གྲོགས་རྣོ་སྦྲེང་ལགས་ལ་སྤྲིངས་པའི་འཕྲིན་པ་དང་བོ།

ཞོགས་ལྗང་།

༄༅། །དེ་རིང་གློ་བུར་དུ་ཉིད་ལ་འཕྲིན་ཞིག་བཏང་ཡོང་བ་ཁྱོད་ཀྱི་ཡིད་ཀྱི་དགུ་ལ་ཡང་དྲན་གྱིན་མེད་སྲིད་མོད།ཉིན་འདི་དག་གི་སེམས་ཁམས་ཤིག་གིས་ཡིན་ནམ།ཡང་ན་རྒྱུ་རྐྱེན་གཞན་ཞིག་ཡིན་མིན་རང་གིས་ཀྱང་ཐག་གཅོད་མ་ཐུབ་པའི་བར་སྐབས་འདིར།དགོས་དབང་གིས་ཉིད་ལ་འཕྲིན་ཞིག་འབྲི་རྒྱུ་དྲན་ཞིང་།འདི་ཡང་སྔོན་ཆད་གླེང་མྱོང་བའི་བསམ་ཚུལ་དེར་བདེན་པ་ཕྱིན་པ་ཡང་ཡིན།
ཐོག་མར་ཉིད་ཀྱིས་ལོ་འདི་དག་གི་རིང་དཀའ་སྡུག་གང་མང་ལ་མགོ་མ་སྒུར་བར་འུ་ཅག་ལ་རང་ཉིད་ཀྱི་བསམ་བློ་གླེང་སའི་སྟེགས་བུ་མི་ཆུང་བ་ཞིག་བཟོས་པར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན་ལ།ལྷག་པར་དུ།སྤྱི་ཚོགས་ཞེས་པའི་མང་བོ་ཞིག་འཇིགས་ཤིང་དངངས་ཀྱིན་པའི་འཐབ་ར་དེའི་ཁྲོད་ནས་ཀྱང་རང་ཉིད་ཀྱི་མགོ་བོ་དགྱེ་དགྱེ་ཡིས་སོང་བར་ཁོ་བོས་རྒྱབ་སྐྱོར་བླ་ལྷག་གིས་བྱེད་རྒྱུ་ཡིན་པ་མ་ཟད།མ་འོངས་པར་རང་ཉིད་ཀྱང་དེ་ལྟ་བུ་ཞིག་ཡིན་པར་ཡིད་ཆེས་ཆོད་སེམས་སྔོན་ནས་བཅངས་ཡོད།
ཉེ་སྔོན་ཁྱོད་རང་འདིར་ཡོང་སྐབས་བྱ་བ་ཕྲན་ཚེགས་རེའི་དབང་གིས་ཐ་ན་ཁ་བརྡ་སྐྱིད་པོ་ཞིག་ཀྱང་བྱེད་མ་ཐུབ་པར་དགོངས་དག་ཞུས་པ་ཡིན་ལ།ཡང་བསྐྱར་ཉིད་ཀྱིས་དཀའ་ལས་གང་མང་བརྒྱབ་པའི་ན་གཞོན་གསར་བ་འདོན་ཐེངས་གསུམ་པ་མི་འགྱངས་པར་སྒོར་ཡོང་རྒྱུར་ཡང་དགའ་བསུ་བླ་ལྷག་གིས་ཞུས་པ་ཡིན།
ལོ་ངོ་འདི་དག་ལ་ཁྱོད་དང་ཁྱོད་ལྟ་བུའི་གྲོགས་པོ་མང་བོ་ཞིག་ངོ་ཤེས་པ་ནི་ངས་ནམ་ཡང་རང་ཉིད་ཀྱི་ང་རྒྱལ་ཞིག་ཏུ་འདོད་ཀྱིན་ཡོད།འུ་ཚོས་རྒྱུན་དུ་གླེང་བ་བཞིན།གྲོགས་པོ་ནི་གྲོགས་པོ་རེད་མོད།ལྟ་ཚུལ་ནི་ལྟ་ཚུལ་རེད་པས།ཐེངས་འདིར་ཉིད་ལ་རང་གི་ལྟ་ཚུལ་སྐོར་ཞིག་གླེང་རྒྱུ་ཡིན་ལ།དེ་ཡང་གྲོགས་པོ་གཞན་པ་དག་ལ་མ་གླེང་བར་ཆེད་དུ་ཁྱོད་ལ་གླེང་བ་ཡང་གཅིག་ནས་ལྟ་ཚུལ་འདི་དག་གི་ཕྱོགས་ནས་ཁྱོད་དང་འུ་གཉིས་ལ་བར་ཁྱད་ཆེ་བར་སྙམ་པ་དང་།གཉིས་སུ་གྲོགས་པོ་མི་མཐུན་པ་དག་ལ་ཆེད་དུ་མ་གླེང་ཡང་ཞོར་ནས་ཡོང་གིན་ཡོད་པས།སུ་ལ་གླེང་ཡང་འདྲ་མཚུངས་ཡིན་པར་སྙམ་པ་ཡིན།
