གཞུང་ལས་ཁང་ནས་མི་རིགས་འདྲ་མཉམ་ལ་བལྟ་བ།

མེལ་ཚེ།

ང་ཚོའི་གཞུང་ལས་ཁང་དུ་ཧ་ལམ་མི་སུམ་ཅུ་ལྷག་ཙམ་འདུག་ལ། དེའི་ནང་དུ་ཟ་ལར་དང་སོག་པོ། ཧོས་རིགས། རྒྱ་རིགས་སོགས་མི་རིགས་འགའི་མི་རེ་གཉིས་ཕུད་ཚང་མ་བོད་རྐྱང་རྐྱང་རེད། དེ་བས་ང་ཚོ་ཡང་ལས་ཁུངས་འདིའི་ནང་གི་མི་རིགས་ཆེས་མང་བའི་སྡེ་ཁག་ཅིག་རེད་ཟེར་ཆོག་པ་མ་ཟད། སྡེ་ཁག་དེ་ནི་བོད་རིགས་ཀྱིས་གྲངས་ཀ་མང་པོ་ཟིན་ལ་མི་རིགས་གཞན་གྱིས་གྲངས་ཀ་ཉུང་ཤས་ཟིན་པའི་སྡེ་ཁག་ཁྱད་ཆོས་ཅན་ཞིག་ཀྱང་རེད།
དེ་ཡང་བོད་རིགས་ཀྱིས་གྲངས་ཀ་མང་ཤས་ཟིན་དོན་ནི་ང་ཚོའི་སྡེ་ཁག་འདི་བོད་ཡིག་ཚགས་པར་སྒྲུབ་སའི་སྡེ་ཁག་ཡིན་པས་རྐྱེན་ཡིན་པས། རང་བཞིན་གྱིས་བོད་ཀྱི་རིག་གནས་དང་བོད་སྐད་བོད་ཡིག་ནི་ལྟེ་བ་དང་གཙོ་བོ་ཡིན་པ་སྨྲ་ག་ལ་དགོས། དེ་ནི་མི་རིགས་མང་པོ་འདྲ་མཉམ་གྱིས་གནས་དགོས་པའི་གནད་ཀ་དེར་འབྲེལ་བ་ཅི་ཡང་མེད་དེ། དེ་ནི་བོད་ཡིག་གི་ཚགས་པར་ལས་ས་ཡིན་པས་མི་རིགས་གཞན་པ་སྡེ་ཁག་འདིར་བྱ་བ་སྒྲུབ་ཏུ་མ་ཡོང་ན་ཡང་ཆོག་པས་སོ། ཡང་ན་བོད་ཡིག་མི་ཤེས་པ་དང་ཚགས་པར་ལས་པའི་ལག་རྩལ་ཀྱང་མེད་ན་གཏན་ནས་ཡོང་གི་མ་བཅུག་ན་ཡང་ཆོག་སྟེ། ཡོང་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པས་སོ། དེ་ནི་ཚོང་རའི་དཔལ་འབྱོར་གྱི་ཟ་མ་ཟ་སྟངས་ཤིག་ཀྱང་རེད། འོན་ཀྱང་གནད་དོན་འདི་ན་བྱུང་འདུག་སྟེ། བོད་ཡིག་མི་ཤེས་ལ་ཚགས་པར་ལས་པའི་ལག་རྩལ་ཀྱང་མེད་པར་ང་ཚོའི་སྡེ་ཁག་འདིར་ཡོང་མཁན་ཇེ་མང་དང་ཇེ་མང་ཡིན་པ་རེད།
ཅིའི་ཕྱིར། སླ་བཤད་བྱས་ན། སྡེ་ཁག་གཞན་པར་མི་དེ་དག་དགོས་མཁོ་མེད་པས་ང་ཚོའི་སྡེ་ཁག་ཏུ་གཡུག་པ་རེད། ཁོ་ཚོའི་ཕྱོགས་ནས་བཤད་ན་དོན་དུ་ཡང་གནད་དོན་དེ་འདྲ་སླ་མོ་ཞིག་རེད། འོན་ཀྱང་ང་ཚོའི་ཕྱོགས་ནས་བཤད་ན། དེ་ནི་ཅིས་ཀྱང་སྤྲོ་མོ་ཞིག་མ་རེད། འདི་ནས་ང་ཚོས་བོད་ཡིག་ཚགས་པར་གྱི་སྤུས་ཀ་དང་ལས་དབང་མི་བཤད་ལ། བོད་ཡིག་སྦྱོང་མཁན་གྱི་ལས་ཞུགས་དང་ལྕགས་ཕོར་ཡང་མི་གླེང༌། ང་ཚོས་སླ་མོ་སླ་མོ་ཞིག་བཤད་ན། མི་འགའ་རེས་ལས་ཀ་ལས་དགོས་པ་འགའ་རེས་མ་ལས་ཀྱང་ཆོག་ན་གནད་དོན་ཅི་ཞིག་འབྱུང་ངེས་སམ། གནད་དོན་ཅི་ཞིག་འབྱུང་ངེས་པ་བཤད་མ་དགོས་པ་ཞིག་རེད། དེ་ལས་ཀྱང་རང་གི་སྡེ་ཁག་ནང་གི་འཇོན་མི་དང་ལས་བཟོ་བ་ཚང་མ་གཡར་མའི་མིང་ཐོག་ནས་ངོ་མར་སྤོར་མི་ཐུབ་པར། གཞན་གྱི་གོ་གཅིག་ཀྱང་མི་ཆོད་པའི་མི་ལྷག་མ་དག་གང་འདོད་དུ་ཡོང་ན་ལྕགས་ཕོར་འཕྲོག་པའི་གནད་དོན་ཞིག་ཀྱང་འབྱུང་གི་ཡོད་ཙ་ན། དོན་དུ་བོད་ཡིག་ཚགས་པར་འདི་དང་བོད་ཡིག་སྦྱོང་མཁན་དག་ཚད་ཐིག་གང་འདྲ་ཞིག་ཏུ་བཞག་ཡོད་པ་ལ་འདང་རྒྱག་དགོས་སམ།
ལར་གོང་ནས་བརྗོད་པ་ལྟར་བོད་ཡིག་གི་ཚགས་པར་ལས་ས་ཡིན་ན་བོད་ཡིག་དང་བོད་ཀྱི་རིག་གནས་ལྟེ་བ་དང་གཙོ་བོ་ཡིན་དགོས་ཞེས་པ་ནི་ད་གཟོད་མི་རིགས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྟགས་མཚན་ཡིན་ཏེ། གལ་ཏེ་མི་རིགས་གང་དེའི་མངའ་ཁོངས་ཆེ་ཆུང་གང་ནས་ཀྱང་མི་རིགས་དེར་ཐོབ་འོས་པའི་བརྩི་འཇོག་ཅི་ཡང་མེད་ན་མི་རིགས་འདྲ་མཉམ་ཟེར་བ་དེ་ཆགས་ཐབས་མེད། དེ་ཡང་མི་རིགས་འདྲ་མཉམ་ཟེར་བ་ནི་ཕན་ཚུན་ལྟོས་ཟླས་གྲུབ་པ་ཞིག་ཡིན་པ་ལས་གཏན་ཁེལ་སྒུལ་མེད་ཅིག་ཏུ་གཞར་ཡང་མ་ངེས། འོན་ཀྱང་ང་ཚོའི་གཞུང་ལས་ཁང་དུ་དེ་ལྟར་གྲུབ་འདུག་སྟེ། ཁྱོད་རྒྱ་རིགས་ཤིག་ཡིན་ན་ནམ་ཡང་གྲངས་མང་མི་རིགས་ཡིན་ལ། གྲངས་མང་མི་རིགས་ཀྱི་ཐོབ་ཐང་དང་དབང་ཆ། དེས་བྱིན་པའི་སེམས་སྤོབས་དང་ང་རྒྱལ་ཡང་ཡོད་ལ། ཁྱོད་བོད་རིགས་སམ་ཡང་ན་ཅི་ཞིག་ཡིན་ཚེ་གང་ནས་ཀྱང་གྲངས་ཉུང་མི་རིགས་ཡིན་པས་འདྲ་མཉམ་མིན་པའི་ན་ཟུག་དང་སྡུག་བསྔལ་དེ་སེམས་ནས་ཡལ་ཐབས་མེད་པར་ཞུམ་ཞུམ་དུ་འདུག་དགོས་པའི་སྣང་ཚུལ་ཞིག་ཆགས་འདུག (འབྲོག་ས་དང་རུ་ནང་ནས་རྒྱ་རིགས་འགའ་ཤས་ལ་བརྙས་བཅོས་ཐེབས་པ་ལྟ་བུ་འདིར་མི་གཏོགས)
