ཨ་རག་བཅད་རྗེས།

མོག་ཆུང་ཕུར་ཁོ།
ཡུལ་གཙོས་“པི་ིཙ(དཀར་ཙེ)གང་བོ་འདི་ལས་འཐུང་ན་དཀོན་མཆོག་གསུམ། འདི་ལས་ལྷག་པ་འཐུངས་ན་ལྷ་གཉན་མཐུ་བོ་ཆེ་དག་གིས་བཀའ་ཆད་ཐོག་ལྟར་བབ་ཀྱང་རང་གིས་ཉོས་པ་ཡིན”ཅེས་ཆང་རྐྱལ་བཅུ་གཅིག་གི་མགོ་ཁྲིད་ནས་ཞབས་དག་བྱས་པ་དང་། དེའི་རྗེས་ཆང་རྐྱལ་གཞན་དག་ཚང་མས་ཀྱང་རེ་རེ་བཞིན་དེ་འདྲའི་མནའ་ཚིག་ཅིག་འབོར་ བཞིན་རེ་རེ་བཞིན“སྒོག་སྒོག”ཏུ་ཞབས་དག་བྱས། དེ་ནི་ཁོ་ཚོས་སྒྲུབ་པའི་ཐུན་མོང་དུ་ཆང་རག་གཅོད་པའི་ཆོ་ག་བསྡུས་མ་ཞིག་ཡིན། དེ་སྔོན་སོ་སོ་རེ་རེས་མངོན་ལྐོག་གང་རུང་ནས་ཆང་གཅོད་ཆོ་ག་དང་མནའ་སྒོག་དཔང་ འཛུགས་དུ་མ་བྱས་ཀྱང་འབྲས་བུ་སྨིན་མ་མྱོང་།
ཆང་རྐྱལ་བཅུ་གཅིག་པོ་དེ་དག་ནི། Tརྫོང་Gཡུལ་ཚོའི་ལས་བྱེད་པ་བཅུ་གཅིག་ཡིན། ཁོ་ཚོ་རེ་རེར་ཆུང་འཐུང་རྟོགས་བརྗོད་རེ་རེ་ཡོད་པ་ལས་འགའ་ཞིག་གིས་ནི་དགུན་གསུམ་ཙག་ངར་ཆེ་དུས་ཆང་འཐུངས་ནས་ཐང་སྟོང་དུ་ཞག་ལ་ལུས་ཏེ་མཛུབ་མོ་ཚང་བར་གྱུར་པ་དང་། འགའ་རེ་ནི་རྟ་ཐོག་ནས་ཟགས་ཏེ་ཀླད་པར་འགྱིག་གི་ལྷན་པ་བརྒྱབ་པ། འགའ་རེས་ར་རོ་བའི་རྗེས་སུ་མགོ་ཁྲོད་དང་ཁ་འཛིང་ལག་འཛིང་བྱས་ནས་གོ་གནས་ཕབ་པའམ་ཏང་གི་སྐྱིད་སྡུག་ལས་ཕུད་པ། འགའ་རེས་འཐུངས་ནས་ནག་མོ་ཤོར་པ་དང་འགའ་རེས་འཐུངས་ནས་ནག་མོ་བསྐྲད་པ། འགའ་རེས་བུ་ལོན་ལེན་ཆེ་བས་དབུལ་པོ་ཆགས་པ། འགའ་རེས་གཉིན་ཉེའི་བར་དུ་སེར་ལྷད་འབྱུང་དུ་བཅུག་པ་སོགས་འཐུངས་པའི་ལག་རྗེས་ རེ་ཞིག་བརྗོད་མི་ལང་། ཁོ་ཚོ་ད་ལྟ་གཉིད་ལས་སད། ས་འོག་གི་ཕུག་ལམ་རིང་མོ་ཞིག་བྲད་ཅིང་བྲུས་ནས་ས་ཐོག་ཏུ་བུད་མ་ཐག་པའི་བྱི་ལོང་སྣ་བརྡོལ་བཞིན་རེ་ཞིག་འཇིག་རྟེན་འདིའི་དཀར་ངོགས་ལ་ཟུམ་ཟུམ་དུ་ལྟ་ཞིང་ འཇིག་རྟེན་འདིའི་ཙར་ཙིར་ལ་ཅོར་ཅོར་དུ་ཉན། འཇིག་རྟེན་འདིས་ཀྱང་ཁོ་ཚོར་ཧད་ཧད་དུ་ལྟ་ཞིང་བཀྱེད་བཀྱེད་ཀྱིས་བྱོལ་ནས་འགྲོ།

རིན་པ་མང་དུ་བྱིན་ཀྱང་མཐར་དྭངས་ཤིང་སད་ནས་འཇིག་རྟེན་འདིའི་ཕ་རོལ་ཏུ་བསླེབས། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱ་ཧཱ། ཆང་རག་གི་རབ་རིབ་དང་། ཡོམ་ཡོམ་ཟུམ་ཟུམ། འཁྱར་འཁྱོར་ཀར་ཀོར། བདེ་བ་དང་སྡུག་བསྔལ། གནོང་འགྱོད་དང་ངོ་ཚ། མནར་གཅོད་དང་ངར་སྤོབས་ཚང་མར་གྱེས་ཕྱག་ཕུལ་ཏེ་འཚོ་བ་གསར་བ་ཞིག་བསྐྱར་དུ་སྐྱེལ་མགོ་བརྩམས། བསྐྱར་དུ་ལས་རྒྱུ་ཤིན་ཏུ་མང་། ཁོ་ཚོ་རེ་ཞིག་གོམས་ཀྱིན་མེད། ཅུང་ཙམ་ལས་མ་འགོར་པར་གཉེན་རྟགས་རྒྱག་མཁན་དང་། གྱོད་བཤད་ཀྱི་མགོ་ཚུགས་

