གློག་བརྙན༢༠༡༢དང་འབྲེལ་ནས་མི་བུ་སྒེར་གྱི་རིན་ཐང་གླེང་བ།

2011ཅོ་ནེ་རྒྱལ་བོ།

——མི་བུ་སྒེར་གྱི་ཤེས་རབ་ལ་མཛད་མཛའ་མེད་ལ། མི་བུ་སྒེར་གྱི་འཇོན་ནུས་ལ་ཚད་འཇོག་དབེན་ནོ།།

ཉེ་ཆར། དྲ་ལམ་དང་གསར་འགྱུར་ཚགས་ཤོག་སོགས་ཀྱིས་ལམ་ནས་ཨ་རིའི་གློག་བརྙན་༼༢༠༡༢༽ཞེས་པ་དེ་འུར་ཆིལ་ལེར་བཏང་ནས། ཀུན་གྱིས་མཉམ་འཇོག་ཡུལ་ཞིག་ཏུ་གྱུར་སོང་། དྲ་ཐོག་ཏུ་གློག་བརྙན་དེར་གདེང་འཇོག་བྱེད་པའི་སྐད་ཆ་ཡང་ཡར་མར་བཅོ་བརྒྱད་ཡོད་ཅིང་། དེ་ལས་འདོད་ཚུལ་ཆེ་ཤོས་ཤིག་ནི་གློག་བརྙན་དེའི་བསྟན་དོན་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་དང་མཐུན་པོ་ཡོད་ཚུལ་དེ་རེད། ལར་ཁོ་བོ་ནི་ཁྱིམ་པ་སྐྱ་བོ་ཞིག་སྟེ། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལུགས་དང་ལྟ་གྲུབ་དག་ལ་དེ་འདྲའི་གསལ་ཆ་ཅང་མེད་མོད། མི་ལོ་དུ་མའི་དད་པ་རྨོངས་འཐོམས་ཅན་དེའི་དབང་ངམ་བསང་དྲི་འཐུལ་བའི་ཁོར་ཡུག་འདིའི་རྐྱེན་གྱིས་སྤྱི་བའི་འགྲོ་ལུགས་ཙམ་ལ་རྒྱུས་ཅུང་ཟད་ཅིག་ཆགས་ཡོད། དེ་བས་འདིར་ཁོ་བོས་བཤད་འདོད་པ་ནི། ང་ཚོར་སྐྱོན་ཆེན་པོ་ཞིག་ཡོད་པ་ནི་གཞན་ལ་ཅི་ཡོད་རང་ལ་
གནའ་ནས་ཡོད་མདོག་བྱེད་དགའ་བར་མ་ཟད། ད་དུང་དེ་ལ་སྒྲོ་སྣ་ཚོགས་བཏགས་ཤིང་ཚིག་ཚོགས་ལུང་པ་གང་གིས་བཅངས་ཏེ་འུད་ཆེན་པོས་བརྗོད་རྒྱུར་དགའ་བོ་ཡོད་པ་དེ་རེད། གློག་བརྙན་དེ་རུ་བོད་ཀྱི་ཡུལ་ཁམས་དང་གྲྭ་བ། རྒན་མོ་སོགས་ཀྱི་གཟུགས་བརྙན་རེས་བོད་སྐད་ཆལ་ཆོལ་རེ་བཤད་དེ་བོད་མདོག་སྟོན་བཞིན་ཡོད་ལ། ཁྱད་པར་དུ་བོད་གཟུགས་ཀྱི་རྒན་མོ་དེས་བྱ་དེ་གསོད་པའི་སྦྱོར་བ་དེ་ཁོ་བོས་གཞར་ཡང་འདང་མ་ཕོག རྒྱུ་རྐྱེན་དེ་ཙམ་གྱིས་གློག་བརྙན་དེ་བོད་དང་འབྲེལ་བ་ཡོད་ལུགས་དང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་དང་མཐུན་ལུགས་བཤད་ན་ཞྭ་གོས་ལྷམ་འགེབས་སུ་ཨེ་མི་འགྲོ་སྙམ་པའི་དོགས་པ་ཅི་བས་ཆེ། བརྒྱ་ལ་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་དང་མཐུན་པོ་ཡོད་ན་ཡང། བདེན་པ་དང་མཛེས་པ། དགེ་བ་སོགས་དོན་གཉེར་བྱེད་པ་དང་། རྒྱུ་འབྲས་དྲང་བདེན་དང་ཁྲེལ་ཡོད་གཞུང་དྲང་སོགས་ཡ་རབས་ཀྱི་ལས་དག་ནི་མིའི་རིགས་སྤྱིས་འཚོལ་སྙེག་བྱེད་བཞིན་པའི་ཕུགས་རེ་ཞིག་ཡིན་པ་ལས། ཆོས་ལུགས་ག་གེ་མོའམ་མི་རིགས་ཆེ་གེ་མོ་ཞིག་ཁོ་ནའི་སྙེག་བྱ་འབའ་ཞིག་མིན་པས། ང་ཚོས་དོན་བྱ་སྣ་ཚོགས་ལ་སྒྲོམ་གཞི་སྲ་མོ་རེ་སྤྲད་པའི་ལས་འདི་ཅི་ནས་ཀྱང་འོས་མོ་ཞིག་ཏུ་མ་མཐོང་།
