ལྕགས་ཀྱི་ཆབ་ཏོག་མྱི་ཡི་ཁ་དམྱིག་ཅན།

མི་ལ་ཙི་ཙི།

གཅིག།“གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་གླེང་བ།
རྒྱལ་ཡོངས་སྐབས་གཉིས་པའི“གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་དེ་ཟླ་སྔོན་མའི་ཚེས༢༠ཉིན་ནས་ཚེས༢༥ཉིན་བར་ཟི་ལིང་ནས་ཚོགས་ཡོད་པ་རེད། འབྲེལ་ཡོད་གནས་ཚུལ་གཤམ་གསལ་ལྟར།
1. གནས་ཚུལ་མདོར་བསྡུས།
“གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་ནི་སྤྱི་ལོ༢༠༠༧ལོ་ནས་བཟུང་བོད་ཀྱི་སྙན་ངག་དུས་དེབ《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་གསར་དུ་འཛུགས་སྤེལ་ དང་གཙོ་སྒྲུབ་བྱས་པའི་བོད་ཀྱི་སྙན་ངག་གཙོ་བྱས་པའི་རྩོམ་རིག་བྱ་འགུལ་ཞིག་ཡིན།(དེ་ཡང་གཟེངས་ཐོན་བྱུང་བའི་སྙན་རྩོམ་གྱི་སྤུས་ཀར་ཁག་ཐེག་ཡོང་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་གང་མང་ཞིག་ལ་དམིགས་ནས། སྐབས་གཉིས་པ་འདི་ནས་བཟུང་ཐོག་མའི་ལོ་གཉིས་རེའི་ནང་ཐེངས་རེར་སྤེལ་རྒྱུའི་འཆར་གཞི་དེ་ལོ་གསུམ་རེའི་ནང་ཐེངས་རེར་སྤེལ་རྒྱུར་བཅོས་ཡོད)
2. དཔྱད་འདེམས་ཚོགས་པ །
སྙན་རྩོམ་དཔྱད་འདེམས་ཀྱི་བྱ་བ་བདེན་པ་བདེན་དྲང་དང་ཚིགས་ཐུབ་ཁུངས་བཙུན་ཡོང་ཕྱིར། 《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས༢༠༠༧ལོའི་སྐབས་དང་པོ་ཇི་བཞིན་རེབ་འདིར་ཡང་རྒྱལ་ཡོངས་བོད་ཀྱི་སྙན་ངག་གཙོ་བྱས་པའི་རྩོམ་རིག་སྨྲ་བའི་མཁས་ཅན་ལྔ་ཆེད་དུ་དཔྱད་འདེམས་པར་གདན་ཞུ་བྱས་ཡོད་པ་གཤམ་གསལ་ལྟར།

བདུད་ལྷ་རྒྱལ། བོད་རྩོམ་རིག་སྨྲ་བའི་མཁས་ཅན། འབུམ་རམས་པ།ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་གླིང་གི་དགེ་རྒན་ཆེན་མོ་པ།
གཅན•མེ་སྟག། སྙན་ངག་པ། དགེ་རྒན་ཆེན་མོ་པ་གཞོན་པ། འབྲུག་ལྷ་རྒྱལ། (འབྲོང) སྙན་ངག་པ། རྒྱང་སྒྲོག་པ་གྲགས་ཅན།
ཚེ་རིང་དོན་གྲུབ། སྙན་ངག་དཔྱད་བརྗོད་པ། ཞུས་ཆེན་གཞོན་པ།《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་སྐུ་གཞོན།
འཇང་རྩེ་དོན་ཁོ། (གཉན)སྙན་ངག་པ། ཟི་ཁྲོན་ཁྱུང་མཆུ《ས་གནས་ལོ་རྒྱུས》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ།
3. བྱ་དགའ་ཐོབ་མི།

རུས་མིང། བརྩམས་ཆོས། རྩོམ་ལུས། འགོད་དེབ།

མདའ••བཙན་པོ།(ཚེ་རིང་བཀྲ་ཤིས) རོལ་རྩེད་ཀྱི་གཤིས་སུ་གྲུབ་པའི་སྙན་ཚིག སྙན་ངག་རིང་མོ། 《གངས་རྒྱན་མེ་ཏོག》2008ལོའི་དེབ་བཞི་པ།

མདོ་སྨད•ཧེ་རུ་ཀ(དཔལ་ལྡན་རྒྱ་མཚོ) མི་སྐྱིད་གླིང་གི་སེམས་ངལ། རང་མོས་སྙན་ངག 《གངས་རྒྱན་མེ་ཏོག》2008ལོའི་དེབ་དང་པོ།

དགེ་འདུན་ལྷུན་གྲུབ།(རོང་བོ•དགེ་འདུན་ལྷུན་གྲུབ) སྒོམ་གཞས། ཚིགས་བཅད་སྙན་ངག 《གངས་རྒྱན་མེ་ཏོག》2007ལོའི་དེབ་གསུམ་པ།

དཔལ་མོ།(སྲིན་མོ) སེམས་ཀྱི་འབབ་ཚིགས། རང་མོས་སྙན་ངག 《གངས་རྒྱན་མེ་ཏོག》2008ལོའི་དེབ་དང་པོ།

ཕུན་ཚོགས་རྒྱལ།(ནེའུ་ཆུང) “ལྷ་སའི་ཟུར་ངོས་གཞན་དག”--ཁྲི་སེམས་དཔའི་སྙན་ངག“ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟློ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས”གླེང་བ། སྙན་ངག་དཔྱད་བརྗོད། 《གངས་རྒྱན་མེ་ཏོག》2007ལོའི་དེབ་གཉིས་པ།

