ཧེར་རྫུན་གྱིས་བྱ་དགའ་ཤོང་གི་མེད།

མདོ་སྨད་ཧེ་རུ་ཀ

༼ཐེངས་འདིའི་གངས་བྱ་དགའ་དང་འབྲེལ་ཏེ་གླེང་གཞིར་གྱུར་བའི་མདོ་སྨད་ཧེ་རུ་ཀ་དང་མདའ་བཙན་པོ༽

མདོ་སྨད་ཧེ་རུ་ཀ ཧེར་རྫུན་འདོགས་པའི་མི་དེ་ལ་གུས་ཞུ།
ཐོག་མར་དྲ་ཐོག་ནས་བསམ་ངན་བཅངས་ཏེ་ལྐོག་མདའ་འཕེན་མཁན་དག་ལ་ཁྱེད་ཅག་གིས་འོ་བརྒྱལ་མྱང་སོང་ཞེས་ཞུ་ན་འདོད་ཀི་ཡོད། ཁྱེད་ཅག་གིས་རང་དོན་གྱི་ཕན་ནས་གཞན་དོན་ལ་མགོ་བོ་བསྲིངས་ནས་དུས་ཚོད་བརླགས་སོང་ཞེས་གུས་པའི་ཞུས་ན་འདོད་ཀི་ཡོད། བརྣབ་ཚིག་དེ་དག་ངའི་སྒུལ་ཤུགས་སུ་གྱུར་ཅིང་མི་ཚེའི་རྟིང་སྐུལ་དུ་གྱུར་ཡོད་པས་དགའ་ཚོར་ཞེ་དྲག་རྙེད་བྱུང༌། ང་རང་ཉིད་ཀྱིས་རང་ཉིད་ལ་རྡོག་རྫིས་མ་བཏང་བའི་ཕན་ནས་སུས་ཀྱང་རང་ཉིད་ལ་རྡོག་རྫིས་གཏོང་ས་འགྲོ་བ་མ་རེད། གཏོང་ཐུབ་ནི་ཡང་མ་རེད། ཁྱེད་ཅག་གིས་དཀའ་ལས་མྱངས་སོང༌། སྐལ་མེད་སོ་སྐེ་བསྲིངས་ནས་རང་གཟུགས་བསྟན་པ་ཙམ་ལས་ཡོད་ནི་མ་རེད། དེ་བས་ངས་མི་གཞི་དམའ་འབེབ་ཅེས་པ་དང་མིའི་རྩིས་ཐང་ལ་མཐོང་ཆུང་ཞེས་པའི་ཐ་སྙད་དེ་དག་ཀྱང་སྦྱོར་ན་མི་འདོད་ཀི ལབ་བརྒྱབ་ནས་སྐྱིད་པོ་ཡོང་ན་ཅི་འདོད་འདོད་བཤད་ཀི་སྡོད་དང་སེམས་པ་སྐྱིད་པོ་ཡོང་གི་རེད། མིའི་ཆགས་སྡང་གི་ངོས་ནས་བཤད་ནའང་དེ་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པས་ཧ་ལས་རྒྱུ་ཞིག་མེད་ཀི་བསམ་ཡོད། ས་ཁ་རུབ་ནང་གི་མི་མིག་རུབ་ཞིག་ལ་མཛའ་བའང་དེ་ལས་མེད་ཚོད་རེད། སྐད་ཆ་ཚོན་པོ་སུས་ཀྱང་བཤད་ཤེས་ནི་རེད། ཤེས་ལྡན་པ་དག་གི་ཁྲོད་ནས་དེ་ལྟ་བུའི་རིགས་ནི་མི་མཛེས་པར་སེམས་ཀྱི་ཡོད་པ་མ་གཏོགས་བཤད་མ་ཤེས་པ་མ་རེད། བློ་ནི་གླིང་དང་གླིང་བར་གྱི།། ནམ་མཁའ་ལྟ་བུའི་ཁྱད་པར་ཡང་དེ་ནས་བྱུང་