ཁོ་བོས་གློག་བརྙན་༼༢༠༡༢༽ལ་བལྟས་པའི་མྱོང་བ་ལས་ཆེས་བརྗོད་འདོད་པ་ནི་ནུབ་ཕྱོགས་པའི་རིག་གནས་ཀྱིས་ཇི་ལྟར་མི་བུ་སྒེར་སློང་བསྐྲུན་བྱེད་པ་དང་མི་བུ་སྒེར་གྱི་ཤེས་རབ་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་པ། དེ་ལྟ་བུའི་མི་བུ་སྒེར་གྱི་བློ་ཡུལ་ལས་འགོངས་པའི་ནུས་པ་སོགས་ཡིན། ཞིབ་མོར་བཤད་ན་འདོད་ཚུལ་འདི་ནི་གློག་བརྙན་༼༢༠༡༢༽ཁོ་ནར་བལྟས་པས་ཀྱང་མ་ཡིན་ཏེ། ནུབ་ཕྱོགས་པའི་གློག་བརྙན་ལ་བལྟ་རྒྱུར་དགའ་བའི་ཁོ་བོར་སྔ་མོ་ཞིག་ནས་བསམ་ཚུལ་འདིའི་རིགས་ཡོད། འདི་ནས་ཅུང་ཟད་ཅིག་འཕྲོས་ཏེ་བརྗོད་ན། སྤྱིར་ནུབ་ཕྱོགས་པའི་སློབ་གསོའི་ཐབས་ལམ་དེ་མི་བུ་སྒེར་སློང་བསྐྲུན་གཙིགས་སུ་འཛིན་པ་ཞིག་ཏུ་འདོད་དེ། མིའི་ལྷན་སྐྱེས་ཀྱི་ཤེས་རབ་དང་རྣམ་དཔྱོད་དེ་ཉིད་ཡང་དག་པའི་སྒོ་ནས་གསོ་སྐྱོང་བྱེད་རྒྱུ་དེ་ནུབ་ལུགས་པའི་སློབ་གསོའི་དགོངས་དོན་ངོ་མ་རེད། དེ་ལས་ལྡོག་སྟེ་ང་ཚོའི་སློབ་གསོ་ནི་གཞུང་ལུགས་བམ་པོ་ཞིག་ལ་ཁུངས་བཅོལ་ཞིང་རིགས་ལམ་གོལ་པོ་ཞིག་ལ་རྒྱབ་བརྟེན་ནས། ༼བུམ་པ་གང་བྱོ་༽བྱས་ཏེ་མི་དག་དཔར་ཤིང་གཅིག་ནས་ཐོན་པའི་ཚ་ཚ་ལྟ་བུ་ཞིག་ཏུ་བཏང་བ་དེ་རེད། ཁྱད་པར་དུ་རྒྱའི་སློབ་གསོ་༼སློབ་གྲྭའི་སློབ་གསོ་༽དེ་རྒྱུགས་སྐར་དང་ཚར་རྒྱུ་མེད་པའི་ལས་བྱ་ཚད་གཞིར་བཞག་པའི་སློབ་གསོ་ཡ་མ་བརླ་ཞིག་ཏུ་ཆགས་ཡོད་པས། ང་ཚོ་ཡང་དེ་ལྟ་བུའི་༼སློབ་མ་ཡ་རབས་༽རེ་རེར་འགྱུར་ལ་ཉེ། མི་བུ་སྒེར་གྱི་འཇོན་ནུས་གསོ་སྐྱོང་གཅིགས་སུ་འཛིན་པའི་ནུབ་ཕྱོགས་པའི་རིག་གནས་ཁོར་ཡུག་དེ་ནས་ཐོན་པའི་གློག་བརྙན་ཡང་། མི་བུ་སྒེར་གྱི་ཤེས་རབ་དང་ནུས་པར་གོང་བཀུར་དང་ཡིན་འཇོག་བྱེད་པའི་བསམ་བློས་མ་བཅངས་པ་མེད།
གློག་བརྙན་༼༢༠༡༢༽ཡིན་ནའང་ཆོག ༼རང་བཙན་ཉིན་མོ་༽ཞེས་པ་ཡིན་ནའང་ཆོག མིའི་རིགས་ཀྱི་འཚོ་གནས་ཆགས་འཇིག་བརྗོད་བྱ་བྱས་པའི་གློག་བརྙན་རེ་རེ་རུ། མི་བུ་སྒེར་གྱི་བློ་ཡུལ་ལས་འགོངས་པའི་ནུས་པ་དང་འགྲན་དུ་མེད་པའི་ཤེས་རབ་ཀྱི་འོད་ཟེར་མ་སྤྲོས་པ་གཅིག་ཀྱང་མེད། དཔེར་ན། གློག་བརྙན་རང་བཙན་ཉིན་མོའི་ནང་དུ་གོ་ལ་གཞན་པའི་མིས་ང་ཚོ་གནས་ས་སྒང་རིལ་མོ་འདིར་བཙན་འཛུལ་བྱས་ཏེ། མི་ཚོས་དུས་རྒྱུན་ཁ་ཕོ་ཆེན་པོས་བསྒྲགས་པའི་ཚན་རིག་ཅེས་པ་དེ་ཡང་ཁུ་སིམ་མེར་བཏང་ནས་མིའི་རིགས་ཨ་ཆད་འུ་ཐུག་ཏུ་གྱུར་ཡོད་པའི་དུས་སྐབས་དེ་ཙམ་ན། དམག་མི་ཕལ་བ་ཞིག་༼སི་ཏུས་ཧྥུན་༽གིས་ཡ་མེད་སྙིང་སྟོབས་དང་ཤེས་རབ་ལ་བརྟེན་ནས་མཇུག་མཐར་ཁོ་ཅག་ཕམ་པར་བརྒྱབ་སྟེ། མིའི་རིགས་ལ་སླར་ཡང་རང་ཡུལ་རང་བདག་གི་རང་བཙན་བྱུང་བ་དང་། གློག་བརྙན་༼༢༠༡༢༽སུ་ཡང་། ས་སྒང་ཧྲིལ་བོ་ཇེ་དྲོར་གྱུར་ནས་མཐའ་ཡས་རྒྱ་མཚོ་དྲག་ཏུ་འཁོལ་ཅིང་འཕྱུར་ནས་སའི་བང་རིམ་བཅོམ་ཆག་སྐྱ་ཉིལ་ཏུ་བཏང་སྟེ། མིའི་རིགས་ཐབས་ཟད་དེ་རི་བོ་ཧི་མ་ལ་ཡའི་གངས་རྒྱུད་དུ་ཡོད་པའི་ངག་རྒྱུན་ཁྲོད་ཀྱི་གྲུ་བོ་ཆེ་ཞིག་ཏུ་འཚང་ཞིང་། སྟབས་ཉེས་ཏེ་གྲུ་བོར་སྐྱོན་བྱུང་ནས་ཆུས་སྣུབ་འགྲོ་བའི་དུས་སྐབས་ཉག་ཕྲ་བ་དེ་ཙམ་དུ། འབངས་མི་ཆེས་ཕལ་བ་ཞིག་༼ཇེ་ཁེ་སུན་༽གིས་རང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་མཐར་གྲུ་བོ་ཆེས་བདེ་བླག་ངང་མི་རྣམས་སྐྱོབ་ཏུ་བཅུག་པ་དེ་རེད། གོང་གི་གློག་བརྙན་འདི་གཉིས་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི། ཡ་ང་བའི་ཆག་སྒོ་ཆེན་པོའི་མདུན་དུ། ཆེས་སྤྱིར་བཏང་གི་འབངས་མི་ཕལ་བ་ཞིག་གི་སྙིང་སྟོབས་དང་ཤེས་རབ་ལ་བརྟེན་ནས་ཆག་སྒོ་དེ་ཉིད་བཟློག་པར་བྱེད་པ་དེ་རེད། ཆག་སྒོ་དེ་འདྲའི་མདུན་དུ། ཁོ་ཅག་སྐྱོབ་མཁན་ནི་དཀོན་མཆོག་མ་ཡིན་ལ་ཨ་རིའི་ཙུང་ཐུང་ཡང་མ་ཡིན་ཏེ། དེ་ནི་ཤ་ཁྲག་གདོས་བཅས་ཀྱིས་ གྲུབ་ཅིང་དགའ་སྐྱོ་ཆགས་སྡང་གིས་གང་བའི་མི་བུ་སྤྱིར་བཏང་བ་ཞིག་གོ
འདི་ནི་ང་རང་ཕྱི་གླིང་བའི་གློག་བརྙན་ལ་བལྟ་རྒྱུར་དགའ་པོ་ཡོད་པའི་རྒྱུ་མཚན་གཙོ་བོ་ཡིན་ལ། ཁོ་བོ་ཅག་གིས་གློག་བརྙན་ཞེས་པའི་འབྲེལ་ཟམ་འདི་བརྒྱུད་ནས་འཛམ་གླིང་དུ་སྒྲོག་པར་འདོད་པའི་རིན་ཐང་ལྟ་བའི་ཡང་སྙིང་རྡོག་པོ་དེ་ཡང་ཡིན་ངེས་རེད་སྙམ། འདི་ལྟར་བསམ་བློ་ནང་དུ་འཁོར་ནས་ང་ཚོའི་རིག་གནས་ཁོར་ཡུག་གིས་བསྐྲུན་པའི་མི་དག་གི་སྣང་བརྙན་ལ་ཞིབ་འདང་རེ་བརྒྱབ་ན། ང་ཚོས་མི་སྒེར་གྱི་ཐོབ་ཐང་དང་ཤེས་རབ་ལ་བརྩི་འཇོག་ཇི་ཙམ་བྱས་ཡོད་པ་དང་། ང་ཚོས་ཤེས་རབ་ཅན་གྱི་མི་བུ་དག་ལ་ཇི་འདྲ་བའི་གདེང་ཐོབ་ཅིག་སྤྲད་ཡོད་པ་ངེད་ཅག་ཀུན་གྱི་མ་དྲིས་སེམས་ན་ཁྲིགས་ཁྲིགས་རེད།
མིའི་རིགས་སྤྱི་འདི་མི་བུ་སྒེར་པ་རེ་རེ་ནས་གྲུབ་པ་ཡིན་ཏེ། འཛམ་གླིང་སྤྱི་བའི་རིག་གནས་འཕོ་འགྱུར་གྱི་ལོ་རྒྱུས་བཤུལ་ལམ་རིང་མོ་རེ་རེ་ནི། ཤེས་རབ་ཅན་གྱི་མི་བུ་སྒེར་པ་རེ་རེའི་མཛད་པ་དང་བྱུང་བ་ཤ་སྟག་ཡིན་པས། མི་བུ་སྒེར་ནི་ཆེས་འདོར་དུ་མེད་པའི་དོན་སྙིང་རྡོག་པོ་དེ་ཡིན་ལ། མི་བུ་སྒེར་ནི་ཆེས་བཀུར་ཏུ་འོས་པའི་འཕགས་མཆོག་དམ་པ་དེ་ཉིད་ལགས་པས་ན། མི་བུ་སྒེར་གྱི་ཤེས་རབ་ལ་མཛད་མཛའ་མེད་ལ། མི་བུ་སྒེར་གྱི་འཇོན་ནུས་ལ་ཚད་འཇོག་དབེན་ནོ།། །།

