གངས་རྒྱན་རྟགས་མ་དང་དེའི་ཕུགས་ཀྱི་བཤད་ཡམས།

སྒྲེན་པོ།

ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྐབས་གཉིས་པའི་༼གངས་རྒྱན་མེ་ཏོག༽རྩོམ་རིག་བྱ་དགའ་གནང་པའི་མཛད་སྒོའི་ཚོགས་ཆེན་དེ་ཟི་ལིང་དུ་བསྡུས་རྗེས། བྱ་དགའ་རེག་པའི་གངས་རྒྱན་མེ་ཏོག་གི་རྐང་འཛིན་རྩོམ་པ་པོ་དེ་ཚོ་གླེང་གཞི་རུ་བྱས་ཏེ་བྱ་དགའ་དེ་འབབ་མིན་གྱི་སྐོར་ནས་འུར་ཆེན་པོ་རྒྱག་གིན་འདུག་པ་ངས་འདི་རུ་མང་པོ་མ་བཤད་ཀྱང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་རུ་གསལ་བོ་ཡིན་པས། ཤེས་འདོད་ཡོད་མཁན་ཚོས་དྲ་བ་དེར་འཇུག་རོགས། ཡིན་ནའང་ངས་འདི་རུ་གླེང་ན་འདོད་པ་ནི། གསར་འགྱུར་འདིའི་འགབ་ན་གསལ་བའི་དངོས་ཡོད་དཔྱད་གཏམ་དེ་དག་གི་བཤད་ཡམས་དང་དེའི་ཕུག་གི་ངོ་གདོང་དེ་རེད།
གཅིག བྱ་དགའ་ཞེས་པའི་དོན་ག་རེ་རེད།
བྱ་དགའ་ནི་མི་བུ་སོ་སོའི་ལས་དོན་ལ་སྐུལ་འདེད་དང་སྒུལ་ཤུགས་བསྩོལ་བྱེད་དུ་གནང་བའི་གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་ཡིན་པ་ལས། དེ་རེག་སོང་ན་མི་བུ་དེ་ཚད་ལྡན་ཞིག་ཡིན་པ་མཚོན་མི་ཐུབ་མོད། དེས་ཀྱང་ངལ་རྩོལ་གྱི་གསའ་གསེང་ནས་བཞུར་མྱོང་བའི་ངལ་རྩོལ་པ་གང་གི་རྔུལ་ཆའི་རིན་དོད་ཅིག་ཅི་ནས་ཀྱང་མཚོན་ཐུབ་པ་ནི་བཤད་མི་དགོས་པ་ཞིག་ལགས། དེ་ལྟར་ཡིན་ན་ད་ཐེངས་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་སོང་བའི་གསར་རྩོམ་ལ་གཞོལ་མཁན་ཁོ་ཚོ་ཡིན་ན།རྩོམ་རིག་གི་བྱ་དགའ་འདི་རེག་ཆོག་ཆོག་ཏུ་སྣང་། དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། གངས་རྒྱན་མེ་ཏོག་གི་རྩོམ་རིག་བྱ་དགའི་ཁ་གཏོད་ཡུལ་ནི་གསར་སྐྱེས་རྩོམ་པ་པོ་བསྐྱེད་སྲིང་དང་གསར་རྩོམ་གྱི་གོམ་ཁ་ཇེ་ཡངས་སུ་གཏོང་ཐབས་ལ་དམིགས་ཡོད་པ་ཀུན་པོས་ཤེས་ན་རེད། དེ་ལྟར་ཡིན་ན། ཐེངས་འདིར་བྱ་དགའ་རེག་པའི་རྩོམ་པ་པོ་ཁོ་ཚོ་ཡིན་ན