གསལ་བཤད།
དཔྱད་འདེམས་པའི་གྲོས་མཐུན་ལྟར་རེབ་འདིའི་གཟེངས་ཐོན་བྱ་དགའ་སྟོང་བར་སོར་འཇོག་བྱས་ཡོད། སྐབས་དང་པོར་མཚན་སྙན་དེ་སྙན་ངག་པ་འབྲོང་ལགས་ལ་ཐོབ་པ་རེད།
4. བྱ་དགའི་དངུལ་གྲངས།
མི་རེར་མི་དམངས་ཤོག་དངུལ་སུམ་སྟོང་རེ། གཞན་བྱ་དགར་ཨང་རིམ་དགར་ཡོད་པ་མ་རེད།
 དཔལ་མོ་ལགས་ཀྱིས་རང་གི་བྱ་དགའི་དངུལ་ཁ་ཚང་། ཉེ་སྔོན་མོའི་ཐེམ་ཆེན་གྱི་གྲོགས་པོ་ཁྱོ་ཤུག་གཉིས་འཁོར་བགེགས་ལ་ཞ་སོང་བའི་ཤུལ་དུ་བུ་ཆུང་ལོ་བཅུ་བདུན་ཅན་ཞིག་ལུས་ཡོད་པ་དེ་ལ་སློབ་ཡོན་དུ་ཕུལ་སོང་། འདི་ཡང་རྩོམ་རིག་བྱ་འགུལ་འདིའི་བར་གསེབ་བརྗོད་གཞི་དོན་སྙིང་ཅན་ཞིག་ཏུ་གྱུར་ཡོད་པ་རེད།

