གློག་བརྙན་ཐར་ལོ་དང་འབྲེལ་བའི་འཕྲིན་བཟང་།

343111111111143434 copy2015ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ལྔ་ཉིན། སྐབས་དོན་གཉིས་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ལ་ཚུད་པའི་ཆེས་མཇུག་མཐའི་བརྩམས་ཆོས་ཐོ་ཡིག་གསལ་བསྒྲགས་བྱས་པ་ལས་ཤེས་གསལ་ལྟར་ན།   བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་ཉེ་ཆར་ཁོ་རང་ཉིད་ཀྱི་ཕ་ཡུལ་མཛོ་སྣ་སྡེ་བ་ནས་ཕབ་བསྐྲུན་བྱས་པའི་བོད་ཀྱི་གློག་བརྙན་བརྩམས་ཆོས་གསར་བ༼ཐར་ལོ༽ཞེས་པ་བདེ་བླག་ངང་འཛམ་གླིང་སྟེང་ནས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྙན་པའི་གྲགས་པ་རབ་ཏུ་རྒྱས་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཤས་གསུམ་གྱི་ཡ་གྱལ་དུ་གཏོགས་པ།   ༼འཛམ་གླིང་གློག་བརྙན་དུས་སྟོན་གྱི་ཡབ་ཆེན༽དུ་གསོལ་བའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི༼གནམ་ས་འབྲེལ་མཚམས༽(Orizzonti)ཞེས་པའི་རྟིང་རྩོད་བྱ་འགའི་ཁྲོད་བདམས་ཐོན་བྱུང་བ་དང་།   
  ༼གནམ་ས་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་འགྲན་སྡུར་འདི་ནི་ཝེ་ནཱ་སི་གློག་བརྙན་དུས་སྟོན་གཞུང་ཕྱོགས་ཀྱིས་སྤེལ་བའི་རྟིང་རྩོད་འགྲན་སྡུར་གཉིས་ལས་གཅིག་ཤས་དེ་ཡིན་ལ།

0023ae72898c1723c3200cའདི་ཡིས་གློག་བརྙན་ཚོད་ལྟ་དང་གསར་རྩོམ་ཐད་ལ་ཡར་སྐུལ་དང་།   རྒྱལ་སྤྱིའི་གློག་བརྙན་གྱི་མ་འོངས་པའི་རླབས་རྒྱུན་དང་འཕེལ་ཕྱོགས་གཙོ་གནད་དུ་འཛིན་པ་ཞིག་རེད། ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་དག་ནི་ཧྥ་རན་སི། ཨ་མེ་རི་ཁ། འཇར་མན། ཐོ་འར་ཆིས། དབྱི་ཐ་ལི། ཁ་ན་ཏ། པེ་ལའེ་ཧྲི། ཀྲུང་གོ་སོགས་ནས་ཐོན་པ་ཡིན་ལ། གློག་བརྙན་བརྩམས་ཆོས་ཉེར་གཅིག་འགྲན་ཞུགས་ཁྱབ་ཁོངས་སུ་ཚུད་ཡོད་པ་རེད།
གློག་བརྙན《ཐར་ལོ》ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་ལྔ་བ་ཡིན་འདུག་ལ། ཁོང་གིས་སྔ་གཞུག་ཏུ་༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽དང་༼འཚོལ༽༼ཁྱི་རྒན༽༼གཡང་མདའ༽སོགས་བོད་སྐད་གློག་བརྙན་མང་པོ་ཞིག་རྒྱལ་ཁའི་ངང་བརྙན་ཕབ་གནང་ཞིང་། གོང་གསལ་གྱི་གློག་བརྙན་བརྩམས་ཆོས་དག་ལ་རྒྱལ་ཁབ་ཕྱི་ནང་ཀུན་ནས་གདེང་འཇོག་བླ་མེད་ཐོབ་ཡོད་པར་མ་ཟད། ལོ་ངོ་ལྔ་བརྒྱ་ལྷག་འདས་པའི་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཁྲོད་ངེས་པ་དོན་གྱི་བོད་སྐད་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽བྱུང་ཞིང་འདི་ལ་སྐབས་ཉེར་ལྔ་བའི་ཀྲུང་གོའི་གློག་བརྙན་དུས་སྟོན་སྟེང་གསེར་བྱ་རྟགས་མ་སོགས་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཀྱང་མིང་གྲགས་བྱ་དགའ་རབ་དང་རིམ་པ་ཐོབ་མྱོང་། བརྩམས་ཆོས་འདི་ཡིས་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཁྲོད་བསུབ་ཏུ་མེད་པའི་བོད་སྐད་གློག་བརྙན་གྱི་ལེའུ་གསར་བ་བསྣན་ཞིང་ཁོང་ལའང་བོད་སྐད་གློག་བརྙན་གྱི་སྲོལ་འབྱེད་པ་ཞེས་པའི་གྲགས་པའི་སྙན་པ་བསྩལ།
ཁོང་གིས་གློག་བརྙན་གྱི་ཐབས་ལམ་སྤྱད་ནས་ཕ་ཡུལ་གྱི་གཏིང་ཟབ་ས་ནས་ཞིབ་བརྗོད་བྱས་ཏེ། མི་རྣམས་ལ་བོད་ཀྱི་རིག་གནས་དང་འཚོ་གནས་ཀྱི་གནས་བབ་ལ་ངེས་ཤེས་གསར་བ་ཞིག་སྟེར་ཅི་ཐུབ་བྱེད་ཀྱིན་ཡོད།

_MG_9233
ཐེངས་འདིའི༼ཐར་ལོ༽ཞེས་པའི་གློག་བརྙན་གྱི་གཙོ་འཁྲབ་པ་ནི་སྒྱུ་རྩལ་པ་ཞི་བདེ་ཉི་མ་དང་གཞས་མ་གཡང་ཕྱུག་འཚོ་གཉིས་ཡིན་འདུག གློག་བརྙན་འདི་ལས་གཙོ་བོ་ནི་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བརྗོད་ཡོད་པ་ཞིག་རེད་འདུག 
 སྐབས་དོན་གཉིས་པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་སྤྱི་ཟླ་དགུ་བའི་ཚེས་གཉིས་ཉིན་ནས་བཅུ་གཉིས་བར་ཆུ་ཡི་གྲོང་ཁྱེར་དུ་གྲགས་པའི་ཝེ་ནཱ་སི་ནས་གཟབ་རྒྱས་ངང་བསྡུ་རྒྱུ་རེད།

གསར་འགོད་པ། བཀྲ་ཤིས་རྒྱ་མཚོ།

qrcode_for_gh_24a680a08df5_430

བསྟོད།2

དཔྱད་མཆན་སྤེལ།