། གསར་རྩོམ་ལ་བཟུང་བའི་ལངས་ཕྱོགས་བརྟན་པོ་ཡོད་ལ།ལོ་ངོ་དུ་མར་གསར་རྩོམ་འཚོལ་དཔྱོད་ཀྱི་སྨྱུ་གུའི་འགུལ་མཚམས་བཞག་མ་མྱོང་བ་འབའ་ཞིག་ཡིན་པ་ཤེས་དགོས། དེ་ཡང་གཙོ་བོ་གཞི་གང་ལ་དམིགས་ནས་བཤད་པ་ཡིན་ཅེ་ན། དེ་གཙོ་བོ་རྩོམ་པ་པོ་ཁོ་ཚོའི་གསར་རྩོམ་གྱི་གྲངས་འབོར་མང་བ་གཙིགས་སུ་བཟུང་ནས་ལབ་པ་ཡིན།
གཉིས།འབྲེལ་ཡོད་དཔྱད་གཏམ་སྤེལ་མཁན་ཚོའི་འཁྱོག་གཟུགས།
གངས་རྒྱན་མེ་ཏོག་གི་རྩོམ་རིག་བྱ་དགའ་ཐོབ་སོང་བ་དེས་བོད་ཀྱི་སྙན་ངག་གི་ཆུ་ཚད་མཚོན་མི་ཐུབ་ལ། བོད་ཀྱི་སྙན་ངག་པའི་འཐུས་ཚབ་ཀྱང་བྱ་མི་ཐུབ་མོད། དེས་བོད་ཀྱི་ན་གཞོན་གསར་རྩོམ་ལ་གཞོལ་མཁན་ཚོའི་ནང་སེམས་ཀྱི་འཇིག་རྟེན་དང་བོད་ཀྱི་ན་གཞོན་པའི་རབས་ཀྱིས་སྙན་ངག་ལ་བཟུང་བའི་ལྟ་སྟངས་ཤིག་ཟུར་ནས་མཚོན་ཐུབ། གངས་རྒྱན་མེ་ཏོག་གི་དུས་དེབ་འདིའི་ཁ་གཏོད་ཡུལ་དང་དེ་མིན་བྱ་དགའི་དམིགས་འཛུགས་ཡུལ་སོགས་མང་པོ་ཞིག་ལ་འདང་མ་རྒྱབ་པར་འོལ་ཚོད་དང་བྱུང་རྒྱལ་གྱིས་སྨྱོན་པའི་ལབ་བརྡོལ་རྒྱག་མཁན་མང་པོ་ཡོད་པ་ལས། དམིགས་བསལ་ཅན་རེ་འགའ་ཟུར་དུ་ཕྱུང་ནས་དཔྱད་ན། #56རྒྱབ་སྐྱོར།(0)ངོ་རྒོལ།(0)Guest@11-03 10:03ངས་དེ་རིང་ནས་བཟུང་གསལ་བསྒྲགས་བྱ་རྒྱུ་ཞིག་ལ་གངས་རྒྱན་རྟགས་མ་ཞེས་པའི་བྱ་དགའི་མིང་བྱང་དེ་ལ་མཚོ་ སྔོན་རྟགས་མ་ཞེས་པའི་མིང་དུ་བསྒྱུར་བ་ཡིན་ལ། གངས་རྒྱན་མེ་ཏོག་ཞེས་པའི་རྩོམ་རིག་དུས་དེབ་དེའང་མཚོ་སྔོན་མེ་ཏོག་ ཞེས་པའི་མིང་དུ་༼ཡིག་ཚོགས་མང་བར་དོགས་ནས་གཞུང་ཆ་ཚང་བཀོད་མེད༽གོང་གསལ་དཔྱད་གཏམ་འདི་སྤེལ་མཁན་གྱིས་མི་མང་པོ་ཞིག་གི་ཚབ་བྱེད་ཀྱིན་ཡོད་པ་ནི་གདོན་མི་ཟ་སྙམ།མང་པོ་ཞིག་གི་སེམས་ལ་དེ་ལྟར་འཆར་རུང་ཁ་ནས་མ་བུད་པ་མ་གཏོགས།ཡིད་ཕངས་བ་ཞིག་ལ་དཔྱད་བརྗོད་སྤེལ་མཁན་འདི་གཙོས་འདིར་འབྲེལ་དཔྱད་གཏམ་སྤེལ་མཁན་མང་པོ་ཞིག་གིས་ལྷང་ལ་བུད་ནས་སྐད་ཆ་བཤད་ཐུབ་ཀྱིན་མི་འདུག