བོད་ཀྱི་ན་གཞོན་སྙན་ངག་པ་མདའ་བཙན་པོ་ལགས་ལ་སྤྲིངས་པ།

ཞོགས་ལྗང་།

བོད་ཀྱི་ན་གཞོན་སྙན་ངག་པ་མདའ་བཙན་པོ་ལགས།ཉེ་ལམ་བདེ་ལགས་སམ།
ཐོག་མར་ཉིད་ཀྱིས་ལོ་ངོ་འདི་དག་ལ་བོད་ཀྱི་སྙན་ངག་གི་ཐད་དུ་བྱས་རྗེས་མི་དམན་པ་བཞག་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ།མུ་མཐུད་དུ་འདི་ལྟར་འགྲོ་བར་ཡང་ཡིད་ཆེས་བླ་ལྷག་གིས་ཡོད། ལྷག་པར་དུ་ཐེངས་འདིར་ཉིད་ལ་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་གནང་བར་ཡང་རྟེན་འབྲེལ་ཞུས་པ་ཡིན།
ང་རང་ནི་ཉིད་ཀྱི་ཀློག་པ་པོ་དཀྱུས་མ་ཞིག་ཡིན་ལ།དཀྱུས་མའི་ནང་གི་གཙོ་བོ་ཞིག་ཀྱང་ཡིན་སྲིད། དུས་ནམ་ཞིག་ནས་ང་རང་ཉིད་ཀྱི་སྙན་ངག་ལ་དགའ་བར་གྱུར་བ་བཤད་རྒྱུ་མེད་ཀྱང་། ཉིད་ཀྱི་སྙན་དེབ<སྐད་ཆ་བསོར་མོ་རེ་བཤད་ན>ཞེས་པ་ནི་ང་དང་ཁྱོད་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བྱེད་དེ་ཡིན་པས། ངས་ནམ་ཡང་དེ་ཉིད་མཐོང་ཐེངས་རེ་རེར་རྒྱུས་ཡོད་རྒྱུས་མེད་ཀྱི་ཁྱོད་རང་དྲན་ཞིང་། དུས་ནམ་ཞིག་ལ་ངེད་ཁྱོད་གཉིས་མཉམ་དུ་བསྡད་ནས་ཁ་བརྡ་ཡིད་འཚིམ་པ་ཞིག་བྱ་ཐུབ་བམ་སྙམ་པ་ཡིན། སྟོང་བསམ་དེ་ལྟར་འཐེན་པས་ཚོར་བ་ཡོད་ཚད་ཉིད་ཀྱི་སྙན་ངག་ཏུ་ཞུགས་པ་ཡང་ཡིན། ནམ་ཞིག་ངས་ཉིད་ཀྱི་སྙན་དེབ་དེ་ཉོས་ནས་བཀླགས་པ་ཡིན་ལ། དེའི་ཡན་ཏུ་མི་རབས་གསུམ་པའི་སྙན་ངག་པ་མདའ་བཙན་པོ་ཞེས་པ་ཞིག་ཐོས་མྱོང་བས་མི་ཚད་སྙན་ངག་རེ་གཉིས་ཀྱང་བཀླགས་མྱོང་མོད།གཞན་དང་འདྲ་བར་ང་རང་ཡང་མི་རབས་གསུམ་པ་ཞེས་པ་དེའི་དབང་གིས་ཡིན་ནམ། གང་ལྟར་ཉིད་ཀྱི་བརྩམས་ཆོས་དག་ཤ་གསེང་རུས་གསེང་ནས་བཀླགས་མ་མྱོང་། ལྷག་པར་དུ་མིང་གྲགས་ཆེ་བའི་<སྐྱག་པ>སོགས་ལ་ཡང་ཡིད་འཇོག་བྱས་མ་མྱོང་། ད་ལྟ་བསམ་ན། ལས་དབང་ཞེས་པ་འདི་ནི་དགོད་བྲོ་བ་ཞིག་ཀྱང་རེད། ནམ་རྒྱུན་འབོལ་རྩོམ་ལ་དུངས་པ་བླ་ལྷག་ཡོད་པའི་ང་རང་ཁྱོད་དང་ཁྱོད་ལྟ་བུའི་གྲོགས་པོ་མང་བོ་ཞིག་ལ་དགའ་བས་མི་ཚད་བར་ཐག་ཀྱང་ཇེ་ཉེ་རུ་འགྲོ་བཞིན་འདུག་ཨང་།
ཉིད་ཀྱི་སྙན་དེབ<སྐད་ཆ་བསོར་མོ་རེ་བཤད་ན>ཞེས་པ་དེ་བཀླགས་རྗེས་གཞི་ནས་ང་རང་ཉིད་ཀྱི་སྙན་ངག་ཀློག་པ་པོ་དངོས་མ་ཞིག་ཏུ་འགྱུར་འགོ་བརྩམས་ཤིང་། ཐེངས་ཤིག་ཚོར་འདུ་ཅི་ཞིག་གིས་དེད་དེ་ངས་སྐུ་ཞབས་ལྷམ་ཀོག་ལ་ཁ་པར་བཏང་ནས་དེའི་ནང་གི<སྐྱག་པའི་>སྐོར་གྱི་སྨྱོ་བཤད་ཅིག་ཀྱང་བྱས་མྱོང་། གང་ལྟར་ཁོ་བོས་སྙན་ངག་དེ་མཐོང་བ་ནས་རིམ་གྱིས་སྙན་ངག་ཅེས་པ་ཞིག་ལ་དུངས་པ་ཟབ་ཏུ་ཕྱིན་པ་ཡིན་ལ།མདའ་བཙན་པོ་ཞེས་པའི་ཁོ་བོའི་སྣང་ངོའི་བོད་ཀྱི་ན་གཞོན་སྙན་ངག་པ་ཁྱོད་ཀྱང་བདག་གི་ཐག་ཉེ་རུ་ཉར་ཡོད། ནམ་རྒྱུན་བདག་གི་གྲོགས་པོ་དག་མཉམ་དུ་འཛོམས་དུས་ངས་ཁྱོད་ཀྱི་སྙན་ངག་ལ་དུངས་ཞེན་གྱི་སྐད་ཆ༼བསོར་མོ༽རེ་བཤད་མྱོང་ལ།དེའི་དབང་གིས་ད་ལོའི་དབྱར་ཁ་ཞིག་ཏུ་ང་ཚོའི་གྲོགས་པོ་སྐོར་ཞིག་རྨ་ཆུའི་འགྲམ་ངོགས་ནས་བཟི་བཞིན་ཡོད་དུས། གྲོགས་པོ་ཞིག་གིས་ང་ལ་ཁྱོད་རང་སོག་པོ་ཡིན་ནམ་ཞེས་དྲིས་ཀྱང་མྱོང་མོད། ཡིན་ན་ཡང་། ངའི་སེམས་ངོ་ནས་ཁྱོད་ཀྱང་བོད་རེད་ལ་ང་ཡང་བོད་རེད།བོད་ཀྱི་ན་གཞོན་སྙན་ངག་པ་ཞིག་བདག་གི་སྣང་ངོ་ན་འོད་དུ་འཚེར་གྱིན་པ་དེ་རེད་པས། དགོད་བྲོ་བའི་སྐད་ཆ་དེ་དག་ནི་ངས་ནམ་ཡང་རྣ་བའི་ལྟ་རྒྱབ་ཏུ་བསྐྱུར་བ་ཡིན། ལྷག་པར་དུ། ང་རང་ཁྱོད་ཀྱི་སྙན་ངག་ལ་དགའ་བ་ནས་བཟུང་། གྲོགས་རྐང་གླིང་དང་རྒྱལ་མཚན་སོགས་གཙོ་བྱས་པའི་བོད་ཀྱི་ན་གཞོན་སྙན་ངག་པ་སྐུ་ཞབས་སྐྱབས་ཆེན་གྱི་སྙན་ངག་ལ་ཡང་ཚོར་བ་ཞུགས་པ་ཡིན། འདི་དག་གི་ངོས་ནས་བཤད་ན་ཉིད་ནི་བདག་གི་ལམ་གྲོགས་བཟང་བོ་ཞིག་ཀྱང་ཡིན་པས། ང་རང་སྙན་ངག་པ་ཁྱོད་ལ་དུངས་པ་ཇེ་ཆེ་རེད། བདག་གི་ལམ་ཕྱོགས་འདིས་ང་རང་གང་ཞིག་ཏུ་ཁྲིད་ཀྱིན་ཡོད་པ་ཁོ་བོས་ཀྱང་གསལ་རྟོགས་མི་ཐུབ་མོད། གང་ལྟར་གྲོགས་པོ་རེ་གཉིས་ཀྱིས་ཀྱང་ང་ལ་ཁྱོད་རང་མི་རབས་གསུམ་པའི་མདུན་ནས་དཔའ་ཞུམ་གྱིན་འདུག་ལ་སོགས་པའི་གོ་རྒྱུ་ཅན་གྱི་སྐད་ཆ་ཡང་བཤད་མྱོང་མོད།ང་ལ་མཚོན་ན་གནས་ལུགས་ཀྱི་མདུན་ནས་ཚང་མ་འདྲ་མཉམ་ཡིན་པས།ངས་མི་རབས་གསུམ་པ་དང་བཞི་བ་ཟེར་ནས་རྒྱང་བཀྱེད་འདོད་ཡེ་ནས་མ་བྱུང་།