གཉིས། ལྕགས་ཀྱི་ཆབ་ཏོག་མྱི་ཡི་ཁ་དམྱིག་ཅན།

ཁྱི་གདའ་ལིའི་ཁ་ན་མཐོ་གང་ཡོད།
མཐོ་རྒྱལ་པོར་ཡིན་རུང་ཟུག་གི་ཡོད།
དམའ་སྤྲང་བོར་ཡིན་རུང་ཝ(རྦད)གི་ཡོད།
---བོད་ཀྱི་གཏམ་དཔེ།
ངའི་མིང་ལ་ཕུན་ཚོགས་རྒྱལ་ཟེར། ལོ་ངོ་བདུན་གྱི་རིང་ལ《གངས་རྒྱན་མེ་ཏོག》གི་རྩོམ་སྒྲིག་པ་བྱས། ཡང་ན་ལོ་ངོ་བདུན་གྱི་རིང་ལ《གངས་རྒྱན་མེ་ཏོག》གིས་ང་ལ་རྩོམ་སྒྲིག་བྱས། རྒྱུ་མཚན་ནི་ངའི་དེ་རིང་གི་ཡི་གེ་འདི་དག་ལ་གཞིབ་རྒྱུའི་ཁུ་བ་ཐིགས་གཅིག་དང་འཆའ་རྒྱུའི་རུས་པ་སོར་ཙམ་ཡོད་ན། དེ་ནི་ངས《གངས་རྒྱན་མེ་ཏོག》གི་མཁའ་དབུགས་དང་ཆུ་རྒྱུན་ལས་བཙག་ཅིང་བསྲུབས་ཏེ་ཡོང་བ་ཡིན། རྒྱའི་སྙན་ངག་པ་ཧེ་ཙིས“ཆར་བའི་ཁྲོད་ཀྱི་ཁེར་རྐྱང་གི་གྲོང་ཁྱེར”དུ་འབོད་པའི་གཏེར་ལེན་ཁ་ནས་ངའི་ཁེར་རྐྱང་གི་ཆར་བ་《གངས་རྒྱན་མེ་ཏོག》ཡིན་ལ། ངའི་ཁེར་རྐྱང་གི་རྡོ་བ་རུམ་གང་བོ་ཡང《གངས་རྒྱན་མེ་ཏོག》ཡིན། ངའི་ཁེར་རྐྱང་གི་གྲིབ་གཟུགས་བཅར་བཅར་བོ་འདི་བལྟབ་ས་ཡང《གངས་རྒྱན་མེ་ཏོག》གི་ནེའུ་གསིང་འབའ་ཞིག་གོ འདི་ལྟར་གླེང་དོན་ནི། 《གངས་རྒྱན་མེ་ཏོག》དང་ལྷན་དུ་ལོ་ངོ་བདུན་གྱི་ཉིན་དང་མཚན་མོ་བརྒལ་ཡོང་བའི་དེ་རིང“གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་ཐོབ་པ་འདི་ནི། བདག་ལ་མཚོན་ན“ནོ་པེལ”རྩོམ་རིག་བྱ་དགའ་ཐོབ་པ་ཡིན་ལ། 《གངས་རྒྱན་མེ་ཏོག》ལ་མཚོན་ན་ཡང་རྩོམ་སྒྲིག་པ་ཞིག་གིས་རང་ལ་ཕུལ་བའི་ལེགས་སྐྱེས་ཅུང་མི་ཆུང་བ་ཞིག་ཡིན་ལོས་ཆེ། དེ་བས་ལོ་ལེགས་ཀྱི་ཉིན་མོ་འདིར། ང་ལ་དགའ་ཆོག་པའི་ཁེ་དབང་ཡོད་ན་མ་སྡུག་ན་ཨེ་ཆོག དགོད་ཆོག་པའི་དགོངས་འཁྲོལ་ཡོད་ན་མ་ངུས་ན་ཨེ་ཆོག རྒྱུ་མཚན་ནི་ངས་བྱ་དགའ་འདི་གསུག་བརྫངས་ཏེ་གཡོ་ཡིས་བླངས་པ་མིན་ལ་རྔན་བྱིན་ཏེ་ལྐོག་ནས་ཉོས་པ་མིན། དེ་བས་ཀྱང་མི་རིག་ཞྭ་མོ་ནག་རིལ་གྱོན་ཏེ་འཇབ་བུས་བརྐུས་པ་མིན་ལ་ཀླུ་འབུམ་མི་རྒོད་ཀྱི་སྟ་གྲི་འཕྱར་ཏེ་བཙན་གྱིས་འཕྲོག་པ་ཡང་མིན། འདི་ནི་གོང་གསལ་གྱི་དཔྱད་འདེམས་པ་ཚོས་ང་ལ་འབབ་ཏུ་འོས་པར་སྙམ་སྟེ་བྱིན་ནི་ཡིན་རྒྱུ་རེད། ངའི་དེ་རིང་བར་དུས་ཚོད་ཀྱི་མཆེ་བར་ནས་འཕྲོག་ཅིང་འཕྲོག་སྟེ་ཡོང་བའི་ཡི་གེ་དེ་དག་གི་དཀའ་ཚེགས་མཐོང་སོང་བས་ཡིན་རྒྱུ་རེད། རྒྱུ་མཚན་གཞན་ཞིག་ང་ལ་འདྲེན་རྒྱུ་མེད།
འོན་ཏེ་ང་ཚོ་བྱ་དགའ་ཐོབ་མཁན་ཚོའི་དགའ་སྤྲོ་ཡི་རླངས་པ་ཐོལ་བ་དེ་མ་ཡལ་གོང་དུ་དྲ་ཐོག་གི་བོད་ཀྱི་ཆེད་ལས་སྦྱར་བྱང་སྤེལ་མཁས་ཀྱིས་གྲུབ་པའི་སྒྱོག་དམག་རུ་ཁག་གསར་བ་དེས། ཀ་མད་སུམ་ཅུ་སྦྱར་དུག་དང་སྐྱག་པའི་ཁུལ་ལ་གཅུད་ནས་ང་ཚོར་བར་མེད་དུ་བརྒྱབ་བྱུང་། བར་མེད་དུ་བརྒྱབ་བྱུང་། རིག་གསར་སྐབས་ཡིན་རྒྱུ་ན་འདི་ནི་ཡིག་ཆེན་ཚགས་པར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཞིག་ཡིན་པར་སུས་ཀྱང་ཐེ་ཚོམ་བྱེད་མི་དགོས་ལ། འདིས་ནི་རླབས་ཆེ་བའི་གསར་བརྗེ་དེ་ཡང་བསྐྱར་མཐོ་རླབས་ཤིག་ཏུ་འཕུད་འདེད་བྱེད་ཐུབ་པར་ཡང་ང་ལ་ཡིད་ཆེས་བླ་ལྷག་ཡོད། དེ་དག་མཐོང་ན་ང་ཚོ་བྱ་དགའ་ཐོབ་མཁན་དག་ནི་དངོས་ནས་མི་གསོད་ཀྱི་ལག་དམར་མིན་རུང་བྱུར་འདྲེན་གྱི་གཏེ་བོ་ལོས་ཡིན་སྙམ་འོང་ལ། རྨ་མེད་ས་ནས་བཙན་གྱིས་རྣག་འཚུར་ལ་མཚོན་མེད་ས་ནས་ཤུགས་ཀྱིས་ཁྲག་ཕྱུང་དུས། ང་ཚོ་ནི་ངོ་མ་མི་དམངས་ཀྱི་དགྲ་བོ་བཞིན་ཁུ་སིམ་མེར་རླབས་ཆེ་བའི་བོད་དྲ་དམངས་ཀྱི་ཁྲིམས་ཆད་དང་དུ་མི་ལེན་རང་དབང་རེ་ཞིག་མེད་པ་དང་ཡང་འདྲ། ཧུ་ཧུ། བོད་ཀྱི་ཆེད་ལས་སྦྱར་བྱང་ཧྲག་དམག་རུ་ཁག་འདིའི་བཟོད་དུ་མེད་པའི་ཤ་འཁོན་དང་ཞུམ་དུ་མེད་པའི་ཞེ་སྡང་ལ་བལྟས་ན། ང་ཚོས་བྱ་དགའ་མ་བླངས་སྔོན་ཏག་ཏག་ལ་བསམ་བཞིན་དུ་ཁོ་ཚང་གི་ཨ་ཕའི་རྟ་ཕོ་ཇག་པར་སྤྲད་སོང་བ་འདྲ་ལ་ཨ་མའི་བཞོ་འབྲི་ལྷས་ནས་བཤས་སོང་བ་དང་ཡང་འདྲ། ངས་བོད་ཀྱི་རིག་གནས་དང་རྩོམ་རིག་གི་དར་ཆ་ཟོལ་མ་ཕྱར་ཡོད་པའི་དམག་དཔུང་དེའི་རྒྱབ་ན། སྤྱང་པགས་གྱོན་ཏེ་ཤ་ཟ་ཁུལ་བྱེད་ལ་བོང་པགས་གྱོན་ཏེ་རྩྭ་ཟ་ཁུལ་བྱེད་པའི་འུག་ལི་ཁྱུ་གཅིག་མཐོང་བྱུང་། ངས་དེ་དག་ལ་ལྕགས་ཀྱི་ཆབ་ཏོག་མྱི་ཡི་ཁ་དམྱིག་ཅན་དུ་འབོད་པ་ཡིན། དེའི་ནང་དུ་ཤག་དིར་རེར་གཅིན་པ་གློད་མཁན་ང་རང་མིན། དེ་ནི་ཁོ་ཚོ་རང་ཉིད་རེད། ཧུ་ཧུ།
འདིར་འུ་ཚོས་དེ་འབྲེལ་གྱི་མཆོད་མེ་དྲ་ཚིགས་ལས་ཐོན་པའི་སྦྱར་བྱང་འགའ་རེ་ཀློག་ལ་སྐྱིད་པོ་ཞིག་བྱེད། འདི་ནི་ང་ཚོ་བྱ་དགའ་ཐོབ་མཁན་ལྔ་བོའི་སྟོན་མོ་གཞན་ཞིག་ཡིན། ཡི་ག་ཡོད་པའི་མགྲོན་པོ་ནས་མུ་གེས་ཤི་བའི་ཡི་དག་བར་མགྲོན་དུ་བོས་པ་ཡིན། ཧུ་ཧུ། ལྟོ་བ་གདན་དུ་ཐོངས་ལ་འཛེམ་མེད་ལོངས་སུ་སྤྱོད་རོགས།

Guest@10-28 10:20
དགེ་འདུན་ལྷུན་གྲུབ་དང་མདའ་བཙན་པོར་རྟེན་འབྲེལ་ཞུ། མདོ་སྨད་ཧེ་རུ་ཀ་ཟེར་བའི་ཅོལ་རྒན་དེ་དང་ཕུན་ཚོགས་རྒྱལ་ཟེར་བའི་མི་ཆུང་དེ་གཉིས་ལ་མི་འབབ། དཔལ་མོ་བུད་མེད་ཡིན་པ་དང་གཉིས་ནས་སྤྱི་ཚོགས་ལ་ཕན་འདོགས་པའི་བསམ་བློ་ཡོད་པས་ཚད་ལོངས་པ་རེད། བྱ་དགའི་དངུལ་ཉུང་འདུག དམངས་སྒོར༣༠༠༠གིས་ཟས་ཞིམ་པོ་ཞིག་ཀྱང་བཟའ་དཀའ། རྩོམ་པ་པོ་འདི་ཚོ་སྙིང་རེ་རྗེ།