དཔྱད་གཏམ་གྱི་ཕག་ལ་ཡིབས་ནས་དཔའ་བོ་བྱེད་ཀྱིན་འདུག རང་ཉིད་ཀྱི་དངོས་མིང་ཡང་ཕྱི་རུ་སྒྲོག་མི་ཐུབ་པ་ཞིག་གིས་བདེན་ པ་ག་རེ་འཆད་རྒྱུ་ཡིན།ཁ་ངོ་ཐུག་དུས་བཤད་རྒྱུ་མེད་པར། ཕག་ལ་སོང་ནས་བླ་བཙག་དཔྱི་རྡུང་བྱེད་པ་ནི་ད་ལྟ་བོད་པའི་དྲ་ཐོག་རིག་གནས་ཀྱི་སྐྱོན་ཆ་ཆེན་པོ་ཞིག་མ་ཡིན་ནམ།གང་ལྟར་དཔྱད་གཏམ་འདི་ལས་ཤོག་ཁ་དང་གྲུབ་མཐའ་དགར་བའི་འདུ་ཤེས་རྙིང་དྲེག་ཆགས་པ་ཞིག་ལྷང་ལ་བུད་འདུག
བོད་པའི་སྙན་ངག་གི་རྐང་རྗེས་འཚོལ་དགོས་ན་གངས་རྒྱན་མེ་ཏོག་གི་དུས་དེབ་ལ་བལྟ་དགོས་རྒྱུ་ནི་གནས་བབ་ཀྱིས་ར་སྤྲད་འདུག་ལ། དེ་ཡང་བོད་ཁུལ་གྱི་ས་ཆ་གཞན་པའི་སྨྱུག་འཛིན་པ་ཚོར་ཕྱོགས་རིས་ཀྱི་ལྟ་སྟངས་བཟུང་བ་ག་ལ་ཡིན་ཏེ། དེ་གཙོ་བོ་མཚོ་སྔོན་གྱི་སྨྱུག་འཛིན་པ་རེ་འགའ་ས་ཆ་གཞན་པ་དང་ལྟོས་བཅས་ཀྱིས་བསྡུར་ན་ཅུང་ལེགས་པོ་ཡོད་པ་ལས། ས་ཕྱོགས་དང་ཤོག་ཁའི་དབང་དུ་གྱུར་བ་མ་ཡིན་སྙམ།བཟང་ན་བཟང་ཆ་ངེས་ཟིན་དང་དེ་ལ་ཡིད་འཇོག་མི་བྱ་བ་འདི་ཡང་འོ་སྐོལ་མི་རིགས་འདིའི་ནད་ཡམས་ཤིག་རེད་ལ། ངལ་རྩོལ་གྱི་འབྲས་བུར་མིག་ཟུང་བགྲད་པ་ལས་དེའི་ལམ་གྱི་དཀའ་ཚེགས་ལ་མནོ་བསམ་མི་གཏོང་བ་ཡང་སྐྱོན་ཆ་ཆེ་གྲས་རེད་འདོད། རང་ཉིད་ཀྱིས་གངས་རྒྱན་མེ་ཏོག་སྟེང་དུ་སྙན་ངག་བརྩམས་ཆོས་མི་འབྲི་བ་འམ་ཡང་ན་དེའི་སྟེང་དུ་ངལ་རྩོལ་གྱི་ས་བོན་མི་གཏོར་བར་གང་བྱུང་མང་བྱུང་དུ་འུར་རྒྱག་མཁན་ཚོར་ཅི་ནས་ཀྱང་སྦྱོར་བ་དེའི་རིགས་རྩོམ་པའི་དབང་ཆ་ཆེར་མེད་སྙམ། ལག་ལེན་ནི་བདེན་དོན་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན་པ་ཤེས་དགོས།
༼#35རྒྱབ་སྐྱོར།(0)ངོ་རྒོལ།(0)Guest@10-30 09:40ཐེངས་འདིར་མི་རབས་མདའ་མཙན་པོ་ལས་གཞན་པའི་མི་རབས་གསུམ་པ་བ་དག་ལ་བྱ་དགའ་མི་སྟེར་དོན་ནི་ཁོང་ཚོས་མི་རབས་གསུམ་པར་ཕྲག་དོག་དང་ཁྱད་གསོད་བྱེད་པ་ལྷང་ལ་བུད་ནས་འདུག མི་རབས་གསུམ་པ་བ་ཞིག་གིས།༽གོང་གསལ་དཔྱད་བརྗོད་འདི་ལྟ་བུར་མཚོན་ན། རང་གི་བྱས་ཉེས་གཞན་མགོར་འཕེན་མཁན་གྱི་ཡོག་ལི་ཞིག་ཡིན་པ་མཚོན་ནུས། རྒྱུ་མཚན་ག་རེ་རེད་ཟེར་ན། ཁོས་མི་རབས་གསུམ་པ་དེ་རང་ཉིད་ཀྱི་འདོད་མོས་ཁྱབ་སྒྲོག་བྱེད་སྤྱད་སྨྱན་རྫས་ཤིག་ལྟར་རྩེད་སྤྱད་བྱེད་ཀྱིན་འདུག མི་རབས་གསུམ་པ་བ་ཞིག་གིས་ཅི་ནས་ཀྱང་ཚོགས་པའི་མིང་གཡར་ཏེ་སྐད་ཆ་འདིའི་རིགས་བཤད་མི་སྲིད།འདི་ལྟར་བསམ་བཞིན་དུ་བོད་པའི་སྨྱུག་འཛིན་པའི་སྡེ་ལ་དབྱེན་དཀྲུག་དང་ཕོ་ལུས་མོ་ཁ་བྱེད་པ་ནི་ཅི་འདྲའི་སྣོམ་ཐབས་བྲལ་བའི་དྲི་མ་སྣ་ལ་གཟན་པ་ཞིག་རེད་ཡྰ། འདིས་ད་ལྟའི་བོད་པའི་རིག་གནས་ཀྱི་སྣང་ཚུལ་ཞིག་དང་ཁྱད་དོན་བོད་པའི་མི་གཞིའི་གས་ཀ་ཞིག་གི་ཟུར་ཁ་མཐོང་ཐུབ་ཞེས་བཤད་ན་འགལ་ཆ་ཆེར་མེད། འཁྱོག་སྒྱུར་གྱི་མི་གཤིས་དང་། སྣོག་ལས་ཀྱི་བསམ་བཀོད། ཕྲག་དོག་གི་མེ་ལྕེ། ཁ་ཚོན་པོ་དང་ལག་ཤི་བོ།
གསུམ། ཁྱད་གསོད་ཀྱི་སྟ་རེ་བཟུང་ནས་མི་གཞིར་དམར་གསོད་བྱེད་པའི་གསོན་དཔེ།
༼#24རྒྱབ་སྐྱོར།(0)ངོ་རྒོལ།(0) Guest@10-29 10:31ཧེ་རུ་ཀ་རྫུན་མ་ཧེ་རྫུན་ལ་མི་འབབ། ཧེ་རྫུན་ལ་མི་འབབ།༽
༼#23རྒྱབ་སྐྱོར།(0)ངོ་རྒོལ།(0)Guest@10-2910:30ཆགས་རྒན་མདའ་བཙན་པོར་བོད་ཀྱི་སྙན་ངག་གི་ཆེས་མཐོ་
བའི་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུ།༽
༼#8རྒྱབ་སྐྱོར།(0)ངོ་རྒོལ།(0)Guest@10-2814:41ལྗང་བུ་དང་འཇུ་སྐལ་བཟང་། སྐྱབས་ཆེན་བདེ་གྲོལ་སོགས་སྙན་ ངག་པ་ཆེན་པོ་རྣམས་ལ་མི་སྩོལ་བར་ཁྱི་ཕྲུག་འདི་དག་ལ་སྟེར་དོན་ཅི་ཡིན་ནམ།༽
༼#28རྒྱབ་སྐྱོར།(0)ངོ་རྒོལ།(1) Guest@10-29 17:53འུ་ཚང་གི་བྱ་དགའ་ཙིག་གེ་བོ དཔལ་མོས་ཞབས་ནས་བུད་ ཐལ༽གོང་གསལ་དཔྱད་གཏམ་དེ་དག་གི་ཁྲོད་ཧེ་རྫུན་དང་ཆགས་རྒན་མདའ་བཙན་པོ། ཁྱི་ཕྲུག དཔའ་མོའི་ཞབས་སོགས་ཐ་སྙད་སྙིང་ལ་གཟན་པ་མང་པོ་ཐོན་ཡོད་པ་ནི་དངོས་གནས་བཤད་ན། སྒེར་མིའི་ཁེ་དབང་དང་རྩིས་ཐང་ལ་བདག་དབང་མ་སྤྲད་པའི་དཔེ་འཇིགས་སུ་རུང་བ་དག་རེད། དམའ་འབེབ་དང་ཁྱད་གསོད་ཀྱི་སྟ་རེ་ནི་འོ་སྐོལ་མི་རིགས་འདིའི་ཁ་ལ་དུས་རྒྱུན་ཐོགས་ཡོད་གི དཔེ་འདི་ལས་ཀྱང་ང་ཚོར་ཡོངས་ཁྱབ་རང་བཞིན་གྱི་མི་ཆོས་ཀུན་སྤྱོད་མ་ལག་ཅིག་ཆགས་མེད་པ།མི་ཇུས་བསམ་བློའི་ཐད་ཀྱི་སྒྲིག་གཞི་ཆགས་མེད་པ་སོགས་དཔེ་དོན་གྱིས་ར་སྤྲད་འདུག་སྙམ།
བཞི། སྐ་ཞུབས་ཧེ་རུ་ཀ་དམིགས་སུ་བཀར་ནས་གླེང་བ།
ན་གཞོན་གསར་རྩོམ་ལ་གཞོལ་མཁན་སྐུ་ཞབས་ཧེ་རུ་ཀ་ཉིད་དམིགས་སུ་བཟུང་ནས་གླེང་དོན་ནི། དཔྱད་གཏམ་འདི་དག་གི་ཁྲོད་དུ་སྐུ་ཞབས་ཁོང་ལ་ཁྱད་གསོད་དང་དམའ་འབེབ་བྱེད་མཁན་མང་པ་གཅིག་པུའི་རྐྱེན་མ་ཡིན་པར། འདི་དང་རིགས་སྒྲེས་ནས་བཤད་ན། དོན་དག་མང་པོ་ཞིག་ཤུགས་ནས་མཐོང་ཐུབ་པས་ཡིན། ཧེ་རུ་ཀའི་མི་གཤིས་ཅི་འདྲ་ཡིན་མིན་དང་ཡོན་ཏན་ཡོད་མེད། བསམ་བློ་བཟང་མིན་སོགས་ནི་ངས་བལྟས་ན་ད་ཐེངས་ཀྱི་དགའ་རྟགས་དང་འབྲེལ་བ་ཆེན་པོ་མི་འདུག་སྙམ།རྒྱུ་མཚན། མི་ཞིག་ཡིན་ན་སྐྱོན་ཆ་མེད་པ་ཞིག་གང་ན་ཡོད། བརྩམས་ཆོས་ཁྲོད་མངོན་པའི་རྩོམ་པ་པོའི་བསམ་བློ་དང་དངོས་ཡོད་རྩོམ་པ་པོའི་ལག་ལེན་སྦྱོར་བ་སོགས་དོ་མཉམ་དགོས་ཞེས་ཆ་རྐྱེན་མི་ཡིས་ཀྱང་མི་ཐེག་པ་ཞིག་བཀལ་ནས་ཡོང་ན། ཁོ་བོའི་ལྟ་ཚུལ་ཡིན་ན་མི་དེའི་རིགས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་མ་མཐའི་ཤེས་བྱ་སྟེ། རྩོམ་རིག་ནི་མཛེས་རྟོག་རང་བཞིན་ཅན་གྱི་ངོ་བོ་དང་། བདེན་པ་དང་རྫུན་མ་གཉིས་ཀྱིས་གྲུབ་པའི་གཅིག་འདུས་ཀྱི་ཕུང་བོ་ཞིག་ཡིན་པར་ངེས་ཤེས་མ་འདྲོངས་བ་ལེ་ཡིན་སྙམ། འདི་ལྟར་སྙན་ངག་དང་རྩོམ་རིག་གི་མ་མཐའི་གཞི་རྐང་ཙམ་ཡང་མེད་པར་རི་བོང་ཅལ་འདྲོགས་ཀྱི་རྣམ་ཐར་སྐྱོང་བའི་སྐྱོ་གར་འདིའི་མཇུག་ནམ་ཞིག་ལ་རྫོགས་སམ། བདག་གི་ཀློག་པོ་ཀྱེ།ལྷག་དོན་སྙན་ངག་པ་ཞིག་ཡིན་ན་ཅི་ནས་ཀྱང་དངོས་ཡོད་ཀུན་སྤྱོད་མ་ལག་གི་སྒྲོམ་དེ་གཏོར་ནས་སྣང་བ་དང་མི་གཤིས་སོགས་ཡན་གར་བ་ཞིག་ཆགས་ཡོད་པ་ང་ཚོས་འཛམ་གླིང་རྩོམ་རིག་གི་བཤུལ་ལམ་སྙེག་ན་མཐོང་སླ་བོ་འདུག བསམ་བློའི་འཇིག་རྟེན་གྱི་འཚོལ་དཔྱོད་དང་དངོས་ཡོད་འཚོ་གནས་ཀྱི་བདེན་པ་གཉིས་པའི་རྐྱ་དེ་འགེར་དགོས་སྙམ།
ལྔ།མཇུག་དུ་བསྔོ་བ།
མཐར་ཁོ་བོའི་ངོས་ཐད་ནས་ཐེངས་འདིར་བྱ་དགའ་རེག་པའི་གསར་རྩོམ་འཚོལ་དཔྱོད་པ་འདི་ཚོར་སེམས་བསམ་པའི་གཏིང་ནས་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ད་དུང་ཁོང་རྣམ་པའི་རྗེས་ཕྱོགས་གསར་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་པའི་ཁ་གཡང་ཡང་བོས་ནི་ཡིན། ཞོར་དུ་སྐུལ་རྒྱུ་ཞིག་ལ།རྒས་སླ་བའི་བོད་ཀྱི་སྙན་ངག་པ་རེ་འགའི་རྣམ་ཐར་མི་སྐྱོང་རྒྱུར་ཡང་རེ་བ་ནན་ཏུར་དུ་བྱས་པ་ཡིན།

ཞེས། གཅེར་གཟུགས་པ་སྒྲེན་པོ་ནས། 09ལོའི་སྤྱི་ཟླ་11པའི་ཚེས07ཉིན་བྲིས།
༼གསལ་བཤད།རྩོམ་འདི་དྲ་ངོས་གཞན་པར་བརྒྱུད་འགོད་བྱས་མི་ཆོག༽

Boost your fashion statement with online shopping
PORNO men's heels became more stacked and chunky

How to Shop for Fashion Designer Software
Prom Dresses served perhaps at a hotel

Women Love their Sexy Underwear
PORNO method front

What Is Formal Dressing for Men
Download Free Games the new facial complexion along with mode

What Are the Education Requirements to Be a Fashion Designer
Kostenlose Pornos von I am also not small

The Clothing Retailer May Be Expecting Long
free xxx I was always doing other things

Really Inexpensive and Easy Recipes
free porno appropriate for the occasio

Newest Styles Of New Era Hats
Filme Porno How to Cite a Class
བསྟོད།8

抱歉,评论已关闭!