བརྡ་སྦྱོར་ཡི་གེ

ཚེ་རིང་མཁར།
གཏམ་རྒྱུད་འདི་ནི་རྟོག་བཟོ་ཁོ་ན་ཡིན་ཏེ། གལ་ཏེ་འཚོ་བ་དངོས་སུ་འདི་དང་འདི་འདྲའི་བྱ་བ་དང་མཐུན་པ་ཡོད་ན། མ་བསྒྲིགས་རང་འགྲིག་ཡིན་པས། དེང་ཕྱིན་དེ་འདྲ་མི་འབྱུང་བའི་སྨོན་ལམ་ཡང་ཡང་འདེབས།

རྩོམ་པ་པོའི་གཏམ།

“ཨ་རོག དྲུང་ཡིག་རྡོ་རྗེ་གང་ན་ཡོད།”རྒད་པོ་སྐལ་ཁོས་དེ་ལྟར་དྲིས་པ་ན། “ཅི་རེད། ཁྱོད་ལ་བྱ་བ་ཅི་ཞིག་ཡོད།”ཡུལ་ཚོའི་དྲུང་ཡིག་རྡོ་རྗེས་མགོ་བོའང་ཡར་མི་འགྱོག་ པར་དེ་ལྟར་ལན་བཏབ།

རྒད་པོ་སྐལ་ཁོས“འོ་ལེ། ང་ལ་ཁོ་བཙལ་དོན་ཞིག་ཡོད”ཟེར།

དེ་ནས་རྡོ་རྗེས་ད་གཟོད་སྒུར་ཏེ་ཚགས་པར་ལྟ་བཞིན་པའི་མགོ་བོ་ཡར་བཀྱགས་ཏེ་ སྒོ་ཁ་ན་ལངས་འདུག་པའི་རྒན་པོ་སྐལ་ཁོར་ཞིབ་ལྟ་ཞིག་བྱས་ཤིང་། ལག་གི་ཚགས་པར་དེ་ཕར་སློག་ཚུར་སློག་འགའ་བྱས་ནས་མདུན་ཅོག་གི་གྲུ་ག་ཞིག་ཏུ་ བཞག་པ་དང་། ཁུག་མ་ལས་ཐ་མག་རྐང་གཅིག་བླངས་ནས་མེ་བསྒོས་ཏེ་རྔུབ་འཐེན་འགའ་བྱས། དེ་ནས་ཡང་ལག་ཟུང་ཁུ་ཚུར་དུ་བཅངས་ནས་གླལ་སྒྱིང་ཞིག་བྱས་ཤིང་། ལག་ཟུང་གི་མཛུབ་གུས་གདོང་ལ་ཁེབས་འདུག་པའི་སྐྲ་ལོ་རྗེས་སུ་ཤད་ཤད་འགའ་བྱེད་ ཞོར་དུ“ཡ། ནང་ལ་ཤོག་ཅེས་འདོད་ལ་མི་འདོད་པའི་ཚུལ་གྱིས་བཤད།

རྒད་པོ་སྐལ་ཁོ་ནང་དུ་སོང་ནས་འདུག་སྟེགས་རིང་མོ་ཞིག་ཡོད་པ་དེའི་སྣེ་ཞིག་ཏུ་ལུས་ཀུམ་ཀུམ་བྱས་ནས་བསྡད།
རྡོ་རྗེས་ལག་གཉིས་ཀྱིས་མིག་ཟུང་ལ་འཕུར་འཕུར་འགའ་བྱས་ཤིང་སླར་ཡང་གླལ་སྒྱིང་ ཞིག་བྱས་ནས་ཤེལ་ཕོར་ལག་ཏུ་བཟུང་སྟེ་མགོ་བོ་གཡས་གཡོན་དུ་གཡུག་ཙམ་བྱེད་པ་དང་ ཤེལ་ཕོར་གྱི་ཁའི་ཇ་རོ་དག་ལ་ཕུ་བཏབ་ནས་ཧུབ་གང་འཐུངས་རྗེས“ཁྱོད་སྡེ་བ་གང་གི་ ཡིན”ཅེས་དྲིས་པར། “ང་ཐང་ནག་གི་ཡིན། ངའི་བུས་དོ་ཚིགས་སློབ་གྲྭ་ཆེན་མོར་རྒྱུགས་སྤྲད་པ་ཡིན། ང་ཚོའི་སྡེ་བའི་རྒྱུགས་སྤྲོད་མཁན་གཞན་རྣམས་ལ་བརྡ་སྦྱོར་འབྱོར་སོང་། ཡིན་ནའང་ངའི་བུར་ད་རུང་བརྡ་སྦྱོར་མ་འབྱོར་པས། ཁྱོད་ལ་དཀའ་ལས་ཤིག་གཏད་དགོས་བྱུང་། ”རྒན་པོ་སྐལ་ཁོས་གུས་གུས་ཞུམ་ཞུམ་གྱིས་བཤད། “རྒྱུགས་སྤྲོད་མཁན་མང་བས། རྒྱུགས་འཕྲོད་མཁན་ལ་བརྡ་སྦྱོར་ལོས་ཡོང་། རྒྱུགས་མ་འཕྲོད་ན་བརྡ་སྦྱོར་ཇི་ལྟར་འོང་། ”རྡོ་རྗེས་རོལ་མོ་འཁྲོལ་བཞིན་པའི་ཚུལ་གྱིས་མཛུབ་གུས་མདུན་ཅོག་སྟེང་དུ་རྡུང་ ཞོར་དེ་ལྟར་བཤད། “འོ་ལེ། དེ་འདྲ་རེད་མོད། ”རྒད་པོ་སྐལ་ཁོ་ཅུང་འཚུབ་ནས“ཁོ་ལས་སྐར་མ་དམའ་བ་རྣམས་ལའང་བརྡ་སྦྱོར་བསླེབས་ ཟིན་པས། ཉིན་འདི་དག་གི་རིང་ལ་བུས་ང་ལ་ལས་དེད་ནས་འདུག་གི་མི་འཇུག་པས། ད་ནངས་ང་སློབ་གྲྭར་སོང་ནས་དྲིས་པ་ན། དགེ་རྒན་ཚོས་ཁྱོད་ཀྱི་མདུན་དུ་སོང་ཟེར་བས་ང་ད་གཟོད་ཡོང་བ་ཡིན”ཅེས་བཤད།

