རང་སྲོག་གཅོད་པ་ལས་འཕྲོས་པའི་འབོལ་རྩོམ་གཉིས།

ཞོགས་ལྗང་དང་ཁ་བ་སྙིང་ལྕགས།

རང་སྲོག་གཅོད་པ་ནི་འཚོ་བའི་ཕྱིར་དུའོ། །
_____ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མ་ཞིག་གིས་རང་སྲོག་བཅད་རྗེས།

ཞོགས་ལྗང་།

༄༅།།ཉེ་ལམ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ལོ་རིམ་བཞི་བའི་རེབ་གོང་གི་སློབ་མ་ཞིག་གིས་སྒེར་དོན་ག་གེ་མོ་ཞིག་གི་ཆེད་དུ་ཐོག་བརྩེགས་དྲུག་པ་ནས་མཆོངས་ཏེ་རང་སྲོག་བཅད་པས།བོད་ཡིག་སློབ་གླིང་ལ་མཚོན་ན་བྲེལ་འཚབ་ཤིན་ཏུ་ཆེ་ཞིང་།བདག་གི་གྲོགས་པོ་མང་བོ་ཞིག་གི་བློ་སེམས་ཀྱང་ཁྱོན་ནས་བདེ་མོ་ཞིག་མིན་ཚོད་རེད།ཡིན་ན་ཡང་།ང་ལ་མཚོན་ན་མི་དང་མིའི་བརྩེ་བ་མཚོན་བྱེད་ཀྱི་མི་སེམས་ཤིག་མེད་པ་ཡིན་ནམ།ཡང་ན།སྔོན་ནས་བཤད་པ་བཞིན་རང་སྲོག་གཅོད་པ་ནི་སྙིང་སྟོབས་ཤིག་རེད་སྙམ་པས་ཡིན།གང་ལྟར།དོན་མེད་དུ་མིག་ཆུ་འབྱིན་པ་དང་དགོས་མེད་དུ་ངུ་འབོད་བྱེད་པ་ལྟ་བུའི་སྡུག་བསྔལ་བཅོས་མ་ཞིག་རྦད་དེ་མ་བྱུང་ངོ་།།གྲོགས་པོ་རེ་འགས་དོན་རྐྱེན་དེ་ཐོས་མ་ཐག་ནས་བློ་སེམས་རྒྱུན་ལྡན་ཞིག་མ་རེད་ཟེར་མོད།ང་རང་ནི་གྲོགས་པོ་རྒྱུས་མེད་དེའི་དོན་དུ་སྡུག་བསྔལ་ཅི་ཡང་བྱུང་མ་སོང་བས།ལན་རེར་རང་གིས་རང་ལ་དྲི་བ་སྣ་ཚོགས་པ་རེ་ཡང་དྲིས་པ་ཡིན་མོད།ཇི་ལྟར་བསམས་ན་ཡང་།ཁོ་ཚོ་བཞིན་དུ་བློ་སེམས་སྡུག་དགོས་བྱེད་ཅིག་ཡེ་ནས་མ་རྙེད་དོ།།
དེ་རིང་དགོང་མོ་རང་ཉིད་གཅིག་པུས་བསམ་གཞིག་ཡུན་རིང་བཏང་མཐར།ནམ་གུང་ཞིག་ལ་ད་གཟོད་ཡིད་སེམས་བློང་བློང་བོར་བྱེད་པ་ཞིག་རྙེད་ན་ཡང་།གོང་གི་གྲོགས་པོ་འདི་དག་དང་བསྡུར་ན་བར་ཁྱད་ཆེན་པོ་ཡོད་ཚོད་རེད།ཡང་གཅིག་བཤད་ན་དེ་དག་གིས་བསམ་གཞིག་ཡེ་ནས་མ་བཏང་བ་ཞིག་ཡིན་ཡང་སྲིད།
བར་སྐབས་འདིར་གྲོགས་པོ་ཁོའི་ཡུལ་མི་དག་བཤད་མི་དགོས་ཏེ།འདི་གའི་དགེ་སློབ་མང་བོ་ཞིག་གིས་ཀྱང་མཆི་མ་འདོན་གྱིན་ཡོད་སྐད།དྲང་མོར་བཤད་ན་འདི་ནི་ཆེས་རྒྱུན་ལྡན་ཞིག་སྟེ།མི་ཤི་རྗེས་ངུ་འབོད་བྱེད་པ་དང་དོན་དག་བྱུང་ཚར་རྗེས་ལེ་འདེད་བྱེད་པ་ནི་འུ་ཅག་གི་སྲོལ་རྒྱུན་ཞིག་རེད།དེ་བས།སུ་ཞིག་གིས་རང་སེམས་སྡུག་གི་ཡོད་ཚོད་བཤད་ན་ང་རང་ཤིན་ཏུ་རློམ་ཞིང་དོགས་པ་ཧ་ཅང་ཆེ་བ་ཞིག་ཀྱང་རེད།དེ་ཡང་སྤྲེལ་ལད་འཁྲབ་རྒྱུར་དགའ་བའི་འུ་ཅག་གི་ཁོར་ཡུག་ནས།སྤྲེའུ་སུ་ཡིས་འཁྱོངས་ན་རྒྱལ་ཁ་དེ་ལ་ཡོད་པ་ནི་ཆོས་ཉིད་རེད་ལ།མི་མང་ཡང་རྒྱལ་ཁ་རྫུན་མ་དེའི་རིགས་ལེན་པར་ཞེ་དྲག་དགའ་བོ་ཡོད་པས་ཡིན།
