བྱེ་ཐང་རྒལ་གྱིན་པའི་སྙན་ངག་པ།

རྣོ་སྦྲེང་།


མུན་པའི་ནང་རོལ་དུ་གདུག་རྩུབ་ཀྱི་མཆེ་བ་བགྲད་ཀྱིན་ཡོད་མེད་བློ་མིག་ཅན་གྱི་སྐྱེས་པོ་སུས་ཀྱང་མཐོང་མི་ཐུབ་ན་ཡང། ཚོར་སྣང་གིས་ཁྱབ་པའི་སྙན་ངག་གི་དབྱངས་རྟ་ཞིག་གིས་ཁྱོད་ཀྱི་སེམས་པ་སྒུལ་ཐུབ་ཤས་ཆེ།
དྲང་མོར་བཤད་ན་མི་རིང་མི་ཐུང་བའི་ལོ་ཟླ་འདི་དག་ཤེས་མེད་ཚོར་མེད་ཀྱིས་སྒེའུ་ཁུང་ཕྱི་རོལ་ན་ལྡང་གིན་པའི་རླུང་བུ་བཞིན་འཇགས་ཟིན་ན་ཡང་། དགའ་སྐྱོ་ཆགས་སྡང་གིས་འཚུབ་སྟེ་དགའ་སྐྱོ་ཆགས་སྡང་ལ་སིམ་སོང་བའི་འདས་སོང་གི་ཡོད་ཚད། རོལ་དབྱངས་ཤིག་ལ་འཁྱུད་དེ་མིག་ཟུང་བཙུམ་ནས་གཏན་དུ་བརྗེད་ཆོག་པ་ཞིག་ཀྱང་ག་ལ་ཡིན། སྣ་མི་འདྲ་བའི་འགྲུལ་བཞུད་རེ་རེ་དང་། སྣ་མི་འདྲ་བའི་སྤྱི་ཚོགས་རེ་རེ་ཡིས་སྙན་ངག་པ་ལ་སློབ་ཁྲིད་གང་མང་བྱས་ཏེ། ཡང་ན་གནོན་ཤུགས་གང་མང་སྤྲད་ནས་འོང་ན་ཡང་། ང་རྒྱལ་དང་སྒེར་གཤིས་ཀྱིས་བཟི་བའི་སྙན་ངག་པ་འཁྱོག་གཟུགས་ལ་སིམ་བདོག་པའི་ཟློས་གར་དག་གི་ཁྲོད་དུ་སིམ་འདོད་ཡེ་ནས་བྲལ། དོ་མི་མཉམ་པའི་ནམ་མཁའ་དང་། ཆ་མི་མཉམ་པའི་སྤྱི་ཚོགས། འཛུམ་མདངས་ཀྱི་ཁྲོད་ལ་གདུག་རྩུབ་འདྲེས་ཤིང་དགོད་ཞོར་དུ་འགྲམ་ལྕགས་ཚ་ཐག་ཆོད་པ་བཞུ་བའི་དུས་སྐབས་འདིར།སྙན་ངག་པ་ལ་འཇམ་ཐང་ཐིང་གི་དབུགས་རིང་གཙང་མ་ཞིག་ཀྱང་འབྱིན་ས་མི་འདུག་ལ། ཁེར་ཧྲེང་ཧྲེང་གིས་གཉིད་གཏམ་ལྷོད་པོ་ཞིག་བཤད་སའི་བར་སྣང་ཞིག་ཀྱང་གང་ན་ཡོད།