ཁོ་ཚོ་མི་གོམས་པར་མ་ཟད་ཉེ་འཁོར་གྱི་མི་རྣམས་ཀྱང་ཤིན་ཏུ་མི་གོམས། ད་ཆ་ཁ་གཏད་འཇལ་ཧ་ཅང་དཀའ། ཐ་ན་རྫོང་ནང་གི་ལས་བྱེད་པ་རྣམས་དེ་ལས་ཀྱང་མི་གོམས། སྔོན་ཆདGཡུལ་ཚོར་བསླེབས་པ་ན་ཨ་ལགས་ཤིག་གམ་ཨ་ཕ་ཨ་མ་སླེབ་པ་བཞིན་ལས་བྱེད་ཡོད་ཚད་འཛུམ་མིག་ཧྲིག་ཧྲིག་བཟི་མིག་ཟུམ་ཟུམ་གྱིས་བརྒྱུགས་ཡོང་ནས་ལག་འཇུ་བྱས་མ་ཐག། ཆང་རག་དམ་བེ་ཞིག་རང་འཁོར་རྒྱག་ཞོར་དགོད་སྒྲ་དང་བསྟོད་སྒྲ་བཀུར་སྒྲ་སོགས་ཀྱི་དབྱིངས་རུམ་ནས་དཔོན་པོ་རྣམས་དང་ཁམ་བུ་གང་དོ་ཞིག་འཐུང་རྒྱུ་བྱུང་ན་ཤི་ཡང་འགྱོད་པ་མེད་པའི་བཟོ་ལྟ་སྟོན། ཡང་ན་བཟི་མིག་ཟུམ་ཟུམ་གྱིས་ཁུང་སྒོ་ན་ཉི་མར་འདེ་བའི་ཨབ་རྒན་མ་ཞིག་དང་འདྲ་བར་འཇིག་རྟེན་འདིའི་ཆེ་ཆུང་སུ་བསླེབས་ཀྱང་བཟི་འཛུམ་དམིགས་མེད་དུ་འགྱེད། རྨ་བྱ་ནགས་ཀྱི་རྒྱན། མགྲོན་པོ་ཁྱོམ་གྱི་རྒྱན། ཨ་རག་ཁ་ཡི་རྒྱན། དེས་གང་ནས་ཚད་དཔོན་པོ་རྒྱུ་སྐར་དབུས་ན་ཟླ་བ་བཞིན་ཀུན་གྱིས་བསྐོར་ནས་འབྲོག་ པའི་ཁྱིམ་ཁ་སྐོར་ཉུལ་བྱེད་པའམ་རི་དྭགས་བདའ་རུ་སོང་ན་དེ་བས་རྫིག་པོ་ཡོད། དེའི་ཕྱིར་རྫོང་ནང་གི་དཔོན་པོ་རྣམསGཡུལ་ཚོར་ཡོང་རྒྱུར་ཤིན་ཏུ་དགའ། རྫོང་ནང་དུ་སེམས་ཁོང་དུ་ཆུད་པའི་ལས་བྱེད་དཀྱུང་མ་ཞིག་ཡིན་ཀྱང་འདི་གར་བསླེབས་ནས་ཕྱིར་སོང་དུས་བྱ་སྒྲོ་རླུང་གིས་སྤུར་པ་བཞིན་སེམས་འཕང་དགུང་དུ་འཕྱོ་ཞིང་གཟི་ཉམས་ཀྱིས་འཁྱུད་པས་གཉའ་ཆག་ཉམས་སྨད་པའི་རྒྱལ་ལས་ཐར་ནས་ལམ་བཟང་ གི་སྣ་ཟིན་ཏེ་སྲིད་ཀྱི་ཡ་ཐེམ་དུ་བསླེབས་པ་མང་། འོན་ཀྱང་། ད་ལྟ། རྒྱ་མཚོ་སྔོན་མོ་ཆང་ལ་གྱུར་ཀྱང་། ཧུབ་པོ་གང་གི་རེ་བ་མེད། ཁྲི་ཤོར་རྒྱལ་མོ་མཱོ་ཐེ་རུ་གྱུར་པ་དང་རྨ་འབྲི་ཟླ་གསུམ་བུའུ་ལིང་ཡེར་གྱུར་ཀྱང་ཁམ་བུ་གང་འཐུང་མཁན་ཡང་མི་རྙེད། དཔོན་པོ་ཞིག་བསླེབས་པ་ན། དམ་བེ་ཁེར་མ་ཞིག་མདུན་དུ་བཞག ལས་བྱེད་རྣམས་ཀྱིས་རྒྱབ་རྫི་ལྟ་བུར་བར་བར་བཞེས་དང་བཞེས་ཞེས་ལབ་པ་ལས་མི་ཅིག་གིས་ཀྱང་ཁམ་བུ་གང་མི་འཐུང་བས་ཉོབ་པ་ལ་ཨང་། རྫོང་ནང་གི་ལས་བྱེད་རྣམས་ཡོང་ནས་བྱ་བ་འགྲུབ་མ་ཐག་ཕྱིར་མྱུར་དུ་ལོག་འགྲོ་བ་ལས་ཀར་ཀོར་བྱེད་མཁན་གཅིག་ཀྱང་མེད།

དེ་ལྟར་Gཡུལ་ཚོའི་ལས་བྱེད་པས་ཐུན་མོང་དུ་ཆང་རག་བཅད་པའི་གཏམ་དེ་ཁུལ་གྱི་མཐོན་པོ་སྲིད་ཀྱི་ཁྲི་ལ་འགྱིང་བའི་ཁུལ་དཔོན་གཞོན་པ་ཞིག་ཡོད་པ་དེའི་གསེར་སྙན་གྱི་བུ་གར་བསླེབས་ཤིང་དང་པོ་ཁྱོན་ནས་ཡིད་མ་ ཆེས། རྗེས་སུ་མང་དུ་སྨྲ་བ་ན་བདེན་པའི་ཚིག་ཅིག་མེད་མི་སྲིད་ཅེས་ཀུན་གྱིས་ངག་མཐུན་དུ་ཡང་ཡང་གླེང་བར་བརྟེན་ཡིད་ཆེས་པར་གྱུར། ཁུལ་དཔོན་ཁོང་ཡང་དེ་སྔ་ཆང་རྐྱལ་ཞིག་ཡིན་པGཡུལ་ཚོར་ཡོང་ནས་སྔ་གཏམ་ཕྱིས་གླེང་བྱ་རུ་བཞག་ལ། རྗེས་སུ་ཆང་འཐུང་རིན་པོ་ཆེ་ཞེས་སྙན་པར་གྲགས་རྐྱེན་རིམ་གྱིས་མཐོན་པོ་སྲིད་ ཀྱི་ཁྲི་ལ་མངའང་གསོལ། རྗེས་སུ་ཁོང་གིས་ཀྱང་ཆང་རག་བཅད་ནས་འཚོ་བ་གསར་བ་བཟའ་ཟླ་གསར་བ་བསྟེན་པ་བཅས་རྣམ་ཐར་གསར་བ་ཞིག་གི་མགོ་ཚུགས། དེ་སྔ་གཤམ་དུ་ཆང་འཐུང་དོན་སྒྲུབ་ཏུ་བསླེབས་ས་རང་ལ་ཟོལ་མེད་བཀུར་སྟི་བླ་ལྷག་བྱེད་མཁན། ཆང་གི་མཚོ་མོ་སྐྱིལ་མཁན་དང་ཟས་ཀྱི་རི་བོ་རྩིག་མཁནGཡུལ་ཚོའི་མགོ་ཁྲིད་དམངས་དང་བཅས་པའི་བཀའ་དྲིན་དང་བརྩེ་བ་ཡང་ཡང་ཡིད་ལ་འཁོར་ཀྱང་། Gཡུལ་ཚོ་རུ་མ་བཟི་ན་རྐང་བ་གཉིས་པ་མིར་མི་རྩི་བས་དེ་ཕྱོགས་འགྲོ་མ་ཕོད་པར་ལོ་ ངོ་མང་དུ་འདས། ད་ཆ་གཏམ་བཟང་ཡིད་མགུ་བྱེད་དེ་གོ་ནས་Gཡུལ་ཚོ་རུ་གྲོགས་པོ་རྙིང་བ་དང་འཐུང་ རོགས་རྙིང་བ་ལ་བལྟ་རུ་འགྲོ་བར་ཐག་བཅད་ནས་Tརྫོང་དུ་ཁ་པར་ཞིག་བཏང་། ཁ་པར་ལས་བཤད་དོན། “ཚེས་བརྒྱད་ལ་རང་རྫོང་བརྒྱུད་ནས་འགྲོ་དུསGཡུལ་ཚོར་ཞག་མ་གཅིག་འདུག་རྩིས་ཡོད། Gཡུལ་ཚོར་ཁ་པར་མི་འབྱོར་བས་ཁོ་ཚོར་བརྡ་ཞིག་གཏོང་རོགས་ལགས།” Tརྫོང་དཔོན་གྱིས་ཁ་པར་སར་བཞག་པ་དང་མདེའུ་ཁེལ་པ་བཞིན་ཡུད་ཙམ་ཞིག་ངོ་གནག་ནས་ སྐད་ཆ་མ་ཤོད། ཐག་རིང་ཁུལ་གྲོང་ནས་རྫ་འདབས་ཀྱི་འབྲོག་གྲོང་འགོལ་པོ་ཞིག་ཏུ་དཔོན་པོ་ཞིག་ཞག་ སྡོད་བྱེད་ན་མགྲོན་ཁ་ཇ་ཁ་གང་འདྲ་བྱས་ནས་ལེན། འོ་འོ། ལུག་ཚོན་པོ་བཤའ་རྒྱུ་ཡོད། ཆང་ཞིམ་པོ་འཐུང་རྒྱུ་ཡོད། འོ་འོ། ཆང་འཐུང་རོགས་ཡོད་པ་མ་རེད། འབྲོག་པའི་ལུགས་སྲོལ་ལྟར་ན་གཞིས་བདག་གིས་མགྲོན་པོར་འཐུང་རོགས་མ་བྱས་ན་མི་ དགའ་བ་མཚོན་པར་མ་ཟད། ད་དངུ་མར་ཞད་དུ་བཅད་པའི་དོན་ཡང་མངོན་ཆུང་གིས་མཚོན་པས། ལས་བྱེད་སྦྲེ་ཐོ་འདྲ་བ་དག་གིས་ཁུལ་དཔོན་རྒྱ་གླང་འདྲ་བ་ཞིག་ལ་ཆང་མ་བླུད་ན་མ་རབས་ཐ་ཤལ་གྱི་བརླང་སྤྱོད་ལྷང་ལ་བུད་པ་མ་ཡིན་ནས། Tརྫོང་དཔོན་གྱིས་མགོ་བོ་ལག་པས་བསྐྱོར་ནས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡང་ ཐབས་བཀོད་ཅིག་གི་ཟུར་ཙམ་ཡང་མ་དྲན་པས། ཀླད་པ་མྱུར་པའི་ཧྲུའུ་ཅི་Jལགས་ཀྱི་མདུན་དུ་བཀའ་འདྲི་བློ་འདྲི་རུ་སོང་། “དེ་ནི་ལོ་ངོ་གཉིས་ཙམ་གྱི་རིང་ངེད་གཉིས་ལ་ཕྲད་པའི་དཀའ་གནད་ཏིག་ཏིག་དེ་རེད། དེའི་མདུད་རྒྱ་མ་ཁྲོལ་ན་རྣམ་དཔྱོད་ཅན་གྱི་འབྲོག་དམངས་ཀྱི་མདུན་དུ་གདོང་ཇི་ལྟར་སྟོན། ད་དུང་འཕྱ་ལ་དགའ་བ་རྣམས་ཀྱི་ཁ་ཇི་ལྟར་གཅོད། ཨ་ལ་ལ། འདི་དག་ཚང་མ་ཆང་རྐྱལ་ཚོས་བསམ་བཞིན་ང་ཚོའི་མགོ་ལ་བཞག་པའི་ལན་ཆགས་མ་ཡིན་ནམ ”ཞེས་དུ་བ་སྔོ་ཤུར་ཤུར་འཐེན་པ་ལས་དངོས་སུ་སྤྱོད་གོ་ཆོད་པའི་ཐབས་ཤེས་ཤིག་མ་ རེག་པ་ན། ཁོང་གཉིས་ཀྱི་འཁྲིས་ན་རྣ་བ་བླགས་ཏེ་ཉན་ནས་སྡོད་པའིJཧྲུའུ་ཅིའི་བཟའ་ཟླ་ ཡིས་“དཔོན་པོ་ཆེན་པོ་གཉིས་ལགས། མི་རིག་ན་སྒང་ལ་བུད། མི་ཤེས་ན་རྒན་ལ་དྲིས། ཁྱེད་གཉིས་ཀྱིས་བློ་བཟང་ཡིད་ལ་མི་དྲན་ན་གུས་མོས་ཁྱེད་གཉིས་ལ་བློ་ངན་ཞིག་ འབུལ། ཁྲིགས་ཁྲིགས་མེད་ན་ཁྱེད་གཉིས་ཀྱི་ཐུགས་ལ་འབབ་ན་ཐང་”ཞེས་ཀུ་རེ་དང་བཅས་པར་ བཤད།

“ཤོད་དང་། ཤོད་དང་། ཤོད་དང་།”

