སྐབས་22པའི་པེ་ཅིན་སློབ་ཆེན་པའི་གློག་བརྙན་དུས་ཆེན་སྟེང་གློག་བརྙན”ཨ་ཐཱ”ཆེས་ཕུལ་བྱུང་གི་རང་རྩོམ་ཐོག་མའི་མིང་ཐོར་བདམས།

ཆགས་མེད་རིན་པོ་ཆེའི་སྒྱུ་རྩལ་གློག་བརྙན།


གློག་བརྙན་གྱི་མིང་། ཨ་ཐཱ།
གློག་བརྙན་རིགས། སྒྱུ་རྩལ་གློག་བརྙན།
འཁྲབ་གཞུང་། ཆགས་མེད་རིན་པོ་ཆེ།
འཁྲབ་ཁྲིད་པ། ཆགས་མེད་རིན་པོ་ཆེ།
བརྙན་སྐྲུན་པ། ལིས་མིན་ཡང་།
སྤྱི་ཁྱབ་ལྟ་སྐུལ་བ། གཤོ་ཅམ།
བརྙན་ལེན། ལུས་ཧྲིན།
འཁྲབ་སྟོན་པ། ཝང་ཉིང་། ཅོ་ཀམ། མིན་ཐེན་ཡུས། ཐེན་ལམ།

གློག་བརྙན་གྱི་ནང་དོན་གནད་བསྡུས།

བུ་ཆུང་ཐེན་ཡུས་ནི་དམུས་ལོང་ཞིག་ཡིན། ཨ་མས་ཨུ་ཚུགས་ཀྱིས་ཁོར་རྣ་བས་ཉན་ཐབས་ལ་བརྟེན་ནས་འཕེན་འཕང་གྲུ་གུ་རྩེ་སྟངས་བསླབ། མོའི་རེ་བ་ཡིན་ན་བུ་ཕྲུག་ཐེན་ཡུས་གྲོང་ཁྱེར་ནང་གི་འགྲན་བསྡུར་ལ་ཞུགས་ཏེ་རབ་ གྱི་དགའ་རྟགས་ལེན་རྒྱུ་དེ་རེད། འོན་ཀྱང་འགྲན་བསྡུར་མ་རན་པའི་སྔོན་ལ་བུ་ཕྲུག་བོར་བརླག་ཤོར། བུ་ཕྲུག་གར་སོང་མ་ཤེས་པའི་འཚོལ་སྙེག་གི་དཀའ་སྡུག་ཁྲོད་ནས་མོས་ལོང་བ་ངོ་མ་ དེ་རང་ཉིད་ཡིན་པ་ཚོར་ཞིང་། ཉིན་མོར་བུ་ཆུང་ཐེན་ཡུས་འཚོལ་ཞིང་། མཚན་མོར་ཁ་ནང་སྐོར་གྱིས་རང་གི་བྱེད་ཚུལ་དང་བསམ་ཕྱོགས་བཅས་ལ་ཞིབ་འདང་གིའཚོལ་ཉུལ་བྱེད་པ་སོགས་ཀྱིས་མཚོན་ཡོད།

གློག་བརྙན་ཨ་ཐཱ་ཡི་གནས་ཚུལ་མདོར་བསྡུས།


ཆགས་མེད་རིན་པོ་ཆེ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཨ་ཐཱ》ལ་སྔ་ཕྱིར་རྒྱལ་སྤྱིའི་གློག་བརྙན་འགའ་རེའི་སྟེང་དུ་གློག་བརྙན་དཔྱད་བརྗོད་པ་དང་ལྟད་མོ་བ་དག་གིས་དགའ་བསུ་བླ་ལྷག་ཏུ་ཐོབ་མྱོང་བར་མ་ཟད། ད་རེས་སྐབས་ཉེར་གཉིས་པའི་པེ་ཅིན་སློབ་ཆེན་པའི་གློག་བརྙན་དུས་ཆེན་གྱི་གཟེངས་སྟེགས་མཛད་སྒོའི་སྟེང་དུ། གློག་བརྙན《ཨ་ཐཱ》ཆེས་ཕུལ་བྱུང་གི་རང་རྩོམ་ཐོག་མའི་མིང་ཐོར་འདེམས་ཐོན་བྱུང་འདུག

བསྟོད།9

དཔྱད་མཆན:

དཔྱད་མཆན 2 ཡོད། སྐུ་མགྲོན: 2 ཡོད། དྲ་བདག: 0 ཡོད།

0%བཟང་མཆན།

  • བཟང་མཆན:(0%)
  • འབྲིང་མཆན:(0%)
  • ཐ་མཆན:(0%)

དཔྱད་མཆན་གསར་བ།

  1. bbcr
    bbcrསྤེལ་དུས་ནི།  

    གློག་བརྙན་འདི་གང་ནས་བལྟ་
    在哪里找到这部电影???

  2. ཀུན་བཟང་རྡོ་རྗེ།
    ཀུན་བཟང་རྡོ་རྗེ།སྤེལ་དུས་ནི།  

    བོད་ཀྱི་འཁྲལ་སྟོན་པར་གོ་སྐབས་དང་གདེང་འཇོག་མ་བྱས་པར་མི་འཐད་པའི་རྒོལ་བ་གཏོང་གི་ཡིན།

དཔྱད་མཆན་སྤེལ།