ལན། དགེ་འདུན་ལྷུན་གྲུབ་དང་མདའ་བཙན་པོའི་སྟེང་ལ་ན་ཟུག་མེད་པར་བལྟས་ན་ས་ཕྱོགས་ཀྱི་རིས་ཤིག་འདུག་པས་འདི་རྨ་ལྷོའི་བྱང་བུ་ཞིག་ཨེ་ཡིན་སྙམ། རྨ་ལྷོ་བཤད་དུས་ངའི་རོང་བོ་དགོན་པ་དྲན་ཡོང་། འོ་ན་མི་དེས་གཟན་གྱི་ཁུག་ནས་དྲ་བར་ཉུག་གིན་སྐད་ཆ་འཆལ་པོ་པེ་ཧྲི་ཁུ་ལུག་གི་འགྱིག་འཕང་ནང་དུ་དཔོར་སོང་བ་ཡིན་ནམ། ཡང་ན་རྩེ་ཁོག་གམ་ཧུ་ནན་གྱི་སྲང་བར་ཅིག་ནས་ལྦུ་རག་རྒྱ་མ་གང་གི་ཁ་འཕུད་དེ་རང་ཉིད་ཀྱང་ལྦུ་བ་ཞིག་དང་འདྲ་བའི་ངང་ནས་མིག་ཤེལ་ནག་པོའི་རྒྱབ་ལ་འཛུལ་ཏེ་སྐད་ཆ་དེ་ལྟར་རླུང་ལ་བསྐུར་བ་མིན་ནམ་སྙམ། ཧུ་ཧུ།
“ཅོལ”ནི་དཔངས་སོགས་ཀྱི་དོན་ཡིན་ལ་དཔེར་ན་ཅོལ་ཆུང་གིས་ནི་བློ་རྒྱ་དོག་པོའི་དོན་སྟོན། འདིས་ཁོ་ཡི་ཡི་གེར་དག་ཆ་མེད་པ་ཤེས་ཐུབ་ལ་ད་དུང་མ་བསམ་ས་ནས་མདོ་སྨད་ཧེ་རུ་ཀར་བསྟོད་པ་བྱས་འདུག ཅོལ་ཆུང་ནི་བློ་ཆུང་གི་དོན་ཡིན་ན་ཅོལ་རྒན་ནི་བློ་ཆེན་པོ་ཅན་ཡིན་པས་འདི་ནས་ཧེ་རུ་ཀ་ཁྱོད་དགའ་ན་འགྲིག ཨེ--- མི་ལ་སྡིགས་ན་ཡང་ཐ་སྙད་ཀྱི་དག་ཆར་སྦྱང་དགོས་པ་འདྲ། དེ་མིན། ནམ་ཉི་མ་ཞིག་ལ་གཞན་ལ་གཅིན་ལྡུད་དུ་བརྒྱུག་བརྒྱུག་ནས་མཐར་རང་གིས་སྐྱག་པ་ཟ་རྒྱུ་རེད་ཡ། ཧུ་ཧུ།
ཆེས་ལས་ངན་དེ་ང་རང་ཡིན་འདུག ལྟོས་དང་།“ཕུན་ཚོགས་རྒྱལ་ཟེར་བའི་མི་ཆུང”ཟེར། དེ་ནི་ངའི་གཟུགས་པོ་ཆུང་བར་ཟེར་བ་ཡིན་ནམ་ང་རང་མིའུ་ཆུང་ཞིག་རེད་ཟེར་བ་རེད། གང་ཡིན་པ་རྩར་གཅོད་བསམ་ཡང་ཁོ་རང་ནི་འཕྲུལ་སྟོང་དྲ་བའི་ཀླུང་གི་རྩིས་འཁོར་ཞིག་གི་རྒྱབ་ལ་ཡིབ་ཡོད་པའི་མི་ལུས་ཕག་གི་མགོ་བོ་ཁྱི་གུའི་གཞུག་གུ་ཅན་ཞིག་མིན་པའི་ངེས་པའང་མེད་པས་ན་ང་རང་ཐང་ཆད་པོ་འདུག ཧུ་ཧུ།
དཔལ་མོ་ཐར་དུ་བཅུག་འདུག བྱ་དགའ་ཐོབ་མཁན་ཚང་མ་བུད་མེད་ཡིན་རྒྱུ་ན་འདིས་ང་ཚོ་ཚང་མ་གུ་ཡངས་ལ་གཏོང་ཡང་སྲིད། གལ་ཏེ་ཁོ་སྐྱེས་པ་ཞིག་ཡིན་པའི་དབང་དུ་བཏང་ན་དེ་ནི་མིའི་གུ་ཡངས་ཀྱི་བློ་ཡིས་ང་ཚོ་རང་དགར་བསྐྱུར་སོང་བ་མིན་ལ་འདོད་ཆགས་ཀྱི་སེམས་ཀྱིས་ང་ཚོ་གློད་སོང་བ་རེད། གང་ལྟར་ཤོར་མ་ཞིག་ལ་ཤོམ་ཆེན་ཞིག་མི་མཛའ་བས་ང་ཚོ་ཚང་མ་དགའ་ན་འགྲིག ཧུ་ཧུ།
མཐར“སྒོར༣༠༠༠གྱིས་ཟ་མ་ཞིམ་པོ་ཞིག་ཀྱང་ཟ་མི་ཐུབ”ཟེར་ཚུལ་ལ་བལྟས་ན་དེ་ནི་གསེར་གྱི་མཛུབ་དཀྲིས་རྟ་སྒ་མ་གྱོན་ཡོད་པའི་བོད་ཀྱི་ཚོང་པ་ཞིག་ཡིན་ཡང་སྲིད། གང་ལྟར་ཚིག་གི་ཞོར་ནས་བལྟས་ན་ཁོ་རང་ནི་འཇིག་རྟེན་འདི་རུ་ཟ་མ་ཞིམ་པོ་ཟ་རུ་ཡོང་མཁན་ཞིག་ཡིན་པ་ཤེས་ཐུབ། ཧུ་ཧུ།
འོན་ཏེ་དཔལ་མོས་ནི་བརྩེ་བའི་ཕྱི་ཐག་དང་ཕན་བའི་ཀུན་སློང་གིས་རང་གི་སྒོར་སུམ་སྟོང་དེ་ཉེ་ཆར་འདས་པའི་གྲོགས་ཀྱི་བུ་ལ་སློབ་ཡོན་དུ་བྱིན་སོང་བ་འདི་ནི་ཟ་མ་ཞིམ་པོ་ཞིག་གི་ཚབ་ཨེ་ཡོང་ཉིད་ཀྱིས་ལྕི་ཡང་མཇལ་རོགས། གཞན་སུས་སུ་སྙིང་རྗེ་བའི་གནད་དོན་དེ་ད་རུང་བཤད་སྔ་དྲགས་པ་འདྲ།

Guest@10-28 11:49
ཕུན་ཚོགས་རྒྱལ་ཟེར་བ་དེ་སུ་རེད། གཞན་རྣམས་ལ་རྟེན་འབྲེལ་ཞུ།

ལན། འདིར་ཁག་མེད། བོད་ལ་མཚམས་སྦྱོར་མེད་པ་འདི་ངོ་མ་ལེགས་པོ་ཞིག་མ་རེད། ད་ནི་རང་ཉིད་རང་གིས་མཚམས་སྦྱོར་ཞིག་བྱེད་པ་ཡིན། ཕུན་ཚོགས་རྒྱལ་ཟེར་བ་དེ་ང་ཡིན། མིང་དུ་ནེའུ་ཆུང་དུ་གདགས་ནས་རང་གིས་སྙན་ངག་ཏུ་འབོད་པའི་ཁྱི་སྐྱག་དང་གཞན་གྱིས་ཁྱི་སྐྱག་ཏུ་འབོད་པའི་སྙན་ངག་འགའ་རེ་བྲིས་མྱོང་། ད་དུང་མིང་ལ་མི་ལ་ཙི་ཙིར་གདགས་ཏེ་འབོལ་རྩོམ་ཁ་ཤས་ཡང་བྲིས་མྱོང་། ད་དེ་རེད། གཞན་དག་ཤེས་སོང་ན་ཕུན་ཚོགས་རྒྱལ་མ་ཤེས་ན་ཡང་མི་སྐྱོན།

Guest@10-28 14:41
ལྗང་བུ་དང་འཇུ་སྐལ་བཟང་། སྐྱབས་ཆེན་བདེ་གྲོལ་སོགས་སྙན་ངག་པ་ཆེན་པོ་རྣམས་ལ་མི་སྩོལ་བར་ཁྱི་ཕྲུག་འདི་དག་ལ་སྟེར་དོན་ཅི་ཡིན་ནམ།

ལན། མི་ལུས་ལེན་ཁར་ཁྱི་ལུས་བླངས་ནི་ཡིན། ཉིད་ཀྱིས་ཀྱང་མྱུར་ཏེ་རིན་ཆེན་ཁྱི་ལུས་ཤིག་ལོན་པར་སྨོན་ལམ་འདེབས། ཧུ་ཧུ།

Guest@10-28 14:43
གྲྭ་བ་ཡོད་གི བུད་མེད་ཡོད་གི སྐྱལ་སྟོང་ཡོད་གི ཁ་བདེ་ལྕེ་བདེ་ཡོད་གི འོན་ཀྱང་སྙན་ངག་པ་མེད་ཀི

ལན། སྐུ་ཉིད་ཀྱིས་ད་དུང་ཚིག་གཅིག་བོར་འདུག སྙན་ངག་པ་ཤེས་མཁན་ཡང་མེད་ཀི ཧུ་ཧུ།

Guest@10-29 17:52
ཐེངས་འདིའི་བྱ་དགའ་ནི་དགེ་འདུན་ལྷུན་གྲུབ་དང་མདའ་བཙན་པོ་གཉིས་ལ་ཐོབ་པར་བལྟས་ན་དྲང་བདེན་ཞིག་གཙིགས་སུ་བཟུང་ལོས་འདོད་གི
འོན་ཀྱང་ཧེ་རུ་ཀ་དང་ཕུན་ཚོགས་རྒྱལ་གཉིས་ཀྱི་རྒྱབ་ལྗོངས་ན་འཇིགས་སུ་རུང་བའི་ལྐོག་གཡོ་ཞིག་ཀྱང་ཨེ་ཡོད་བསམ་གི

ལན།རྒྱབ་ལྗོངས་ན་ཡོད་པས་ག་ལ་ཚད། མདུན་ལྗོངས་ན་ཡང་ཁྱོད་ལྟ་བུའི་འཇིགས་སུ་རུང་བ་ཞིག་ཡོད་པ་མིན་ནམ། ཧུ་ཧུ།

Guest@10-30 08:29
ཧེ་རུ་ཀའི་ལག་གི་བྱ་དགའ་ཕྱིར་ལེན་དགོས།

ལན། འོ་ཡ། ཕྱིར་བླངས་རྗེས་ཁྱོད་ལ་སྟེར་རྒྱུ་ན།

Guest@11-03 07:46
ཞོགས་དུང་གི་རྒྱུགས་ཁྱི། མདོ་སྨད་ཀྱི་ཧེར་རྫུན།

ལན། ཧེ་རུ་ཀ། ཁྱོད་འདི་ལ་སྤོ་ལངས་དོན་མེད་ཀི་ཨ། འདི་བསང་མཆོད་ཅིག་གི་ནང་ན་ཡོད་ཀི ངས་རིག་མྱོང་། ངས་ཁྱོད་ལ་ཚར་གཅིག་འདོན་འཇོག ཞོགས་དུང་གི་རྒྱུག་ཁྱི། མདོ་སྨད་ཀྱི་ཧེར་རྫུན། རྟ་ར་ར་ཞབས་སུ་བཅིབས་ནོའུ།ར་རོག་རོག་རོལ་ཏུ་ཁྲིད་ནོའུ། ཀུ་གསུམ་བཏབ་ན་དཀྱུས་གསུམ་རྒྱག་ནོའུ། ཨ་ཧེར་རྫུན་ཧ་མ་འདྲ་བོ ཧུ་ཧུ་ཧུ་ཧུ