“ཁྱོད་ཀྱི་བུའི་རྒྱུགས་འབྲས་ཀྱི་སྐར་གྲངས་ག་འདྲ་རེད། ”

“དཀོན་མཆོག་གསུམ་པོའི་དྲིན་ལ། སྐར་མ་བཞི་བརྒྱ་ལྔ་བཅུ་ང་དྲུག་རེད། ”“མིང་ལ་ཅི་ཟེར། ”

“ངའི་མིང་ལ་སྐལ་ཁོ་ཟེར། ”

“ངས་ཁྱོད་ཀྱི་བུའི་མིང་འདྲི་བ་ལས་ཁྱོད་ཀྱི་མིང་དྲིས་པ་མིན། ”རྡོ་རྗེས་རྒད་པོ་སྐལ་ཁོའི་བཤད་མཚམས་བཅད་ནས་དེ་ལྟར་ལབ་པ་ན།

རྒད་པོ་སྐལ་ཁོས“འོ། འོ། འོ། ང་ཅི་འདྲའི་རྒད་པོ་ཧོན་ལོག་ཅིག་རེད་དམ། བུའི་མིང་ལ་ཚེ་རིང་བཀྲ་ཤིས་ཟེར། ལོ་བཅུ་བདུན་ཏག་ཏག་ཡིན”ཅེས་བཤད། རྡོ་རྗེས་ཅུང་ཙམ་ལ་འདང་བརྒྱབ་རྗེས། འཐེན་སྒམ་ལས་ཡིག་ཤུབས་གསུམ་ཕྱི་ལ་བླངས་ཏེ་རེ་རེ་བཞིན་ཞིབ་ལྟ་བྱེད་པ་དང་། ཡིག་ཤུབས་གསུམ་པ་མཐོང་མ་ཐག་ཏུ་ཅུང་ཡ་མཚན་སྐྱེས་སོང་བ་ལྟར་བྱས་བྱུང་། དེ་ནས་མིག་ཟུར་གྱིས་རྒད་པོ་སྐལ་ཁོར་ལྐོག་ལྟ་ཞིག་བྱས་ནས“བརྡ་སྦྱོར་ད་རུང་ ཐོན་མི་འདུག རྒྱུགས་གྲངས་དེ་འདྲ་མཐོ་བས། ངའི་ལྟ་ཚུལ་ཡིན་ན་ཕལ་ཆེར་གནད་དོན་མེད་འདོད་མོད། ཡིན་ནའང་ད་ལྟའི་བྱ་བ་ནི་ཅི་འདྲ་ཞིག་ཡིན་པ་བཤད་དཀའ་མོ་རེད། ལྷག་པར་སློབ་གྲྭར་འགྲོ་བ་དེ་དག་ལ་ཉོག་འཛིངས་ལྷག་ཏུ་ཆེ་བ་རེད། གནད་དོན་དེ་ནི་ང་ཚོ་ས་ཆ་ཁོ་ན་མིན་པར་རྒྱལ་ཡོངས་སུ་ཁྱབ་ཆེ་བའི་གནད་དོན་ཞིག་ ཏུ་གྱུར་འདུག དེས་ན་གནས་སྐབས་སུ་ཁྱོད་ཕྱིར་སོང་དང་། ངས་དེ་རིང་ཕྱི་དྲོ་རྫོང་སློབ་གསོ་ཅུས་ལ་གློག་སྐད་ལས་ཁྱོད་ཀྱི་བུའི་གནས་ཚུལ་ ཡར་ཞུ་བྱས་ཏེ་འདྲི་གཅོད་གསལ་བོ་ཞིག་བྱ་ཆོག གང་ལྟར་ཀྱང་བྱ་བ་དེའི་རིགས་ནི་སྒྲུབ་དཀའ་མོ་ཞིག་ཡིན་ཁོ་ཐག་རེད། ”ཁོས་ལག་གི་དུ་སྣེ་དེ་ཐང་ལ་གཡུགས་ནས“གང་ལྟར་ཀྱང་ཁྱོད་ཀྱི་བུའི་དོན་དག་འདིར་ ངས་རང་ཚོད་ཀྱིས་རོགས་གང་ཐུབ་བྱེད། རང་རེའི་ཡུལ་ཚོ་ནས་སློབ་གྲྭ་ཆེན་མོར་འགྲོ་ཐུབ་མཁན་མང་ན་ང་ཚོ་ཚང་མའི་ལ་རྒྱ་ ཡིན། ང་རང་ཉིད་ལ་མཚོན་ནའང་། བྱ་བ་དེའི་སྟེང་དུ་འབད་པ་བྱས་ནས་རོགས་བྱེད་དགོས་པའི་འགན་འཁུར་ཡོད”ཟེར།