བར་སེམས། རྫུན་གྱི་ཞྭ་མོ་མི་གཞན་ལ་བསྐོན་རྒྱུར་དགའ་བའི་མི་ཆུང་ཆུང་མིག་ཆུང་ཆུང་ཅན་དེའི་བྱ་སྤྱོད་དང་ཀུན་སློང་ལ་བལྟས་ཤིང་བརྟག་ན། ངས་དོན་དག་འདི་ཞིག་དྲན་ཡོང་སྟེ། གཅིག་ནི་ཉེན་རྟོག་པ་ཞིག་གི་ངོས་ནས་བཤད་ན། ཁོས་མི་རྣམས་ལ་བརྟག་དཔྱོད་བྱེད་དུས་མི་ཅི་འདྲ་ཞིག་ཡིན་རུང་དེར་ཉེས་ཅན་ཞིག་ཡིན་མིན་གྱི་ཐད་ངེས་འཛིན་ལྷོད་པ་དང༌། གཉིས་ནི་ལྷ་རྗེ་ཞིག་གི་ངོས་ཐད་ནས་བཤད་ན། ཁོས་མི་རྣམས་ལ་འབྲེལ་འདྲིས་དང་འགྲོ་འོང་བྱེད་དུས་མི་གང་དེའི་བདེ་ཐང་གི་ཕྱོགས་ལ་བསམ་བློ་འཁོར་ངེས་པ་ཡིན། དཔེ་དེ་བཞིན་ནད་མཁྲིས་པ་ཅན་གྱི་མིག་ནང་ནས་དུང་དཀར་བོ་ཁ་དོག་སེར་བོར་འགྱུར་ངེས་པའི་ངེས་དོན་བཀྲལ་ན། ང་ཚོས་ཁོར་ཡུག་གི་མི་རྫུན་རྐྱལ་དག་གིས་མིག་ནང་ནས་འུ་ཅག་གིས་ནམ་ཡང་བདེན་པ་དང་དྲང་བོར་བཤད་ཅིང་བསྒྲུབ་རུང་ཁོ་ཚོའི་སྣང་ངོར་དེ་ནི་རྫུན་ཡིན་སྙམ་པའི་འདུ་ཤེས་སམ་བག་ཆགས་ཤིན་ཏུ་སྟུག་ཕྱིན། ང་ཚོས་སྣང་མེད་བསྐྱུར་བཞག་ན་འོས་པ་ལས་མེད་ཀི་བསམ།
མི་གཞི་དམའ་འབེབས་ཞེས་པ་དེ་ཤེས་ལྡན་པའི་སྡེ་མ་གཏོགས་མཐོ་རིམ་སློབ་གསོ་མྱོང་ཐུབ་མེད་པ་དག་གིས་མཁྱེན་ནི་མ་རེད། སྤྱང་ཀིའི་རྣ་ལམ་གྱི་ཆོས་བཤད་ལས་མེད།
རྗེས་སོར་དོན་མེད་ལ་ཀི་འདེབས་ཀི་མ་འདུག གལ་ལ་ཐུག་དུས་གཅིན་ཅིག་ཀྱང་གཏོང་མི་ཐུབ་པའི་འུ་ཅག་སྙིང་ཆུང་དག་གིས་ཅི་ནས་ཀྱང་རང་ཉིད་མི་ཆུང་ཆུང་ཡིན་པ་བརྗེད་མི་ཉན་ཨང༌།
ནམ་རྒྱུན་མི་ཆུང་ཆུང་སེམས་ཆུང་ཆུང་ཅན། མིག་ཆུང་ཆུང་མིག་ཤེལ་ཆུང་ཆུང་ཅན། ད་དུང་ཉེ་མཐོང་མིག་ཤེལ་ཏུའུ་གྲངས་མེད་པ་གྱོན་མཁས་པའི་བཟོ་ལྟ་ཅན་དག་ནི་འཇོན་ཐང་མེད་ཀྱང་ཡོད་མདོག་སྟོན་མཁས་པ་ཚོ་ཡིན་པས་ང་ཚོས་དེ་ཚོར་གོང་བཀུར་ལྷོད་ན་འོས།

ཧེར་རྫུན་གྱིས་ཕྱིར་དྲན་ཁྲོད་ནས་རིན་ཐང་འཚོལ་བ།
མི་ཚེའི་ཕྱེད་སྔ་མའི་ངོས་ནས་ཕྱིར་འདང་བརྒྱབ་ཡོང་ན་དགའ་འོས་པའི་དོན་བྱ་རྫོགས་མེད་ཅིང་སྐྱོ་འོས་པའི་དོན་བྱ་ཡང་ཤིན་ཏུ་མང་མོད། དེ་དག་ལས་དོན་གྱི་སྙིང་བོ་སྨིན་ཞིང་དགོས་པའི་དམིགས་པ་འཆིང་ཡོད་པ་ལགས་ནི་རང་ཉིད་ལ་མཚོན་ན་མི་ཚེའི་འདིའི་ལྟེབས་སུ་མཐོ་རིམ་སློབ་གསོ་མྱོང་ཐུབ་སོང་བའི་དཔའ་གདེང་ཤིན་ཏུ་མཐོ། རིག་གནས་བསླབ་གཞིའི་ཆུ་ཚད་དང་ཡོན་ཚད་ནི་མི་རང་གི་དོན་དག་ཅིག་ཡིན་མོད། མ་མཐའ་ཡང་སློབ་གསོའི་སྒྲིག་གཞི་དེ་ཁྲིམས་མཐུན་དང་ཚད་ལྡན་ཅན་གྱི་གོང་ཁ་ནས་མྱངས་ཟིན་པས་མིའི་ཀུན་སྤྱོད་དང་རྩིས་ཐང་ལ་དོ་ཁུར་ལྷོད་ཤེས་པའི་མཐོ་རིམ་མིའི་རིགས་ཀྱི་སློབ་གསོ་མྱོང་ཐུབ་པ་བྱུང་བ་འདི་མི་ཚེའི་འདིའི་རིན་ཐང་དང་རྒྱན་ཆར་འཁྲུལ་ཡོད། འདི་ནི་མི་ཞིག་གིས་མི་ཚེའི་བགྲོད་ལམ་སྟེང་མ་མཐའ་ཡང་བརྒྱུད་དགོས་པའི་ལམ་བུ་དང་མི་ཚེའི་གོམ་པ་དང་བོ་སྤོ་ས་ཡིན་པས་འདང་རྩིས་ཤིན་ཏུ་ནུར། དེ་བཞིན་རང་ཉིད་ཀྱང་མཐོ་རིམ་སློབ་གསོའི་ལས་དོན་གཉེར་མཁན་ཞིག་ཡིན་པའི་ཆ་ནས་ན་གཞོན་གསར་སློབ་པ་དག་ལའང་ཡི་རང་དང་དགའ་མོས་ལྷོད་ཀྱི་ཡོད་ན། ཉིད་ནས་ཧེར་རྫུན་གྱིས་ཀན་ལྷོའི་སློབ་མ་རྣམས་ལ་ཅི་ཞིག་ཁྲིད་ངེས་སྙམ་ནས་སྐྱོ་བའང་ལངས་མི་དགོས་ཏེ། སྐལ་མེད་སོ་སྐེ་བསྲིང་གི་མ་འདུག ཁོ་བོས་ནུས་ཚོད་ཀྱིས་ཞིང་ཆེན་ལྔ་བསྡུས་ཀྱི་སློབ་བུ་ཡོངས་ལ་ཅི་ཞིག་ཁྲིད་ཀྱིན་པ་དེ་མི་བུ་ཡོངས་ལ་སྙོམས་པོར་འཁྲིད་ཀྱིན་ཡོད་པ་ལས་བྱེ་བྲག་གི་དམིགས་བསལ་དང་ཁེ་གྱོང་རེག་སྲིད་དུ་འཇུག་པ་མ་རེད། ཉིད་ནས་དེ་ལ་བློ་འཚབ་སྐྱེས་དགོས་སོང་བ་ཁག་མི་འདུག རང་ཉིད་ལ་ཐོབ་འདོད་པ་ཞིག་གཞན་ལ་ཐོབ་སོང་ན་སྙིང་རླུང་ལྡིང་ཡོང་བ་དེ་མིའི་གཉུག་གཤིས་ཀྱི་ཡོན་ཏན་ཡིན་པས་དེ་ལ་བདག་གིས་བརྩི་བཀུར་ལྷོད་ངེས། གང་ལྟར་ཉིད་ནས་ཀྱང་རང་གི་མིག་མདུན་ན་ཡོད་པའི་རང་གི་དོན་བྱར་ལྷོད་ལ་བབས་ནས་འཇུག་རོགས་ཞེས་སྐུ་ངོར་བསྐུལ་བ་ལགས།
ཧེར་རྫུན་ཧ་ཅང་སུན་སྣང་སྐྱེས་ས་ཉིད་ནི་སློབ་ཆེན་གྱི་སྒོ་ཐེམ་འགྲིམས་མ་ཐུབ་པར་ལུས་ཤིང་ངུ་ཟུག་དང་ཕྲག་དོག་ལ་དགའ་པའི་མི་ཆུང་དག་ཡིན་ལ། མི་ཆུང་ཆུང་མིག་ཆུང་ཆུང་ཅན་དག་ཡིན། མདོར་ན་མི་བཟང་བོ་ཞིག་བྱེད་ཤེས་ཀྱི་མེད་པའི་རང་ཚུགས་མེད་པ་དག་ཡིན། ཧེར་རྫུན་འདུག་ས་ཞིག་ན་བསྡད་ཡོད། ལས་རྒྱུའི་དོན་བྱ་ལས་ཀི་ཡོད། ཕྲག་དོག་རིལ་མ་ནག་རིལ་གྱིས་ང་བྲེ་ལོའི་མགོ་བོ་གཅོག་ཐུབ་ཀི་མ་རེད། མིའི་ཡན་ན་མི་ཡོད་ནི་རེད། རིའི་རྒྱབ་ན་རི་ཡོད་ནི་རེད། (མི་ཆུང་ཆུང་མིག་ཆུང་ཆུང སེམས་ཆུང་ཆུང་ཅན་པོར་བཤད་ནས)

