མཐོ་འབྲིང་དགེ་རྒན་ཞིག་ལ་སྤྲིངས་པའི་འཕྲིན།

སྒྲེན་པོ།

གུས་པར་འོས་པའི་རྒན་གཡུང་དྲུང་ཐར་ལགས།
ཉེ་ལམ་ཁྱེད་ཀྱི་སྐུ་ལུས་ལ་ནག་ནོག་གི་དྲི་མ་མ་འགོས་པར་སྔར་བཞིན་བདེ་ལེགས་སམ།
འདི་ན་ལྔ་རིག་གི་གནས་ལ་བརྩོན་གྱིན་པའི་ཉིད་ཀྱི་སློབ་བུ་ང་རང་ཡང་མི་འདོད་ནད་ཀྱིས་གཙེས་པ་མེད་པར་ཡོད་ཚད་བདེ་ལེགས་ཡིན། མཐོ་འབྲིང་སློབ་མཐར་ཕྱིན་ནས་ད་རག་བར་དུ་འུ་དགེ་སློབ་གཉིས་ཀྱིས་སོས་དལ་བག་ཕེབས་ཀྱི་ངང་དུ་སེམས་གཏམ་གླེང་བའི་ཡུན་ཞིག་ཀྱང་མ་རྙེད་པར་ད་ལ་ཐུག་གི་བར་དུ་ཕལ་ཆེར་བགྲང་བྱ་ལྔ་ཙམ་འགོར་ལ་ཉེ་བའི་དེ་རིང་། བདག་གིས་གཞི་ནས་རྒན་ཁྱེད་ལ་སེམས་འཕྲིན་འདི་ལྟ་བུ་ཞིག་ཞུ་འབུལ་བྱ་བསམ་བྱུང་།སྤྱིར་ན་འཕྲིན་
ཡིག་འདི་ལྟ་བུ་ཞིག་མ་བྲིས་ཀྱང་འུ་གཉིས་འཕྲད་པའི་སྐལ་བ་ཡོད་སྲིད་ལ། ལྷག་དོན་བརྡ་འཕྲིན་གྱི་དུས་རབས་འདི་ལྟ་བུར་ཡང་ཁ་པར་དང་ཁུའུ་ཁུའུ་གླེང་མོལ་སོགས་སྨྱན་བྱེད་འདྲ་མིན་བརྒྱུད་དེ་ལབ་གླེང་བྱ་སའི་སྟབས་འགྲིག་མོད།
འདིར་གཙོ་བོ་འཕྲིན་ཡིག་གི་རྣམ་པའི་སྒོ་ནས་བདག་གི་སེམས་གཏམ་ཡོད་དགུ་བྱོ་དོན་ནི། ཁོ་བོའི་བསམ་ཚུལ་ཡིན་ན་འཕྲིན་གྱི་རྣམ་པ་འདིའི་སྟེང་དུ་གཞན་གང་གིས་ཀྱང་ཚབ་བྱ་ཐབས་བྲལ་བའི་ཀུན་སློང་གཙང་མ་ཞིག་སྔོན་འགྲོར་སོང་ཡོད་སྙམ་གྱིན་ཐབས་འདི་སྤྱད་པ་ཡིན་ལགས། འཕྲིན་ཡིག་གི་གལ་ཆེན་རང་བཞིན་དང་ཁམས་བདེ་འདྲི་བའི་སྐོར་རེ་ཞིག་བཏང་སྙོམས་སུ་བཞག་སྟེ། ད་ནི་སྐབས་བབ་ཀྱི་གླེང་བྱ་དངོས་ལ་སྨྱུག་ཁ་བསྒྱུར་ན། སློབ་བུ་བདག་ལྟ་བུར་མཚོན་ན་བགྲང་བྱ་བཞིའི་བྲེལ་ཟིང་གི་སློབ་ཆེན་འཚོ་བར་གྱེས་བརྡ་བཏང་སྟེ་ད་ལྟ་ཞིབ་འཇུག་ཅེས་པའི་སྐས་རྐང་འདིའི་སྟེང་དུ་ཐོན་ཡོད་ལ།ཐོན་ནས་ཀྱང་སློབ་སྐབས་གཅིག་རྫོགས་ལ་ཉེ་མོད།ཁ་