“ཚེ་རིང་ལོ་བརྒྱ། དཀོན་མཆོག་གསུམ་པོས་མཁྱེན། དྲིན་ཆེན་ཁྱོད་ཀྱིས་རོགས་ཤིག་བྱས་ཏེ་ངའི་བུ་སློབ་གྲྭར་འགྲོ་ཐུབ་ན་སྒོར་ མོའི་འགྲོ་སྒོ་གཏོང་བ་ཕར་ཞོག ང་ལོ་དྲུག་ཅུའི་རྒད་པོས་ཁྱོད་ལ་ཕྱག་བཙལ་ཀྱང་ཆོག”རྒད་པོ་སྐལ་ཁོས་ཐལ་ལྕག་གིས་ བྲང་ཁར་གཞུ་ཞོར་དུ་བཤད་པ་དང་། མིག་ཟུང་ལས་མཆི་མའི་ཐིགས་པ་འགའ་ཡང་གྲིལ་བྱུང་། དེ་ནས་མུ་མཐུད་དུ“དྲུང་ཡིག་དྲིན་ཆེན་པོ། གལ་ཏེ་ངའི་བུ་སློབ་གྲྭ་ཆེན་མོར་འགྲོ་ཐུབ་ན་འགྲོ་སྒོའི་ཕྱོགས་ལ་ཁྱོད་ཀྱིས་ སེམས་ཁུར་བྱེད་མི་དགོས། ང་རྒད་པོར་ཤོད་དང་ཆོག འགྲོ་སྒོ་ག་ཚོད་གཏོང་དགོས་རུང་ང་རྒད་པོས་གཏང་ཆོག གལ་ཏེ་འབྲེལ་ཡོད་མགོ་ཁྲིད་དག་ལ་སྒོར་མོའི་རྫོངས་པ་སྟེར་མ་བདེ་ན་ངའི་ཡུལ་ན་ ལུག་བཅུ་ཁ་རེ་ཡོད། དེས་ད་རུང་མ་ཆོག་ན། ངའི་ཡུལ་གྱི་དངོས་པོ་ཡོད་ཚད་བཙོངས་ཆོག དེ་རིང་ངས་སྒོར་མོ་མང་བོ་བཟུང་མེད་པས། ལག་ན་སྒོར་ཉིས་བརྒྱ་ལས་མེད། འདི་ཁྱོད་ཀྱིས་གནས་སྐབས་སུ་གང་མཁོར་བཀོལ་ཆོག་བྱོས། ང་མྱུར་དུ་ཕྱིར་སོང་ནས་ད་རུང་གྲ་སྒྲིག་བྱ་ཆོག”ཅེས་འཆད་ཞོར་དུ་རུམ་ནས་སྒོར་ ཉིས་བརྒྱ་བླངས་ནས་རྡོ་རྗེ་ལ་སྤྲད།

དྲུང་ཡིག་རྡོ་རྗེས་རྒད་པོ་སྐལ་ཁོའི་རྣམ་འགྱུར་དེ་དག་མཐོང་རྗེས། རང་གི་རྣམ་འགྱུར་ཀྱང་སྔར་ལས་ཇེ་བཟང་དང་སྐད་ཆའང་ཇེ་འཇམ་དུ་བཏང་ནས། ཅུང་ཙམ་དགོད་ཞོར་དུ་འདུག་སྟེགས་ལས་ཡར་ལངས་ཏེ“ཨ་ཁུ་སྐལ་ཁོ་ལགས། ཁྱོད་སྡོད་དང་། ཁྱོད་ཀྱི་བུའི་དོན་དག་དེར་ངེད་གཉིས་ཀྱིས་དལ་མོར་གྲོས་བྱས་ཆོག”རྡོ་རྗེས་སླར་ ཡང་ཐ་མག་རྐང་གཅིག་ལ་མེ་བསྒོས་རྗེས“ཁྱོད་ཀྱི་སེམས་པ་ནི་ངས་ཀྱང་ཤེས་མོད། ཡིན་ནའང་། བྱ་བ་དེའི་སྟེང་དུ་ཁྱོད་ཀྱིས་འགྲོ་སྒོ་དེ་འདྲ་གཏང་མི་དགོས། ངའི་སློབ་གྲོགས་ཤིག་རྫོང་སློབ་གསོ་ཅུས་ན་ཡོད་པས། ཅི་འདྲ་བྱེད་དགོས་པ་ངས་བཀོད་སྒྲིག་བྱེད། གང་ལྟར་ཀྱང་ཁྱོད་ཀྱི་བུ་སློབ་གྲྭར་འགྲོ་བའི་བྱ་བ་དེ་ངས་ཁས་བླངས་ཏེ་རང་གི་ བྱ་བ་ལྟར་བསྒྲུབ་ངེས”ཞེས་བཤད་དེ་ཇ་ཕོར་ལག་ཏུ་བཟུང་ནས་ཧུབ་རྒན་ཞིག་བྱས་རྗེས། ད་རུང་ཅི་ཞིག་བཤད་གྲབས་ཡོད་མོད། འོན་ཀྱང་། རྐྱེན་གཞན་ག་འདྲ་ཞིག་གི་དབང་གིས་ཁ་ལ་ཐོན་པའི་སྐད་ཆ་དེ་ཕྱིར་མིད་བྱུང་།