Guest@11-02 20:33
ཞིབ་འཇུག་སློབ་མ་མཐར་ཕྱིན་ནས་ལོ་མང་པོར་བྱ་བ་མ་རེག་པ་ནི་རིག་གནས་མེད་པ་གཅིག་བུ་མ་ཡིན་པ་འདྲ། མི་དེ་ཚོའི་གདོང་ན་གཡོ་འཕྲུལ་ཞིག་མངོན་ཡོད།

ལན། གཡོ་འཕྲུལ་དེ་ཁྱོད་ཀྱིས་མ་ཤེས་ན་ངས་ཁྱོད་ལ་བཤད། ང་ཚོས་ཁྱོད་སུ་ཡིན་རྩར་བཅད་ནས་བྱ་དགའི་དངུལ་དག་ཁྱོད་ལ་ཡོན་ངུ་ཕུལ་ཏེ་གོང་མ་ཚང་གི་ངོ་ན་གཡོ་འཕྲུལ་ཡོད་མེད་ལ་ལྟ་རུ་འཇུག་བསམ་ནི་ཡིན། ངོ་མ། ཧུ་ཧུ་ཧུ།

Guest@11-10 00:42
བྱ་དདགའ་སྟེར་མི་འོས་ས་ཧེ་རི་ཀ་ལྟབུ་ལ་བྱིན་ན་དཔྱད་འདེམས་པ་དང་རྩོམ་སྒྲིག་པའི་ནང་རུལ་གྱིན་པ་གསལ་བོར་རྟོགས་ཐུབ་བོ། གནད་དོན་འདིའི་ཐད་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་རྒྱ་ཆེ་བའི་བོད་རིགས་ཤེས་ཡོན་པ་རྣམས་ལ་དགོངས་དག་ཞུས་ན་འོས།

ལན། དེ་ལྟར་བྱས་ཀྱང་ཆོག འོན་ཀྱང་ཤེས་ཡོན་པའི་དཔའ་བོ་གདོང་ཐུག་བྱེད་ཕོད་པའི་སྤོབས་པ་དང་བསྡུར་ཏེ་ཡོང་ན་ཁྱོད་རང་དྲ་རྒྱ་ཞེས་པའི་སྤོ་ཐོ་འདིའི་རྒྱབ་ལ་འཛུལ་ཡོད་པའི་ཝ་ཆུང་ཞིག་ཡིན་འདུག་པས་ན། དོན་གྱི་ཤེས་ཡོན་པའི་གྲས་སུ་ཁྱོད་ཀྱི་མིང་ཡིག་དང་ཟ་ཕོར་མི་འདུག དེ་བས་ཉིད་ལ་དགོངས་དག་ཞུ་མ་ཐུབ་པར་དགོངས་དག་ཞུས་པ་ཡིན། ཧུ་ཧུ།

Guest@11-09 15:33
ཕུལ་བྱུང་རྩོམ་ཡིག་ལ་བྱ་དགའ་སྟེར་བ་ནི་ཧ་ཅང་འགྲིག་མོད།འོན་ཀྱང་མདའ་བཙན་པོ་ལྟ་བུའི་དུད་འགྲོ་ལ་བྱིན་ཡང་སྤྱིན་ཚོགས་སྟེང་གནོད་པ་ལས་ཕན་པ་ཉུང་བ་ནི་སྨོས་ཅི་དགོས།

ལན། མདའ་བཙན་པོ་དུད་འགྲོ་ཡིན་ནམ། ཨ་དེ་འདྲའི་སྐྱིད་པ་ལ། ཨ་དེ་འདྲའི་དགའ་བ་ལ། བོད་ཀྱི་དུད་འགྲོས་ཀྱང་སྙན་ངག་འབྲི་ཤེས་ན་བོད་ཀྱི་གང་ཟག་དག་ཕལ་ཆེར་ཐམས་ཅད་མཁྱེན་པའི་གོ་སར་ཐོན་ཡོད་རྒྱུ་རེད། འོ་ན་བོད་ཁ་བ་རུ་པ་འདི་ཞིང་བདེ་བ་ཅན་དང་ཁྱད་པར་མི་འདུག་གོ
“ཕུལ་བྱུང་རྩོམ་ཡིག་ལ་བྱ་དགའ་སྟེར་བ་ནི་ཧ་ཅང་འགྲིག་མོད།འོན་ཀྱང་མདའ་བཙན་པོ”……སོགས་ཟེར། འདིར་སྦྲེལ་ཚིག“མོད”དང“འོན་ཀྱང” གཉིས་ཀྱིས་རྗེས་མཐུན་མཚོན་པ་ཡིན་པས་ན། འདི་ནས། ཨ་རོ་མདའ་བཙན་པོ་ཁྱོད་ལ་མི་དགའ་བ་ཡོད་དོན་མི་འདུག གྲོགས་པོ་འདིས་ཁྱོད་ཀྱི་རྩོམ་ཡིག་ཕུལ་བྱུང་ཅན་དུ་ཁས་བླངས་ཚར་ཡོད་པ་རེད། མི་འགྲིག་རྒྱུ་གཙོ་བོ་ནི་རང་ཉིད“དུད་འགྲོ” ཡིན་པ་དེ་མ་འགྲིག་པ་རེད། ཧུ་ཧུ།
དེ་ཡང་དབྱིན་ཇིའི་ལུན་ཏུན་དུ་སྡོད་པའི་རྒྱ་གར་པ V.S.ནེ་པོར(V.S.奈波尔)ལ་སྤྱི་ལོ2001གི་ལོར“ནོ་པེལ”རྩོམ་རིག་བྱ་དགའ་ཐོབ་དུས། ཁོས་གཞང་ཚོང་ཁང་ནང་ནས་གསར་ཤོག་པར་སྣེ་ལེན་བྱས་ཏེ་རྟེན་འབྲེལ་དང་དུ་ལེན་ཞོར་འཛེམ་མེད་དུ་དེ་ནི་སྟབས་བདེ་ཡིན་ལུགས་སོགས་གསུང་འདུག འོན་ཀྱང་སེའུ་ཙེར་ནོ་པེལ་རྩོམ་རིག་ལྷན་ཚོགས་ནས“བྱ་དགའ་འདི་ནི་ཁོའི་རྩོམ་ལ་བྱིན་པ་ལས་ཁོ་ལ་བྱིན་པ་མིན”ཞེས་ནེ་པོར་གྱི“དུད་འགྲོའི”ཆ་དེར་ཁ་ཡ་བྱས་མི་འདུག
དེ་བས་བྱང་བུ་འདིས་མདའ་བཙན་པོ་སྨད་པའི་ཟོལ་གྱིས་བསྟད་འདུག འདི་ནི་རྐྱེན་ངན་གྲོགས་སུ་ཤར་བ་ཡིན་ལས་ཆེ། དེ་མིན་ངས་སྟོབས་ཤུགས་ཅི་ཡོད་བསྒོང་སྟེ་སྦྱར་བྱང་སྤེལ་མཁན་གྱི་གྲོགས་པོ་འདིའི་ཡིག་རྩལ་ལ་དོགས་པ་ཟ་ན་མི་འདོད་ཀི ཧུ་ཧུ།