གོང་གི་འདི་དག་ནི་ང་རང་ཁྱོད་ལ་ཉེ་རུ་བཅར་བའི་སྣང་ཚུལ་ཙམ་རེད་ལ། བཤད་ཀྱང་དགོས་པ་ཆེར་མ་མཆིས་མོད། ཆེས་ཐོག་མའི་འཕྲིན་འབྲི་མཁན་ཞིག་ལ་མཚོན་ན་སྐད་ཆ་རེ་འགའ་ཞིག་ངང་ངམ་ཤུགས་ཀྱིས་ཐོན་ཡོང་བ་འདི་ཡང་ང་ཁོ་ན་ག་ལ་ཡིན། གང་ལྟར་ད་ལྟ་འདི་དག་ཐམས་ཅད་རེ་ཞིག་བཞག་སྟེ་གནད་དོན་གཞན་ཞིག་གླེང་བར་བྱ་སྟེ། དེ་ནི་ཐེངས་འདིར་བོད་ཡོངས་སུ་འུར་འུར་ཟིང་ཟིང་དུ་གྱུར་བའི་ཉིད་ཀྱི་གསར་འགྱུར་སྐོར་རེད། གསར་འགྱུར་འདི་ནི་ངེས་པར་གླེང་འོས་པ་ཞིག་དང་གླེང་རི་བ་ཞིག་ཀྱང་རེད་སྙམ་པས་ན། ང་ཡང་འདིའི་གསེབ་ཀྱི་དྲ་འབུ་ཁ་མང་ཞིག་ཏུ་འགྱུར་བར་འབད་རྒྱུ་ཡིན། གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་དེ་ལ་དབང་ཞེས་པ་བཞིན། ངས་ཀྱང་སྐད་ཆ་འདིར་གྲ་སྒྲིག་བྱས་ནས་ཡོད་པ་མིན་ཡང་། གོ་སྐབས་འདིས་ང་རང་ཡོམ་ཡོམ་སྒུལ་བྱུང་བས། དེ་རིང་གི་མཚན་མོ་འདི་སྤྱད་ནས་ཉིད་ལ་འདིའི་སྐོར་གྱི་འཕྲིན་ཞིག་འབྲི་འདོད་པ་ནི་འཕྲིན་ཡིག་གི་ཆེད་དུ་འཕྲིན་ཡིག་བྲིས་པ་རང་མིན་པ་ཤེས་པར་གྱིས།
ད་ལོའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་མ་བྱིན་པའི་ཡར་སྔོན་དུ།ཉིད་ཀྱིས་དགེན་བདུན་ལྷ་རྒྱལ་ཁ་པར་བཏང་ནས༼ཐེངས་འདིར་ང་ལ་སྙན་ངག་གི་བྱ་དགའ་ཞིག་ཐོབ་རྒྱུ་རེད་འདོད་མོད།གལ་ཏེ་མདོ་སྨད་ཧེ་རུ་ཀར་བྱ་དགའ་བྱིན་ཚེ་ངས་ནི་རང་གི་བྱ་དགའ་དེ་མི་ལེན༽ཞེས་མདོ་སྨད་ཧེ་རུ་ཀ་དང་ཉིད་ཀྱི་སྙན་ངག་ལྟ་ཚུལ་སྐོར་ནས་སྐད་ཆ་ཞིག་བཤད་ཡོད་པ་དེར་མང་བོ་ཞིག་གིས་ལྟ་ཚུལ་འདྲ་མིན་འཛིན་གྱིན་འདུག་མོད། ང་ལ་མཚོན་ན་འདི་ནི་རྒྱུན་ལྡན་ཞིག་ལས་ཅི་ཡང་མ་རེད། ཡང་ན་ཚོར་བའི་ཀློག་རོལ་དུ་འཁྱམ་པའི་སྙན་ངག་པ་ཞིག་གི་སྐད་ཆ་དག་མ་ཞིག་རེད་ཨང་སྙམ་བྱུང་། འདི་ལས་ཉིད་ཀྱིས་མདོ་སྨད་ཧེ་རུ་ཀ་དམའ་ས་ཞིག་ཏུ་བཞག་པ་མཚོན་མི་འདུག་པར།དེ་ལས་ལྡོག་སྟེ་ཁྱོད་ཀྱིས་འདོད་ཀྱིན་པའི་སྙན་ངག་གི་ལྟ་ཚུལ་ཞིག་གསལ་བཤད་བྱས་འདུག་མོད། སྐད་ཆ་ཚིག་གཅིག་བཤད་པ་ཙམ་གྱིས་ཀྱང་མི་གཞི་དམའ་འབེབ་རེད་ཟེར་བ་རེ་འགས་དེ་ཡང་གནད་དོན་ཞིག་ཏུ་བརྩི་བཞིན་ཡོད་ན། དེ་ཉིད་ནི་སྙན་ངག་པ་ཞིག་གིས་དོ་སྣང་བྱེད་དགོས་པ་ཞིག་ཁྱོན་ནས་མ་རེད་འདོད་ཀྱིན་ཡོད།ཡང་གཅིག་བཤད་ན། འདི་ལས་ཉིད་ཀྱི་དྲང་མོ་དྲང་རྐྱང་གི་ཆ་ཞིག་ཀྱང་མཚོན་འདུག་པས། ང་རང་ཉིད་ལ་ཤིན་ཏུ་དགའ་བར་གྱུར་སོང་། ལྷག་པར་དུ། མི་ཞིག་ལ་མཚོན་ན་རང་ཉིད་ཀྱི་ང་རྒྱལ་ཞིག་ངེས་པར་དུ་དགོས་པར་སྙམ་པས།ད་དུང་རྒྱབ་སྐྱོར་ཡོད། མ་ཟད། ཐེངས་འདིར་ཉིད་ལ་བྱ་དགའ་ཐོབ་དགོས་པར་ཁོ་བོས་འདོད་ཅིང་། ཡོད་པར་ཡང་ཡིད་ཆེས་སྔོན་ནས་བྱས་ཡོད། ༼ད་དུང་ངའི་གྲོགས་པོ་རེ་འགས་ཀྱང་དེ་ལྟར་འདོད་ཀྱིན་འདུག་ན་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ང་ཁོ་ན་ག་ལ་ཡིན།༽དགོངས་དག་ཞུ་དགོས་ས་ཞིག་ལ།ང་རང་ཉིད་ལ་ཤིན་ཏུ་དགའ་བའི་ཀློག་པ་པོ་ཞིག་གི་ཆ་ནས་ཐེངས་འདིར་ཉིད་ཀྱིས་བྱ་དགའ་ལེན་པའི་སྟེང་དུ་ཞུགས་མ་ཐུབ་མོད། ཡང་གཅིག་བསམ་ན་དེ་ལ་ངེས་པར་དུ་ཞུགས་དགོས་ཀྱང་མི་འདུག་སྙམ།དེ་ཡང་ང་རང་ནི་རེ་ཞིག་ལག་པ་གཞན་ལ་སྲིང་བའི་སློབ་ཆེན་སློབ་མ་ཞིག་ཡིན་པ་ཉིད་ཀྱིས་ཤེས་པར་གྱིས། ཧེ་ཧེ།
རེད་མོད་ཀྱང་།ཡིད་ཤིན་ཏུ་ཆད་པ་ཡང་འདུག་སྟེ། གོ་ཐོས་ལྟར་ན་སྐབས་དེར་ཁྱོད་དང་མདོ་སྨད་ཧེ་རུ་ཀ་གཉིས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་འདུག་ཟེར།ལྷག་པར་དུ་ཁྱོད་ཀྱིས་སྙན་ངག་པ་ཞིག་གི་གཤིས་ཀ་ཡོངས་སུ་དོར་ཏེ་དགོས་མེད་ཀྱི་ཁས་ལེན་ལྟ་བུ་མང་དུ་བྱེད་ཀྱིན་འདུག་ཀྱང་སྐད།སྐད་ཆ་དེ་དག་གོ་དུས་ང་རང་ཡིད་ཆད་དང་ཁོང་ཁྲོ་ཡིས་ཤིན་ཏུ་མནར་བར་བྱས།དེ་དག་ཀྱང་གཞན་གྱི་ཁ་ནས་གོ་བ་ཡིན་པས་ཡིན་མིན་གྱི་བརྡར་ཤ་མ་ཆོད་སྔོན་དུ་རེ་ཞིག་བཞག་ཆོག་མོད། དེ་ལས་ཀྱང་ཁྱོད་ལ་ཡིད་ཆད་པ་ཞིག་ནི།སྔོན་ནས་བསྒྲགས་ཟིན་པའི་དམ་བཅའ་ལྟར།ཐེངས་འདིར་བྱ་དགའ་མ་བླངས་ན་ཤིན་ཏུ་འགྲིག་མོད།བྱ་དགའ་ཞིག་གིས་དེད་ནས་འདུག་པ་ལྟ་བུའི་དེང་གི་སྙན་ངག་པ་ཞིག་གི་བརྟུལ་ཞུགས་བཟུང་ནས་རང་གི་སྒེར་གཤིས་ཡལ་བར་དོར་བ་ནི་ང་རང་ཀློག་པ་པོ་ཞིག་གིས་བལྟས་ན་བཟོད་དུ་ནུས་པ་ཞིག་ག་ལ་ཡིན། བྱ་དགའི་རྟགས་མ་ཞིག་དང་དངུལ་སྒོར་སྟོང་ཚོ་གསུམ་གྱི་ཆེད་དུ་ལོ་ངོ་འདི་དག་ལ་སྙན་ངག་བྲིས་པ་རང་ཡིན་ན། ཁྱོད་ཀྱིས་རང་གི་སྙན་ངག་དག་མེ་རུ་བསྲེག་ན་བཟང་ཞེས་ཀྱང་ཟེར་འདོད། སྤྱིར་སྙན་ངག་པ་ཞིག་ཡིན་ན་འདི་དང་གན་ཡིན་དགོས་ཞེས་ཚོད་འཛིན་བྱེད་པ་དེ་འགྲིག་མིན་རྦད་དེ་མ་ཤེས་མོད། བྱ་དགའ་ཞིག་དང་མིང་བྱང་སྐམ་པོ་ཞིག་གི་ཆེད་དུ་དུས་རྒྱུན་འབད་འབད་དུང་དུང་བྱེད་པ་ནི་ཤིན་ཏུ་མི་འོས་པར་སྙམ་ལ།འཛམ་གླིང་ན་མིང་དུ་གྲགས་པའི་ནོ་པེར་རྩོམ་རིག་བྱ་དགའ་ཡང་སྣང་མེད་དུ་འཇོག་མཁན་ཡོད་ན། འུ་ཅག་གི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་དེ་ཅི་ལ་གཡུགས་མི་ཐུབ་བམ།འདིའི་ངོས་ནས་བཤད་ན། སྔོན་ཆད་བདག་གི་སེམས་སུ་གོ་གནས་མི་དམན་པ་བཟུང་ཡོད་པའི་བོད་ཀྱི་ན་གཞོན་སྙན་ངག་པ་ཁྱོད་ཀྱང་རབ་རིབ་མག་མོག་ཅིག་ལགས་པས།རེ་བ་ཡིན་ན་བྱ་དགའི་ཆེད་དུ་སྙན་ངག་མི་འབྲི་བར་ཞུ།༼བྱ་དགའ་བླངས་པ་དེ་གཏན་ནས་འགྲིག་མ་སོང་ཟེར་བ་མིན་པར། སྐད་ཆ་དེ་ལྟ་བུ་བཤད་རྗེས་བྱ་དགའ་དེ་ལྟ་བུ་བླངས་པ་ནི་ཁྱོན་ནས་མ་འགྲིག་པར་བསམ་པ་ཡིན།༽
བཤད་འདོད་པ་རེ་འགའ་ཞིག་བཤད་ཚར་སོང་ཞིང་། དུས་ཚོད་ཡོད་ན་ཐེངས་རྗེས་མར་འབྲི།
ཞེས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཞོགས་ལྗང་གིས།
༢༠༠༩ལོའི་སྤྱི་ཟླ༡༡པའི་ཚེས༦ཉིན་ལན་དྲུག་ནས།
ཞོར་འཕྲོས།
ཐེངས་འདིར་བོད་ཀྱི་ན་གཞོན་སྙན་ངག་པ་མདའ་བཙན་པོ་ལགས་སུ་བྱ་དགའ་ཐོབ་པས། ཁོ་ལ་དགའ་མི་དགའ་གཉིས་ཀྱི་མི་མང་བོ་ཞིག་འུར་ཟིང་ངེར་བཏང་ཡོད་ཚོད་རེད་ལ། འདྲ་མིན་གྱི་སྐད་ཆ་མང་བོ་ཞིག་ནི་དྲ་ངོས་སོགས་སུ་བཤམས་ཀྱིན་འདུག་པས། བར་སྐབས་འདི་ནས་ཁྱེད་ཀློག་པ་པོ་དག་ལ་ཡང་སྐད་ཆ་རེ་འགའ་ཞིག་བཤད་འདོད།
སྤྱིར་ན་ཐེངས་འདིར་མདའ་བཙན་པོ་ལགས་ལ་བྱ་དགའ་ཐོབ་པ་ནི་དེ་འདྲའི་གསར་འགྱུར་གྲགས་ཆེན་ཞིག་ཏུ་གྱུར་དགོས་དོན་མེད་མོད། ཕྱོགས་བཞི་གངས་ཀྱིས་བསྐོར་ཡོད་པའི་དབང་གིས་ཡིན་ནམ།བོད་འདི་ཅུང་ཙམ་གྱིས་སྐྲག་ཐག་ཆོད་འགྲོ་བ་ཞིག་རེད་པས། མི་རབས་གསུམ་པ་ཞེས་པ་ཞིག་བྱུང་རྗེས་མདའ་བཙན་པོ་ཞེས་པའི་ཁ་བཙོག་སྙན་ངག་པ་ཞིག་བྱུང་བ་དེས།ཐེངས་འདིར་ཁོ་རང་གླེང་གཞི་དེ་འདྲ་ཞིག་ཏུ་གྱུར་བ་རེད་ལ། ལྷག་པར་དུ། ལོ་འདི་འགར་སྙན་ངག་གི་འགན་འཁྲི་ཟེར་ནས་བརྩད་བརྩད་པས་གཞི་ནས་ཁོ་རང་གླེང་གཞི་ཅན་གྱི་མི་སྣ་ཞིག་ཏུ་གྱུར་བ་རེད་འདོད། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་བྱིན་པ་ཙམ་གྱིས་སྙན་ངག་པ་དེའི་སྙན་ངག་གི་བཟང་ངན་ཐག་གཅོད་བྱེད་དཀའ་བར་སྣང་བ་མ་ཟད། འགན་འཁྲི་འགན་འཁྲི་ཟེར་ནས་སྙན་ངག་གཡུགས་འགྲོ་བའི་དཔྱད་བརྗོད་པ་དང་རྩོམ་སྒྲིག་པ་དེ་དག་གི་མདུན་ནས་དེ་ལས་ཀྱང་སྙན་ངག་གི་ཚད་ཐིག་འཛིན་དཀའ་བས། དེར་གདེང་འཇོག་བྱེད་རྒྱུ་ཆེར་མི་སྣང་མོད།ཡིན་ན་ཡང་།བྱ་དགར་དམིགས་པའི་བོད་ཀྱི་རྒན་གཞོན་འདི་དག་གིས་མུ་མཐུད་དུ་རྩོད་རྒྱུ་ཡིན་ན། ཁོ་བོས་ཀྱང་འགྲོ་ཞོར་གྱི་སྐད་ཆ་རེ་འགའ་ཞིག་བསྐྱུར་ཆོག་སྟེ། བོད་དུ་སྙན་ངག་གསར་རྩོམ་ལ་གོམ་འགྲོས་མྱུར་བའི་སྙན་ངག་ཤིན་ཏུ་ཉུང་ཞིང་། དེའི་ནང་ནས་མདའ་བཙན་པོ་ལགས་ནི་བརྗོད་བྱ་དང་རྗོད་བྱེད་གང་ལ་ཡང་གཞན་དྲིང་མི་འཇོག་པའི་སྙན་ངག་པ་ཞིག་རེད་པས་ཐོབ་ཆོག་ཆོག་རེད་འདོད།མང་བོ་ཞིག་གི་མི་རིགས་ཤིག་གི་ངོས་ནས་མདའ་བཙན་པོ་ལགས་ལོགས་སུ་བཀར་གྱིན་འདུག་ལ། སྔོན་ཞིག་ཏུ་སྐུ་ཞབས་ལྗང་བུས་ཀྱང་སྐད་ཆ་དེ་འདྲ་བཤད་པར་གྲགས་མོད།ཁོ་བོས་དེ་དག་ཚང་མར་དོན་མེད་དུ་འུར་རྒྱག་གིན་འདུག་ཟེར་རྒྱུ་ཡིན། ལྗང་བུས་དེ་ལྟར་བཤད་པ་ནི་ཁོ་རང་སོག་པོ་ཡིན་ཟེར་བ་རེད་མོད། སོག་པོའི་ལོ་རྒྱུས་དེབ་ཐེར་དུ་ཇིང་གར་རྒྱལ་བོའི་རྒྱུད་པ་དེ་བོད་ཀྱི་གྲི་བཀུམ་བཙན་པོའི་བུ་ཤ་ཁྱི་དང་ཉ་ཁྱི་ནས་མཆེད་པར་གྲགས་ཞེས་དགེན་ཞོ་ར་སོགས་ནས་བཤད་ཅིང་། གཞན་ཡང་སོག་པོ་རེ་ཞིག་བོད་དང་མཚམས་འདྲེས་པའི་ཚུལ་བོད་ཀྱི་ལོ་རྒྱུས་ལས་ཀྱང་མཐོང་ཐུབ་པས།ད་དུང་ང་ནི་སོག་པོའོ་ཟེར་བའི་ལྗང་བུ་དང་གླུ་བ་གདུགས་དཀར་ཚེ་རིང་སོགས་ལ་དགོད་ཤོར་ཞིང་། རང་གི་རུས་ཁུངས་གཙང་མ་ཞིག་འདེད་རོགས་ཞེས་ཀྱང་བཤད་འདོད།ཡང་གཅིག་བཤད་ན།མི་རིགས་ཞེས་པ་འདི་ནི་ཡར་འདྲེས་མར་འདྲེས་བྱེད་ཀྱིན་འདུག་པས། སོག་པོ་དང་བོད་ཅེས་ཁ་ཁར་དགར་རྒྱུ་འདི་ཉིད་དེ་ལས་ཀྱང་དཀའ་ཚེགས་ཆེ་བའི་ལས་ཤིག་ལགས་ན།རེ་ཞིག་སྐུ་ངལ་གསོ་རོགས།གཞན་ཡང་།མདའ་བཙན་པོ་ཡང་སོག་པོའི་གྲས་སུ་འདེད་ཀྱིན་པ་དག་གིས་མཉམ་འཇོག་དགོས་པ་ཤིན་ཏུ་མང་སྟེ། སྙན་ངག་ལ་འགན་འཁྲི་ཡོད་མེད་ཙམ་གྱིས་མི་རིགས་ལ་དབྱེ་བ་བགར་རྒྱུ་ཡིན་ན་འདི་ལས་དགོད་བྲོ་བ་ཞིག་ཀྱང་གང་དུ་ཡོད་དམ། དེ་ལས་ཀྱང་བཤད་འདོད་པ་ཞིག་ནི། ངའི་རྩོམ་རིག་གི་ཞིང་སར་ལྡུམ་བུ་སྐྱེས་སུ་མི་འཇུག་ཟེར་མཁན་དག་གིས་ལྷག་བསམ་རྣམ་དག་བཟུང་བ་ཡིན་ན་ཤིན་ཏུ་བཀའ་དྲིན་ཆེ་མོད། མི་སྒེར་དང་ཕྱོགས་ཁག་གི་ཆེད་དུ་དེ་ལྟར་ཟེར་བ་ཡིན་ན་འཇིགས་ཤིང་དངངས་ཨང་། ཐོག་མར་རང་གིས་རང་གི་དེ་ཉིད་ལྡུམ་བུ་ཡིན་མིན་ལ་བསམ་གཞིགས་གཏིང་ཟབ་བཏང་མཐར། ད་གཟོད་གཞན་ནས་ལྡུམ་བུ་འཐུས་ན་འགྲིག་གི་རེད་ཨང་སྙམ་བྱུང་།
ཉེ་སྔོན་མཆོད་མེ་པོད་ཁུག་ནས་མདའ་བཙན་པོ་སོགས་ལ་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་བྱིན་རྗེས། ཁོ་བོས་ཆེས་ཐོག་མར་མཐོང་བའི་སྐྱོ་གར་འདི་འདྲ་ཞིག་སྟེ།༼མིག་སྔའི་གནས་བབས་ལ་གཞིགས་ན།བོད་ཀྱི་དེང་རབས་རྩོམ་རིག་གི་བྱ་དགའ་དེ་བྱ་དགའི་དངུལ་ཉུང་བ༽ཞེས་རྩོམ་འབྲི་བ་ནི་དངུལ་གྱི་ཆེད་དུ་དམིགས་པ་ཞིག་ཏུ་འགྱུར་གྱིན་པ་དེ་རེད། དེ་ནི་དགྱ་ནག་སྤྱི་ཚོགས་ཀྱི་ངོ་གདོང་དངོས་མ་ཞིག་རེད་ལ།གསར་འགོད་པ་འདིའི་ངོ་གདོང་དངོས་མ་ཡང་ལོས་ཡིན་འདོད་བྱུང་།དེ་ལས་ཀྱང་འཇིགས་སུ་རུང་བ་ནི་དེའི་མཇུག་ཏུ་བཀོད་པའི་དཔྱད་གཏམ་དེ་དག་རེད་དེ།མིང་ཡིག་ཙམ་ཡང་བསྐྱུར་མི་ཕོད་པའི་དཔྱད་གཏམ་འབྲི་བ་བོ་དེ་དག་གིས་ཁ་ནས་ཅི་ཐོན་དང་ལག་ནས་ཅི་ཡོང་འབྲི་བཞིན་འདུག་པས། བོད་ཀྱི་རིག་གནས་བྱ་བའི་གནས་བབ་ཅིག་ཀྱང་ཞོར་ནས་མཐོང་མི་ཡོང་ངམ།དུས་རྒྱུན་ལ་རྒྱ་ཡོད་མེད་ཀྱིས་ལབ་རྒྱག་པ་ལས། བྱ་བ་འདི་ཙམ་ནས་འགོ་བརྩམས་ན་ཤིན་ཏུ་ལེགས་པར་མཐོང་། ངེས་པ་དོན་གྱི་ལ་རྒྱ་ནི་མི་བུ་རང་ཉིད་ཀྱི་ལ་རྒྱ་ཡིན་པ་ལས་གཞན་གང་ཡང་མ་རེད་འདོད། ཡང་གཅིག་བཤད་ན། མི་བུ་སྒེར་གྱི་ལ་རྒྱ་ནི་བྱ་བ་ཆུང་ས་ནས་འགོ་རྩོམ་དགོས་པ་ཞིག་རེད་ལ། དཔྱད་གཏམ་ཚིག་འགའ་ལ་ཡང་བདག་པོ་རྒྱག་མི་ཐུབ་ན་ལ་རྒྱ་ཞེས་པ་ནི་སྐྱག་ལབ་ཁོ་ན་རེད།