རྒད་པོ་སྐལ་ཁོས་རྡོ་རྗེའི་སྐད་ཆ་དེ་དག་ཐོས་མ་ཐག་ཏུ་འདུག་སྟེགས་ལས་ཡར་ལངས་ ཤིང་ལག་གི་ཕྲེང་བ་རུམ་ལ་བཅུག་སྟེ་ལག་ཟུང་ཐལ་མོ་སྦྱོར་བ་དང་མིག་མཐར་མཆི་མ་ འཁོར་ནས“དྲིན་ཆེན་པོ། ང་རྒད་པོ་དེ་རིང་བྱང་ཆུབ་སེམས་དཔའ་དངོས་དང་ཕྲད་བྱུང”ཞེས་བཤད་པ་དང་། ཕུ་རུང་གིས་མཆི་མ་འབྱིད་བཞིན་དུ་ལྷག་བསམ་ཟོལ་མེད་ཀྱིས“དྲིན་ཆེན་པོ། སྒོར་མོའམ་དངོས་པོ་ཅི་ཞིག་མཁོ་ན་ཁྱོད་ཀྱིས་དྲང་མོར་བཤད་ཆོག དེའི་སྟེང་ནས་ང་རྒད་པོས་སེར་སྣ་ཞིག་བྱེད་ན་དཀོན་མཆོག་གསུམ”ཞེས་ཟེར།

སྐབས་དེར་རྡོ་རྗེས་དཔྲལ་བ་གཉེར་གཉེར་བྱས་ཤིང་གློ་བུར་འདུག་སྟེགས་ལས་ཡར་ལངས་ ནས་ཅུང་ཁྲོས་པའི་ཚུལ་གྱིས“ཁྱོད་ཀྱིས་ཅི་ཞིག་འཆད་ཀྱིན་འདུག ང་ལ་དངོས་པོའམ་སྒོར་མོ་ཅི་ཡང་མི་དགོས། ང་རྡོ་རྗེའང་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པར་མ་ཟད། ཏང་ནང་དུ་ཞུགས་ནས་ཀྱང་ལོ་བཅུ་ལྷག་འགོར་སོང་། ལོ་ཉི་ཤུ་ལྷག་གི་རིང་ལ། ངས་མང་ཚོགས་ཀྱི་བྱ་བ་མང་མང་བསྒྲུབས་མྱོང་མོད། ཡིན་ནའང་། ངས་མང་ཚོགས་ཀྱི་ལག་ནས་སྐར་མ་གང་ཡང་བླངས་མ་མྱོང”ཟེར། རྒད་པོ་སྐལ་ཁོས། ཡ། ད་མ་འགྲིག དོན་དག་ཚང་མ་ངས་བརླགས་སོང་སྙམ་ནས་“དྲིན་ཆེན་པོ། ཁྱོད་ཐུགས་རྒྱལ་བཞེང་མི་ཉན། ང་རྒད་པོར་རིག་གནས་མེད་པར་མ་ཟད། ཚེ་གང་བོར་ལུང་ཀྱོག་འདི་ནས་བསྡད་པ་ལས་ཕྱིའི་འཇིག་རྟེན་གྱི་ལྟད་མོ་གཅིག་ཀྱང་ མཐོང་མ་མྱོང་། ད་ལྟ་ལོ་དྲུག་ཅུར་བསླེབས་ཡོད་རུང་། ད་རུང་ལོ་གསུམ་བྱིས་པ་ཇི་བཞིན་སྐད་བརྡའང་མི་འཕྲོད་པ་ཞིག་རེད། ང་འཆུགས་སོང་། ཁྱོད་ངོ་མ་ཐུགས་རྒྱལ་བཞེང་མི་ཉན”ཞེས་བཤད་པ་དང་མིག་ཟུང་དྲུང་ཡིག་རྡོ་རྗེ་ལ་ ཅེར་ཞིང་། སེམས་མི་བདེ་ལུ་གུ་ལྡིང་ལྡིང་བྱས་ནས་རྡོ་རྗེས་ཅི་བཤད་ལ་བསྒུགས་འདུག

སྐབས་དེར་དྲུང་ཡིག་རྡོ་རྗེ་དང་རྒད་པོ་སྐལ་ཁོ་གཉིས་ཁོ་ན་ལས་མེད་པའི་འཇིག་རྟེན་ཆུང་ཆུང་དེ་ནི་ལྷིང་ཞིང་འཇགས་པར་གྱུར།

“ཡ། འདི་ལྟར་བྱ། ”རྡོ་རྗེས་ཐོག་མར་ཁ་གྲགས་ནས“ཉིན་གསུམ་གྱི་རྗེས་སུ་ཁྱོད་འདིར་ཤོག་དང་། གལ་ཏེ་གནས་ཚུལ་ཚབས་ཆེན་འདྲ་ཡོད་ན་ང་རང་ཉིད་ཡིན་རུང་དངོས་སུ་རྫོང་སློབ་གསོ་ ཅུས་ནང་སོང་ནས་བྱ་བ་འགྲུབ་ཅི་ཐུབ་བྱེད། དྲང་མོར་བཤད་ན། བྱིས་པ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་ནི་ང་ཚོ་འབྲོག་པ་མང་ཚོགས་ལ་མཚོན་ན་ ལས་སླ་མོ་ཞིག་ག་ལ་ཡིན། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཁྱོད་ཀྱི་བུ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ན་ང་ཚོ་ཡུལ་ཚོར་མཚོན་ནའང་གཟི་ བརྗིད་ཅིག་རེད”ཟེར།