དཔོན་པོ་གཉིས་ཀར་བྲེལ་ཤ་ལངས། “ངས་བལྟས་ན། Gཡུལ་ཚོའི་ནང་གི་ལས་བྱེད་པ་རྣམས་གནས་སྐབས་ཡུལ་ཚོ་ཁག་གཞན་པ་འགའ་ཞིག་ཏུ་ཁ་གཏོར་ནས་མངག་གཏོང་བྱེད་པ་དང་། དེ་ནས་ཡུལ་ཚོ་ཁག་གཞན་ནས་ཆང་འཐུང་དང་མཛུབ་འཕེན་ལ་མཁས་པ་རྣམས་གདམ་གསེར་ ཀྱིས་Gཡུལ་ཚོ་ལ་སྐོང་འགུག་བྱས་ཏེ། ཁུལ་དཔོན་གྱི་མགྲོན་ཁ་བླངས་ཤིང་མགྲོན་ངོ་བསུས་རྗེས། སོ་སོ་རང་རང་གི་གནས་སུ་ཕྱིར་མངག་པས་འཐུས་ཀྱང་། ཡང་སྙིང་གང་འགབ་རྣམ་པ་གཉིས་ཀྱིས་ལེགས་པར་དཔྱོད།”

“འོ་ན་ཁོ་ཚོའི་ཁྱིམ་ཚང་བཟའ་ཟླ་སོགས་གང་འདྲ་བྱེད་དགོས”

“ཁྱིམ་ཚང་ས་མལ་ས་མལ་རྡོ་མལ་རྡོ་མལ། རང་རང་གནས་སུ་བདེ་བར་ཁོར། དེ་ནི་ཉིན་འགའི་ལས་ཀ་ཡིན་པའི་ཕྱིར། ཡར་དཀྲུག་མར་དཀྲུག་མཚང་དུ་ཆེ།”

“བློ་བཟང་བློ་བཟང་བློ་གྲོས་བཟང་། སྨན་བུ་མོས་བློ་བཟང་དྲན་ནས། སྟག་ཤ་རར་སྟག་སྤུ་ཟུག་སོང་།”གསུམ་པོ་ཚིམས་ནས་གད་མོ་ཡུན་རིང་བགད།

ཕྱི་ཉིན་Tརྫོང་རྩྭ་ཐང་དུ་པེ་ཅིན་འཇེབ་འཁོར་གསུམ་མེ་ལྕེབ་བཞིན་དུ་ཡར་རྒྱུག་མར་རྒྱུག་བྱེད། Gཡུལ་ཚོའི་ལས་བྱེད་རྣམས་ཡུལ་ཚོ་གཞན་པ་འགའ་ཞིག་གི་གསེབ་ཏུ་བཅུག་པ་དང་། ཡུལ་ཚོ་གཞན་པ་ཁ་ཤས་ནས་ལས་བྱེད་བཅུ་ཙམ་ཞིག་Gཡུལ་ཚོ་ཡི་ནང་དུ་མཉམ་འཛོམས་བྱུང་། ལས་བྱེད་དེ་དག་ནི་ཆང་འཐུང་དང་མཛུབས་འཕེན་ལ་ནང་བྱན་ཆུད་པ་ཤ་སྟག་ཡིན་པས་Gཡུལ་ ཚོར་བསླེབ་ལ་ཁད་ནས་བཟུང་སྟ་གོན་གང་ལེགས་བྱས་ཡོད་ལ། བསླེབས་པའི་ཉིན་ནས་བཟུང་གང་བཟང་གང་འཇོན་གྱི་ཡོ་ལང་སྟུག་པོ་དཀྲིགས།

ཉིན་གསུམ་པར་ཁུལ་དཔོན་དུས་བཞིནGཡུལ་ཚོར་ བསླེབས། Jཧྲུའུ་ཅི་དང་Mརྫོང་དཔོན་གཉིས་ཀྱིས་གཙོ་བྱས་པའི་ལས་བྱེད་པས་ལུག་བཤས་ཆང་ཉོས་ ཏེ་ཚགས་སུ་ལེགས་པར་ཚུད་ནས་བསུ་བ་རྒྱ་ཆེན་བྱས། “འདི་ནི་ཡུལ་གཙོ་རེད། འདི་ནི་ཧྲུའུ་ཅི་རེད། འདི་ནི་དྲུང་ཡིག་རེད། འདི་ནི་གསོལ་དཔོན་རེད། འདི་ནི་གཟིམ་དཔོན་རེད”ཅེས་རེ་རེ་བཞིན་ཁུལ་དཔོན་ལ་ངོ་སྤྲོད་བྱས། ལས་བྱེད་དེ་དག་གི་ནང་དུ་ཁོས་ངོ་ཤེས་མཁན་གཅིག་ཀྱང་མི་འདུག་པར་མ་ཟད་འགའ་ཞིག་ ལ་ཆང་དྲི་ཐུལ་ཐུལ་བྲོ་བས། “ལས་བྱེད་པ་ཚང་མས་ཆང་བཅད་སོང་ཞེས་འཆད་ཀྱིན་ཡོད་པ་མ་རེད་དམ”ཞེས་སེམས་སུ་ དོགས་འདྲོག་ཆེན་པོ་ལངས། དེ་ནས་ཁུལ་དཔོན་སྣེ་ལེན་ཁང་དུ་གདན་དྲངས། བཏུང་བ་རྒྱ་མཚོ་བཞེས་པ་རི་རབ་འབྲོག་ཕྱོགས་ཀྱི་ཐུགས་སྤྲོ་རྒྱས་པ་ཞིག་བཤམས་ འདུག བཞུགས་གདན་ལ་འཁོད་མ་ཐག། ལོ་ན་བགྲེས་པ་ཞིག་གིས་ཆང་རག་དངུལ་དཀར་ལྟེམས་ལྟེམས་ཤིག་བཏེགས་ཏེ་ཁུལ་དཔོན་ གྱི་ཞལ་སྒོར་བཅར། དེའི་རྗེས་སུ་གཞོན་ནུ་ཞིག་དང་དེའི་རྗེས་སུ་གཞོན་ནུ་མ་མང་བོ་ཞིག་གིས་ཀྱང་ཆང་རག་དཀར་ཡོལ་འབྲུག་མ་གང་རེ་གང་རེ་བཏེགས་ནས་ཁུལ་དཔོན་གྱི་གསེར་བཞེས་ལ་བསྒུགས། ཁུལ་དཔོན་གྱིས་མ་བཟང་ཐལ་བསམས་ནས་ལས་བྱེད་བགྲེས་པ་དེ་ལ་“ཡུལ་ཚོའི་ནང་གི་ལས་ བྱེད་ཚང་མས་ཆང་བཅད་ཟིན་ཟེར་བ་མ་ཡིན་ནམ”ཞེས་དྲིས།