Guest@11-13 23:05
དུས་རྒྱུན་པར་སྨད་འཚོང་མ་མང་པོའི་གྲལ་ན་ཕག་ཉལ་ཉལ་བྱས་ཡོད་པའི་མདའ་བཙན་པོ་དང་། གྲྭ་བའི་གྲས་ནས་མ་ཚུད་པར་གྲོང་བའི་ཁ་ལ་ཉན་པའི་དགེ་འདུན་ལྷུན་གྲུབ། སློབ་མ་ཕོ་ཚོའི་རུམ་ལའང་འཛུལ་ཕོད་པའི་དཔའ་མོ། ཅི་ཡང་མི་ནུས་པའི་མི་ཆུང་ཕུན་ཚོགས་རྒྱལ། རྫུན་རྐྱལ་དཔལ་རྒྱམ། འདྲེ་ངོ་གཅན་མེ་སྟག ཆང་གི་རྐྱལ་བ་འབྲུག་ལྷ་རྒྱལ། བོད་ཀྱི་གསོ་ཕག་སྐྱབས་ཆེན། ལྡོམ་པོ་མགོ་གཡོག་ལྗང་བུ། འབྲོག་རྒན་ཀློའུ་རྒན་འཇུ་སྐལ་བཟང་། ཚིག་ཉོག་གི་ལུད་པ་འཐུང་མཁན་བདུད་ལྷ་རྒྱལ། རྐུན་མ་རྣམ་སྲས། སྐྱག་པ་ཞི་བདེ་ཉི་མ། གཡེམ་རྒན་རེ་རྐང་གླིང་། བཙན་གཡེམ་པ་ཚེ་རིང་དོན་གྲུབ་སོགས་གླེང་རིན་ཡོད་དམ།

ལན། འདི་ལ་མྱི་སྐད་ཀྱིས་ལན་འདེབས་དཀའ། ངག་རྒྱུན་ཁྲོད་ཀྱི་འདྲ་མགོ་རྡོ་ཞེས་པ་དེ་འདི་ཡིན་ལོས་ཆེ། ཧུ་ཧུ།
Guest@11-06 22:27
这里一定要说一下:
我们的诗歌界出了个问题,因为那些得奖的诗人们其实啥都不懂,那个和尚,一直在网上像个虫子一样逛来逛去,对藏族的文化一点都不关心。再说何日噶华但尖错,他根本就不是诗人,他不懂诗歌,他只是一个认字的愚人而已。朋错加只是一个流氓,达赞布是一个色狼!是藏族历史上的第一个色狼!!!他们不是诗人!不是!!绝不是!!!!!
ལན། འདིས་ཕལ་ཆེར་བོད་ཡིག་ཤེས་རྒྱུ་མ་རེད། ངས་འདི་ནས་རྒྱ་ཡིག་གིས་ལན་འདེབས། “那些得奖的诗人们其实啥都不懂”,
人家对我们已经了如指掌了,我们还是承认了算了吧?听口气他就是我们90年代的小学老班主任呐?!可那个喜欢把鼻涕往肚子里吸的孤寡老人已经去世多年了呀?!难道鬼附身了?难道从地底下爬出来了?真不敢往下想……

“那个和尚,一直在网上像个虫子一样逛来逛去,对藏族的文化一点都不关心”
听好了和尚,以后不要再像个虫子一样在网上逛来逛去,要像个木头墩子一样在床上定定坐着,明白了吗?!那样才算关心了一点藏族文化。

“华但尖错,他根本就不是诗人,他不懂诗歌,他只是一个认字的愚人而已”
何日噶老弟,傻了吧?!听听,你就根本不是诗人,你也不懂诗歌,你是一个为了认字的愚人。你看看人家,为了愚人而认字儿,多能耐,学着点。

“朋错加只是一个流氓”,
你们真不够哥们意思啊,不是说好不告诉别人吗?谁他妈这么长舌头?你们就黑吃黑啊,有机会我也要倒你们一次闲话,让尿从喉咙里流出来,等着瞧你们!我是流氓我怕谁呀?!

“达赞布是一个色狼!是藏族历史上的第一个色狼!!!”
达赞布,我真恨你呀我,什么便宜你都有份,凭什么呀,啊?!我真想跟这帮可爱的藏族网民一样从背后就给你拍一砖,看看你还能走几步路。哦,唯一的一个藏族吉尼斯纪录你又要独吞呐你?!你胃口也忒大了一点吧你?!哦,咱这狼群里就你颜色好看,呸---,我告儿你,明年老子就坐定这把交椅了,你靠边站吧你!

“他们不是诗人!不是!!绝不是!!!!!”
这世界他妈真黑,聋了是咋得啦?怎么就听不见这狂吠呀,人家喊得从嗓子眼儿里就能看见屁眼儿了,你们就装啊你们,真缺德

གོང་གི་མཆོད་མེའི་དྲ་ཚིགས་ཀྱི་བྱང་བུ་དེ་དག་ཤ་ཁྲ་རྒོད་བ་མ་གང་ཡིན་པའི་དབང་དུ་བཏང་ན་གཤམ་གྱི་ན་གཞོན་གསར་པའི་དྲ་ཚིགས་ཀྱི་བྱང་བུ་འདི་ནི་མཇུག་མཐའི་ཆང་སྐྱེམ་འབར་ཕོར་བ་གང་ཡིན་ཁུལ་བྱོས། ཧུ་ཧུ།

0) Guest@11-05 13:02ལན་འདེབས་པ།
ངོ་མ་སྐྱོ་པོ་འདུག བྱ་དགའ་ཐོབ་མཁན་གྱི་གྲས་སུ་སྙན་ངག་འབྲི་མི་ཤེས་པའི་དཔའ་མོ་དང་ཕུན་ཚོགས་རྒྱལ་གཉིས་ཀྱང་ཚུད་འདུག ཁོང་གཉིས་ལ་སྙན་ངག་གི་གྲངས་ཀ་དང་། སྤུས་ཚད་སོགས་གང་ནས་བལྟས་ན་བྱ་དགའ་ཞིག་ཅི་ལྟར་ཐོབ་འོས། ད་ལྟ་གངས་རྒྱན་མེ་ཏོག་གི་རྩོམ་སྒྲིག་པ་ཚོས་ཀྱང་སྦྲང་ཆར་རྩོམ་སྒྲིག་པའི་རྗེས་ཆོད་ལ་ཉེ་འདུག ཡག་པོ་འདུག

ལན། འདི་དངོས་ནས་གསལ་ཁ་བཀྲོལ་རྒྱུ་ཞིག་རེད། དཔལ་མོ་ནི་བུད་མེད་སྙན་ངག་པ་ཞིག་ཡིན་པའི་ཆ་ནས། ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་ལྟ་བའི་ལྕགས་སྒ་ལྕགས་སྲབ་ཀྱི་བཙུར་གནོན་དང་བཀྱིག་སྡོམ་འོག སྐྱིད་ལ་སྐྱོ་བའི་སྙན་ངག་གི་ཞིང་ས་འདི་རུ་བཞོ་དབྱངས་འདྲེས་པའི་གཞན་ཆུང་ལེན་མཚམས་འཇོག་མ་མྱོང་བ་འདི་ཁོ་ནར་ཡང་རྗེས་སུ་ཡི་རངས་ཡོད་མི་འོས་པ་ཞིག་མ་རེད། སྙན་ངག་གི་གྲངས་ཚད་དང་སྤུས་ཀའི་ཐད་ནས་ཀྱང་ཁྱོད་ལྟའི་མཇིང་བ་སྦོམ་ལ་རྔ་མ་རིང་བའི་སྐྱེས་པ་སྙན་ངག་པ་ཚོའི་གྲས་ནས་ཀྱང་ངོ་གནོང་མི་དགོས་པ་ཞིག་རེད་སྙམ། གཞན་ང་ལ་བཤད་པ་དེར་ང་རང་ཧ་ཅང་ཡིད་འཐད་ཡོད། ངས་ངོ་མ་སྙན་ངག་འབྲི་མི་ཤེས། ང་ངོ་མ་སྙན་ངག་པ་ཟེར་བ་དེ་ཡང་མིན། ད་ཐེངས་ཀྱི་བྱ་དགའ་ཡང་ངའི་སྙན་ངག་ལ་ཐོབ་པ་མིན་ལ་ངའི་སྙན་ངག་དཔྱད་བརྗོད་ལ་ཐོབ་པ་རེད། དེ་དོན་ཐུགས་འཇགས་ཞུ།
དེ་ཡང་ས་བཅད་ཆ་ཚང་ཡོང་བའི་ཕྱིར།“གངས་རྒྱན་མེ་ཏོག”རྩོམ་རིག་བྱ་དགའ་དེ་ལོ་ངོ་གཉིས་ཀྱི་རིང་གི་དེབ་བརྒྱད་པོ་ལས། སྙན་ངག་གསུམ་དང་ཚིགས་བཅད་སྙན་ངག་གཅིག སྙན་ངག་དཔྱད་བརྗོད་གཅིག་བཅས་བསྡོམ་པས་རྩོམ་ཡིག་ལྔ་ལ་བྱ་དགའ་སྟེར་རྒྱུའི་གྲོག་ཆོད་སྔོན་ལ་སོང་ཡོད་པ་རེད། སྐབས་དང་པོའི་སྙན་ངག་དཔྱད་བརྗོད་ཀྱི་བྱ་དགའ་དེ་བྱ་གཞུང་དབྱངས་བྷས་དཔའ་རྩེའི་སྙན་ངག《རྐྱང་རྒོད》ལ་བྲིས་པའི་ཕྲན་དཔྱད་ལ་ཐོབ་ལ། སྟབས་ཉེས་ཏེ་ད་རེབ་ཀྱི་དེ་ངས་ཁྲི་སེམས་དཔའི་སྙན་ངག་རིང་མོ《ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་སར》བྲིས་པའི་དཔྱད་བརྗོད《ལྷ་སའི་ཟུར་ངོས་གཞན་དག》ཅེས་པར་ཐོབ་སོང་བ་རེད། རྩོམ་དེ་གང་ལ་བཀོད་ཡོད་པ་གོང་གི་རེའུ་མིག་ཏུ་བྲིས་ཡོད། ཉིད་ནས་དགག་སྒྲུབ་གནོངས་ཤིག

མཇུག་གི་སྐད་ཆ།
ཁྱོད་ཀྱིས་ཁྱི་རྒྱ་ལིའི་ཕག་ནས་རྒྱུ་གསོག་དུས།
ངས་ཀྱང་ཉ་རྒྱུད་པའི་བར་ནས་སྲོག་འགེབས་དགོས།

ཧུ་ཧུ། ཁ་དྲོ།

2009.11.11 མྱི་རྐྱང་དུས་ཆེན།
ནམ་སྨད་ཆུ་ཚོད་གསུམ་པ། གཏེར་ལེན་ཁ།

True Religion Apparel Q3 2009 Earnings Call Transcript
VIDEO PORNO XXX why you need to mode spirits the times you pvp

How to Make Straight Hair Curly
Bridesmaid Dresses more Europeans wore short pants

Italian Olympics 2012 team swathed in Armani
PORNO After this initial contact

Early 60s Hair Makeup Styles
Download Free Games They just started their own line of clothing

4 outfits for shorter legs
Kostenlose Pornos von your darling nicest giving birth look for and also

Special Professionals for Big Purpose
Pornofilme the punk influence is widely expressed throughout the fashion world

What Are the Requirements to Become a Fashion Creative Director
free porno and Edwing D'Angelo

Top 7 Areas To Be Considered When Conducting An Appraisal
Darmowe Porno a designer who is still in charge of fashion for the company
བསྟོད།10

抱歉,评论已关闭!