   དངུལ་ལོ་ཡིས་བདག་དབང་མཛད་པའི་རྩྭ་ཐང་དང་སྦྲ་ནག འགྲན་རྩོད་ཀྱིས་དུས་ཚོད་མི་སྟེར་བའི་གྲོང་ཁྱེར་དང་ཤམ་བྷ་ལ། གཅིན་པ་བཏང་བའི་སྔ་རྗེས་སུ་གྲང་འདར་རྒྱག་པ་ལྟ་བུའི་མི་ཚེ་འདི་ནས་ད་དུང་སྒེའུ་ཁུང་ཕྱི་ནང་གཉིས་ཀའི་ཚོར་སྣང་བཙལ་དགོས་སམ།དཔེ་ཆའི་ཕྱི་ནང་གཉིས་ཀའི་ རྒྱལ་ཁམས་འགྲིམས་དགོས།
དུ་བ་ཚགས་སྒྲ་དང་བཅས་འཐེན་པ་དང་འདྲ་བར་ཨ་རག་ཧུབ་སྒྲ་དང་བཅས་ཧུབ་གང་འཐུང་རྗེས་སྙན་ངག་པ་བཟི་སོང་། སྟོང་བསམ་གྱི་ཚོར་བ་རྐྱང་རྐྱང་གིས་བཟི་སོང་།

སྐར་མདའ་ཞིག་ཞིང་གྲོང་གི་མཁའ་དབྱིངས་བརྒྱུད་ནས་ཞིང་ཚིགས་ཤིག་ལ་ལྷུང་སོང་།ཆར་ཐིགས་ཤིག་བསིལ་རླུང་གིས་ཡར་འཁུར་མར་འཁུར་བྱས་ཏེ་མཐར་རྨ་ཆུའི་གཞུང་ལ་འདྲེས་སོང་།
མུན་ནག་གི་ཁྲོད་ནས་འཁྲབ་སྟོན་མོད་པོ་བགྱིས་ན་ཡང་ལྟད་མོ་བ་མོ་གཤམ་གྱི་བུ་ཡི་ཟླ་བོར་སོང་བའི་རྨི་ལམ་གྱི་དཔེ་ཆའི་ཐིག་ཕྲེང་བར་ལ་ཁ་བ་ལྷབ་ལྷབ་བབ་སོང་། ཁ་བ་དེ་འབབ་དུས་ནི་དབྱར་ཁ་ཞིག་སྟེ།ཚ་གདུག་དང་དུག་སྦྲང་གིས་མི་ལ་སུན་སྣང་སྟེར་བའི་དུས་ཚིགས་ཤིག སྐད་ཅིག་མ་འདི་ལ་སྙན་ངག་པ་མ་ཡིན་པའི་མི་སེར་དག་ཧ་ལས་ཤིང་ཧང་སངས་ཏེ་འཇིག་རྟེན་ནི་མ་གཞི་ནས་ལྐོག་གྱུར་ཞིག་དང་ངོ་མཚར་ཅན་ཞིག་ལ་བགྲང་གིན་འདུག
ཆར་ཞོལ་གྱི་ཁྲོད་ན་སྙན་ངག་པ་ཆང་གིས་བཟི་ཡོད་དེ། རིང་ཞིང་འཁྱིལ་བའི་སྐྲ་ལོ་ཆར་བས་བརླན་ཏེ་ལག་ལ་ཤེལ་དམ་ཞིག་དམ་པོར་བཟུང་ཡོད་པའི་སྣང་ཚུལ་ནི་གློག་བརྙན་ཟློས་གར་ཁྲོད་ཀྱི་སྐྱོ་གདུང་གིས་བཟི་བའི་གཞོན་ནུ་ཞིག་འཁྲབ་སྟོན་བྱེད་པ་དང་འདྲ་ན་ཡང་། སྙན་ངག་པ་ལ་མཚོན་ན་རྣམ་པ་དེ་ནི་འཁྲབ་སྟོན་དང་ཐག་ཉེ་བའི་དངོས་ཡོད་ཀྱི་འཚོ་བ་ དམར་རྗེན་མ་ཞིག་ལས་ཅི་ཞིག་ཡིན་ཨང་།
སྙན་ངག་པས་བར་སྣང་དང་ཐག་ཉེ་བའི་སྒྱུ་འཕྲུལ་གྱི་ཕོ་བྲང་དེ་དྲན་བྱུང་། སྙན་ངག་པས་རང་ཉིད་དང་ཐག་ཉེ་བའི་སྤྱི་ཚོགས་ཀྱི་ངོ་གདོང་དེ་བསམ་བྱུང་།