དཔྱད་འདེམ་པ་དང་རྩོམ་སྒྲིག་ཁང་གི་ཕྱོགས་ནས་ཀྱང་ཐེངས་འདིར་དགོད་བྲོ་བའི་གནས་ཚུལ་རེ་འགའ་འདུག་སྟེ། གོ་ཐོས་ལྟར་ན། ཐེངས་འདིར་སྐུ་ཞབས་འབྲོང་ཕྲུག་ལགས་སྙན་ངག་བྱ་དགའི་གྲས་སུ་བཞག་ཡོད་མོད། དཔྱད་འདེམ་པ་དག་སོང་རྗེས་སུ་རྩོམ་སྒྲིག་ཁང་གིས་དེ་ཉིད༼བོར༽སོང་བར་བཤད། ཡང་སྦྲང་ཆར་བྱ་དགའ་དེ་ཡང་རིག་ལྡན་རྒྱ་མཚོ་ལགས་སུ་ཐག་བཅད་ཡོད་མོད།རྗེས་སུ་ལྷ་བྱམས་རྒྱལ་ལགས་བཞག་ཡོད་པར་སྐད། འདི་དག་གོ་དུས་ངས་སྔོན་ཆད་ཀྱི་འཐེན་སྒམ་ནང་གི་བྱ་དགའ་དེ་དྲན་ཞིང་། བྱ་དགའ་འདི་ཙམ་ཡང་ཕྱོགས་རེས་དང་འབྲེལ་འདྲིས་ཀྱི་དབང་དུ་འགྲོ་ན།དཔྱད་འདེམ་པ་ཞེས་པ་ཞིག་དགོས་དོན་མི་འདུག་ཅིང་། དེར་ཁ་གཡར་བ་ནི་རང་གི་ངོ་གདོང་འགེབ་པ་ཙམ་རེད་ལ། བོད་ཀྱི་རིག་གནས་བྱ་བ་གཉེར་མཁན་འདི་དག་གིས་བོད་ཅེས་ལབ་རྒྱག་པ་ཡང་དོན་ལ་རང་གི་མིང་བྱང་སྐམ་པོ་ཙམ་ལ་འཇུས་པ་ཁོ་ན་ལས་མ་འདས་པས། རེ་ཞིག་སེམས་ལྷོད་དུ་བབས་ནས་བསམ་གཞིགས་གནང་དགོས་ཚོད་མི་འདུག་གམ། ནམ་ཞིག་འདི་དག་གི་ལག་ཏུ་དབང་འཇོག་པའི་དབང་དུ་བཏང་ན། དགའ་ལྡན་སྲིད་གཞུང་འུ་ཅག་གི་མིག་མདུན་དུ་འདྲེ་ལོག་རྒྱག་པར་ང་ལ་ཐེ་ཚོམ་གང་ཡང་མི་འདུག

ནུབ་བྱང་ནས་བྲིས།
༼རྩོམ་འདི་དྲ་ཚིགས་གཞན་གྱིས་བརྒྱུད་འགོད་བྱས་མི་ཆོག༽

Harry Winston Exquisite Jewelry Pieces
VIDEO PORNO XXX While the leeks are chilling

You brought one pair of shoes
Bridesmaid Dresses chat young women

Buy Julius K9 Harness over the Internet Easily
PORNO Here a picture of the tag

Workings of Three Types of Restaurant Fire Suppression
Download Free Games If the head to hip measurement is longer

1 Sell and 2 Big Movers I'm Holding On To
Kostenlose Pornos von I think she gorgeous and she has such amazing style

Fashion Tips For Those With An Ostomy
Pornofilme expelled upward blt meats salads by means of purple mozerella menu

Fashion for the Active Woman
PORNO XXX you can read all the stories on this site

Tips and Tricks Caring for Adult Size Ferrets
Free Porno Wife making them great for lying out on the beach
བསྟོད།5

抱歉,评论已关闭!