དེ་ཡང་ཐོག་མར་གླེང་འདོད་པ་ནི་སྙིང་སྟོབས་དང་ཚེ་སྲོག་གི་རིན་ཐང་སྐོར་ནས་ཡིན།ཉེ་སྔོན་གྲོགས་པོ་ཁྱོད་རང་འདིར་འོང་སྐབས་ལྟ་ཚུལ་དེའི་སྐོར་ནས་ངེད་གཉིས་ཀྱིས་ཅུང་ཙམ་གླེང་ཟིན་ལ།མ་མཐའ་ཡང་འུ་གཉིས་ཁ་གཏད་དུ་ཡོད་པ་ཕན་ཚུན་ལ་ཤེས་སུ་བཅུག་ཟིན།ཐེངས་འདིར་ལྟ་ཚུལ་དེའི་སྐོར་ནས་རང་གི་ལྟ་ཚུལ་ཞིག་བཤད་འདོད་པ་ཡིན་ཞིང་།ལྟ་ཚུལ་འདིས་གྲོགས་པོ་མི་ཉུང་བ་ཞིག་ཧང་སངས་པར་འཇུག་ཀྱང་སྲིད་མོད།སྟོང་བསམ་མ་ཡོད་པའི་ཡར་སྔོན་དུ་ཕུག་བསམ་ཞེས་པ་ཞིག་མ་རྙེད་ཅིང་།ཕུག་བསམ་མེད་པའི་རྒྱལ་ཁ་ཞིག་ཀྱང་ཁོ་བོས་མ་མཐོང་བས།ང་ནི་ཇི་འདྲའི་སྟོང་བསམ་རིང་ལུགས་པ་ཞིག་ཡིན་ཡང་།ངས་བསམ་ན་ཁོ་བོས་སྙེགས་ཀྱིན་པའི་བདེན་པ་ནི་འདི་ཉིད་ཡིན་པར་སྙམ་གྱིན་ཡོད།ལྟ་ཚུལ་འདི་ངས་ཁྱོད་ཉིད་གཅིག་པར་གླེང་བ་མིན་ལ།ཁྱོད་རང་ཆེས་ཐོག་མ་ཡང་མིན།ལྟ་ཚུལ་འདི་ཉིད་མི་མང་བོ་ཞིག་ལ་གླེང་ཟིན་ཞིང་།འཐད་ཀྱིན་མེད་པའི་མི་ཡང་ཁྱོད་གཅིག་པུ་མིན་པར།ངས་གླེང་ཟིན་པའི་མི་ཚང་མ་ཡིན་པ་འདྲ།ཁྱོད་ཚོ་ཚང་མས་འདོད་ཀྱིན་པ་ནི་ཚེ་སྲོག་གི་གལ་ཆེན་རང་བཞིན་རེད་ལ།ཚེ་སྲོག་མེད་པའི་སྔ་རོལ་དུ་སྙིང་སྟོབས་ཞེས་པ་འདི་ཡང་གནས་མི་ཐུབ་པར་སྙམ་གྱིན་འདུག་པ་དེ་ཡིན་པ་འདྲ།འདི་ནི་ཨེ་དབྱིན་སི་ཐན་སོགས་ཀྱི་ལྟ་ཚུལ་དང་ཡང་མཐུན་པ་རེད་མོད།དེ་ཙམ་གྱིས་བདག་གི་འདོད་བློ་གཏན་ནས་འཚིམ་མ་ཐུབ།འུ་ཚོས་བསམ་གཞིགས་ཞིབ་ཏུ་བཏང་ན།ནུབ་གླིང་མཚན་ཉིད་རིག་པ་རེ་རེར་རང་ཉིད་ཀྱི་བསམ་བློ་རྒྱས་སའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཤིག་ཡོད་པ་རེད་ལ།འུ་ཚོས་ཀྱང་རང་ཉིད་ཀྱི་སྤྱི་ཚོགས་འདི་ཉིད་རྒྱབ་ལྗོངས་སུ་བྱས་ནས་རང་ལུགས་ཤིག་རྙེད་ཆོག་པར་མ་ཟད།འཚོལ་དགོས་པ་ཡང་རེད།དེ་ལྟ་ན་ཡང་།ངས་བསམ་ན་འུ་ཅག་མང་བོ་ཞིག་ད་དུང་མཁས་པ་དེ་དག་གི་མཛེས་སྡུག་ལྡན་པའི་བསླུ་བྲིད་ཀྱི་འོག་ཏུ་གནས་ཡོད་པ་རེད།ང་རང་རྒྱུན་དུ་ཁེར་རྐྱང་ངང་ཡོད་དུས་ངས་འདི་དག་ལ་བསམ་གཞིགས་བཏང་བ་ཡིན་ལ།ནམ་ཞིག་རང་ཉིད་ཀྱང་དེ་དག་གི་བསླུ་བྲིད་འོག་ཏུ་གནས་རྒྱུ་ཡིན་པར་ཞེད་སྣང་སྐྱེས་པ་ཡང་ཐེངས་གཅིག་མིན།ཡང་གཅིག་བསམ་ན།གནས་ལུགས་མང་བོ་ཞིག་གཏན་ཚིགས་ཀྱི་ཕ་རོལ་དུ་ཡོད་པར་འདོད་ཅིང་།གཏན་ཚིགས་མང་བོ་ཞིག་ལ་བཅོམ་ཆག་མ་བཏང་ན་གནས་ལུགས་དེ་ཡང་གབ་སྦས་ཀྱིས་འདུག་པར་སྙམ།དེ་ན་འུ་ཅག་གིས་རང་གི་མཐའ་འཁོར་གྱི་གནས་ལུགས་གསོན་པོ་དག་བསྐྱུར་ནས་གཞན་གྱི་རྒྱང་ཐག་རིང་བའི་ལེགས་བཤད་དག་འཁྱེར་ཡོང་དགོས་དོན་ནི་ཁོ་བོས་མ་མཐོང་ངོ་། །