“སྔོན་ཆད་ཀྱི་ལས་བྱེད་རྙིང་བ་ཚང་མས་ཆང་རག་ བཅད་ཟིན་ཟེར་བ་ནི་བདེན། འོན་ཀྱང་ང་ཚོ་ནི་གསར་དུ་མངགས་ཡོང་བ་ཤ་སྟག་ཡིན་ལགས། རྙིང་བ་མ་སོང་ན། གསར་བ་སླེབ་མི་ཐུབ་ཅེས་ཁྱེད་རྣམ་པས་རྒྱུན་དུ་གསུང་བཞིན་པ་མ་ཡིན། ནམ།”

“འོ་ལེ……”ཁུལ་དཔོན་གྱིས་བྱད་བཞིན་གློ་བུར་ གནག་ནས་གཤེ་གཤེ་ཚིག་འགའ་གཏོང་བསམས་ཀྱང་། ས་དེ་འབྲོག་རྒོད་ཡང་རྒོད་འབྲོག་དམངས་ཁ་རྒོད་ཤ་སྟག་ཅིག་ཡིན་པས། གཞོན་པའི་དུས་སུའང་ཁོ་ཚོའི་ཁ་ཤེད་ཀྱི་དོ་ཟླར་མི་འོང་ན། ད་ལྟ་མཁར་གྲོང་དུ་ཡུན་རིང་བསྡད་པས་ཁ་ལྕེ་འཁོབ་ཏོར་གྱུར་ཟིན་པས་ཁ་ཤེད་ལ་དེ་ བས་འདང་སྲོལ་མི་འདུག གལ་ཏེ་མ་འདང་ན་ཟས་ཞིམ་པོ་ཇ་ཁ་གཅིག་རེད། གཏམ་མི་ཁ་བསྐལ་པ་སྟོང་རེད། དེར་མ་ཟད་མང་ཚོགས་ཀྱིས་གཙོ་བོ་ཞེས་ཡར་འཇོག་དུས་གསོ་སྒྱེ་དྲུད་ནས་མར་མཆོངས། མང་ཚོགས་ཀྱིས་དྲོད་དྲོད་ཚ་ཚར་འཛུམ་གྱིས་བསུ་དུས་མགོ་ལ་ཆུ་འཁྱག་བླུགས་ན་དམངས་ནང་དུ་འཁུ་ལྡོག་གི་ངན་ཤན་གཤགས་པར་བྱེད། དེ་ལས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་འཁུར་གྱི་ཚུལ་དུ་བློ་གྲོས་ཀྱི་ཁོང་རྒྱ་ཡངས་པའི་མང་ཚོགས་དང་གཞི་རིམ་གྱི་ལས་བྱེད་པ་རྣམས་དང་མཉམ་འཐུང་མཉམ་སྤྲོ་ཡོང་ན་མི་ལེགས་སམ་བསམས་ནས་ཆང་དཀར་ཡོལ་གང་པོ་དེ་ཞབས་དགུ་ཏུ་བཞེས། ལས་བྱེད་གཞན་རྣམས་ཀྱིས་ཁོང་གི་རྗེས་འབྲངས་ཏེ་ཞབས་དག་བྱས་པའི་“སྒོ་སྒོག”གི་སྒྲ་དེ་གོ་ན། ད་སོ་མ་ཚོང་གཡག་མང་བོ་ཞིག་ཆུ་ཁར་བསླེབས་པ་དང་འདྲ་བར། དེ་སྔ་རང་ལོ་གཞོན་པའི་སྐབས་ལས་ཀྱང་ཚ་རྔབ་ཆེ་བར་བལྟས་ན་རེ་ཞིག་ཡིད་ལ་སྐྱི་གཡའ་འཇིག་ཡེར་བའི་སྣང་ཚུལ་སྐྱེས་ཀྱང་། ཆར་རག་དྲིན་པོ་ཆེ་ལ་ནུས་མཐུ་འགྲན་ཟླ་བྲལ་པ་ཞིག་ཡོད་པ་ནི། ཆང་དེ་སུའི་ཁོག་པར་ཞུགས་ཏེ་རྩ་ལམ་དུ་རྒྱུ་མ་ཐག་འཇིགས་པ་སྐྲག་པ་ཟེར་བ་དགུ་ རྒྱུད་དུ་ཡང་མི་སྐྱེ་བ་དེ་ཡིན། དེ་བཞིན་ལས་བྱེད་པ་རྣམས་ཀྱིས“སྒོག སྒོག་ ལགས་སོ་ལགས་སོ”ཞེས་འཐུངས་པ་དང་། ཁུལ་དཔོན་གྱི་བག་ལ་ཉལ་བའི་ཆང་གི་བྲོད་པའང་རིམ་པར་སོས་ནས་དཀར་ཡོལ་གང་རེ་གང་ རེ་བཞིན་འབྱོང་འཐུང་བྱས་། སྐབས་དེ་ཤེད་དུJལགས་དང་Mལགས་གཉིས་ཀྱིས་རང་གི་ངལ་བ་ལ་འབྲས་བུ་རྨད་དུ་བྱུང་བ་ གཡུར་དུ་ཟ་བ་སྨིན་པ་མཐོང་ནས་ཕན་ཚུན་ལ་ལྟ་བཞིན་དང་བཞེས་རག་རོལ་བཞིན་ཡོངས་སུ་ མྱོས། བར་སྐབས་ཤིག་ལ་Mལགས་ཀྱིསJལགས་ལ་“བློ་བཟང་མ་གདན་དྲངས་ནས་དེ་རིང་གི་གཟིགས་མོ་ འདི་དངོས་སུ་སྦྱན་བཤེར་བྱས་ན་མོ་རང་ཅི་འདྲའི་དགའ་ཨང་”ཞེས་བློ་བཟང་མ་བསུ་བར་ ལས་བྱེད་ཅིག་གཏང་བསམས་ཀྱང་། དེར་འཁོད་པའི་ཁ་ལོ་པ་རྣམས་ཀྱང་ཆང་རག་གི་ཕོ་རོལ་ཏུ་ཕྱིན་ཚར་འདུག་པས་རང་ཉིད་ འགྲོ་རྒྱུ་བྱས། དེ་ལྟར་ཟང་ཟིང་འུར་འུར་གྱི་འཐབ་མོ་ཆེན་མོ་ཞིག་ཆང་རག་གི་མེ་ལྩེའི་ཀློང་དུ་ དྲག་ནས་དྲག་ཏུ་མཆེད་བཞིན་པའི་སྐབས་སུ། ཁུལ་དཔོན་གློ་བུར་གན་རྐྱལ་དུ་ས་ལ་འགྱེལ་བར་ཆང་འཐུང་མཁན་ཚང་མའི་ནང་གནམ་ལྕགས་ གོང་བུ་ཞིག་ཟགས་པ་དང་མཚུངས།