གངས་བྱ་དགའ་དང་གླིང་མྱི་ཁ།
ངེས་དོན་གྱི་སྟེང་ནས་བཤད་ན། སེམས་གུ་དོག་དྲེགས་སོང་བས་ཡིན་ནམ་ཕྲག་དོག་ཆེ་དྲགས་པས་ཡིན་ནམ་མི་ཤེས་མོད། བྱ་དགའ་ཆུང་ཆུང་ཞིག་སྤྲད་པས་ཀྱང་སེམས་ལ་མི་ཤོངས་པའི་བཤད་རྒྱུ་བརྒྱ་དང་གཏམ་རྒྱུ་སྟོང་ལྷག་ཡོད་པ་དེ་བློ་ངོར་མི་ཤོང་བ་ཞིག་རེད། དེ་ནི་ཁོར་ཡུག་ཆུང་ཆུང་མཁའ་དབུགས་འོག་གི་འཚོ་སྟངས་ཤིག་ཡིན་པའང་ངང་གིས་ཤེས་སོང༌། རྩོམ་རིག་བརྩམས་ཆོས་ངོས་ནས་དཔྱད་པ་ཡིན་ན་ཡག་ཐོག་རྒྱན་དང་བཟང་ཐོག་བཟང་ཡིན་མོད། དེ་དང་འབྲེལ་མེད་ཀྱི་ཉོག་བཤད་ངོ་ཚ་སྤྱད་འདྲ་ལེབ་དག་བརྒྱབ་ཡོང་དུས་ངོ་མ་ཡི་མུག་གིས་བཅིལ་བྱུང༌། སློབ་གྲྭ་མ་སོང་བར་ཡུལ་ན་ཡོད་པའི་རི་ཁའི་ལུག་རྫི་ཞིག་གིས་ཀྱང་སྐད་ཆ་དེ་འདྲ་ལབ་ཀི་མ་རེད།
གསར་རྩོམ་གྱི་ངོས་ནས་བལྟས་ན། ཕན་ཚུན་ལ་གཞེན་སྐུལ་དང་སྐྱོན་བརྗོད། དགག་བཞག་གི་བྱ་ལས་ཧ་ཅང་དགོས་ཤིང་འཚམ་པའི་དོན་བྱ་ཞིག་ཏུ་འཁུམས་ཞིང༌། དེ་དག་ཡོད་པས་ད་གཟོད་གསར་རྩོམ་ལ་ཚེ་སྲོག་གསར་བ་སྦྱིན་ཞིང་ཡིད་ཆེས་དང་སྤོབས་སེམས་ཀྱིས་ངར་ཆུ་ལྡུད་ངེས་པར་བསམ་གྱིན་ཡོད། ང་ཚོས་མགོ་ཡངས་དཀྲུགས་ཤིང་ལ་དགའ་བ་དེ་དག་གིས་དེ་ལྟ་བུའི་དཔྱད་བརྗོད་དང་དགག་བཞག་བྱེད་ཕར་ཞོག་དབྱེན་དང་འཀྲུགས་ཤིང་འཕེན་རྒྱུ་མ་གཏོགས་གཞན་ཁྱོན་ནས་ཤེས་ཀི་མི་འདུག ཁོ་ཚོ་ནི་ངོ་མ་སྟོད་ཀྱི་ཤྭ་རྗེས་མ་ཆོད་ཅིང་སྨད་ཀྱི་ཤེའུ་རྗེས་མ་ཆོད་པར་བསྡད་ཡོད་པ་དག་ཡིན་རྒྱུ་རེད་འདོད།
ཤེས་ལྡན་པའི་ཚད་ཐིགས་ནས་བལྟས་ན། སྐད་ཆ་བཤད་པ་དང་བསམ་གཞིགས་གཏོང་བ། བསམ་བློ་བརྗེ་རེ་བྱེད་པ་སོགས་དཀྱེལ་ཡངས་ཀྱི་བློ་མིག་དང༌། དྭངས་གཙང་གི་སེམས་པ་ལས་དྲང་བོའི་གཏམ་གྱི་བདེན་ཁ་རྙེད་སྲིད་པས། མི་དྲང་བོ་དག་གི་གཏམ་དྲང་བོ་ནི་མི་ཚེའི་ལམ་རྒྱགས་དང་ཁ་ཕྱོགས་ལྟ་བུར་ངེས་པས་ཅི་ནས་ཀྱང་གོང་བཀུར་དང་མོས་བ་བསྐྱེད་དགོས་མོད། གནད་ཀྱི་མདུད་པ་བོར་སྟེ་གང་བྱུང་སྨྲ་བའི་ཡོག་ལི་དག་གིས་སྔུན་ནས་ནམ་ཡང་གླེན་བཤད་འགུགས་དགོས་པ་ཆོས་ཉིད་ལགས། ཁོ་ཚོས་མ་མཐའ་ཡང་མི་ཞེས་པར་བརྩི་བཀུར་བྱེད་པའི་མ་མཐའི་གོ་རིམ་ཡང་མི་ཤེས་པས་ན་གཞན་ཅི་ཞིག་ཤེས་ངེས་པ་ལ་ཧ་ལས་དགོས་ས་མ་རེད།