ངས་རྒྱུན་དུ་བཤད་པ་བཞིན།དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ཡང་འཇིག་རྟེན་འདི་དང་བྲལ་མེད་པའི་དབང་དུ་བཏང་ན།འུ་ཚོས་ཁོང་གཉིས་ཀྱང་ཁ་རོག་གེར་བོར་མེད་པའི་ངེས་པ་རྦད་དེ་མེད་ལ།གལ་ཏེ་དེ་ལྟར་ཡིན་ཚེ།ཚེ་སྲོག་ནི་སྙིང་སྟོབས་ཤིག་ཏུ་འགྱུར་རྒྱུ་དེ་རིན་ཐང་ཤིན་ཏུ་ཆེ་བ་ཞིག་མ་རེད་དམ།ངས་ཁྱོད་ལ་འདི་ལྟར་བཤད་ཆོག་སྟེ།ནུབ་གླིང་བས་མི་ནི་དཔྱོད་ཤེས་ཀྱི་གཞི་གྲུབ་ཅིག་ཏུ་བཤད་ཅིང་།འུ་ཚོས་མི་ནི་སྨྲ་ཤེས་ཤིང་དོན་གོ་བ་ཞིག་ཏུ་བཤད་པ་རེད།སྨྲ་ཤེས་ཤིང་དོན་གོ་བ་ཞེས་པ་འདིར་གོ་བ་གཏིང་ཟབ་ཅིག་ལེན་རྒྱུ་ཡོད་པར་སྙམ་ཡང་།ལག་ལེན་གྱི་ཁྲོད་དུ་དལ་གྱིས་སོང་ན་སྨྲ་ཤེས་ཤིང་དོན་གོ་བ་ཞེས་པ་ནི་སྤྱིར་བཏང་གི་སྨྲ་ཤེས་ཤིང་དོན་གོ་བ་ཙམ་ལ་བཤད་ཀྱིན་འདུག་པས།ངས་ཀྱང་མིའི་མཚན་ཉིད་འཇོག་སྟངས་འདིར་སྔོན་ཆད་དགག་པ་བརྒྱབ་པ་ཡིན།འཇར་མན་གྱི་མཚན་ཉིད་རིག་པ་མཁན་གྲགས་ཅན་སྐུ་ཞབས་ཉི་ཚེ་ཡིས་གསུངས་པ་ལྟར།འུ་ཚོས་ཀྱང་རིན་ཐང་ཡོད་ཚད་ལ་ངོས་འཛིན་བསྐྱར་དུ་གནང་དགོས་འདུག་ཅེས་ལོ་ངོ་ག་ཚོད་ཅིག་གི་སྔོན་ནས་བཤད་ཟིན་པ་རེད།དེ་བཞིན་དུ།ད་ལྟ་གོང་གི་མིའི་མཚན་ཉིད་འཇོག་སྟངས་འདིར་ཡང་གོ་བ་བསྐྱར་དུ་བླངས་ན་རིན་ཐང་ཆེན་པོ་ཡོད་པར་འདོད་བྱུང་།ག་རེ་ཞེ་ན།སྨྲ་ཤེས་ཤིང་དོན་གོ་བ་ཞེས་པ་འདིར་ཡང་འུ་ཚོས་བཤད་ཀྱིན་པའི་དཔྱོད་ཤེས་ཞེས་པ་འདུས་འདུག་པར་གོ་བ་བླངས་ཆོག་པ་རེད།དེ་ཡང་དཔྱོད་ཤེས་ཞེས་པ་ཡང་གསལ་བོར་བཤད་ན་དོན་གོ་བའི་སྟེང་དུ་འབབ་དགོས་པ་མ་རེད་དམ།དོན་གོ་བ་ཞེས་པ་འདིར་ཁྱབ་ཆུང་ས་ནས་གོ་བ་མ་བླངས་པར།ཁྱབ་ཆེ་ནས་གོ་བ་བླངས་ན་འགྲིག་པར་འདོད།འདི་ལྟར་བཤད་ནས་ཅི་ཞིག་བྱ་བསམ་པ་ཡིན་ཟེར་ན།ནུབ་གླིང་རིག་གནས་དང་འུ་ཅག་གི་རིག་གནས་གང་ཡིན་རུང་མི་ནི་སྲོག་ཆག་གཞན་དང་མི་འདྲ་བར་འདོད་པ་ཡིན།མིས་དོན་གོ་དགོས་པར་འདོད་པ་ཡིན།དོན་ཞེས་པ་ཡང་གནས་ལུགས་ཤིག་ལ་གོ་ན་འགྲིག་གི་ཨང་།གནས་ལུགས་ལ་ཁྱབ་ཤིན་ཏུ་ཆེ་བ་རེད་མོད།བྱེ་བྲག་ཏུ་བབས་ཏེ།དེ་རིང་འདིར་བཤད་ཀྱིན་པའི་ཚེ་སྲོག་དང་སྙིང་སྟོབས་ཀྱི་སྟེང་དུ་བབས་ན།ངས་འདིར་བཤད་ཀྱིན་པའི་གནས་ལུགས་ནི་སྙིང་སྟོབས་ཀྱི་སྟེང་དུ་འབབ་དགོས་པ་ཡིན།ངས་དེ་ནི་བདེན་པ་ཞིག་རེད་འདོད་ཀྱིན་ཡོད།བདེན་པ་གང་ནས་རེད་ཟེར་ན།ཚེ་སྲོག་ཡོད་པ་མང་བོ་ཞིག་འདྲ་མཉམ་རེད་མོད།སྙིང་སྟོབས་ཡོད་པ་མི་རེད་ཟེར་ན་འདོད་བྱུང་།མིའི་སྙིང་སྟོབས་ནི་སྲོག་ཆགས་ཐམས་ཅད་ལས་མཆོག་ཏུ་གྱུར་བ་ཞིག་རེད།མིའི་སྙིང་སྟོབས་ཀྱིས་དངོས་པོ་ཡོད་ཚད་གསར་དུ་བཟོ་ཐུབ་ཅིང་དངོས་པོ་ཡོད་ཚད་ལ་གཏོང་བརླག་ཀྱང་གཏོང་ཐུབ་པ་རེད།འོ་ན་ཚེ་སྲོག་གིས་དེ་དག་བསྒྲུབ་ཐུབ་བམ་ཟེར་ན།ཚེ་སྲོག་གིས་དེ་དག་བསྒྲུབ་མི་ཐུབ་པར་འདོད་དེ།ཚེ་སྲོག་ཙམ་ནི་འཚོ་སྡོད་ཙམ་པོ་བ་ཞིག་རེད།ཡང་གཅིག་བཤད་ན།འུ་ཅག་བོད་མི་དག་ནི་ནམ་རྒྱུན་འཚོ་སྡོད་ཀྱི་ངོ་བོར་ཡོད་པ་ལས་འཚོ་གནས་ཀྱི་རིན་ཐང་སྟེང་དུ་འབབ་ཐུབ་ཀྱིན་མི་འདུག་པ་རེད།དེ་ཡང་གཞི་རྩ་ནི་འུ་ཅག་ལ་སྙིང་སྟོབས་རིགས་ཤིག་ཆད་སོང་བས་རེད།སྙིང་སྟོབས་དེ་ནམ་ཞིག་ཏུ་རྙེད་ན་དེ་དུས་ནི་འུ་ཅག་གིས་འཚོ་གནས་རྙེད་པ་རེད།དེ་ལ་འཚོ་གནས་སྙིང་སྟོབས་ཞེས་བཤད་ན་ཡང་ཆོག་པར་འདོད།འཚོ་གནས་སྙིང་སྟོབས་འདི་ནུབ་གླིང་སོགས་སུ་དར་ནས་དུས་ཡུན་རིང་བོ་འགོར་བ་རེད།དགྱ་ནག་ལ་དར་ནས་ཕལ་ཆེར་དུས་རབས་གཅིག་འགྱངས་ལ་ཉེ་བ་རེད།ཡིན་ན་ཡང་།འུ་ཅག་ལ་རྩ་བ་དར་གྱིན་མི་འདུག་པ་མིག་མཐོང་ལག་ཟིན་རེད།དེ་ཡང་འུ་ཚོས་རྒྱུན་དུ་བཤད་ཀྱིན་ཡོད་པ་དེ་རེད།འུ་ཅག་གི་གཙོ་རྒྱུགས་རིག་གནས་ཀྱི་ཁྲོད་དུ་འཚོ་གནས་སྙིང་སྟོབས་ཡོད་པ་མ་རེད།ཡང་གཅིག་བཤད་ན་སྐྱོ་གར་སྙིང་སྟོབས་ཡོད་པ་མ་རེད།སྐྱོ་གར་སྙིང་སྟོབས་མེད་པས་འུ་ཅག་ནམ་ཡང་འཚོ་གནས་དང་རྒྱང་བཀྱེད་ཀྱིན་ཡོད་པ་རེད།འུ་ཚོ་ནམ་ཡང་འཚོ་སྡོད་ཙམ་ལ་ཡིད་འཚིམ་ནས་ཡོད་པ་རེད།འཚོ་སྡོད་ཙམ་པོ་བ་འདིས་འུ་ཅག་གཞི་ནས་རྗེས་ལུས་སུ་བཏང་བ་རེད།
འཚོ་གནས་སྙིང་སྟོབས་དེ་ངས་བཤད་ཀྱིན་པའི་སྙིང་སྟོབས་རེད།འཚོ་གནས་ཀྱི་ཆེད་དུ་སྲོག་ཀྱང་དབུལ་ཐུབ་པའི་སྙིང་སྟོབས་རེད།སྙིང་སྟོབས་དེས་འཚོ་གནས་ནི་ནམ་ཡང་རིན་ཐང་གི་ཕྱིར་དུ་ངོས་འཛིན་ཞིང་།རང་གི་འཚོ་གནས་ཀྱི་ཆེད་དུ་རང་སྲོག་འདོར་ཐུབ་པ་ནི་རིན་ཐང་མཆོག་ཏུ་གྱུར་བ་ཞིག་ཏུ་ངོས་འཛིན་གནང་གི་རེད།གོང་ནས་སོང་མ་ཐག་པའི་སྐྱོ་གར་སྙིང་སྟོབས་ལ་བལྟས་པས་ཤེས་འོང་གི་རེད།སྐྱོ་གར་སྙིང་སྟོབས་ཀྱིས་འཇིག་རྟེན་ནི་སྐྱོ་གར་གྱི་ངང་ཡོད་པ་ཁས་ལེན་ཞིང་།ཁོ་རང་ཚོས་སྐྱོ་གར་ལ་གདོང་གཏོད་པ་རེད།འདི་ནི་འུ་ཚོ་ཚང་མས་ཅུང་ཤེས་པ་རེད།དེ་བཞིན་དུ་འཚོ་གནས་སྙིང་སྟོབས་ཀྱང་འདི་འདྲ་ཞིག་རེད།དེས་འཚོ་གནས་ཀྱི་གནད་དོན་ཡོད་ཚད་ལ་གདོང་གཏོད་ཅིང་།འཚོ་གནས་ཀྱི་ཆེད་དུ་རང་སྲོག་འབུལ་དགོས་ཀྱང་འགྱོད་པ་མེད་པར་མ་ཟད།དེ་ནི་རང་ཉིད་འཇིག་རྟེན་འདིར་འོང་བའི་རིན་ཐང་ཞིག་ཏུ་ངོས་འཛིན་གནང་གིན་འདུག ངས་བསམ་ན་སྔོན་ཆད་བོད་ལ་འདི་ལྟ་བུ་སྙིང་སྟོབས་ཡོད་མྱོང་བ་རེད།སྔོན་གྱི་བོད་བཙན་པོའི་སྐབས་དང་དེའི་སྔོན་གྱི་ཆབ་སྲིད་གནས་བབ་ལ་ཅུང་ཙམ་བལྟས་ན།བོད་ལ་སྔོན་ཆད་འཚོ་གནས་ཀྱི་ཆེད་དུ་རང་སྲོག་ཕངས་མེད་དུ་འདོར་བའི་སྙིང་སྟོབས་ཡོད་མྱོང་བར་འདོད་ལ།འཚོ་གནས་རིན་ཐང་གི་ཆེད་དུ་བཙན་པོ་དང་བློན་པོའི་དབར་དུ་འགལ་ཆ་ཆེན་པོ་བྱུང་བ་དག་ལས་ཀྱང་ཟུར་ཙམ་མངོན་འོང་གི་རེད།རེད་མོད་ཀྱང་།དུས་སྐབས་གང་ཞིག་ནས་འུ་ཅག་གི་འཚོ་གནས་སྙིང་སྟོབས་དེ་ཤོར་སོང་བ་རེད།འཚོ་གནས་སྙིང་སྟོབས་ཤོར་བའི་ཉིན་ནི་འུ་ཅག་ལ་ཉམས་རྒུད་ཀྱི་འགོ་བརྩམས་པ་ཡང་རེད།ངས་བསམ་ན་འཇིག་རྟེན་སྟེང་གི་ཉམས་རྒུད་མང་ཆེ་བ་ནི་འཚོ་གནས་ཀྱི་སྙིང་སྟོབས་ཤོར་བ་ནས་འགོ་བརྩམས་པར་འདོད།དེ་ཡང་འཚོ་གནས་བྱེད་དགོས་པའི་མིའི་རིགས་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་འཚོ་གནས་ཀྱི་སྙིང་སྟོབས་རེད།
ངས་བསམ་གཞིག་མང་དུ་བཏང་ན་ཚེ་སྲོག་དང་སྙིང་སྟོབས་ཀྱི་འགལ་བ་འདི་ནི་ཆོས་ལུགས་དང་མི་ཇུས་ཀྱི་འགལ་བ་ཞིག་མ་རེད།ཡང་ན་དེ་རིང་དང་ཁ་སང་གི་གནད་དོན་ཞིག་ཀྱང་མ་རེད།འདི་ནི་ནམ་ཡང་འབྱུང་ངེས་ལ་འབྱུང་སྲིད་པའི་གནད་དོན་ཞིག་རེད།སུ་དང་གང་གིས་ཀྱང་ཐག་གཅོད་མི་ཐུབ་པའི་གནད་དོན་ཞིག་རེད།