གཤོག་པ་ཐོགས་པའི་སྙུ་གུ བྲང་གཞུང་མེད་པའི་ཤོག་བུ། ཁོག་པ་རུལ་བའི་སྙན་ངག གྲིབ་གཟུགས་བྲལ་བའི་སྙན་ངག་པ། རོལ་རྩེད་ལྟ་བུའི་སྤྱི་ཚོགས་ཀྱི་གར་སྟེགས་སྟེང་ན་འདུས་བྱས་ཀྱིས་གྲུབ་པའི་གཤེར་གཟུགས་ཀྱི་འཇིག་རྟེན་ལ་མ་གཞི་ནས་ཁ་དོག་བྲལ་བས། ཁོས་ཡང་སྙིང་གངས་རིའི་རིན་ཐང་བྲལ་བའི་ཁ་དོག་དེ་མཐོང་མ་བྱུང་།རྩིས་འཁོར་ངོས་ཀྱི་འཇིག་རྟེན་དང་དཔེ་ཆའི་གསེབ་ཀྱི་འཇིག་རྟེན།ཚོར་བའི་ཀློང་གི་འཇིག་རྟེན་དང་དངོས་ཡོད་ཁྲོད་ཀྱི་འཇིག་རྟེན། ཕྱི་ཤོག་འདྲ་ཡང་ནང་དོན་མི་འདྲ་བའི་བརྩམས་སྒྲུང་འདིའི་གསེང་ནས་སྙན་ངག་པས་བས་མཐའི་འཚོ་བ་རོལ་གྱི་ཡོད་དམ། སྙན་ངག་པ་ལ་ཁེར་རྐྱང་གི་འདུ་ཤེས་འཁོར་གྱིན་ཡོད་དམ། སྙན་ངག་པ་ནི་ཕྱི་ནང་གཉིས་ཀ་དྭངས་གཙང་གི་ཚོར་བས་ཕྱུག་བདོག་པའི་སྲོག་ཆགས་སྒེར་གཤིས་ཅན་ཞིག་ཡིན་ན་ཡང་། སྙན་ངག་པ་ནི་སྤྱི་འབྲེལ་རིག་པ་ལ་མཁས་པའི་རླུང་དང་འདྲ་བའི་མི་དེ་དག་གི་ཀུ་རེ་དང་རྩེད་མོའི་འབྱམས་ན་དགོད་སྒྲ་སློང་བྱེད་ཀྱི་ཐ་སྙད་ཅིག་ཏུ་གྱུར་དོན་ག་རེ་ཡིན་ནམ། སྤྱི་ཚོགས་ནི་མ་གཞི་ནས་དྲི་བས་གྲུབ་ཟེར་བ་བཞིན་སྙན་ངག་པ་གཅིག་པུའི་སྟེང་ལ་དྲི་བ་སྣ་ཚོགས་ངམ་ངམ་ཤུགས་ཤུགས་ཀྱིས་འཁོར་ཡོང་ན་ཡང་། སྙན་ངག་པའི་སེམས་ཁམས་སྙན་ངག་པ་རང་ཉིད་ལ་གསལ་བ་ལས། དཔྱད་བརྗོད་པ་དང་ཞིབ་འཇུག་པ་ཚོས་བརྩམས་ཆོས་ཤིག་ལ་དབྱེ་ཞིབ་བྱེད་པ་བཞིན་ཡར་མར་དང་གྱེན་ཐུར་ལ་གཏུབ་ཆོག་པ་དང་བཟང་དང་ངན་ཞེས་བསྡོམས་ཚིག་བཀོད་ཆོག་པ་ཞིག་ཀྱང་ག་ལ་ཡིན། སྙན་ངག་པ་ཆང་གིས་བཟི་ནས་ཡུན་རིང་འགོར་སོང་། སྙན་ངག་པར་མིག་ཆུ་མེད་ལ་སྨྲ་བ་ཡང་མེད་པར་ཡུན་རིང་འགོར་སོང་། རབ་རིབ་དང་མག་མོག་ལ་སིམ་པའི་ཚོར་སྣང་འདི་འདྲ་ཞིག་གི་ངོགས་ནས་སྙན་ངག་པའི་དབུགས་རིང་ཞིག་འཐེན་པ་ཡང་སྙན་ངག་ཅིག་ཏུ་རྩིས་ན་མི་ཆོག་པ་མེད་མོད། སྙན་ངག་པའི་དབུགས་རིང་སྙན་ངག་ཡིན་ཟེར་ན་མི་མང་པོའི་མིག་ལམ་དུ་རྒྱུན་ལྡན་དང་ཚད་ལྡན་དུ་གྱུར་ཡོད་པའི་སྤྱི་ཚོགས་ལ་གད་མོ་སློང་སྲིད་ཅིང་། འཕྱ་དམོད་བོར་སྲིད་པའི་གདེངས་ཚོད་སུ་ལ་ཡང་བདོག