ཧེར་རྫུན་དང་གངས་བྱ་དགའ།
གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཡིན་ནའང་ཆོག སྦྲང་ཆར་རྩོམ་རིག་བྱ་དགའ་ཡིན་ཀྱང་ཆོག ཟླ་ཟེར་རྩོམ་རིག་བྱ་དགའ་ཡིན་ཀྱང་ཆོག མ་སྐད་རྩོམ་ཡིག་ལ་བསྟེན་ནས་གསར་རྩོམ་མཛད་ཅིང་དེ་དག་ལ་སྐུལ་འདེད་དང་གཞོགས་སྐྱོར་བྱེད་མཁན་ནི་ཆེ་ས་འདི་དག་རེ་འགའ་མ་གཏོགས་མེད་ཅིང༌། ཕྱོགས་གཞན་ཞིག་ནས་བཤད་ན་འདི་དག་གིས་བོད་རང་གི་སྐད་དང་ཡི་གེར་བརྒྱུས་པའི་གསར་རྩོམ་ཀྱི་རྣམ་ཤེས་གསོས་ནས་ཡོད་པ་དང་རིག་གནས་ཀྱི་བླ་སྲོག་བསླངས་ནས་ཡོད། སྤྱིར་ན་དེང་གི་དུས་སྐབས་སུ་རང་ཉིད་དང་ན་ཚོད་མཉམ་པའི་གསར་རྩོམ་པ་དག་གི་ཁྲོད་ན་རང་ཉིད་ཀྱི་མིག་དཔེར་འོས་ཤིང་སློབ་སྦྱོང་བྱེད་དགོས་ས་ཤིན་ཏུ་མང་བོ་བྱུང་གིན་ཡོད་ལ། རང་ངོས་ནས་ཀྱང་ནམ་ཡང་ཁོ་ཚོར་ཡིད་སྨོན་དང་གོང་བཀུར་ལྷོད་ཀྱི་ཡོད་པ་ཡིན། ཡིན་ནའང་ལོ་ངོ་འདི་དག་གི་རིང་དུ་ཁོ་བོར་ཡང་དུས་ཚོད་ཀྱི་ཁོམ་སྐབས་ཅུང་ཟད་ཡོད་སོང་བར་རྐྱེན་བྱས་ཐོག་སེམས་ཚོར་ཐ་སྙད་ལ་གཅུད་ནས་མང་ཙམ་བྲིས་ཤིང༌། མདོར་ན་སྡུག་ལས་ཅུང་ཙམ་བརྒྱབ་ཡོད་པའི་འབྲས་རྟགས་སུ་ཐེངས་འདིའི་བྱ་དགའ་ཐོབ་པར་ཡང་དགའ་ཚོར་ཞེ་དྲག་བྱུང་ཡོད།
གཅིག་ན་ལོ་རབས་བརྒྱད་ཅུའི་དུས་མགོར་སྐྱེས་པའི་གསར་བུ་ཞིག་ལ་མ་སྐད་རྩོམ་རིག་གསར་རྩོམ་ཁྲོད་ནས་བྱ་དགའ་ཐོབ་པ་དེར་ཧ་ཅང་དགའ་ཡི་ཡོད་ལ། གཉིས་སུ་ཉེ་བའི་ལོ་འགའི་རིང་ལྟོས་འཇོག་གི་བཤད་ན་མ་སྐད་རྩོམ་རིག་བྱ་དགའ་ཐོབ་པའི་མི་བུ་དག་གི་ཁྲོད་ནས་ཆེས་ལོ་གཞོན་དག་གི་གྲས་སུ་རང་ཉིད་ཡང་ཡོད་པས་ང་རྒྱལ་སྐྱེས་ཀི་ཡོད།
དེ་ལྟ་བུའི་དགའ་ཚོར་དང་ང་རྒྱལ་གྱི་ཤུལ་དུ་ལྷགས་ཡོད་པ་ནི་སེམས་ངལ་འབའ་ཞིག་སྟེ། ཡིད་ཆེས་དང་གཞེན་སྐུལ་གྱི་ཕ་རོལ་ན་ང་ལ་གནོན་ཤུགས་དང་དངངས་ཞེད་ཀྱིས་བརྟས་ཡོང་གི་ཡོད་ཅིང༌། མ་འོངས་བདག་གི་གསར་རྩོམ་ལ་རེ་བ་དང་ལོ་རྒྱུས་ཀྱི་བདེན་ཁ་ཇི་ལྟར་སྤྲོད་པར་རེ་འཁང་འཕྱུར་གྱིན་ཡོད། གང་ལྟར་ཡང༌། ངས་རང་གི་གོམ་འགྲོས་ནར་ནར་ལ་གཞི་བཅོལ་ནས་རང་ཉིད་རང་གི་ཚད་ཤིང་ལས་མི་གདའ་བས་ཆོད་སེམས་བཅིངས་ནས་མདུན་དུ་བགྲོད་ན་བསམ་གྱི་ཡོད་པ་ལས། ཧམ་སེམས་ཀྱི་གཤོག་ཟུང་རིང་དུ་བརྐྱངས་ནས་འཕུལ་ན་བསམ་ཀི་མེད།