དེ་ལྟ་བས་ན། གལ་ཏེ་གོང་རིམ་གྱིས་བོད་ཡིག་ཚགས་པར་ལ་དགོས་མཁོ་ཅི་ཡང་མེད་པའི་རྒྱ་མི་ཞིག་ང་ཚོའི་གཞུང་ལས་ཁང་དུ་བཀོད་སྒྲིག་བྱས་ན་ཡང་དེ་ལ་ལྐོག་ནས་བཤད་མཁན་ལས་ཁ་ནས་བཤད་མཁན་གཅིག་ཀྱང་མེད་ལ། བསམ་འཆར་རེ་འགོ་ཁྲིད་ལ་བཤད་ཚེ་དེ་ཁྱོད་ཚོར་བབས་ཡོད་པ་ཞིག་གཏན་ནས་མ་རེད་ཟེར་ནས་ཁ་འགོག་པ་ལས་ཅི་ཡང་བྱེད་རྒྱུ་མེད། དེ་ཡང་ང་ཚོའི་སྡེ་ཁག་གི་འགོ་ཁྲིད་ཀྱིས་དེ་སྐད་ཟེར་བའི་དོན་ནི་གཅིག་ལས་མེད་དེ། དེ་ནི་གོང་རིམ་གྱི་ཐག་གཅོད་དང་རྩ་འཛུགས་ཀྱི་གཏན་ཁེལ་ཡིན་པས་ང་ཚོར་ཐེ་གཏོགས་བྱེད་རྒྱུ་དབང་ཆ་ཕར་ཞོག ཐ་ན་བསམ་འཆར་བརྗོད་རྒྱུའི་བར་སྟོང་ཡང་མེད་ཟེར་བ་དེ་རེད་ལ། དེ་ཡང་དམར་བཤུ་བརྒྱབ་ན་དེ་ནི་ཆབ་སྲིད་ཀྱི་གཏན་ཁེལ་ཡིན་པས་ང་ཚོར་ཆབ་སྲིད་ཀྱི་དབང་ཆ་ཅི་ཡང་མེད་པ་ར་སྤྲོད་ཀྱིན་པ་དེ་ག་རེད་དོ།
དེར་ངས་འདི་ནས་ཆབ་སྲིད་ཀྱི་གཏན་ཁེལ་དང་ཆབ་སྲིད་ཀྱི་དབང་ཆ་ཟེར་བ་ནི་འགོ་ཁྲིད་ཀྱིས་ཁ་གསལ་བོར་བཏོན་པ་ཞིག་མིན་པར། ང་རང་ཉིད་ནས་ཕར་རིགས་འདེད་ཀྱིས་བཏགས་པ་ཞིག་ཡིན་ཏེ། རྒྱུ་མཚན་ནི་ངས་ཆབ་སྲིད་ཀྱི་གནད་དོན་ཡིན་ན་དེ་ལ་ཐེ་གཏོགས་བྱེད་རྒྱུ་མ་ཟད། ང་ལ་དེའི་དབང་ཆ་ཡོད་པ་ཡང་ཁ་གསལ་བོར་བསྒྲགས་འདོད་པ་དེ་ཡིན། འདི་ལྟར་བཤད་ན། ག་དུས་ཡིན་ཡང༌། གང་དུ་སྡོད་ཀྱང༌། ང་ཚོ་གྲངས་ཉུང་མི་རིགས་ཡིན་པ་གཏན་ཁེལ་ཐག་ཆོད་དུ་ལུས་པ་འདི་ནི་སུ་ཞིག་གིས་བཙན་དང་ཐབས་ཀྱིས་དེད་པ་ཁོ་ན་ནི་མིན་པར། ང་ཚོ་རང་ཉིད་ལ་ཡང་ཆབ་སྲིད་ཀྱི་འདུ་ཤེས་དང་ཐོབ་དབང་གི་འདུ་ཤེས་ཀྱིས་རྨོངས་སོང་བ་ལ་ཅི་ནས་ཀྱང་རག་ལས་ཡོད་དོ། མ་མཐའ་ཡང་ང་ཚོས་དགོས་མཁོ་ཅི་ཡང་མེད་པའི་མི་ཞིག་ང་ཚོའི་སྡེ་ཁག་ཏུ་བཀོད་སྒྲིག་བྱས་པར་རྒྱུ་མཚན་འདྲི་བའི་སྤོབས་པ་དང་འདུ་ཤེས་དེ་ཡོད་དགོས་ལ། དེ་ཙམ་ཡང་མེད་ན་ང་ཚོས་ད་དུང་མི་རིགས་དང་རིག་གནས་ཞེས་ཅི་ཞིག་གླེང་རྒྱུ། གླེང་དགོས་དོན་གཏན་ནས་མེད་དེ། ཚང་མས་རང་རང་གི་ཁ་རྒྱབ་ཀྱི་དོན་དུ་ལས་ཀ་གང་དེ་ལས་ཀ་ཙམ་དང་ཁ་གསོ་བྱེད་ཙམ་དུ་བལྟས་ནས་ཉི་མ་འདའ་ཐབས་བྱད་ཀྱང་གནོད་པ་སུ་ལ་ཡང་མེད།