རྒྱུ་མཚན་ཅི་ཞིག་གིས་ཡིན་པ་རང་གིས་མི་ཤེས་ཏེ།གང་ལྟར་ང་རང་སྤྲེའུ་ཞིག་བྱེད་པ་ལས་ཆེས་སྤྱིར་བཏང་གི་མི་ཞིག་བྱེད་པར་སྤྲོ་བོ་བྱུང་བ་ནས་བཟུང་།ངས་དུས་རྒྱུན་སྤྲེའུ་དག་གི་བྱ་སྤྱོད་ལ་ཁྲེལ་དགོད་བྱེད་ཀྱིན་ཡོད་ཅིང་།དེ་ལས་ལྡོག་སྟེ་བསམ་གཞིག་གཏོང་གིན་ཡོད།དེ་རིང་བསམ་གཞིག་བཏང་མཐར་རྙེད་པའི་ལན་ནི་འདི་ལྟ་སྟེ།སློབ་གྲོགས་དེའི་རང་སྲོག་བཅད་ནི་འཚོ་གནས་ཀྱི་སྙིང་སྟབས་ཤོར་བ་སྟེ།ཁ་གསལ་བོར་བཤད་ན་སྐྱོ་གར་སྙིང་སྟོབས་ཀྱིས་མ་འདང་བའི་རྐྱེན་གྱིས་རེད་སྙམ།དེ་བས་ང་རང་ཡིད་སེམས་རྨང་ནས་འཁྱགས་ཤིང་།རེ་ཞིག་ཧང་སངས་ཏེ་མི་སྡོད་ཐུ་མེད་བྱུང་།
ཉེ་སྔོན་གྲོགས་པོ་ཞིག་དང་ཁེའུ་ཁེའུ་གླེང་མོལ་ལས་ཁ་བརྡ་བྱེད་སྐབས།ཁོས་རྩེད་མཚར་འདི་འདྲ་ཞིག་རྩེད་མྱོང་སྟེ།ཁྱོད་ཀྱིས་རང་སྲོག་གཅོད་པ་ནི་སྙིང་སྟོབས་ཤིག་ཡིན་ཟེར་བ་མིན་ནམ་ཟེར།ཏག་ཏག་བཤད་ན་བར་སྐབས་དེར་ལན་ཡག་པོ་ཞིག་ལྡོན་མ་ཐུབ་ན་ཡང་།དེ་རིང་ངས་དྲི་བ་འདི་ནི་ཤིན་ཏུ་དགོས་གལ་ཆེ་བའི་དྲི་བ་ཞིག་ཡིན་པ་གཞི་ནས་ཚོར་ཞིང་།འདི་ཉིད་ནི་ངེས་པར་དུ་གསལ་བཤད་བྱ་དགོས་པ་ཞིག་ཡིན་པ་ཁྱོན་ནས་ཤེས་སོང་།དེ་མ་ཐག་གློག་ཀླད་ཁ་ཕྱེ་སྟེ་ངོས་སུ་ཅེར་བ་ན།ངའི་གློག་ཀླད་ངོས་སུ་ཡང་དུར་ཁྲོད་ལྟ་བུའི་རྣམ་ཤེས་འབོལ་བོ་ཡོད་པས།ང་དང་བར་ཐག་ཁད་ཀྱིས་བཀྱེད་པའི་བསམ་གཞིག་དེ་དག་ལ་གསལ་འབྱེད་ཐེངས་ཤིག་བྱེད་སྙིང་འདུག
ཏག་ཏག་བདེན་དེ།ངས་ནི་སྔོན་ཆད་དེ་ལྟར་བཤད་མྱོང་ལ།ད་ལྟ་ཡང་དེ་ལྟར་བཤད་ཀི་ཡིན།རྒྱུ་མཚན་ཡང་ཤིན་ཏུ་སླ་སྟེ།འཆི་བ་ནི་འཚོ་བ་ཞིག་ཡིན་པས་སོ།།འདི་ལྟར་བཤད་ན་འུ་ཅག་གི་མི་མང་བོ་ཞིག་གིས་དོན་གྱི་གནས་ལུགས་ཁྱོན་ནས་རྙེད་ཀི་མ་རེད།དེ་ཡང་ཁོ་ཚོར་ཁག་མེད་དེ།འུ་ཅག་གི་སྲོལ་རྒྱུན་རིག་གནས་ཀྱིས་མ་གཞི་ནས་རང་སྲོག་གཅོད་པ་ནི་ནག་ཉེས་ཆེན་པོ་ཞིག་ཏུ་བརྩི་ཞིང་།དམངས་ཁྲོད་དུ་དར་ཁྱབ་ཆེ་རུ་གྱུར་ཏེ།མང་ཚོགས་ཚོས་ཀྱང་རང་སྲོག་བཅད་པའི་མི་ཡིས་སྐྱེ་པ་དགུ་ལ་མི་ལུས་མི་ལོན་ཚུལ་གྱི་དཀྲོག་གཏམ་མང་དུ་བཟོས་པས།འུ་ཅག་གི་ཁྲག་རྩའི་སྦུབས་སུ་ཉལ་བའི་རིན་ཐང་ལྟ་ཚུལ་ནི་དེ་ཙམ་མོ།།ཡང་གྲོགས་པོ་ལ་ལས་ནུབ་གླིང་རིག་གནས་ལས་དར་བའི་སྐྱོ་གར་སྙིང་སྟོབས་ལ་སྦྱོར་གྱིན་འདུག་མོད།དོན་ལ་དེ་དག་གིས་ད་དུང་སྐྱོ་གར་སྙིང་སྟོབས་ཞེས་པ་ཧ་གསལ་བོ་ཞིག་གོ་བཞིན་མེད་པར་འདྲ།དེ་ཡང་ག་རེ་ཡིན་ཟེར་ན།ཁོ་ཚོས་རང་སྲོག་གཅོད་པ་ནི་འཚོ་བའི་སྐྱོ་གར་ལ་གདོང་གཏོད་མ་ཐུབ་པའི་རྟགས་མཚན་ཞིག་ཏུ་བརྩི་བཞིན་འདུག་པ་རེད།དེ་ལ་ཡང་ཁག་འགེལ་མི་བྱེད་དེ།འུ་ཅག་གི་ས་རུ་རིག་གནས་སྣ་གཅིག་མ་གཏོགས་གནས་ཐུབ་ཀྱིན་མི་འདུག་པས།(སྤྱིར་བཏང་དུ་བཤད་པ་ཡིན།)ཁོ་ཚོའི་ཀླད་པའི་ནང་དུ་གནས་ལུགས་གཅིག་མ་གཏོགས་ཡོད་ཚོད་མ་རེད།ཡང་ན་བསམ་གཞིག་གཏོང་སྟངས་རིགས་གཅིག་མ་གཏོགས་ཆུད་ཚོད་མ་རེད།རེད་མོད་ཀྱང་།དོན་ལ་ནི་སྐྱོ་གར་སྙིང་སྟོབས་ཞེས་པ་དེ་འདྲ་ཞིག་གིས་མཚོན་མི་ཐུབ་ཏེ།ཚིག་སླ་མོ་ཞིག་གིས་བཤད་ན་ཁོ་རང་ཚོས་བཤད་པ་ཡང་འགྲིག་གི་མོད།དེ་ལས་གཏིང་ཟབ་སར་བབས་ན་དེ་ཡང་གསལ་ཆ་མ་ཐོན་པ་དང་གསལ་བོར་མ་ཤེས་པའི་སྐྱོན་ཞིག་མཆིས།འུ་ཚོས་རྒྱུན་དུ་བཤད་པ་བཞིན།སྐྱོ་གར་སྙིང་སྟོབས་ནི་འགལ་འདུའི་ཕུང་བོ་ཞིག་གིས་གྲུབ་པའི་འཇིག་རྟེན་གྱི་སྐྱོ་གར་ལ་གདོང་གཏོད་པའི་སྙིང་སྟོབས་ཤིག་ལ་གོ་བ་བླངས་ན་ཆོག་གི་རེད་མོད།དེ་ནི་མཐའ་གཅིག་ཏུ་གསོན་པ་ཁོ་ནའི་སྟེང་དུ་ཡོད་པ་མ་ཡིན་ཏེ།རང་སྲོག་གཅོད་པའི་སྟེང་དུ་ཡང་ཡོད་པ་ཡིན།དཔེར་ན།ད་ལྟ་ཁོ་བོས་བཤད་ཀྱིན་པའི་གསོན་པའི་ཕྱིར་དུ་འཆི་བ་ནི་སྐྱོ་གར་སྙིང་སྟོབས་ཤིག་ཏུ་ངོས་བཟུང་ན་ནི་འགྲིག་པར་སྙམ།
ངས་སྔོན་ནས་འདི་ལྟར་བཤད་མྱོང་སྟེ།འུ་ཅག་གིས་ནམ་ཞིག་ལ་རང་སྲོག་གཅོད་པའི་དོན་སྙིང་མཐོང་ན།དེ་དུས་གཞི་ནས་འུ་ཅག་ལ་སད་རྟོགས་འབྱུང་གི་རེད།ཡིན་ན་ཡང་།ད་ལ་ཐུག་གི་དབར་དུ་འདི་ཉིད་ལ་ངོས་ཟིན་ཅུང་ཟབ་མོ་རེ་བྱུང་བའི་མི་ནི་ཤིན་ཏུ་ཉུང་ཚོད་རེད།ད་ལོ་རྔ་བ་ནས་གྲྭ་བ་ཞིག་གིས་རང་ལུས་མེ་རུ་སྒྲོན་པ་ནི་ངས་དཔེ་གཞི་གསོན་པོ་ཞིག་ཏུ་འཇོག་རྒྱུ་ཡིན་ཏེ།ཏག་ཏག་བཤད་ན་མང་བོ་ཞིག་གིས་དེ་ཉིད་ཆོས་ལུགས་དང་ཆབ་སྲིད་ཀྱི་ངོས་ནས་ལྟ་སྲིད་མོད།ངས་ནི་དེ་ཉིད་རིག་གནས་སྙིང་སྟོབས་ཤིག་གི་ངོས་ནས་ལྟ་གི་ཡིན།ཁོ་ལ་མཚོན་ན་དངོས་གནས་སྐྱོ་གར་སྙིང་སྟོབས་ཀྱིས་ཕྱུག་པ་ཞིག་རེད།གང་ཡིན་ཟེར་ན།ཁོས་རང་ལུས་མེ་རུ་སྒྲོན་པ་ནི་འཚོ་བའི་སྡུག་བསྔལ་མ་བཟོད་པར་རང་སྲོག་བཅད་པ་མིན་པར།གསོན་པའི་ཕྱིར་དུ་འཆི་བའི་ལམ་བདམས་པ་ཡིན་ཞིང་།གསོན་པའི་ཕྱིར་དུ་འཆི་བའི་དུང་བརྡ་ཞིག་བསྒྲགས་པ་རེད།ད་དུང་འུ་ཅག་གིས་དོན་གྲུབ་རྒྱལ་གྱི་དོན་རྐྱེན་ལ་བལྟས་བས་ཀྱང་ཤེས་འོང་བ་ཞིག་མ་རེད་དམ།ཁོས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་བོད་ཀྱི་དོན་དུ་དཀའ་ལས་ཅི་ཙམ་བརྒྱབ་ན་ཡང་།བོད་དུ་དེ་ལ་ངོས་ཟིན་བྱུང་བའི་སྐྱེས་བུ་ཅི་ཙམ་ཡོད་དམ།མཐའ་མར་ཁོས་རང་གི་ཚེ་སྲོག་གིས་བོད་མི་རིགས་ལ་འབོད་བརྡ་བཏང་བ་རེད་དེ།མ་གཏོགས་ཁོས་ནི་སྡུག་བསྔལ་དེ་ཉིད་མ་བཟོད་པར་རང་ཉིད་བདེ་ས་ཞིག་ཏུ་འགྲོ་འདོད་པ་རྦད་དེ་མ་རེད་དོ།།དེ་ནི་འུ་ཚོས་ཁོང་གི་ཁ་ཆེམས་ཡི་གེ་ལས་ཀྱང་ཤེས་འོང་སྟེ།ཁོང་གིས༼སེམས་པ་འདི་སྡུག་བསྔལ་གྱིས་ཡོངས་སུ་མནར་ཏེ་ལྗིད་ཏིག་ཏིག་གི་ངང་ཁྱེད་དང་གྱེས་ཕྱག་ཕུལ་བ་ཡིན།ཁོ་བོས་ལམ་འདི་འདྲ་ཞིག་བདམས་པའི་གཏམ་ངན་དེ་གོ་དུས་ཁྱེད་ཉིད་ཧ་ལས་ཤིང་ཧང་སངས་པས་མི་ཚད།བདག་གི་ནོར་འཁྲུལ་ཞིག་ཏུ་བརྩི་ཡང་སྲིད་མོད།གལ་སྲིད་ཁྱོད་ཀྱིས་སེམས་རྣལ་ལ་ཕབ་ཏེ་ཁོ་བོའི་ཤི་རྐྱེན་འདིར་ཞིབ་འདང་རེ་བརྒྱབ་ཚེ།མཐའ་མཇུག་གི་གྱེས་ཕྱལ་ཕུལ་དོན་ལའང་རྒྱུ་མཚན་ཡེ་ནས་མེད་པ་མ་ཡིན་པའི་ངེས་ཤེས་འདྲ་འདྲོང་སྲིད་དོ།།༽ཞེས་དང་།༼ངས་ཁོག་འདང་ཟབ་མོ་ཞིག་བརྒྱབ་པ་ན།རང་རིགས་འདི་སྔར་བཞིན་རྨོངས་མུན་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང།དེའི་དོན་དུ་ཁོ་བོས་ཀྱང་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོའི་གོ་རྟོགས་དེ་སད་ན་སྙམ་ཡང་།ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན།ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་གིས་མཆོད་སྦྱིན་བྱས་ཏེ་དུང་བརྡ་གསལ་བོ་ཞིག་བསྒྲགས་པ་ཙམ་མོ།།༽ཞེས་པར་མཇལ་ན།ཁོང་གིས་དངོས་ཡོད་འཚོ་བར་གདོང་གཏོད་མ་ཕོད་པ་ནི་རྦད་དེ་མིན་པར།འཚོ་གནས་ཀྱི་ཕྱིར་དུ་རང་སྲོག་གཅོད་པ་ནི་སྙིང་སྟོབས་ཤིག་ཡིན་པའི་གནས་ལུགས་མཐོང་སོང་བས་རེད།
འདི་དག་དང་བསྡུར་ན་གོང་གི་གྲོགས་པོ་དེས་རང་སྲོག་བཅད་པ་ནི་ཨེན་ཙམ་དོགས་པ་ཟ་དགོས་པ་ཞིག་རེད་དེ།གང་ལྟར་དཔྱད་གཞིའི་རྒྱུ་ཆ་སྐོར་ཞིག་ལས་དབྱེ་ཞིབ་བྱས་པ་ལྟར་ན།༼དེ་དག་རེ་རེ་བཞིན་བཤད་མ་བདེ་བས་དགོངས་དག༽ཁོས་ནི་མི་སྒེར་གི་དོན་དག་ག་གེ་མོ་ཞིག་གི་སྡུག་བསྔལ་མ་ཐེག་པར་རང་སྲོག་བཅད་པ་ཙམ་ལས།བཤད་ཟིན་པའི་སྐུ་ཞབས་དོན་གྲུབ་རྒྱལ་དང་རྔ་བའི་