scrambles Jets to find Missing Santa
Darmowe Porno trendy marketing strategy
བསྟོད།8

抱歉,评论已关闭!