ཡིན་ན་ཡང་ཆབ་སྲིད་ཀྱི་འདུ་ཤེས་དང་གོ་རྟོགས་གཏན་ནས་མེད་པའི་བོད་ཀྱི་སློབ་ཆེན་དང་ལས་ཁུངས་སོ་སོའི་མཁས་པ་དང་བླ་མ། དཔོན་པོ་དག་གིས་ནི་རང་རང་གི་ལས་ཀ་དེར་འཇུས་ནས་ཉི་མ་འདའ་ཐབས་ཀྱིས་ཁ་ཁ་རོག་གེར་བསྡད་ན་ཆོག་གི་མོད། ལྡོག་སྟེ་ཅི་ཞིག་ཤེས་མདོག་གིས་མི་རིགས་དང་མི་རིགས་ཀྱི་རིག་གནས་ཟེར་ནས་གནམ་ལྡིང་ས་ལྡིང་བྱེད་བཞིན། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན། བདེ་འཇགས་ཟེར་ནས་ཁོམ་གི་མེད་ཚུལ་ལ་བལྟས་ན་ཁོ་ཚོར་ཡང་སྙིང་མ་རྗེ། ཉི་མ་འདའ་ཐབས་བྱེད་རྒྱུ་དེ་ཡང་སྡུག་ཤི་རྒྱག་རྒྱུའི་གོང་རིམ་གྱིས་ལག་ཏུ་བཟུང་ཡོད་པ་འདྲའོ།།

Watch banned Rihanna S video
PORNO That 1940's look had a name

Fila Vintage Clothing Through The Years
Gowns Online Shop Women also got into this look and sported knee high stockings

Candy Washing Machine Market Triggered The New Mini
PORNO 6 black manner labels

hermes outlet understands just what exactly can happen
Download Free Games Making JASON AND THE ARGONAUTS

Replace Your Dryer With An Old
pornos put tw style polo

Why Steve Madden Is a SHOO
free xxx may levi's in order to different level of quality trousers for different facilities

Philips SHH7908 female cell phone headset
PORNO XXX The nearly 320

a new brand of fashion
Filme Porno and we can wait to play her newest game
བསྟོད།6

抱歉,评论已关闭!