གྲྭ་བ་དེ་ནང་བཞིན་འཚོ་བའི་ཆེད་དུ་རང་སྲོག་བཅད་པ་ནི་མ་རེད།འདི་ལྟར་བལྟས་འོང་ན་རང་ཉིད་ལ་ཡང་ལན་རེར་སྔངས་འདར་ཞིག་བརྒྱབ་འོང་།དེ་ཡང་ད་ལྟའི་དབར་དུ་འདི་ལྟར་བཤད་ཀྱང་མང་བོ་ཞིག་གིས་གོ་བ་མ་ལོན་པས།ད་དུང་མུ་མཐུད་དུ་འདི་ལྟར་བཤད་ན་འདི་ཡང་གནད་དོན་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག་གྲང་།ལྷག་པར་དུ།བོད་འདི་ཉིད་མིང་ལེན་པར་ཤིན་ཏུ་དགའ་བོ་ཡོད་ཚོད་རེད་དེ།ཅུང་ཙམ་གྱིས་སྔ་འདང་ཕྱི་འདང་མི་རྒྱག་པར་ཤར་སེ་རྒྱུགས་འགྲོ་བ་ཞིག་རེད་པས།ནམ་ཞིག་གི་ཚེ་ན།ན་གཞོན་མང་བོ་ཞིག་གིས་མགོ་རྔ་མེད་པར་རང་སྲོག་བཅད་འོང་དུས།དེ་ནི་ངས་བྲིས་པའི་རྩོམ་ཡིག་གི་ངལ་རྩོལ་རིན་ཐང་ཆུ་ལ་བསྐུར་བ་མ་ཡིན་ནམ།
དེ་བས།རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་གི་ངལ་རྩོལ་རིན་ཐང་ཆུ་ལ་མི་བསྐུར་བ་དང་།ན་གཞོན་གྲོགས་པོ་མང་བོ་ཞིག་གི་ཚེ་སྲོག་ལ་རྩིས་མཐོང་བྱེད་ཆེད།འདི་ལྟར་གོ་བདེ་མོ་ཞིག་གསལ་འབྱེད་བྱས་པ་ཡིན་ཏེ།གོང་གི་གྲོགས་པོ་དེའི་ཀུ་རེ་ལ་རིན་ཐང་ཡོད་དོན་ཡང་དེ་ཉིད་ཡིན།
དྲན་འཛིན་དུ་འདི་འདྲ་ཞིག་འདུག་སྟེ།རང་དབང་གི་ཆེད་དུ་ཞེས་པའི་གློག་བརྙན་ཞིག་གི་ནང་དུ།གྲོག་བརྙན་གྱི་མི་སྣ་གཙོ་བོ་དེས་རང་དབང་གི་ཆེད་དུ་རང་སྲོག་ཕངས་མེད་དུ་སྦྱིན་ཞིང་།འཆི་ཁར་ཡང་རང་དབང་ཞེས་འབོད་སྐད་སྒྲོག་བཞིན་བུད་སོང་བ་རེད།དེ་བཞིན་དུ་ང་ཚོས་ཀྱང་དེ་ལྟར་བྱ་འོས་པར་མཐོང་སྟེ།འཚོ་བའི་ཆེད་དུ་རང་སྲོག་འདོར་དགོས་ཤིང་།རང་སྲོག་འདོར་བ་དེ་ཡང་སྙིང་སྟོབས་ཤིག་ཡིན་པ་ངོས་ཟིན་དགོས་པར་སྙམ།མ་གཏོགས་ཤི་བའི་ཕྱིར་དུ་རང་སྲོག་གཅོད་པ་ནི་ཏག་ཏག་སྐྱོ་གར་སྙིང་སྟོབས་ཀྱིས་དབུལ་བའི་སྡར་མིའི་རང་གཤིས་ཁོ་ན་ཉིད་རེད།
འདི་ལྟར་བཤད་ན་མང་བོ་ཞིག་གིས་ཁྱོད་ཀྱིས་འཚོ་བའི་ཆེད་དུ་རང་སྲོག་མི་འདོར་དོན་ག་རེ་ཡིན་ནམ་ཟེར་ཡང་སྲོད་མོད།དོན་ལ་དེ་དག་གིས་ནི་ངས་བཤད་ཀྱིན་པའི་གནད་དོན་གཞར་ཡང་ཧ་མ་གོ་བས་ཡིན།ངས་འཚོ་བའི་ཆེད་དུ་ཚང་མས་རང་སྲོག་འདོར་དགོས་ཟེར་གྱིན་མེད་པར།རང་སྲོག་འདོར་བ་ཡང་འཚོ་སྟངས་ཤིག་རེད་ཟེར་གྱིན་ཡོད།འཚོ་བ་ལ་རིགས་གཉིས་ཡོད་པར་འདོད་དེ།འཚོ་བའི་ཕྱིར་དུ་འཚོ་བ་དང་།འཚོ་བའི་ཕྱིར་དུ་རང་སྲོག་འདོར་བ་གཉིས་རེད།རྗེས་མ་ནི་ཁོ་བོས་རྟག་ཏུ་བཤད་ཀྱིན་པའི་རང་དབང་གི་ཁོངས་སུ་འདུ་ཞིང་།བདག་གི་བསམ་ཚོད་ལྟར་ན་དེ་ནི་མཐར་ཐུག་གི་རང་དབང་ཞིག་རེད་སྙམ་གྱིན་ཡོད།