རྒད་པོ་སྐལ་ཁོ་ནི་དགའ་སྤྲོས་ཁེངས་ཏེ་ཅི་བྱེད་འདི་བྱེད་མེད་པར་གྱུར། སྐབས་དེར། རྒད་པོ་སྐལ་ཁོའི་སེམས་སུ་སྨྲ་མི་ཤེས་པའི་སྐད་ཆ་མང་བོ་ཞིག་ཡོད་མོད། ཡང་ད་ཅི་ནང་བཞིན་རྡོ་རྗེས་ཉན་མི་འདོད་པའི་སྐད་ཆ་ག་གེ་མོ་ཞིག་ཁ་ནས་ཤོར་ན། རང་གི་བྱ་བར་གནོད་པ་ཡོད་པར་དོགས་ནས་བརྒྱ་བཤད་སྟོང་བཤད་ཀྱི་སྐད་ཆ་ཚང་མ“དྲིན་ ཆེན་པོ། ཐུགས་རྗེ་ཆེ། ཚེ་རིང་ལོ་བརྒྱ”ཡི་ནང་དུ་བསྡུས་ཏེ་བཤད་ཅིང་། ལུས་སྒུར་སྒུར་བྱས་ནས་སྒོར་བུད་སོང་། རྒད་པོ་སྐལ་ཁོའི་ད་ཅིའི་སྒོར་ཉིས་བརྒྱ་ད་རུང་རྡོ་རྗེའི་མདུན་ཅོག་གི་སྟེང་ དུ་བཞག་འདུག་པ་དང་། སྦྲང་ནག་མཐེ་བོང་གི་ཆེ་ཆུང་ཙམ་ཞིག་སྒེའུ་ཁུང་ལས་ནང་དུ་འཛུལ་ཡོང་ནས་ཡོ་ འཁྱོག་མེད་པར་ཐད་ཀར་སྒོར་མོའི་སྟེང་དུ་བབས་ནས་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ འདུག སྐབས་དེར་འུར་སྒྲ་ཞིག་དང་མཉམ་དུ་རླངས་འཁོར་ཞིག་ཡུལ་ཚོའི་ལྷས་རར་བསླེབས་ བྱུང་བས། རྡོ་རྗེས་མྱུར་དུ་མདུན་ཅོག་སྟེང་གི་སྒོར་མོ་ཉིས་བརྒྱ་དེ་འཐེན་སྒམ་དུ་བསྡུས་ པ་དང་། དེའི་ཞོར་དུ་ད་ཅིའི་བརྡ་སྦྱོར་ཡི་གེ་དེ་གསུམ་པོར་སླར་ཡང་ཞིབ་ལྟ་ཞིག་བྱས་པ་ ན། ཚེ་རིང་བཀྲ་ཤིས་ཞེས་བྲིས་འདུག་པའི་གསོ་རིག་སློབ་གླིང་གི་བརྡ་སྦྱོར་ཡི་གེ་ དེ་ནི་སྔར་ལས་ཡིད་འཕྲོག་པ་ཞིག་ཏུ་གྱུར།
“པེ་ཅིན”རྟགས་ཅན་གྱི་འཇེབ་འཁོར་ལས་ཡུལ་ཚོའི་ཡུལ་གཙོ་དང་ཡུལ་ཚོའི་ལས་བྱེད་པ་ འགའ་མར་བབས་ཤིང་ཚིག་འབྲུ་མི་གསལ་བའི་གླུ་དབྱངས་ལྡ་ལྡིར་ཞིག་ལེན་ཞོར་དུ་ཡུལ་ གཙོའི་མལ་ཁང་གི་ཕྱོགས་སུ་སོང་བ་དང་། དྲུང་ཡིག་རྡོ་རྗེའང་དེ་ཚོའི་རྗེས་འབྲངས་ནས་སོང་།
ཉིན་གསུམ་པའི་སྔ་དྲོའི་དུས་ཚོད་བཅུ་པ་ཡས་མས་སུ། རྒད་པོ་སྐལ་ཁོ་ནི་སེམས་ལ་རེ་སྨོན་གྱིས་ཁེངས་ཏེ་དུས་ལྟར་ཡུལ་ཚོའི་སྲིད་གཞུང་ དུ་བསླེབས་པ་ན། ཡུལ་ཚོ་སྲིད་གཞུང་གི་ར་སྐོར་དུ་མི་གཅིག་ཀྱང་མེད་པར་ལྷིང་འཇགས་སེར་འདུག་མ་ གཞིར་སྲིད་གཞུང་གི་ལས་བྱེད་པ་ཚང་མ་ད་རུང་རང་ཉིད་ཁོ་ནར་གཏོགས་པའི་རྨི་ལམ་ གྱི་ཞིང་ཁམས་ན། རང་ཉིད་གཅིག་པུས་མ་གཏོགས་སུས་ཀྱང་འདང་མི་འཕོག་ལ་འཕོག་དོན་ཡང་མེད་པའི་སྐྱིད་ དམ་སྡུག་གི་འཚོ་བར་རོལ་གྱིན་འདུག་པ་འདྲ། རྒད་པོ་སྐལ་ཁོ་ནི་ཐད་ཀར་དྲུང་ཡིག་རྡོ་རྗེའི་མལ་ཁང་གི་ཕྱོགས་སུ་སོང་བ་ན། དྲུང་ཡིག་རྡོ་རྗེའི་མལ་ཁང་གི་སྒོ་ཅུང་ཙམ་ཕྱེ་འདུག རྒད་པོ་སྐལ་ཁོའི་སེམས་ལ་གློ་བུར་སྤྲོ་སྣང་ཞིག་དང་འཚུབ་ཆ་ཞིག་མཉམ་དུ་སྐྱེས་ ནའང་། ཁོས་སེམས་ལྷོད་པོར་བྱེད་ཅི་ཐུབ་བྱས་ཤིང་ཅུང་སྔངས་སྐྲག་གི་ཚུལ་གྱིས་དྲུང་ ཡིག་གི་སྒོ་ཡང་མོར་བརྡུངས་ཚེ། ནང་ནས་འཐད་མི་འཐད་ཀྱི་སྐད་ཅིག་གིས“སུ་ཡིན་ནམ། ཤོག”ཅེས་བཤད་བྱུང་།