ཕྱིར་འཁོར་ཏེ་རང་ཉིད་ཀྱིས་བརྒྱུད་ཟིན་པའི་བཤུལ་ལམ་ཀྱག་ཀྱོག་དེར་ཕྱི་མིག་ཅིག་འཕངས་ན། བཤུལ་ལམ་འདིའི་གཞི་མདོ་རེ་རེ་ན་ངའི་དགའ་ཁ་འཁྱེར་ཕྱོགས་ལ་སྒུལ་ཤུགས་དང་འོད་སྣང་བསྒོ་བའི་བཀའ་དྲིན་མཚུངས་མེད་ཀྱི་དགེ་རྒན་མང་དུ་ལྷགས་ངེས་ཀྱང་། རྒན་ཁྱེད་ནི་དེ་དག་ལས་ཀྱང་ང་ལ་རྩོམ་རིག་ཅེས་པའི་སེམས་ཀྱི་རོལ་དབྱངས་འདི་ངོ་ཤེས་སུ་འཇུག་མཁན་མ་ཡིན་ནམ། ཁྱེད་ཀྱི་སློབ་མའི་དད་མོས་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་པའི་སེམས་རྒྱ་དེ་ལྟ་བུ། སློབ་ཆེན་པའི་དགེ་རྒན་གྱི་མིང་བྱང་མནབས་མཁན་ཚོའི་ཁྲོད་དུ་ཡང་ཉུང་ཙམ་གདའ། དུས་རྒྱུན་སློབ་མ་ཚོར་རྩོམ་ཡིག་རེ་བཀོད་སྒྲིག་བྱས་རྗེས་དེ་དག་ལས་ལེགས་རྩོམ་རེ་འགའ་དམིགས་སུ་བཀར་ནས་ལབ་གླེང་བྱེད་པ་ནི་རྩོམ་རིག་ལ་མོས་གུས་མངའ་བའི་ཁོ་བོ་ལྟ་བུར་མཚོན་ན་སྒུལ་ཤུགས་བླ་མེད་ཅིག་མ་ཡིན་གྲང་། མཐོ་འབྲིང་སློབ་རིམ་དང་པོ་ནས་བཟུང་སྟེ་ང་རང་རྩོམ་ཡིག་ཐར་ཐོར་རེ་འབྲི་བའི་ལས་དེར་ཞུགས་པ་ཡིན་ལ། རྩོམ་རིག་ལ་ཞུགས་འདོད་ཀྱི་ཀུན་སློང་དེ་ཡང་གཙོ་བོ་དུས་ཐོག་དེར་བདག་གི་གྲོགས་མཆོག་ཚེ་དབང་དང་གཡང་འབུམ།འཕགས་པ་གསུམ་གྱི་ཤུགས་རྐྱེན་ཐེབས་པ་གཞིར་བཞག་གི་སྟེང་། རྒན་ཁྱེད་ཀྱི་མཛུབ་སྟོན་དང་ཡང་འབྲེལ་བ་ཡོད་པ་ཁོ་ཐག་ཡིན། དེ་བས་ངས་དུས་རྒྱུན་མཐོ་འབྲིང་གི་འཚོ་བར་ཕྱིར་དྲན་བྱེད་པའི་ཞོར་དུ་རྒན་ཁྱེད་ཀྱི་བཀའ་དྲིན་ཡང་ཚོར་གྱིན་ཡོད། མི་བུ་ཞིག་གི་དགའ་ཕྱོགས་སྔོག་ཟིན་པའི་བཀའ་དྲིན་དེ། རྒན་ལགས།སློབ་གྲོགས་སུ་ཞིག་གི་བྲིས་རྩོམ་དེ་བོད་ཁུལ་གྱི་དུས་དེབ་གང་རུང་ཞིག་གི་སྟེང་དུ་སྤེལ་ཟིན་ཕྱིན། རྩོམ་ཡིག་དེའི་རྩོམ་ཡོན་གྱིས་འཛིན་གྲྭ་ཡོངས་ལ་ཀ་ར་ཐུམ་གཅིག་ངེས་པར་ཉོ་དགོས་པའི་སྲོལ་ཞིག་བཙུགས་པ་ཁྱེད་ཀྱིས་དྲན་ནམ། དྲང་མོར་བཤད་ན། དུས་སྐབས་དེར་ང་ཚོ་དང་འཚམ་པའི་དུས་དེབ་ནི་༼གངས་རྒྱན་ན་ཆུང་ཚགས་པར༽་དང་༼གངས་རྒྱན་མེ་ཏོག༽༼ལྷོ་ཁའི་རྩོམ་རིག་སྒྱུ་རྩལ༽བཅས་ཡིན་ལ། དེ་དག་ལས་ཀྱང་གཙོ་བོ་ནི་གངས་རྒྱན་ན་ཆུང་ཚགས་པར་རེད། ད་ལྟ་འདང་རེ་རྒྱབ་ན་གཞི་ནས་ཁྱེད་ནི་ད་ལྟའི་གཞི་རིམ་དགེ་རྒན་ཕལ་མོ་ཆེ་དང་མི་འདྲ་བ་རྟོགས་ཐུབ་གི ད་ལྟའི་གཞི་རིམ་དགེ་རྒན་ཚོ་ནང་བཞིན་སྔར་ཡོད་ཤེས་བྱའི་སྒྲིག་གཞི་དེ་ཁོ་ནའི་སྟེང་དུ་ནུར་འགྲོས་བྱེད་མཁན་ཞིག་མིན་པ་ཤེས་འོང་། རང་ཉིད་ཀྱི་ཤེས་བྱའི་སྒྲིག་གཞི་ལ་དེང་རབས་རིག་གནས་ཀྱིས་ཟུར་རྒྱན་འདོད་ཀྱི་བློ་དེ་ཁྱེད་ལ་སྔ་ས་ནས་ཡོད་འདུགཁོ་བོའི་ལྟ་སྟངས་ཡིན་ན།དགེ་རྒན་ཞིག་ཡིན་ཕྱིན། དུས་རབས་ཀྱི་དགོངས་པར་ངོས་ཟིན་གསལ་བོ་ཡོད་རྒྱུ་དང་། སློབ་མའི་ཁམས་དང་མོས་པར་བརྩི་བཀུར་བྱ་ཤེས་རྒྱུ།དེ་མིན་ད་དུང་སྔར་ནས་བཏབ་ཟིན་པའི་སློབ་ཁྲིད་ཟིན་ཐོར་དེང་རབས་རིག་གནས་ཀྱིས་ཁ་གསབ་དང་ཟུར་རྒྱན་དགོས་རྒྱུ་ནི་མི་རབས་གསར་བ་དང་བོད་མི་གསར་བ། དེང་རབས་རིག་གནས་དང་ཁྱད་དོན་དེང་རབས་གྲོང་ཁྱེར་ཅན་གྱི་རིག་གནས་ཁོར་ཡུག་དང་འཚམ་པའི་མི་བུ་གསར་བ་སྐྱེད་ཐུབ་མིན་གྱི་འགག་རྩ་རེད་འདོད།
འོ་སྐོལ་མི་རིགས་ཀྱི་དགེ་རྒན་ཚོས་ཀྱང་དབྱུག་པ་དང་གཅར་རྡུང་གིས་སློབ་མ་བཅའ་བའི་ལོ་རབས་དེ་ལ་གྱེས་ཕྱག་འཚལ་རན་པའི་མི་ཚད་ད་དུང་འཕྱི་ནས་འདུག་སྙམ། སྐར་གྲངས་ཁོ་ན་གྲུབ་འབྲས་སུ་རློམ་པའི་འདུ་ཤེས་དེའི་རྒྱུན་མ་བཅད་ན། ང་ཚོ་ནམ་ཡང་སྔར་ལམ་མ་གཏོགས་གཞུང་ལམ་ལ་གོམ་ཁ་མི་ཞོག་པ་དཔྱོད་པའི་བློ་མིག་རྒྱས་ཡོད་མཁན་ཞིག་ཡིན་ཕྱིན་ཅི་ནས་ཀྱང་ཤེས་སླ་བོ་འདུག