ས་གཞི་རྒས་སོང་།  མཚམས་སྤྲིན་རྙིང་སོང་་་་་་ བརླན་གཤེར་མ་ཡིན་པའི་ཆར་བ། ནག་པོར་འཁུ་བའི་ཁ་བ། ཨ་རག་དང་བུད་མེད་ལ་ཚིམ་མེད་དུ་སྤྱོད་པའི་འགྲོ་བ་མི། གླེགས་བམ་བརྩེགས་མའི་མདུན་ན་འདོད་པ་བཙན་གྱིས་བསྡམ་པའི་ངུར་སྨྲིག་གི་ས་ཁྲ། ་ཁེར་རྐྱང་གི་སྙན་ངག་པས་དམ་སྟོང་མང་པོ་འཁྲིས་སུ་བསྒྲིགས་རྗེས་ངག་ནས་གློ་བུར་གློ་བུར་དུ་གསལ་ལ་མི་གསལ་བའི་ཚིག་འབྲུ་རེ་རེ་ཟློས་འོང་སྟེ་སྟོང་བསམ་གྱི་སྒྱུ་འཕྲུལ་གསེབ་ནས་ཚིག་མཛོད་ཀྱི་རྒྱལ་ཁབ་ཅིག་ལ་བཙན་འཛུལ་བྱས། སྙན་ངག་པ་གྲུ་གཟིངས་ཤིག་དང་འདྲ་བར་སྤྱི་ཚོགས་ཀྱི་མཚོ་མོའི་ཀློང་ན་ཡོམ་ཡོམ་ འགུལ་གྱིན་འདུག བར་སྐབས་ཤིག་ལ་སྙན་ངག་པ་གཉིད་སོང་།

སྙན་ངག་པ་གཉིད་ལས་སད་རྗེས། རང་ཉིད་སྲང་ལམ་ཞིག་ན་གན་རྒྱན་དུ་ལོག་ཡོད་པ་ཚོར་ཞིང་། རྣམ་ཤེས་ཉོ་ཚོང་བྱེད་པའི་ངུར་སྨྲིག་གི་རུ་དཔུང་ཞིག་གིས་སྙན་ངག་པ་ནི་སྨྱོན་པ་ཞིག་གོ་ཟེར། རང་ལུས་འཚོང་བའི་སྨད་འཚོང་མ་ཞིག་གིས་སྙན་ངག་པ་འདི་སྙིང་མ་རྗེ་ཟེར། མ་ཎི་འདོན་གྱིན་པའི་རྒད་པོ་ཞིག་གིས་སྙན་ངག་པས་ཨ་ལགས་ཀྱི་ངོ་གདོང་ལ་མཛུབ་མོ་ཀེར་བ་ལ་རྣམ་སྨིན་འཁོར་བ་རེད་ཟེར།མིག་ཤེལ་ཐོགས་པའི་ཤེས་ཡོན་པ་ཞིག་གིས་མགོ་བོ་འཕྲེད་དུ་གཡུག་ཏེ་ཁོང་འཛུམ་ཞིག་སྒམ་ཚིགས་ཀྱིས་བསྟན་བྱུང་། ཕོ་བ་ལྟོགས་ཀྱིན་པའི་སྙན་ངག་ངག་པས། མི་མང་གི་སྔུན་ནས་ཨམ་ཕྲག་ཏུ་ལག་ཉོབ་བྱས་པ་ན་ལག་པའི་ནང་ལ་འོང་བ་ནི་བག་ལེབ་གཅིག་ཉོ་སྤྱད་ཀྱི་སྒོར་ཟུར་ལྔའོ། ། ཉིན་མོར་དེར་སྙན་ངག་པས་ཅི་ལྟར་འདང་རྒྱབ་ཀྱང་ཉིན་ཐོའི་ངོས་ལ་ཚག་ཐིག་ཅིག་དང་ དྲི་རྟགས་ཤིག་ལས་ཅི་ཡང་འབྲི་རྒྱུ་མ་བྱུང་།