རྒད་པོ་སྐལ་ཁོས་སྒོ་ཕྱེ་ཞིང་གདོང་འཛུམ་དམུལ་དམུལ་དང་གཉའ་སྒུར་སྒུར་ གྱིས་ནང་དུ་འཛུལ་ནས“དྲུང་ཡིག་ལགས། ང་ཡིན་ཡ། ཁྱེད་ལགས་ལ་….ང་བྱིས་པས་སློབ་གྲྭར.“ཞེས་བཤད་སྐབས། དྲུང་ཡིག་རྡོ་རྗེས་རྒད་པོ་སྐལ་ཁོའི་སྐད་ཆའི་བཤད་མཚམས་བཅད་དེ་ཅུང་གཟབ་གཟབ་ ཀྱིས“འོ་ལེ། ཁྱོད་ཡོང་བ་ཧ་ཅང་ལེགས། ཁྱོད་ཀྱི་བྱིས་པའི་དོན་དག་དེ་ད་རུང་མགོ་རྔ་ཅི་ཡང་མེད་པས། ང་ཡང་བློ་སེམས་མི་བདེ་བར་གྱུར། ངས་འདང་བརྒྱབ་ནའང་གང་ཞིག་ནས་གནད་དོན་བྱུང་སོང་འདོད། དེའི་རྐྱེན་གྱིས་ང་དེ་རིང་གཟས་ནས་རྫོང་སློབ་གསོ་ཅུས་ལ་ཁྱོད་ཀྱི་བྱིས་པའི་ ཆེད་དུ་འགྲོ་གྲབས་ཡོད”ཅེས་བཤད་པ་དང་། ལག་མི་ཁོམ་པར་ཡིག་ཆ་སྐོར་ཞིག་ཉར་ཚགས་བྱེད་ཀྱིན་འདུག

རྒད་པོ་སྐལ་ཁོས་དེ་མ་ཐག་རུམ་ནས་ཆང་དམ་བེ་དོ་བླངས་ནས་དྲུང་ཡིག་གི་མདུན་ ཅོག་སྟེང་དུ་བཞག་པ་དང་། གཉའ་སྒུར་སྒུར་བྱས་ནས་སྐད་ཆ་སྙན་མོ་མང་བོ་མང་བོ་ཞིག་བརྗོད་མགོ་བརྩམས།

སྐབས་དེར་སྲིད་གཞུང་གི་ར་སྐོར་ནས“རྡོ་རྗེ། གྲ་སྒྲིག་བྱས་ནས་ཚགས་ཡོད་དམ། ད་འགྲོ་རན་སོང”ཞེས་སྐད་བརྒྱབ་བྱུང་།

དྲུང་ཡིག་རྡོ་རྗེས་ཅུང་འཚུབ་པའི་ངང་ནས་“ཡུལ་གཙོ་ལགས། གྲ་སྒྲིག་བྱས་ནས་ཚགས་ཡོད། ད་ལམ་ལ་ཆས་ན་ཆོག”ཅེས་བཤད་པ་དང་། དེ་ནས་ཡང་རྒད་པོ་སྐལ་ཁོར“ཡ་ད་འདི་རུ་ཁྱོད་ལ་དོན་དག་ཅི་ཡང་མེད། སྟབས་འགྲིག་པ་ཞིག་ལ་དེ་རིང་ཡུལ་གཙོ་ཡང་རྫོང་ཐོག་ལ་འགྲོ་བཞིན་ཡོད་པས། ང་ཁོའི་རླངས་འཁོར་ལ་བསྡད་ནས་སོང་ཆོག ཁྱོད་ཉིན་གསུམ་གྱི་རྗེས་སུ་སླར་ཡང་འདིར་ཤོག་དང་། དོན་དག་ངོ་མ་ག་འདྲ་ཞིག་ཡིན་པ་དེ་དུས་གསལ་བོར་ཤེས་ཐུབ་ངེས”ཞེས་བཤད་པ་དང་། དེ་ནས་ཡང་ཅུང་ཙམ་འདང་ཞིག་བརྒྱབ་ནས“ཡ་ཨ་རོགས། ང་ལའང་དོན་དག་ཆུང་ཆུང་ཞིག་ཡོད་པས། ད་ལྟ་སྒྲུབ་ཁོམ་མི་འདུག ཁྱོད་ལ་བཅོལ་དགོས་པ་འདྲ”ཞེས་བཤད་པ་ན།

རྒད་པོ་སྐལ་ཁོས་རྨ་བྱས་འབྲུག་སྒྲ་ཐོས་པ་ཇི་བཞིན“དྲུང་ཡིག་ལགས། ཁྱེད་ལ་བཀའ་འབེབ་རྒྱུ་ཅི་ཞིག་ཡོད་ན་ཕོབས་དང་། ང་རྒད་པོས་སྒྲུབ་ཐུབ་པ་ཞིག་ཡིན་ན་བཤད་རྒྱུ་གཏམ་རྒྱུ་ཅི་ཡང་མེད”ཟེར།

དྲུང་ཡིག་རྡོ་རྗེས“ཉིན་འགའི་རྗེས་སུ་ངའི་ཡུལ་ན་རིམ་གྲོ་ཞིག་བསྒྲུབ་ རྒྱུ་ཡོད། ངའི་ཕ་ཡུལ་ནི་རོང་ས་ཡིན་པ་ཁྱོད་ལའང་གསལ། ཁྱོད་ཀྱིས་ང་ལ་རོགས་བྱེད་དགོས་པ་ནི། ཁྱོད་ཚོའི་ས་ནས་ཤ་ཁོག་གསུམ་འདྲ་ཞིག་བཀོད་པ་འཐེན་དགོས་པ་དེ་རེད། རིན་གོང་ག་འདྲ་ཡིན་པ་ཁྱོད་སྐྲག་མི་དགོས། ང་ཕྱིར་ཡོང་བའི་རྗེས་སུ་ཇི་མ་ཇི་བཞིན་འཕྲོད་དུ་འཇུག”ཅེས་བཤད།

སྐབས་དེར་ཡུལ་གཙོས་ར་སྐོར་ནས“རྡོ་རྗེ་ད་ལམ་ལ་ཆས། དེ་མིན་ཚོགས་འདུའི་རྗེས་སུ་ལུས་རྒྱུ་རེད”ཅེས་སླར་ཡང་སྐད་གསང་མཐོན་པོས་བོས་ བྱུང་བས། དྲུང་ཡིག་རྡོ་རྗེས“ལགས་སོ”ཟེར་བ་དང་། དེ་ནས་ཡང་རྒད་པོ་སྐལ་ཁོར་འཁོར་ནས་ངག་འཇམ་པོས“ངེད་ཀྱི་བྱ་བ་དེ་ཁྱོད་ལ་བཅོལ་ པ་ཡིན། ཁྱོད་ཀྱི་བྱིས་པའི་དོན་དག་ལ་སྐྲག་མི་དགོས། ང་རྡོ་རྗེ་ཟེར་བ་ལ་དེ་ཙམ་གྱི་བཀོད་པ་ཞིག་ཅི་ལ་མེད། ཡ། ད་དེ་བྱོས། ངའང་མྱུར་དུ་ལམ་ལ་ཆས་དགོས”ཞེས་བཤད་དེ་ལམ་ལ་ཆས་གྲབས་བྱེད་པ་དང་། རྒད་པོ་སྐལ་ཁོའང་དེ་དང་མཉམ་དུ་དྲུང་ཡིག་གཞུང་སྒྲུབ་ཁང་ནས་སྒོར་བུད།

དྲུང་ཡིག་རྡོ་རྗེ་ནི་ཡུལ་གཙོ་དང་མཉམ་དུ་རྫོང་ཐོག་ལ་སོང་བའི་རྗེས་སུ། རྒད་པོ་སྐལ་ཁོ་ཡང་དགའ་སྤྲོའི་ངང་ནས་རང་ཡུལ་དུ་འགྲོ་བའི་ལམ་ལ་ཆས།

མཚན་མོ་དེར། བཟའ་མི་གང་བོས་ནུབ་འཚལ་འཐུང་བའི་སྐབས་སུ། རྒད་པོ་སྐལ་ཁོས་དེ་རིང་རང་ཉིད་ཡུལ་ཚོ་སྲིད་གཞུང་དུ་སོང་བ་དང་། དྲུང་ཡིག་རྡོ་རྗེ་དང་ཐུག་ཚུལ། དྲུང་ཡིག་རྡོ་རྗེ་ནི་རང་ཚང་གི་བྱིས་པའི་དོན་དུ་གཟས་ནས་རྫོང་ཐོག་ཏུ་སོང་ཚུལ། དྲུང་ཡིག་གིས་རང་ལ་བྱ་བ་ཅི་འདྲ་ཞིག་བཅོལ་ཡོད་ཚུལ་སོགས་ཇི་མ་ཇི་བཞིན་དུ་བཤད།

རྒད་པོ་སྐལ་ཁོའི་བཟའ་ཟླ་སྟེ་ཨ་ཡེ་སྒྲོལ་བྷེས་“ཨོཾ་མ་ཎི་པདྨེ་ཧཱུཾ། སྙིང་རྗེ། དཀོན་མཆོག་གསུམ་པོས་མཁྱེན། ཅི་འདྲའི་མི་བཟང་བོ་ཞིག”ཅེས་མཚམས་མི་འཇོག་པར་ཡང་ཡང་བཤད་པ་དང་། བུ་ཚེ་རིང་བཀྲ་ཤིས་ཀྱིས་བཟང་ངན་ཅི་ཡང་མི་བཤད་པར་མགོ་སྒུར་ནས་ནུབ་འཚལ་འཐུང་ གིན་འདུག

“ངོ་མ་མི་བཟང་བོ་ཞིག་རེད། ད་ཐེངས་སྤྱན་རས་གཟིགས་གསོན་པོ་ཞིག་ལ་ཕྲད་བྱུང་བ་འདྲ། ”རྒད་པོ་སྐལ་ཁོས་ཀྱང་ཨ་ཡེ་སྒྲོལ་བྷེའི་ཚིག་རྔ་སྐྱོང་རོགས་བྱས།