ཕྱི་ཉིན་Tརྫོང་དུ་གཏམ་ངན་ཞིག་མི་ཁ་བརྒྱུད་ནས་གྲག་བཞིན་ཡོད་པ་སྟེ། ཁུལ་དཔོན་གྱིས་ཆང་རག་རྔམ་འཐུང་བྱས་དྲགས་པས་ནད་རོ་བསྐྱར་འཕར་བྱུང་སྟེ་མྱུར་ སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་སོང་ཟེར།

དེ་ནས་ཉི་མ་འགའ་ཞིག་ལས་མ་ལོན་པརJལགས་དང་Mལགས་ཀྱི་རྣ་བའི་བུ་གར་ཉོག་གཏམ་ཁྱད་མཚར་བ་མང་དུ་གྲག་ཡོང་བ་སྟེ། ལས་བྱེད་པ་རྣམས་གནས་སྐབས་ཙམ་གྱིས་ཕན་ཚུན་བརྗེ་སྤོར་གྱི་མངག་གཏོང་ཡིན་ཀྱང་། རེ་ཞིག་ཙམ་གྱི་མངག་གཏོང་གིས་བཟའ་འདྲེ་གསུམ་ཙམ་ལ་གོ་སྐབས་ཐོབ་པ་དང་། གཉེན་གྱོད་བཞི་ཙམ་གྱི་ཁ་ཕྱེ་བས་ལས་བྱེད་འགའ་ཞིག་ཁྲིམས་ཁང་དུ་བོས། འགའ་ཞིག་སྨན་ཁང་དུ་བསྐྱལ། ཚབས་ཆེ་བ་ཞིག་སྔགས་པ་ཞིག་གིས་ལྕགས་ཐག་གིས་བཀྱིགས་ནས་ཡོད་ཚུལ་སོགས་ཉོག་རྩོད་མང་དུ་བྱུང་བར་མ་ཟད། དེ་ལས་སྡུག་པ་ཞིག་ནི་ཆང་རྐྱལ་རྙིང་བ་འགའ་ཞིག་གིས་སེམས་ནད་བསལ་བའི་ཆེད་དུ་བསྐྱར་འཐུང་བྱས་སོང་སོགས་ས་བཤིག་ཨ་བྲ་དང་སྡེ་བཤིག་ནག་མོ་འདི་དག་གྱོད་ཀྱི་ ཕུང་བོའི་བྱུར་སྣ་འདྲེན་མཁན་རྒྱུ་མ་ཕུ་འདེད་བྱས་ན་Jལགས་ཀྱི་ནག་མོ་ལ་ཐུག་ ཡོད་པས། ནག་མོ་དེའི་ཅོ་ཚལ་རྩད་ནས་འབལ་རྒྱུ་ཡིན་ཅེས་དི་རི་རུ་བྱས་སོང་། དེ་འདྲ་བྱུང་བསJལགས་དང་Mལགས་བློ་བཟང་མ་གསུམ་པོ་སྡོད་བཟོད་བྲལ་བའི་གནས་སུ་ ལྷུང་།

ཉིན་ཞིག་བློ་བཟང་མའི་མ་སྤུན་ཆུང་བ་ཞིག་ཡོད་པ་ཨ་ལྕེ་ཡོད་སར་ཡོང་ནས་མོ་མཐོང་བ་དང་ངུ་ཅོང་བཏོན། ཡང་ཡང་དྲིས་རྗེས་གཞི་ནས་སྒུག་གཏམ་རྣམས་ཛར་ཛར་དུ་བཤད། “ཡོད་ཚད་ཀྱི་ཡོད་ཚད་ཐེངས་དེའི་ལས་བྱེད་བརྗེ་སྤོར་གྱིས་ལན། ང་ལ་གྲོགས་མོ་འབྲོག་མོ་ཞིག་ཡོད་པ་སྐྱེ་འབྲས་མཚར་ལུགས་གཞན་ལས་ལྷག་པར་མ་ཟད། ཁ་དང་རིག་པའང་གཞན་ལས་རྣོ་བས། འབྲོག་པ་མང་བོ་དང་ལས་བྱེད་མང་བོ་ཞིག་གིས་མོ་བདའ་བའི་གྲལ་དུ། མྱིང་བོ་ཁོ་ཡང་བཙངས་ནས་ལས་བྱེད་པའི་ཕོགས་ཙམ་གྱིས་བློ་ཁ་རང་ལ་ཕྱོགས་ཏེ་ཇེ་ ཉེ་ཇེ་ཉེར་འགྲོ་བཞིན་ཡོད་ནའང་། ཐེངས་དེའི་བརྗེ་སྤོར་ལས་བྱེད་ནང་ཕོགས་དང་ཡོན་ཏན་ཁོ་ལས་རབ་ཙམ་གྱིས་མཐོ་བའི་ ལས་བྱེད་གཞོན་ནུ་ཞིག་ཡོད་པ་དེས། སྣེ་ལེན་གྲས་སུ་བསྐངས་པའི་བུ་མོ་དེའི་ཁང་དྲངས་ནས་བློ་ཡོངས་སུ་ལོག་ཚར་པས། ད་ཆ་ང་མཐོང་ནས་སྐེ་འཁྱོགས་ཏེ་གངས་རིའི་ཕྱོགས་སུ་ལྟ་བ་ལས་ཚུར་ང་ལ་མིག་ལྟ་ཙམ་ཡང་མི་བྱ། དང་པོ་མ་མཐོང་ཆོག་པ། གཉིས་པ་མ་འདྲིས་ཆོག་པ། བུ་མོ་དེས་ལས་བྱེད་དེ་མཐོང་མེད་པའི་དབང་དུ་བཏང་ན་བུ་མོ་ང་དང་འབྲལ་མི་སྲིད། ད་ཆ་ང་སྡུག་གི་མུན་པ་རུ་ལྷུང་ཞིང་བུ་མོ་དེ་དྲན་ནས་གཉིད་ཟས་ཀྱང་ཡོངས་སུ་ཆག་པས་སྨྱོ་ལ་ཁད་དུ་གྱུར། དེ་འདྲའི་འབྲས་བུ་ངན་པ་འབྱུང་རྐྱེན་ནི་ལས་བྱེད་བརྗེ་སྤོར་བྱས་པས་ལན་པ་མ་ཡིན་ནམ། ཐེངས་དེའི་ལས་བྱེད་བརྗེ་སྤོར། ལས་བྱེད་གཏོ་སྤོར་དེ་འདྲ་སུ་ཞིག་གིས་དྲན་པ་རེད། ཁྱོད་ནི་རྒྱུན་དུ་དྲན་རྒྱུ་མང་ལ་བཤད་རྒྱུ་ཡང་མང་བ་ཞིག་ཡིན་པས། བུ་མོའི་བློ་སྣ་དགུག་པར་ཁྱོད་ལ་བྱ་ཐབས་ཅི་ཞིག་ཡོད། འེ་…འེ”“འབྲོག་མོ་ཞིག་གི་བློ་སྣ་དགུག་རྒྱུ་དེ་འདྲ་དཀའ་མོ་ཞིག་ཨེ་ཡིན། རྒྱན་ཆ་འགའ་རེ་ཉོས་ནས་བྱིན་ན་མི་འཁོར་ཡོང་མི་སྲིད།”