རྒན་ལགས། མི་ལོ་གཉིས་ཙམ་གྱི་སྔོན་ལ་བདག་གི་གྲོགས་པོ་ཞིག་གིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་བསྐྱར་དཔར་མ་རེ་འགའ་བཙོང་རྒྱུའི་དོན་དུ། བདག་གི་མ་ཡུམ་སློབ་གྲྭ་སྟེ།རེབ་གོང་རྫོང་མི་ རིགས་སློབ་འབྲིང་ནང་དུ་སོང་བ་རེད་ལ། ཁོས་བཤད་ཚོད་ཡིན་ན་སློབ་གྲྭ་དེ་གའི་དགེ་རྒན་ཚོས་དཔེ་ཆ་མི་ཉོ་བར་མ་ཟད། ད་དུང་དཔེ་ཆ་མཐོང་ན་སུན་སྣང་སྐྱེས་པའི་རྣམ་འགྱུར་ཡང་སྟོན་གི་ཟེར། དཔེ་ཆ་མ་ཉོས་པ་ནི་སོ་སོའི་འདོད་ མོས་ཡིན་པའི་སྐྱུར་ཞོག་དང་། སྣང་ཚུལ་འདིའི་སྟེང་དུ་དེང་སྐབས་དགེ་རྒན་ཕལ་མོ་ཆེ་ལ་མངའ་བའི་སྐྱོན་ཆ་ཞིག་ལྷང་ལ་འབུད་ཀྱིན་འདུག་སྙམ། སྐྱོན་ཆ་གང་རེད་ཅེ་ན། དཔེ་ཆ་གྲོགས་སུ་མི་བསྟེན་པ་དེ་རེད། དཔེ་ཆ་མང་པོར་མ་བལྟས་ན་དུས་རབས་དང་མཐུན་པའི་མི་གསར་བ་ཇི་ལྟར་བསྐྱེད་ནུས། དམའ་འབྲིང་གི་དུས་སྐབས་ནི་སློབ་མའི་ལོ་ ཚོད་དང་འདང་རྒྱག་སྟངས་སོགས་ཕྱོགས་གང་ཐད་ནས་སློབ་ཆུང་དང་བསྡུར་ན། སྐད་ཆ་བཤད་ན་དོན་ཅུང་ཟད་གོ་དུས་ཡིན་པ་མ་ཟད། མི་རིགས་ཀྱི་འདུ་ཤེས་གསོ་སྐྱོང་བྱ་སའི་ལོ་རབས་རྨ་མེད་པ་ཞིག་ཏུ་འདོད། དེ་ལྟར་ཡིན་ན། དཔེ་ཆ་མང་པོར་མ་བལྟས་ན་འདུ་ཤེས་དེ་ཇི་ལྟར་གསོ་དགོས།
གོ་ཐོས་སུ་དགེ་རྒན་མང་པོས་རང་ཉིད་ཀྱི་ལག་རྟགས་དང་གོ་གནས་འཕར་བའི་སླད་དུ། དཔྱད་རྩོམ་ཉོ་ཚོང་གི་བྱ་བ་སྐྱུག་བྲོ་བ་དེ་ལས་ཀྱིན་འདུག་ཟེར། དངོས་གནས། སྒོར་མོ་ཡོད་ན་ཅི་ཡང་ཉོས་ཆོག་པ་བདེན་མོད། མི་རིགས་སྤྱིའི་ཡོངས་ཁྱབ་རིན་ཐང་ལ་གོང་བཀུར་དང་ལྷག་བསམ་ཡོད་མཁན་ཞིག་ཡིན་ན། བྱ་སྤྱོད་དེ་ནི་སྐྱི་གཡའ་བའི་ལས་དོན་ཞིག་རེད་འདོད། དེའི་ཟུར་ནས་མཐོང་སླ་བ་ནི་དགེ་རྒན་མང་ཆེ་བས་དཔེ་གཟིགས་གནང་གིན་མེད་པ། དེའི་འབྲས་བུ་རུ་ཤེས་བྱའི་སྒྲིག་གཞི་ཆིག་རྐྱང་བ་ཡིན་པ་རྒྱུ་མ་ཕུ་འདེད་བྱས་ན་ཤེས་སླ་མོ་རེད།