བྱ་དགའ་ཧེར་རྫུན་གྱི་བརྩམས་ཆོས་ལ་བྱིན་ནི་རེད།
བྱ་དགའ་བྱིན་པ་ནི་མི་ཚེའི་ལ་སྡོམ་ཚིག་བཀོད་པ་མ་རེད། དེ་བཞིན་རྩོམ་རིག་བྱ་དགའི་དགོངས་གཞི་དང་དམིགས་འདུན་ཡང་ཁྱོད་རང་རླབས་ཆེན་རེད་ཅེས་པ་མ་རེད། མདོར་དྲིལ་ན་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་ནས་ཁྱོད་ཀྱི་ངལ་རྩོལ་གྱི་འབྲས་བུ་ལ་ཚད་འཇལ་དང་གཞེན་སྐུལ་བཏབ་པ་ཙམ་ལས་མེད། བྱ་དགའ་ཐོབ་སོང་སྙམ་ནས་ང་རྒྱལ་དང་མ་ཐོབ་སྙམ་ནས་ཡི་ཆད་སྐྱེས་དོན་ཁྱོན་ནས་མི་འདུག་སྙམ། མང་ལས་མང་ཐོབ་དང་མ་ལས་པ་ལ་མི་ཐོབ་པའི་རྩ་དོན་བཞིན་ཁྱོད་ཀྱི་གསར་རྩོམ་ཁྲོད་ནས་སྡུག་ལས་དང་དཀའ་ཁག་མང་བོ་མྱང་ཟིན་ན་དེ་ཚོད་ཀྱི་འབྲས་བུ་ཡང་འབྱུང་ངེས་པས་རྒྱུ་འབྲས་ཀྱི་ཆོས་ཉིད་གྲུབ་པའོ། ངེས་དོན་མགོ་གཡུག་ནས་དཀའ་ལས་ཞིག་མ་མྱང་ན་ལྷ་འབབ་ཁའང་དཀའ་མོ་ཡིན་ནི་རེད། དེ་བཞིན་ཧེར་རྫུན་ལ་བྱ་དགའ་འབབ་མིན་དང་ཐོབ་འོས་མིན་རྩོད་པ་ནི་ངལ་བའི་རྒྱུ་རེད། དོན་དག་ཆུང་དྲགས་སོང་བས་ངས་ཁྱེད་ཅག་གི་དུས་ཚོད་ལ་ཆུད་ཟོས་དང་ཕོག་ཐུག་དེ་འདྲ་གཏོང་མི་བཟོད་ཀི ལྷག་དོན་རྩོམ་རིག་བྱ་དགའ་བྱིན་ན་མི་གཤིས་ཤིག་དང་དེར་ཡོན་ཏན་ཡོད་མེད། བྱ་བ་རེག་ཐུབ་ཡོད་མེད་རྩད་གཅོད་རྒྱུ་ཞིག་མ་རེད། ཨ་མའི་བུ་ལ་ནུས་པ་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་ཡོད་ནི་མ་རེད། འདྲ་འདྲ་ཨེ་རེད་འགྲོགས་ནས་བལྟ་རྒྱུ་ཞིག་དང་བྱང་མ་ཨེ་རེད་བརྒྱུགས་ནས་བལྟ་རྒྱུ་ཞིག་རེད། དེ་བས་མ་གསང་དྲང་མོར་སྙིང་གཏམ་གི་ཚུལ་དུ་བཤད་ན། ངས་རང་ཉིད་སྙན་ངག་པ་ཞིག་ཏུ་རློམ་གྱིན་མེད་ལ། སྙན་ངག་པ་ཞེས་པ་དེ་བྱེད་སྙིང་འདོད་པའི་ཕུགས་འདུན་ཡང་འཆང་གི་མེད། (སྤམ་བཤད་མིན)མ་མཐའ་ཡང་མ་སྐད་རྩོམ་རིག་གི་ལས་དབང་ལ་དོ་ཁུར་དང་སེམས་ཚོར་ཡི་གེ་ཕབ་པར་མོས་པའི་ན་གཞོན་རྩོམ་རིག་ལ་དགའ་མོས་བྱེད་མཁན་ཞིག་ཡིན་ཅེས་ཁྱེད་ཅག་ལ་སྦ་གསང་མེད་པར་བཤད་པ་ཡིན། ཁྱེད་ཅག་ནས་ང་རང་སྙན་ངག་པ་ཅེས་པའི་ཆོ་ལོ་གནང་མི་དགོས་ལ་དེ་མཁོ་བར་འདོད་པའི་ཀུན་སློང་ཡང་སེམས་གཏིང་ན་མེད། ཐོག་མར་མཚར་སྣང་གིས་བྲིས་ཤིང་བར་དུ་ལྷུན་ཆགས་ཀྱིས་བྲིས། ཐ་མར་བརྩེ་གདུང་གིས་བྲིས་པའི་བརྒྱུད་རིམ་འདི་འདྲ་ཆགས་ཡོད་པ་དངོས་ནས་བདེན་སྟེ། དེ་ལྟ་ནའང༌། ངས་རང་གི་བསམ་ཚོར་དང་ཚོར་འདུ་འགོག་མེད་དུ་འབྲི་ངེས་པས་སྙན་ངག་མཁན་དང་མཁན་པོར་རློམ་པ་དག་ལ་འགྲན་སློང་ན་ཐུགས་འཁྲོལ་ཡོད་ཀྱང་སྡུག་གྱོང་ནག་རིལ་ཡིན་ཅེས་བསྙད་པ་ལགས།
མཐར་ཁྱེད་ཅག་གི་ཐུགས་སེམས་འཁྲོལ་འཁྲོལ་གནོངས་དང༌། རྩོམ་རིག་བྱ་དགའ་ཞེས་པ་དེ་བདག་གི་བྲིས་པའི་བརྩམས་ཆོས་ལ་གདེང་འཇོག་དང་བཅས་བྱིན་པ་ལས། ང་གསར་བུ་འཇོན་ཐང་ཅན་རེད་ཅེས་བྱིན་པ་མ་རེད། བདག་གི་ཤ་ཉེ་ཚོ་ཨང༌།
མཇུག་མཐར་གངས་རྩོམ་རིགས་དཔྱད་འདེམས་ལྷན་ཚོགས་ཀྱི་དཔྱད་འདེམས་པ་ཡོངས་ཀྱི་རྣམ་དག་གི་ཡིད་ཆེས་དང་དྲི་མེད་དྭངས་གཙང་གི་བསམ་སྦྱོར་ལ་མི་སྒེར་ངོས་ནས་བཀའ་དྲིན་ཡི་རང་ཞུས་པ་དང༌། འབུ་ནག་ཟ་འཕྲུག་འབྱུང་སླ་བ་དེ་དག་གིས་ཀྱང་རང་དོན་འགྲུབ་ཅིང་བསམ་དོན་འཕེལ་བའི་བཀྲ་ཤིས་ཁ་གཡང་བོས་པའོ།