“ཕ་རོལ་ཕྱོགས་ཀྱི་རྒྱུ་སྟོབས་ང་ལས་ཆེ་བས་རྒྱན་ཆ་ལེགས་པོ་ཞིག་མེད་ན་འགྲན་ཐབས་མི་ཡོང་”“ཕ་རོལ་ཕྱོགས་ཀྱི་རྒྱུ་སྟོབས་བཟང་ཡང་རྒྱབ་རྩ་ངེད་ཚང་བཀན་པས་སེམས་ཁུར་མ་བྱེད། དེས་ན་གནས་སྐབས་རྒྱན་ཆ་འདི་ཁྱེར་ནས་བྱིན་དང་། དེས་ཀྱང་མི་ཕན་ན་ཨ་ལྕེ་དངོས་སུ་སོང་ནས་ཁྱོད་ལ་ཁྲིད་ཡོང་། དོན་དག་ཆུང་ཆུང་ཆུང་ཆུང་ཞིག་གི་དོན་དུ་མིག་ཆུ་མང་བོ་མང་བོ་འབྱིན་དགོས་དོན་མེད། མིག་ཆུ་ཡོད་ན་རྗེས་སུ་དབོ་དགོས་ས་མང་བོ་ཡོད་སྲིད་”ཅེས་མོ་ལ་རྒྱན་ཆ་འཐོལ་པ་ཞིག་ཡོད་པ་ལག་ཏུ་བཞག་སྟེ་ཕྱིར་མངགས། མྱིང་བོས་རྒྱན་ཆ་ཁྱེར་ནས་འབྲོག་མོ་དེ་ལ་བྱིན་པ་ན“ང་ལ་དེ་འདྲའི་རྒྱན་ཆ་དགུ་ ཟད་ཅིག་གི་དགོས་མཁོ་མེད། རྒྱལ་ཁབ་ལས་བྱེད་ལགས། རྗེས་མ་ང་ཡོད་སར་མ་ཡོང་། ངེད་ཁ་གཉིས་ཀྱིས་དངོས་སུ་གཉེན་བཤད་ཆོ་ག་སྒྲུབ་མགོ་བཙུགས་ཟིན་པས། ངའི་འཁྲིས་སུ་ད་དུང་ཡོང་ན་ཕུ་རོལ་ཕྱོགས་འཛེམས་ནས་གཉེན་ཇུས་ཡག་པོ་ཡོང་མི་ སྲིད”ཅེས་རྒྱན་ཆ་གསར་བ་ལེན་རྒྱུ་ཕར་ཞོགལ་སྔོན་ཆད་ཁོས་སྤྲད་མྱོང་བའི་མཛུབ་ དཀྲིས་ཤིག་ཡོད་པ། དེ་ཡང་ཕྱིར་བསློགས། མྱིང་བོ་ཡང་བསྐྱར་བརྒྱུགས་ནས་ཨ་ལྕེའི་སར་ཕྱིན་པ་ན ། ར་སྐོར་ནང་བུད་མེད་ཡང་བསགས་བྱིས་པ་རུམ་པ་ཞིག་གིས་ངུ་ལབ་མང་བོ་བྱེད་ཀྱིན་ གདའ་ཞིང་ཨ་ལྕེ་རང་གིས་ཀྱང་མིག་ཆུ་ཕྲུམ་ཕྲུམ་དུ་འགྲིལ་གྱིན་ཡོད། “ངའི་ཁྱོ་གས་ཆང་གཅད་རྒྱུ་གཅད་རྒྱུ་ཞེས་ལོ་དགུ་འགོར། ང་ཤི་རྒྱུ་ལྕེབ་རྒྱུ་ཞེས་ལོ་དགུ་འགོར། དེ་ནས་ལོ་བཅུ་པ་སོན་དུས་ཁོས་ཆར་རག་བཅད་པས་ངེད་ཚང་ལ་སྐྱིད་པའི་ཉི་མ་ལྷེམ་ཙམ་ཤར། སྡུག་པའི་སྒལ་རྨ་ཨེན་ཙམ་སོས། བྱིས་པ་གཉིས་པོ་སློབ་གྲྭར་ཆུད། འོན་ཀྱང་བསམ་ནག་གི་སྦྱོར་བ་འོར་གྱིས་བརྩམས་ཤིང་། གདུག་རྩུབ་ཀྱི་སེར་བ་ཡང་བསྐྱར་བབས་བྱུང་། ཁོའི་ནད་ངན་བསྐྱར་འཕར་གྱིས་ཉི་མ་ནམ་ཤར་དུ་ཆང་རག་འཐུངས་ཤིང་ངེད་མ་བུ་ཚོར་གཅར་རྡུང་གིས་ངས་བྱིས་པ་སྣག་རློན་འདི་རུམ་ནས་གད་འོག་དང་གྲོག་ཁུད་དང་ར་སྟོང་ནས་མཚན་མོ་གསུམ་ཕམ་བསྐྱལ། ད་དུང་ཆང་འཐུང་རྙིང་བ་ཞིག་ཡོད་པ་གཞན་ཡུལ་དུ་སོང་ནས་ཉི་མ་ཁ་ཤས་ལས་མ་འགོར་ ཀྱང་། ཕྱིར་ཡོང་དུས་ཆུང་མས་གནས་ངན་བསྟན་ཏེ་བཏུད་དུ་མ་བཅུག་པས་ཁོག་སྡུག་ཕྱུང་ཆེད་བསྐྱར་དུ་འཐུངས་སོ་སྐད། དེར་མ་ཟད་སྔོན་ཆད་གཏན་ནས་མི་འཐུང་བའི་བུད་མེད་ལས་བྱེད་ཅིག་ཡོད་པ་དེས་ཡེ་ནས་མི་འཐུང་ཕྱིར། སྔར་གནས་སོར་འཇོག་གིས་གཟིགས་བཟོས་གནང་བ་དེར་འགོང་འདྲེ་ཞུགས་པ་བཞིན། དེ་ཉིན་འགྲང་ཚད་ཅིག་འཐུངས་པ་ནས་བཟུང་ཉིན་འཐུང་བྱེད་དགོས་བྱུང་བས། གཉེན་ཉེ་རྣམས་ཀྱིས་ཇི་ལྟར་གདམས་ཀྱང་སྙིང་གཏམ་ལྟག་རྒྱབ་ཏུ་བསྐུར། ད་ལྟ་ང་ཡོང་དུས་མོ་གླུ་ཁང་ཞིག་ཏུ་འཛུམ་ཡོད་པ་མཐོང་། ང་མཐོང་བ་དང་འཐུང་རོགས་གྱིས་དང་། ལེན་རོགས་གྱིས་དང་། ཁོ་ཚོས་འཐུང་ཆོག་ན་ང་ཚོས་ཅིའི་ཕྱིར་འཐུང་མི་ཆོག་ཅེས་ང་ལ་འཐམས་ནས་རབ་ཅིག་ འགོར་སོང་། མོ་ཡང་ཕྱི་དྲོར་ཁྱེར་ཀྱི་མདུན་དུ་ཡོང་གི་ཡིན་ཟེར། དེ་ལས་སྡུག་པ་ཞིག་ལ་ཡུལ་གཙོ་དྲིན་པོ་ཆེས་གནས་ཚུལ་དེ་དག་གོ་རྗེས་སེམས་སྡུག་ ཡིད་འཁྲུགས་ཀྱིས་སྨྱོ་རླུང་གིས་ཟིན་ཏེ་སྔངས་སྐྲག་གི་རང་མགོ་མི་ནོན་པས། ཨ་ལགས་སྔགས་པའི་དྲུང་དུ་ཁྱེར་ནས་བསྟན་པ་ན། སྔགས་རྒན་གྱི་ལྕགས་ཐག་ཕྲ་མོ་ཞིག་གིས་བཀྱིགས་ནས་ཁྱི་གུ་བཞིན་ཏུ་བཏགས་འདུག སྐུ་རིམ་མང་བོ་བསྒྲུབ་དགོས་ཟེར། འེ་འེ།”མག་ཆུ་ཕྲུམ་ཕྲུམ་འབབ་བཞིན་ཁོ་ལ་བལྟས་ཏེ་“ཁྱོད་ལ་ཅི་བྱུང་སོང་”ཞེས་དྲིས།