གཞི་རིམ་སློབ་གསོའི་བསླབ་དེབ་སྒྲིག་པ་ཁ་འཐོར་ཡ་བྲལ་དུ་སོང་བ་མང་ལ། དེ་ལྟར་ཡིན་པ་དེས་མི་བུ་ར་མིན་ལུག་མིན་སྐྱེད་རྒྱུར་རྨང་རྡོ་ངན་པ་འདིང་གིན་ཡོད་པ་མ་ཡིན་ནམ། ང་ཚོས་ངེས་པར་དུ་ཁ་སང་གི་རེབ་གོང་དང་དེ་རིང་གི་རེབ་གོང་གཉིས་བསྡུར་ནས་གླེང་རྒྱུ་ནི་གལ་འགངས་ཆེ་བར་མཐོང་། རང་གི་སྐྱོན་ཆ་དང་ལེགས་ཆར་ངེས་ཤེས་ཡང་དག་ཅིག་སྐྱེས་ཐོག དེ་འབྲེལ་གྱི་དཔྱད་གླེང་རེ་འཚོགས་རྒྱུ་ཡང་དགོས་གལ་ཤིན་ཏུ་ཆེར་སྙམ། ཁ་སང་གི་རེབ་གོང་ནི་མང་པོའི་སེམས་ན་གསོན་པོ་ཡིན་མོད། དེ་རིང་གི་རེབ་གོང་དེ་དོན་དམ་ག་རེ་ཡིན་མིན་ངས་འདི་རུ་མ་བཤད་ཀྱང་རྒན་ཁྱེད་ནས་ཤེས་རྒྱུ་རེད་འདོད། སྐྱོན་ཆ་འདི་ལྟ་བུ་སེལ་བར་མི་བུ་བྱེ་བྲག་པ་གཅིག་གཉིས་ནས་འགྲུབ་མི་ཐུབ་ལ། གོང་གསལ་ངན་འབྲས་དེ་དག་མི་བུ་གཅིག་གི་སྟེང་དུ་བསྙོན་འཛུགས་བྱེད་སར་མི་འགྲོ་གི འདི་ལྟར་རེ་བ་དང་བསམ་འཆར་མང་པོ་ཞིག་གཞི་རིམ་གེ་རྒན་ཚོའི་སྟེང་དུ་བཏོན་ནས་འོང་ན། རེ་བ་དེ་དང་ལེན་བྱ་རྒྱུར་དཀའ་ལས་མི་ཉུང་བ་ཡོད་པ་ཁོ་བོས་ཀྱང་ལོས་ཤེས།ལྷག་དོན་ཁ་སང་དེ་རིང་གི་སྤྱི་ཚོགས་འདི་ལྟ་བུའི་ནང་དུ་དཀའ་ནི་རེད། དགེ་རྒན་གྱི་བྱ་བ་གཉེར་མཁན་ཚོ་སྤྱི་ཚོགས་ཀྱི་མིག་ལམ་ན་ཆུང་དྲགས་པའི་གནས་བབ་འདི་འདྲར་དངོས་གནས་ཁེག་པོ་རེད་འདོད། གང་ལྟར་ང་ཚོས་དེ་ལ་མཉམ་འཇོག་དང་རང་སྐྱོན་རང་གིས་སེལ་རྒྱུ་ནི། རྒན་ཁྱེད་ལྟ་བུ་སློབ་མའི་དད་མོས་ལ་གོང་བཀུར་བྱེད་མཁན་ཞིག་གིས་ཅི་ནས་ཀྱང་ཐུགས་བསམ་བཞེས་དགོས་པ་མ་ཟད། ཁོ་བོ་ལྟ་བུ་སྤྱི་ཚོགས་ཀྱི་ཉམས་མྱོང་ཅི་ཡང་མེད་པ་ཞིག་གིས་ཀྱང་ཅི་ནས་ཀྱང་འདང་རྒྱག་དགོས་པ་རེད། རྒྱུ་མཚན་འུ་ཚོ་སློབ་གསོའི་ལས་རྐང་སྟེང་ན་ཡོད་མཁན་ཚོས་རང་ཉིད་དང་ཐག་ཉེ་ཞིང་མྱོང་བ་ཟབ་མོ་ཡོད་པའི་དོན་བྱ་དག་ལ་འདང་རྒྱག་དགོས་རྒྱུ་ནི་གལ་ཆེན་རེད་འདོད།