མང་བོ་ཞིག་བཤད་དགོས་མི་འདུག་སྟེ།འུ་ཅག་གིས་རང་སྲོག་འདོར་བ་ནི་འཚོ་བའི་ཆེད་དུ་ཡིན་པ་མ་ཤེས་པ་ནི་མདོར་དེ་ན་འུ་ཅག་གིས་འཚོ་བ་ཞེས་པ་ནི་ཅི་ཞིག་ཡིན་པ་གོ་མ་སོང་བས་རེད།གསལ་བོར་བཤད་ན་འུ་ཅག་ནི་འཚོ་སྡོད་ཙམ་གྱི་ངོ་བོར་ཡོད་པ་ལས་འཚོ་གནས་ཀྱི་ངོ་བོར་གནས་ཐུབ་ཀྱིན་མེད།འཚོ་སྡོད་དང་འཚོ་གནས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ།གཅིག་ནི་འཇིག་རྟེན་སྟེང་དུ་ཡོད་ཀྱང་འཚོ་བའི་དོན་སྙིང་ཤེས་ཀྱིན་མེད་པ་དང་།འཇིག་རྟེན་ནི་སྡུག་བསྔལ་འབའ་ཞིག་ཏུ་མཐོང་བས་འདོར་བྱར་ལྟ་བ་རེད།གཅིག་གིས་ནི་འཚོ་བ་དེ་བདེ་སྐྱིད་ཅིག་ཏུ་ངོས་འཛིན་གནང་ཞིང་།མི་རུ་སྐྱེས་པའི་དོན་གོ་ཡང་འཚོ་བའི་སྟེང་དུ་ཡོད་པར་སྙམ་པ་ཡིན།བར་སྐབས་འདི་ནས་གསལ་འདེབས་བྱ་རྒྱུ་ཞིག་ལ།རང་སྲོག་གཅོད་པ་ནི་འཚོ་གནས་ཀྱི་ཆེད་དུ་ཡིན་པ་ལས་འཚོ་སྡོད་ཀྱི་ཆེད་དུ་མིན་ནོ།།
དེ་ན་གཏན་ཚིགས་ཤིན་ཏུ་སླ་སྟེ།གྲོགས་པོ་ཁོ་དང་ཁོ་ལྟ་བུ་དག་ལ་འཚོ་གནས་ཀྱི་སྙིང་སྟོབས་རྦད་དེ་མེད་པར་མ་ཟད།དེ་དག་གིས་ནི་འཚོ་གནས་ཞེས་པའི་སྙིང་བོ་ཡེ་ནས་མ་ལོན་པ་ཡིན་པར་སྙམ།གལ་ཏེ་ཁོ་རང་ཚོས་འཇིག་རྟེན་ནི་མ་གཞི་ནས་འདི་ལྟ་བུའི་འགལ་བ་ལྟག་སྤྲོད་ཀྱི་ཕུང་བོ་ཞིག་ཡིན་པ་ཤེས་ཤིང།འཚོ་བ་ནི་འགལ་བ་དེ་དག་གི་ཕ་རོལ་དུ་ཡོད་པའི་རིན་ཐང་ཞིག་ཡིན་པ་ཤེས་པའི་དབང་དུ་བཏང་ཚེ།གྲོགས་པོ་འདིས་ཀྱང་རང་སྲོག་འདོར་དགོས་ཡེ་ནས་མི་འདུག་གོ །ད་ལྟ་འདི་ལྟར་ལབ་ན་ཤིན་ཏུ་ནས་འོས་འཚམ་ཞིག་མ་རེད་མོད།སྔོན་ནས་བཤད་པ་བཞིན།གནས་ལུགས་ནི་གཏན་ཚུགས་ཀྱི་ཕ་རོལ་དུ་འདུག་པས།གནས་ལུགས་ཀྱི་མདུན་ནས་གཏན་ཚིགས་འདིའི་རིགས་ལ་རྒྱབ་འགལ་མི་བྱེད་ཐུ་མེད་རེད།དེ་ཡང་འདི་ལྟར་བཤད་དོན་ནི་གྲོགས་པོ་ཁོ་ལ་དཔྱད་འཇོག་བྱེད་པ་ཁྱོན་ནས་མིན་པར།འཚོ་གནས་དང་འཚོ་སྡོད་ལ་དབྱེ་འབྱེད་མི་ཤེས་ཤིང་།སྐྱོ་གར་དང་སྐྱོ་གར་སྙིང་སྟོབས་ལ་ངེས་ཟིན་མ་རྙེད་པའི་གྲོགས་པོ་དག་ལ་བསམ་བློ་བརྗེ་རེས་ཐེངས་ཤིག་བྱས་པ་ཡིན།དེ་ལས་ཀྱང་གསལ་བོར་བཤད་འདོད་པ་ཞིག་ལ།མི་ནི་སྐྱོ་གར་གྱི་ཁྲོད་དུ་གནས་པ་ཡིན་ཞིང་།སྐྱོ་གར་གྱི་ཆེད་དུ་གསོན་པ་ཡང་ཡིན་པས།སྐྱོ་གར་ནི་མིའི་འཚོ་གནས་དང་འབྲལ་ཐབས་མེད་པ་ཞིག་ཀྱང་རེད་སྙམ།