“ང་ལ་ཅི་ཡང་བྱུང་མ་སོང་།”“འོ་ན་འདིར་ཡོང་ དོན་ཅི་ཡིན”“གཉེན་དོན་ཞིག་གི་ཆེད་དུ་ཡིན།”“ཨ་ལ་སྐྱིད་པ་ལ་ཨང། སྙིང་རྗེ་བ་ལ། ང་ཚོའི་ལས་བྱེད་མང་བོ་ཞིག་འདི་ན་འཐོར་མ་ཐུབ་པར་སུན་གཙེར་གྱིས་འཆི་གྲབས་ བྱེད། ཁྱོད་གཉེན་དོན་དུ་བྲེལ་བཞིན་ཡོད་པས་ཆང་ས་རྒྱག་ལ་ཁད་ཡོད་ཀྱི་རེད། རྗེས་མ་ཆང་འཐུང་རྗེས་རང་གི་ནག་མོ་ལ་གཅར་རྡུང་མ་བྱེད་ལགས། ཡུས་----ཡུས་”

“ལགས་སོ། ལགས་སོ། རྗེས་མ་གཅར་རྡུང་ལགས་སོ། གཞན་ལ་གཅར་རྡུང་བྱེད་དུ་མི་འཇུག་ལགས། ”བུད་མེད་ཡར་བསགས་དེས་ཁོ་ལ་ཅེར་ནས་སྡོད་ཅིང་ངུ་མཚམས་ཆད།

Where Are Ties Really Made
FIGHTSTATE Near the end of the Middle Ages

The Top Nine West Handbags
Porno infographics and most diagrams

All About French Fashion Dolls
Porno 5 not hard tips to protect yourself from smell back in sandals resorts

Shopping In The Fashion Capital Of Australia
Porno irvine georgia lodging

2011 Performance Review For 5 Large Cap Railroads
Videos porno Feet are a main source of heat loss from the body

Bumper Stickers Are Successful Outdoor Marketing Tools
theGadgetPill Gwyneth latest GOOP collaboration

Bespoke Post brought back its Weekender Bag
Porno and cut off the sleeves

How to Tame Gray and Wiry Hair
TOKYO POP LINE Fashions worn during this decade were distinctly dramatic

Flirty and Furious Fashion Trends of 2011
dontgiveupworld.com can I afford a Louboutin Handbag

Indian Fashion and The World
PORNO You absolutely adore fashion

Mila Kunis Called Worst Dressed by
VIDEOS PORNO XXX graphic designer bernadette association

the Speakers on a Computer Work
XXX Porno and 14K Gold Ruby and Diamond Master of Pearl Pendant

Getaway spring and summer packing list
Porno XXX Considering it was my first attempt at making a cheesecake

G's Family for autopsy leak Video
Porno Grimm in the past just last week

Fun Tips for a fun and affordable Princess Birthday Party
Jeux Gratuits and the Shoppes at Wilton in Saratoga Springs Saratoga Springs

Lady Gaga Is Leading a New Generation of Music
Porno shujin's unofficial noncomprehensive acknowledged name subscriber list

Coach bags for always being the best in the designer world
Cool Math Games real world outfit in jamaica

Some Useful Tips for Buying a Wedding or Engagement Ring
porno It' true you just can't reasonably call him a no talent

ao Renaissance Resort Casino pt
porno 6 WTF Japanese Trends You Can Blame on White Guys

Vaughn hosts Elements of Fashion a benefit for a cause
Porno Skinny Jeans Are Your Friend

How to Become a Buyer in the Fashion Industry
porno Top 5 Marie Antoinette Scandals
བསྟོད།13

抱歉,评论已关闭!