ཧེར་རྫུན་འབོད་པའི་ཡིག་ཚགས་ཁྱོད་ལ་བསྟན་ན།
མདོ་སྨད་ཧེ་རུ་ཀ ལོ་རབས་བརྒྱད་ཅུའི་དུས་མགོར་ཡུལ་མདོ་སྨད་མཚོ་ལྷོ་ནས་སྐྱེས།
༢༠༠༤ལོར་ནུབ་བྱང་ཚང་ནས་དངོས་གཞི་སློབ་མཐར་ཕྱིན།
༢༠༠༧ལོར་ནུབ་བྱང་ཚང་ནས་ཞིབ་འཇུག་སློབ་མཐར་ཕྱིན།
མི་ལོ་གཉིས་ཀྱི་རིང་ཙམ་ལ་མི་སྐྱིད་གླིང་ནས་གསར་རྩོམ་དང་དཔེ་ཀློག་གི་ཉིན་མཚན་བདའ་མྱོང༌། (ལ་ལས་འདིར་བྱ་བ་རེག་མ་ཐུབ་པར་ལུས་སོང་བར་བཤད་མཁན་ཀྱང་ཡོད་པས་དེ་ལྟར་འདོད་པ་དག་གིས་དེ་ལུགས་འཚལ )
༢༠༠༩ལོར་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ།
ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་ལས་གནས་སྐྱོང་གིན་ཡོད།
○ མེད་པ་གསུམ། ཕོ་སྒོ་མེད། ཡོན་ཏན་མེད། གཡོ་སྒྱུ་མེད།
○ ཡོད་པ་གསུམ། ཁ་ཆེ་ཞིག་ཡོད། མིག་ཆེ་ཞིག་ཡོད། སྣ་ཆེ་ཞིག་ཡོད།
○ ཚང་བ་གསུམ། རྩ་ཚང༌། དབང་བོ་ཚང༌། ཡན་ལག་ཚང༌།
2009-11-10ཉིན་ཉི་འོད་སྦུག་ནས།