གནད་དོན་འདི་ནི་སུ་དང་གང་གིས་ཀྱང་ཐག་གཅོད་མི་ཐུབ་པ་ཞིག་རེད་ཅེས་བཤད་ན་བར་སྐབས་འདི་ནས་འགལ་བ་ཞིག་ཐོན་གྱིན་པ་འདྲ་མོད།དོན་ལ་འདི་ནི་འགལ་བ་ཞིག་མ་རེད།འདི་ཉིད་ཀྱི་གནད་དོན་དེ་ཡོངས་སུ་ཐག་གཅོད་ཐུབ་པ་ཞིག་མིན་པ་མ་གཏོགས།འདི་ཉིད་ཀྱང་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བཞག་ནས་གླེང་ན་ཐག་གཅོད་བྱ་དཀའ་བ་ཞིག་ཁྱོན་ནས་མ་རེད།ནུབ་གླིང་མཚན་ཉིད་རིག་པའི་ལོ་རྒྱུས་ལ་ཅུང་ཙམ་བལྟས་ན་འགལ་བ་མང་བོ་ཞིག་གནའ་ནས་ད་ལྟའི་དབར་གནས་པ་རེད་ལ།མུ་མཐུད་དུ་གནས་ངེས་ཀྱང་རེད།རེད་མོད་ཀྱང་།དེ་དག་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བཅུག་ནས་བལྟས་ན་འགལ་བ་ཞིག་ཁྱོན་ནས་མ་རེད།མི་རིགས་རེ་རེ་དང་སྤྱི་ཚོགས་རེ་རེ་ལ་དེ་ཉིད་ཀྱི་རྒྱབ་ལྗོངས་རེ་ཡོད་པ་རེད།རྒྱབ་ལྗོངས་དེའི་སྟེང་ནས་གནད་དོན་གྱི་འགྲིག་མིན་བརྡར་གཅོད་བྱེད་ཀྱིན་ཡོད་པ་མ་གཏོགས།ངས་བསམ་ན་གཏན་གྱི་བདེན་པ་ཞིག་དང་གནས་ལུགས་ཤིག་ཡོད་ཚོད་མ་རེད།མི་ཞེས་པའི་མཚན་ཉིད་ཀྱི་འགྱུར་བའི་ངོས་ནས་བསམ་གཞིགས་བཏང་ན་ཡང་ཤེས་འོང་གི་རེད།ད་ལྟའི་དབར་དུ་གཅིག་གྱུར་ཞིག་འབྱུང་གིན་མེད་པའི་རྩ་གང་ལ་རག་ལས་པ་རེད་དམ།དེ་ནི་སྤྱི་ཚོགས་ཀྱི་་གནས་འགྱུར་སོགས་ལ་རག་པ་མ་རེད་དམ།དེ་ན་འུ་ཚོས་ཀྱང་རང་གི་སྤྱི་ཚོགས་འདི་ཉིད་རྒྱབ་ལྗོངས་སུ་བྱས་ནས་བསམ་གཞིགས་བཏང་ན་འུ་ཅག་ལ་ཅི་ཞིག་ཆད་འདུག་གམ།འུ་ཅག་ལ་ཚེ་སྲོག་མེད་སོང་བ་རེད་དམ་སྙིང་སྟོབས་དབུལ་སོང་བ་རེད།ངས་བསམ་ན་འུ་ཅག་ལ་དགོས་གལ་ཆེ་བ་དེ་སྙིང་སྟོབས་རེད་ལ།འུ་ཅག་གི་སྤྱི་ཚོགས་འདིའི་ངོས་ནས་བསམ་གཞིགས་བཏང་ན་ནམ་ཡང་བདེན་པ་མཐར་ཐུག་ནི་སྙིང་སྟོབས་རེད།
ནོ་པེར་གྱི་ལོ་རྒྱུས་སུ་ཁོའི་ཕ་རྒན་གྱི་ལོ་རྒྱུས་རགས་བསྡུས་ཤིག་ཀྱང་ཡོད་པ་རེད།ཁོ་ནི་ནོ་པེར་སྔོན་གྱི་འགལ་རྫས་ལ་སྤྲོ་བ་ཆེས་མངའ་བའི་མི་ཞིག་ཀྱང་རེད།ཡང་གཅིག་བཤད་ན་ཁོའི་མི་ཚེ་གང་བོར་ཕལ་ཆེར་དེའི་ཕྱོགས་སུ་འབད་པ་རེད་ལ།མལ་ནས་ལངས་མ་ཐུབ་པའི་ལོ་ངོ་དེ་འདྲའི་མང་བོ་ཞིག་གི་རིང་དུ་ཡང་ཁོས་དེའི་ཕྱོགས་སུ་ཞིབ་འཇུག་བྱ་རྒྱུར་མཚམས་བཞག་མ་མྱོང་བ་རེད།ཐ་ན་ཁོའི་འགལ་