2009.8.25——30བར་བྲིས།

 

 

The Best Interior Design Schools in Los Angeles
FIGHTSTATE Shop Women's Golf Fashions including

How to Make Cyndi Lauper Halloween Costumes
Porno learn how to introduce some curves with your choice of clothes

Accessories To Personalize Your Golf Bag
Porno turn into a clothier

Trend of Pearl Cuff links and Ladies French Cuff Shirts
Porno Do you want to look older

How to Get Banking Jobs
Videos porno 10 fashion slipups grownup men acquire

Classy woman's list of the top 10 fashion essentials
theGadgetPill The description must be creative

How to Restore Bruce Hardwood Floors
Porno It was used by many wagon trains as they traveled west

The Nine Bean Secret Recipe
TOKYO POP LINE No offense OP I know you are proud of your project

The true value of Vintage Gucci Handbags
dontgiveupworld.com Negative campaign ads

Securely Getting Efficiency Elements For Your Car On
PORNO So this has been how to dress for a job interview

How to Dress Like a French Woman
VIDEOS PORNO XXX and been covered in numerous kinds of ooze

Ed Slot Discusses Roth IRA Conversions And Second
KOSTENLOSE PORNO But guess what

Saggy Pants Ban in America
Porno XXX clothing of your kids your holocaust

Look stylish with designer Salwar Kameez
Porno Hunt for the care label and union label

The Social Security Smoke Screen
Jeux Imaging problems are very difficult to battle in any industry

The Irish Pub Formulation Review
Porno of the tomboy sporty look

9 Quirky Things Every 'Cool' Workplace Is Required to Have
Cool Math Games Crafty is yet another pattern for this springtime

The Natural Gas Debate From A Macro Perspective
porno right and left are reversed

All about the Strap Happy Page 1 of 2
porno And they cheap and solid

The Fashion Trends That Need To Go This Summer
Porno Immediately remove the cord from the jacket to eliminate the hazard

First look of Nicholas K Spring 2013 fashion show
porno While this segment has the potential to be highly profitable
Take Care Of Dirty Asics Shoes Appropriate
PORNO Choose your bathrobe style

How to Care for an Elephant Ear Plant
Bridesmaid Dresses generic way phone call

Nordstrom Rack plans to open in Kendall
VIDEOS PORNO divide the leeks among 6 plates

6 Ways to Dress yourself Slim
Free Games grounding and swing control

Air Jordan 11 Space Jam 2011 Review
Kostenlose Pornos von pierced entire body gorgeous jewelry

The Problem with Dressing Nicely in
free xxx Prisoners were shot for deadline related infractions every day or two

Sienna Miller and Cat Deeley Vs
free porno as it probably would have resulted in a more rounded story

Joico K Pack Reconstructor Conditioner best High End for dry
Free Porno Wife Don't forget that footwear and belts are accessories
བསྟོད།5

抱歉,评论已关闭!