བུ་ཚེ་རིང་བཀྲ་ཤིས་ཀྱིས་སྔར་བཞིན་མགོ་སྒུར་ནས་ནུབ་འཚལ་འཐུང་གིན་འདུག

རྒད་པོ་སྐལ་ཁོས“ཡ། ཚེ་བྷོ། མྱུར་དུ་ཐུངས། དེའི་འཕྲོར་ཁྱོད་ཀྱིས་ང་ལ་ལས་རོགས་བྱེད་དགོས”ཞེས་བཤད།
ཕྱི་ཉིན་སྔ་མོ། རྒད་པོ་སྐལ་ཁོ་དང་བུ་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་ཤ་ཁོག་གསུམ་དང་བཅས་དངོས་པོ་ སྐོར་ཞིག་རང་སྡེའི་ཁྱིམ་ཚང་གཞན་ཞིག་གི་ལག་སྐྱོར་འཁོར་ལོའི་ནང་བཞག་སྟེ་རོང་ ཁུལ་གྱི་ཡུལ་ཚོ་ཞིག་གི་ཕྱོགས་སུ་བསྐྱོད།
དེ་ནས་ཉིན་གསུམ་གྱི་སྔ་དྲོར། རྒད་པོ་སྐལ་ཁོ་སྔ་མོ་ནས་རང་གི་རྟ་རྒན་ལ་བཞོན་ནས་ཡུལ་ཚོ་སྲིད་གཞུང་གི་ཕྱོགས་ སུ་སོང་། དྲོས་ཇ་ཙམ་ལ་ཡུལ་ཚོ་སྲིད་གཞུང་གི་དྲུང་ཡིག་རྡོ་རྗེའི་གཞུང་སྒྲུབ་ཁང་དང་མལ་ ཁང་འདྲེས་མ་ཡིན་པའི་ཁང་མིག་དེའི་ནང་དུ། དྲུང་ཡིག་རྡོ་རྗེ་དང་ཁོའི་ཕ་རྒན། རྒད་པོ་སྐལ་ཁོ་གསུམ་གྱིས་ཡར་མར་གྱི་ཁ་བརྡ་གང་མང་བྱེད་ཀྱིན་འདུག དུས་ཚོད་ཕྱེད་ཙམ་གྱི་རྗེས་སུ། རྒད་པོ་སྐལ་ཁོས་དྲུང་ཡིག་རྡོ་རྗེ་དང་དེའི་ཕ་རྒན་གཉིས་ལ་གུས་གུས་ཞུམ་ཞུམ་ གྱིས་གྱེས་མཚམས་ཞུས་ཤིང་། དགའ་སྤྲོས་ཁེངས་ཏེ་རང་ཡུལ་གྱི་ཕྱོགས་སུ་གོམ་ཁ་བསྒྱུར།

དེ་ནས་ཡང་ཟླ་ཕྱེད་རྗེས་ཀྱི་ཉིན་ཞིག་ལ། རྒད་པོ་སྐལ་ཁོ་དང་བུ་ཚེ་རིང་བཀྲ་ཤིས་གཉིས་སློབ་གྲྭར་ཞུགས་ཆེད་དུས་བཅད་རེས་ གཏོང་རླངས་འཁོར་ལ་བསྡད་དེ་རྫོང་མཁར་དུ་བསྐྱོད་པའི་ལམ་ལ་ཆས་སོ། །

Adidas CLIMACOOL BUTTON LOOP POLO
FIGHTSTATE The condo features all the finer luxuries of home including

Fall Handbag Trends Jimmy Choo handbags from Fall collection
Porno And she said yes

Clothing and Fashion Accessory Advice
Porno and against their elders by dancing crazy

Create Your Own Niche as a Personal
Porn Marketing Strategies for Starting a Fashion Company

Cheaper version of this J Crew tee
Videos porno an open mic night

How to Wear Fashion Fads Over 40
theGadgetPill When the floodgates opened

What Is a Good Dress for a Woman With a Big Belly
Porno at least on the Lovato style radar

6 Ways to Dress yourself Slim
TOKYO POP LINE This shoe was originally designed for sailors

6 Secret Monopolies You Didn't Know Run the World
dontgiveupworld.com renaissance garment and materials connected storage device

The Complexity Of Hs Tariff Classification
PORNO skirts and tops that are flowing and pastel colored

Dropping Inventories Are Good News for Natural Gas Investors
VIDEOS PORNO XXX And it's really comfortable as well

How to Tie a Military Knot
XXX Porno how to be a boy the fashion industry saw

Why Join a Fashion Design Program
Porno XXX Kings and aristocrats

Girl With The Dragon Tattoo
Kostenlose If he wants something

I Think I Got It Right This Time
Jeux Gratuits jessica alba and more famous people from valentino archives dinner party

A Silk Tie Designers Reviews
Pornodingue Keywords worked alright in both

How to Correct Hair Loss in Women
Cool Math Games compared to a 17

Flapper Hat Fashion Design 2
porno Why should I pay for that

Dolce Gabbana stir up trouble with Azealia Banks and the IRS
porno it's had quite a run up from its 52 week low

com introduces you skills of wearing jewelry
Porno the actual does indeed a styles purchaser reach per year so when opening

Executive Desks with unique designer looks
porno First I will show you some photos of the house itself
Wholesale car accessories at ILoveChinaShopping
VIDEO PORNO XXX The Average Salary of Fashion Marketing

12 Interchangeable Celebrities You Probably Get Confused
Bridesmaid Dresses The Doubletree Paradise Valley Resort

8 Tips to be a Chic
VIDEOS PORNO Combine the vegetable oil and olive oil in a measuring cup

Will the Dollar's Rise Continue
Free Games 5 precautions to spot a artificial pair of train shades

bloomers and knickers A Brief History of Ladies Underwear
pornos spider throughout covering 2

All Is Not Doom and Gloom for Tankers
free xxx tee shirt style fine within a deep blue mouse

The 5 Most Excessively Creepy Children's Educational Videos
PORNO XXX Why should we even care

5 Fashion Accessories Tips for Men
Free Porno Wife The use of E mail
བསྟོད།4

抱歉,评论已关闭!