རྫས་ཀྱིས་རང་གི་བུ་ཆུང་བ་འཆི་ལམ་དུ་བརྫངས་ཀྱང་ཁོས་དོན་དེ་མཚམས་འཇོག་བྱས་མ་མྱོང་བ་རེད།སྙིང་སྟོབས་དེ་ལྟ་བུ་ཞིག་གི་འོག་ནས་མི་ཚེ་རྫོགས་པ་རེད།དེའི་འབྲས་བུ་གང་རེད་ཟེར་ན།ནོ་པེར་ཞེས་པའི་འཛམ་གླིང་ན་མིང་གྲགས་ཤིན་ཏུ་ཆེ་བའི་མི་སྣ་འདི་ཉིད་གསོ་སྐྱོང་བྱས་པ་རེད།ནོ་པེར་མི་སྣ་དེ་ལྟ་བུ་ཞིག་ཏུ་གྱུར་དོན་ཡང་གཙོ་བོ་ཁོའི་ཕ་རྒན་ལ་རག་ལས་པ་རེད།ནོ་པེར་ཡང་ཁོའི་ཕ་རྒན་བཞིན་དཀའ་སྡུག་ཡོད་ཚད་ལ་མགོ་མི་སྒུར་བའི་མི་སྣ་རླབས་ཆེན་ཞིག་རེད།མཐའ་མར་ཁོས་བསྐྱུར་བ་ནི་ད་ལྟའི་འུ་ཅག་གི་མདུན་ལྗོངས་སུ་ཡོད་པའི་སྙིང་སྟོབས་འདི་ཉིད་རེད།ཚེ་སྲོག་མེད་སོང་ཡང་སྙིང་སྟོབས་ལ་ཉམས་པ་ཡོད་པ་མ་རེད།འདི་ཉིད་ཀྱང་མིན་ཆོག་སྟེ།འདི་ནི་བརྒྱུདརིམ་དང་མཇུག་འབྲས་གཉིས་ཀྱི་སྟེང་དུ་མངོན་པ་ཞིག་རེད།མི་སུ་ཞིག་ཡིན་ཡང་མཇུག་འབྲས་ལ་བསམ་གཞིགས་མི་གཏོང་བ་ཞིག་མེད་མོད།དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་བརྒྱུད་རིམ་རེད།བརྒྱུད་རིམ་ནི་ཆེས་གལ་ཆེ་བ་རེད་ལ།བརྒྱུད་རིམ་གྱི་ཁྲོད་དུ་སྙིང་སྟོབས་དེ་ལྟ་བུ་ཞིག་མེད་ཕྱིན་མཇུག་འབྲས་ལེགས་པོ་ཞིག་ཐོབ་ཀྱང་སྲིད་མོད།ངས་བསམ་ན་དེ་ཙམ་ནི་ཤིན་ཏུ་ནས་ཉུང་བ་རེད།
བརྒྱུད་རིམ་གྱི་ཁྲོད་དུ་གཞི་ནས་སྟོང་བསམ་དང་ཕུག་བསམ་ཡོད་པ་རེད།སྟོང་བསམ་དང་ཕུག་བསམ་མེད་པའི་མི་ནི་སྙིང་སྟོབས་མེད་པའི་མི་དེ་རེད་ལ།སྙིང་སྟོབས་ཡོད་པ་ཞིག་ཡིན་ཕྱིན་ངས་བསམ་ན་སྟོང་བསམ་དང་ཕུག་བསམ་མེད་སར་མི་འགྲོ་བ་རེད།ཡིན་ན་ཡང་།སྟོང་བསམ་དང་ཕུག་བསམ་ཡོད་པ་ཙམ་གྱིས་སྙིང་སྟོབས་ཡོད་པར་ངེས་པ་རྦད་དེ་མེད་པ་རེད།འུ་ཅག་གི་མི་རིགས་ནི་སྟོང་བསམ་དང་ཕུག་བསམ་ཅན་ཞིག་ཡིན་པ་འདྲ་མོད།སྙིང་སྟོབས་མེད་པས་འཚོ་གནས་ཀྱི་ཕམ་ཁ་དང་འཚོ་སྡོད་ཙམ་པོ་བའི་ཁྲོད་དུ་ཡོད་པ་རེད།མི་ནག་པ་མ་ཏིན་ལུའུ་རྡི་ལ་ལོ་ངོ་མང་བོ་ཞིག་གི་སྔོན་དུ་དེ་ལྟ་བུའི་རྨི་ལམ་ཡོད་པ་རེད་ལ།ཁོས་རྨི་ལམ་དེའི་ཆེད་དུ་མི་ནག་གི་ཡ་ང་བའི་གནས་བབ་ལ་གདོང་གཏད་ནས་དཀའ་སྡུག་གང་མང་མྱངས་པ་རེད།འཆི་ཁར་ཡང་རྨི་ལམ་དེ་རུམ་ནས་བུད་སོང་བ་རེད།མཐར་ན་ནིང་རྨི་ལམ་དེ་ཡོངས་སུ་མངོན་འགྱུར་བྱས་པ་རེད།འཛམ་གླིང་ཡོངས་འུར་ཟིང་ངེར་བཏང་བ་རེད།དེ་ལྟ་ན་ཡང་།འུ་ཅག་ལ་འདི་ལྟ་བུའི་འཚོ་གནས་སྙིང་སྟོབས་ཅན་གྱི་མི་བུ་ག་ཙམ་ཡོད་དམ།ནུབ་གླིང་ལོ་རྒྱུས་སྟེང་གི་མི་སྣ་རླབས་ཆེན་མང་ཆེ་བས་རང་ཉིད་ཀྱི་ཚེ་སྲོག་ལས་སྙིང་སྟོབས་གཙིགས་སུ་བཟུང་ཡོད་པ་ངང་གིས་ཤེས་འོང་གི་རེད།གང་ལགས་ཞེ་ན།ཁོ་ཚོའི་ལོ་རྒྱུས་ལས་ནམ་ཡང་དཀའ་སྡུག་མང་བོ་ཞིག་ལ་མགོ་སྒུར་གྱིན་མི་འདུག་པ་རེད།རིན་ཐང་གི་ངོས་ནས་གྲོང་ངེར་འགྱིང་ཞིང་བདེན་དོན་ལ་གཙིགས་ཆེན་བྱེད་པ་ལས་ཚེ་སྲོག་ཡོད་ཕྱིར་ཕྱིན་ཅི་ལོག་པའི་འཚོ་གནས་ཀྱི་ཁྲོད་དུ་འགྲོ་བ་མ་རེད།
མཐར་བཤད་འདོད་པ་ཞིག་ནི།འཇིག་རྟེན་སྟེང་ནས་ནམ་ཡང་ནུབ་པ་མེད་པ་ནི་སྙིང་སྟོབས་རེད་ལ།བདེན་པ་མཆོག་ཏུ་གྱུར་བ་ནི་སྙིང་སྟོབས་རེད།དེ་ཉིད་མངོན་འགྱུར་བྱ་ཐུབ་མིན་ནི་གཙོ་བོ་མི་བུ་རང་ཉིད་ལ་རག་ལས་པ་ཞིག་ལས་སྤྱི་ལ་བཞག་པ་ཆོག་པ་ཞིག་ཡེ་ནས་མ་རེད།འུ་ཅག་གིས་ཀྱང་སྙིང་སྟོབས་དེ་ལྟ་བུ་ཡོད་པའི་མི་བུ་དག་རྒྱང་འབོད་བྱ་དགོས་པ་རེད་ཨང་།
ཞེས་ཞོགས་ལྗང་གིས།
ནུབ་བྱང་མི་རིགས་སློབ་ཆེན་ནས་བྲིས།

A taste of Project Runway hits Philadelphia with Red Carpet Design Competition
PORNO Does the dcor fit your theme

Role of Hand stitching in designer clothing
Gowns Online Shop xam'd library 2

Make Your Own Fashion Headbands For Girls and Teens
PORNO Breakdancing 80 Theme Parties

Importance of Monitoring Secondary Sales
Free Games Analyzing 4 Luxury Retailers

Koloa Sunshine Farmers Market in Hawaii
Kostenlose Pornos von How to Buy Parachute Pants

Allen Edmonds Factory Seconds Sale
Porno pour femme bringing you not merely the best in items

2 years LL experience to count rental income
Tube XXX 1 million for the twenty six weeks ended August 1

A Decent Choice For Lovers
Free Porno Wife 000 SF of space will have undergone renovation
བསྟོད།6

抱歉,评论已关闭!