གསལ་བཤད། དྲ་ཐོག་ནས་གློག་བརྙན་༼༡༠༡༢༽སྐོར་གྱི་ལྟ་ཚུལ་དག་ལ་བལྟས་རྗེས་ཤར་མར་བྲིས་པ་ཡིན་པས། གོ་རིམ་འཆོལ་ཞིང་ཉ་ཉུང་མཉམ་བསྲེས་ཡིན་པ། བརྗོད་དོན་མཐར་མ་ཆོད་པ་སོགས་ཀྱི་སྐྱོན་ཡོད་ཀྱང་སྲིད་པས་དགོངས་འགལ་མེད་པར་ཞུའོ།།
༼རྩོམ་ཡིག་འདི་དྲ་ཚིགས་གཞན་གྱིས་བརྒྱུད་འགོད་བྱས་མི་ཆོག༽

The Generation Gap of the 60s
VIDEO PORNO XXX Grand Presidential two floor suite with private pool and spa

back to school trends 2013
Gowns Online Shop nyc clothes week day 6

Wearing ugg boots enioying the life
PORNO FYI still popular from Fall

A Retail Stock To Avoid As Teen Apparel Gets Hit
Free Games One could be forgiven for seeing this and thinking

Holiday highlight for the blowout beauty
Kostenlose Pornos von A crisp leather belt wouldn go amiss either

Patterned Fashion Tights For Men
free xxx the industry may offer what you need to have an engaging

The Latest Trends In Mens Hairstyles
PORNO XXX Fashion design is a highly coveted career

30 Ways To Lace Shoes7
Filme Porno It like a man purse
བསྟོད།2

抱歉,评论已关闭!