ཉིས་སྟོང་དགུ་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་གྱི་དགོང་མོའི་ཆུ་ཚོད་གསུམ་པའི་སྟེང་ནུབ་བྱང་མི་རིགས་སློབ་ཆེན་དུ་སྦྱར་བའོ། །


 

 

སློབ་གསོ་ནི་མི་གསོད་སྤྱད་ཅིག་ཡིན་པ་འདྲ།

ཁ་བ་སྙིང་ལྕགས།

ང་རང་སློབ་གྲྭ་འདིར་ཐོན་ནས་ལོ་ངོ་གཅིག་དང་ཕྱེད་ཀ་ཙམ་མ་གཏོགས་འགོར་མེད་ནའང་།སློབ་མས་རང་སྲོག་བཅད་པའི་དོན་རྐྱེན་ཐེངས་གསུམ་ལ་བྱུང་བ་རེད།གཅིག་ནི་ང་རང་སློབ་གྲྭའི་སྒོ་ཐེམ་ལ་སྤོས་མ་ཐག་པའི་སྐབས་དེར།མཐར་ཕྱིན་ལ་ཉེ་བའི་སློབ་གྲོགས་ཤིག་ལྔ་ཐོག་ལས་མཆོངས་ཏེ་ལྕེབས་པ་དང་།ཡང་གཅིག་ནི་བུ་མོ་ཞིག་ཡིན་ལ།ཐིག་བརྒྱད་ལོའི་ལོ་མཇུག་དེར་མཚོ་སྔོན་པོའི་ནང་དུ་མཆོངས་ནས་ཤི་སོང་བ་རེད།ད་ནི་བོད་ཡིག་སྡེ་ཁག་གི་མཐར་ཕྱིན་ལ་ཉེ་བའི་སློབ་གྲོགས་ཤིག་གིས་ཀྱང་རང་སྲོག་བཅད་སོང་བ་རེད།
སྤྱིར་རང་སྲོག་གཅོད་པ་ནི་དེ་འདྲའི་ཡ་མཚར་དགོས་པའི་དོན་དག་གསར་བ་གང་ཡང་མིན་ལ།གནའ་ནས་བཟུང་རང་སྲོག་གཅོད་པའི་རིག་གནས་ནི་འཛམ་གླིང་ཤར་ནུབ་གང་ལ་ཡང་དར་ཡོད་ཚོད་འདུག དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་ན་ཙི་ཏང་གི་འགོ་ཁྲིད་པ་མང་ཆེ་བས་ཀྱང་ཆེས་མཐའ་མར་རང་སྲོག་བཅད་སོང་བ་འདི་ལས།དེ་ནི་མ་གཞི་ནས་རྒྱུན་ལྡན་དུ་བརྩིས་ཆོག་པའི་སྣང་ཚུལ་གྱི་རིགས་སུ་འདུག་མོད་ཀྱི།མི་བུ་ཡར་སློང་བའམ་མི་བུ་གསོ་སྐྱོང་བྱ་སའི་ཁོར་ཡུག་ཅིག་ཏུ་འང་འདི་ལྟའི་དོན་རྐྱེན་བྱུང་ན།ད་ནི་ཅི་ནས་ཀྱང་རྒྱུན་ལྡན་དུ་བརྩི་ཐབས་བྲལ་བའི་སྣང་ཚུལ་གྱི་རིགས་སུ་གྱུར་འདུག་གོ
ངས་རྒྱུན་དུ་སློབ་གྲོགས་དག་གི་གདོང་ནས་སྤྱི་ཚོགས་ལ་ཞུགས་འདོད་མེད་པའི་རྣམ་འགྱུར་ཞིག་མཐོང་གིན་འདུག་ལ།དེ་ནི་ད་ལྟའི་སློབ་གསོའི་ཁོར་ཡུག་བྱིངས་ན་ཡོད་པའི་རྣམ་འགྱུར་ཞིག་ཡིན་པ་འདྲ།དེ་འང་མཐར་དེད་ན་རྒྱུ་རྐྱེན་གཉིས་ཙམ་འདུག་སྟེ།གཅིག་ནི་དྭངས་གཙང་དང་གཞུང་དྲང་གི་མི་བུ་རང་ཉིད་ལ་སྤྱི་ཚོགས་ཀྱི་འབག་བཙོག་གིས་གཡོག་འགྲོ་བར་སྐྲག་པ་དང་།གཞན་དེ་ནི་སྤྱི་ཚོགས་ཀྱི་བརྡབ་གསིག་གི་ཁྲོད་དུ་ལྷུང་དུས་རང་ཉིད་ལ་ངོམ་དུ་རི་བའི་ནུས་པ་ཅི་ཡང་མེད་པ་ཧ་གོ་བས་རེད།གང་ལྟར་ཡང་།དེ་ནི་སློབ་གསོ་གཏོང་མཁན་དང་སློབ་གསོ་མྱོང་མཁན་སུ་ལ་མཚོན་ན་ཡང་།ཕམ་ཁ་རྨ་མེད་པ་ཞིག་རེད།
གོང་གི་རང་སྲོག་བཅད་པའི་སློབ་གྲོགས་དེ་དག་གི་བྱ་སྤྱོད་དེ་ལ་འང་།ཕྱི་ནས་བལྟས་ན་ཕོ་མོའི་བརྩེ་དུངས་ཀྱིས་བསླངས་པའི་ནག་ཉེས་ཤིག་ཡིན་པ་ལྟར་དུ་སྣང་མོད་ཀྱི།བསམ་གཞིག་གནད་དུ་ཐིངས་པ་གཏོང་མཁན་ཞིག་ཡིན་ཚེ།ཕོ་མོའི་བརྩེ་དུངས་ནི་མེ་རྟ་ཙམ་དུ་ཟད་ཀྱི།རྩ་བའི་འགལ་རྐྱེན་ནི་སློབ་གསོའི་ལམ་ལུགས་ཀྱི་གོལ་ཉེས་ཡིན་པ་ཧ་གསལ་བོ་གོ་གི་རེད།སློབ་གྲོགས་དེ་དག་སུ་ལ་མཚོན་ན་ཡང་།སློབ་སྦྱོང་ངམ་རྒྱུགས་འབྲས་ཧ་ཅང་ཞན་པོ་འདུག་ལ།སློབ་གྲྭའི་མཐར་ཕྱིན་དཔང་ཡིག་མི་སྟེར་བའི་ཡིག་ཆ་བཟོས་ཡོད་པ་ཤ་སྟག་རེད།སྤྱིར་ན་དེ་ནི་སློབ་མར་འབོད་སྐུལ་གཏོང་བྱེད་ཀྱི་ཐབས་ལམ་ཞིག་ཏུ་བྱེད་མོད།མཐའ་མར་ཚེ་སྲོག་ཀྱང་བློས་ནས་གཏོང་བའི་གདམས་ཀ་བྱུང་བ་འདི་ནི་ཡང་བསྐྱར་བསམ་གཞིག་གཏོང་དགོས་པའི་གནད་དུ་འདུག་སྟེ།ང་ཚོས་འབོད་སྐུལ་གཏོང་བྱེད་ཀྱི་ཐབས་ལམ་འདིས་དོན་ངོ་མར་སུ་ཞིག་བོས་པ་ཡིན་ནམ།ལར་འཆི་བདག་འབོད་པ་ནི་གཏན་ནས་མི་སྲིད་དོ།