གང་ལྟར་སྡུག་བཤད་རྒྱབ་ནས་བར་མཚམས་འདིར་ཐོན་དུས་འཕྲིན་ཡིག་གི་བརྗོད་དོན་ཡང་རེ་ཞིག་རྫོགས་དགོས་བྱུང་། ཁོ་བོས་མཐོ་རིམ་སློབ་གསོ་མྱངས་པའི་སྐོར་གྱི་སེམས་གཏམ་མང་དུ་བདོག་ཀྱང་། མང་པར་དོགས་ནས་རེ་ཞིག་སྨྱུག་མཚམས་བཞག་པ་ཡིན་ལ། རེ་བ་ཡིན་ན་འཕྲིན་ཡིག་འདི་ལ་འཕྲིན་ལན་ཡོད་པ་ཞུ། མཐར་ཁྱེད་ཀྱི་ཅི་བསམ་ལྷུན་འགྲུ་ཡོང་བའི་སྨོན་འདུན་དང་བཅས།
ཁྱེད་ཀྱི་སློབ་བུ་བན་དེ་སྐྱབས་སུ་འབོད་པས།
ལན་གྲུའི་གྲོང་ཁྱེར་ནས་ཕུལ་བ་རྒྱལ་གྱུར་ཅིག
༼བྲིས་རྩོམ་འདི་དྲ་ངོས་གཞན་པར་བརྒྱུད་འགོད་བྱས་མི་ཆོག༽

Fashion Rules for After Labor Day
PORNO Years of trying to find the perfect shit left me totally jaded

5 Iconic Symbols You Associate With the Wrong Country
Wedding Dresses He is not grumpy and rude

Ten Ways to Wear Fabric Belts
VIDEOS PORNO while causing different comparables in the third quarter

VeriSign Suspends Site Finder Service
Free Games So what do you wear for work

Formal Dining Table Centerpiece Ideas
pornos and then seal with topcoat

Silk Scarves Can Make You Radiant
Pornofilme but there are always wide arrays of replicas sold by retailers

Top 5 fashion schools in California
free porno But the most popular of all is Hip Hop fashion

Top 5 Womens Christmas Gifts 2009
Free Porno Wife these prices are bullshit
བསྟོད།4

抱歉,评论已关闭!