ཟུར་བཀོད། འདི་ནི་ཧེར་རྫུན་ཞེས་པའི་ཞྭ་མོ་ཆེན་པོ་དེ་གནང་མཁན་གྱི་མི་ཆུང་ཆུང་མིག་ཆུང་ཆུང་ཅན་པོར་བྲིས་པ་མིན་པར། དེའི་ཕར་ལོགས་སུ་ཡིད་སེམས་འདྲེས་མ་ཐུབ་པར་ལུས་ཡོད་པའི་མི་མང་བོ་ཞིག་གི་སེམས་ལ་ཧེར་རྫུན་ཞེས་པ་དེས་མི་རིགས་བཙོང་ཐང་ཁད་འདྲ་འདྲ། གནམ་འོག་ལ་ཤོང་དུ་མེད་པའི་ནག་ཉེས་ཆེན་པོ་ཞིག་བཟོས་སོང་འདྲའི་དོགས་སློང་དང་སོམ་ཉིའི་འཆང་ནས་ཡོད་པའི་གྲོགས་པོ་སྐོར་ཞིག་ལ་ཡིད་རྟོན་དུ་བྲིས་པ་ལགས། གཞན་རང་ཉིད་ནི་ངོམས་བསྒྲགས་དང་འུད་བསྟོད་སོགས་ལ་ཞེ་དྲག་མི་དགའ་ཞིང་རང་མགོ་རུམ་ལ་བཅུག་ནས་འགྲོ་བཞིན་པའི་གསར་བུ་ལོ་ཆུང་ཞིག་ཡིན་ཞིང༌། བྱ་བའི་ལས་དོན་ལ་བྲེལ་བ་ཅུང་ཟད་ཆེ་བས་ན་རྗེས་མུར་དཔྱད་གཏམ་དང་ཁ་གསག བརྙས་སྨོད་སོགས་ཀྱི་ཚིག་ག་རེ་ཡོད་ཀྱང་ཆོག་མོད། དགོས་པ་ཆེ་ཆེར་མེད་ན་ལན་སློག་རྒྱུ་མིན་པས་ཀུན་པོས་དེ་ལུགས་ཐུགས་འཇགས་འཚལ་ཞེས་པའོ།

Ready to Benefit From the Return of the Retail Shopper
VIDEO PORNO XXX anything above H could be considered

Directions to Recognize if Your Louis Vuitton is Authentic or Not
Wedding Dresses schwarz regarding hubpages

Barbie games are passion gaming now and even before
PORNO LVMH has sufficient cash flows to cover them

Callaway Golf Eyewear COLLECTION SERIES WHITE HOT GEMS
Free Games the fashion industry wouldn be as successful as it is

Teen Marketing And Body Image
Kostenlose Pornos von millar in addition to the gough get out smallville

Gift of Fashion for the Plus
Porno pour femme And as she travels

The Month of May Takes the Gold for Gold Jewelry
PORNO XXX 5 affordable cheap fragrances of excellent

Overtaking My White Colonial Master
Darmowe Porno Your best bet is to enlist your hotel's concierge
བསྟོད།7

抱歉,评论已关闭!