གོ་ཐོས་ཤིག་ལ།ནུབ་ཕྱོགས་པས་སློབ་མ་དང་བུ་ཕྲུག་གི་དགའ་ཕྱོགས་གཙོ་བོར་འཛིན་ཞིང་།སློབ་གསོ་མྱོང་མཁན་གང་དེའི་སྤྲོ་སྣང་གང་དེར་ཚད་མཐོན་པོའི་བརྩི་བཀུར་བྱེད་པ་རེད་ཟེར།ཡང་ན་མི་བུ་གང་ཞིག་ལ་ཐུན་མོང་མ་ཡིན་པའི་འཇོན་ནུས་ཡོད་ཚེ།སྤྱི་ཚོགས་ཀྱིས་གང་མྱུར་སྒོས་མི་དེའི་འཇོན་ནུས་སྔོག་འདོན་ནམ་ངོམ་སོ་བྱེད་སའི་ཁོར་ཡུག་བསྐྲུན་ཡོང་ཟེར།མཐོང་ཐོས་ཤིག་ལ།ང་ཚོའི་ཁོར་ཡུག་དུ་མི་བུ་སྒེར་གྱི་ཕུགས་བསམ་དང་དགའ་ཕྱོགས་དེ་སྤྱི་ཚོགས་ཀྱི་ཕུགས་བསམ་དང་དགའ་ཕྱོགས་ལ་གཞི་མཐུན་དགོས་ཤིང་།སློབ་གསོའི་དམིགས་ཡུལ་ནི་མི་བུ་ཞིག་མི་བུ་རུ་ཡར་སློང་རྒྱུ་དེ་མ་ཡིན་པར།མི་བུ་ཞིག་སྤྱི་ཚོགས་ལ་མཁོ་བའི་འཕྲུལ་ཆས་ཤིག་ཏུ་བསྒྱུར་རྒྱུ་དེ་རེད།ལར་ཀྲུང་གོ་བར་མི་མང་བས།ད་ནི་འཕྲུལ་ཆས་སྟོབས་ཆེན་ཞིག་ཆགས་རྒྱུ་ནི་གོར་མ་ཆག
ཡང་གོ་ཐོས་ཤིག་ལ།ད་ལྟ་སློབ་འབྲིང་སློབ་མ་དག་གིས་ཀྱང་ཚ་ཚ་འུར་འུར་ངང་སྤྱི་ཚོགས་ལ་ཞུགས་རྒྱུའི་སྟ་གོན་བྱེད་ཀྱིན་འདུག་ཟེར།གོ་རྟོགས་སད་སྔ་བའི་མི་བུ་དེ་དག་གིས།ཤེས་བྱ་དཔེ་ཆའི་སྟེང་ན་མེད་པ་ཧ་གོ་གི་འདུག་ཟེར།མི་དང་མིའི་དབར་དུ་འབྲེལ་བ་འཛུགས་རྒྱུ་དེ་གལ་ཆེན་ཡིན་པ་ཤེས་ཀྱིན་འདུག་ཟེར།ཇི་ལྟར་གཉའ་སྒུར་སྒུར་དང་ངོ་གཉེར་གཉེར་བྱེད་པའི་མེས་པོའི་སྲོལ་བཟང་དེ་འཛིན་སྐྱོང་ལེགས་པོ་བྱེད་དགོས་པ་ཤེས་ཀྱིན་འདུག་ཟེར།ཡང་མཐོང་ཐོས་ཤིག་ལ།སློབ་ཆེན་པའི་སློབ་དཔོན་ཆེན་མོ་དག་གིས།མི་བུ་ཞིག་གི་མི་ཚེ་དོན་སྙིང་ག་རེ་ཡིན་ཚུལ་གྱི་དོན་ཆུང་དག་ཕར་ལ་བཞག་ནས།ཅི་ལྟར་བྱས་ན་སྤྱི་ཚོགས་ཀྱི་ཁྲོད་ནས་ཁ་རོག་གེར་ཁུ་སིམ་མེར་འཚོ་བ་རོལ་ཐུབ་པའི་མན་ངག་གནང་གིན་འདུག་ཟེར།ཡུན་རིང་བཀྲེས་སྐོམ་གྱིས་མནར་བའི་སློབ་བུ་དག་གིས་སྐོམ་པའི་ཆུ་འདོད་དུ་ཉམས་སུ་ལེན་བཞིན་འདུག་གོ་ཟེར།སྐབས་འདིར་ཐོན་དུས།ངའི་སེམས་པར།སློབ་མ་འདི་དག་ཀྱང་རྗེ་མི་ལ་བཞིན་སངས་རྒྱས་མི་འགྲོ་འམ་སྙམ།
གློག་བརྙན་ཞིག་ལས་༼བདེན་ལུགས་ནི་ཁ་ནས་བཤད་དེ་གཞན་ལ་ཉན་དུ་འཇུག་པ་ཞིག་ལས།སེམས་ལ་བསམ་དེ་ལག་ནས་འགྲུབ་དུ་དགོས་པ་ཞིག་གར་ཡང་མ་ཡིན་༽ཞེས་བརྗོད་པ་ཇི་བཞིན་དུ།ད་ལྟའི་སློབ་གསོ་འང་ཉིན་དཀར་གྱི་ལྷ་བཅའ་ཚུལ་དང་མཚན་གུང་གི་འདྲེ་བྱེད་ཚུལ་གྱི་གཞུང་ལུགས་ཙམ་དུ་ཟད་པས་ན།ལྷ་འདྲེའི་ཁོར་ཡུག་འདི་ནས་ཆེས་སྤྱིར་བཏང་གི་མི་ཙམ་བྱེད་ན་འདོད་པའི་མི་བུ་དག་གིས།རེ་རེ་བཞིན་རང་སྲོག་བཅད་འགྲོ་བ་འང་ཁག་མེད་ཡོག་མེད་རེད་བསམ་གི་ཡོད།གུ་ཡངས་བཏང་ན་ཆོག་བསམ་གི་ཡོད།
09ལོའི་སྤྱི་ཟླ་11པའི་ཚེས24ཉིན།
༼གསལ་བཤད། བརྩམས་ཆོས་འདི་དྲ་ངོས་གཞན་པར་བརྒྱུད་འགོད་བྱས་མི་ཆོག༽

10 Professional Athletes with a Fashion Line
PORNO Place chopped herbs in a small mixing bowl and blend thoroughly

Can you wear a knit tie to a job interview
Prom Dresses It really intriguing watching it play out and the episode

The Secret Behind Crocs' Success
VIDEOS PORNO James Bond ultra masculine

15 Things To Watch This Week 3
Free Games was recently discovered and

off orders placed between June 2nd
Kostenlose Pornos von For this one

Actresses and Directors in Great Classic Movies and Films
PORNO FRANCAIS We are OK

Handling inbound calls from mailing campaigns
PORNO XXX Kohl's renovated 100 stores during 2011

Dressing Up Barbie and Knowing a Few Dressing Tips yourself
Filme Porno For an instant slimming effect
བསྟོད།15

抱歉,评论已关闭!